2024 / 1 / 12
རྨང་གཞིའི་སྒྲིག་བཀོད་ཅེས་པ་ནི་རྒྱལ་ཁབ་བམ་ས་ཁུལ་ཞིག་གིས་རང་གི་དཔལ་འབྱོར་དང་།སྤྱི་ཚོགས།མི་དམངས་ཀྱི་འཚོ་བ་བཅས་ལ་རྒྱབ་སྐྱོར་བྱེད་ཆེད་ངེས་པར་དུ་དགོས་པའི་གཞི་རྩའི་སྒྲིག་བཀོད་ལ་ཟེར།དེའི་ནང་འགྲིམ་འགྲུལ་དང་།ནུས་པའི་འབྱུང་ཁུངས།འཕྲིན་སྐྱེལ།ཆུ་བེད།ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་སྒྲིག་བཀོད་ཚུད་ཡོད། སྒྲིག་བཀོད་དེ་དག་ནི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་བའི་འགན་སྲུང་གལ་ཆེན་ཡིན་པས།མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་།ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་བ།རྒྱལ་ཁབ་ཀྱི་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད།