2024 / 2 / 1
དགེ་རྒན་གྱི་སློབ་གསོ།
མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ།
དགེ་རྒན་གྱི་སློབ་གསོ།
མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ།
དགེ་རྒན་གྱི་སློབ་གསོ།
མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་མགོ་ལོག་བོད་རིགས་རང་སྐྱོད་
ཁུལ་གྱི་དགེ་རྒན་སྦྱོང་བརྡར་སྐབས་སུ་སྩལ་བའི་བཀའ་སློབ།
ཨོ་རྒྱན་རྡོ་རྗེས་ཡི་གེར་ཕབ།
་དཀར་ཆག
སྔོན་གླེང་། ………………5
དགེ་རྒན་གྱི་སློབ་གསོ ………………7
གླེང་གཞི།………………7
མཆོད་བརྗོད་ནི་བཀུར་སྟིའི་བསམ་བློ་མཚོན་བྱེད་ཀྱི་རིག་གནས།………………11
དགེ་རྒན་གྱི་གལ་གནད་ཆེ་བའི་བྱ་བ་གསུམ།………………13
རིག་གནས་ཀྱི་རིན་ཐང་དང་ནུས་པ།………………22
རིག་གནས་ཀྱི་གོ་དོན་དང་མཚན་ཉིད།………………24
རིག་གནས་ཀྱི་བྱེད་ལས།………………29
དགེ་རྒན་གྱི་བྱ་བའི་ཕན་གནོད་ལ་བརྟག་པ།………………35
ཁམས་ཕྱོགས་ཀྱི་བྱིས་པ་རྣམས་ཀྱི་ལས་དབང་།………………42
ཁྱེད་ཚོའི་མ་འོངས་པ་ང་ཚོའི་རེ་བ། ………………48
ཕྲག་ཏུ་བབས་པའི་འགན་ལ་བསམ་པ། ………………51
ཕུང་འཚེངས་གཉིས་པོ་དགེ་རྒན་ལ་རག་ལས་པ། ………………53
དགེ་རྒན་གྱི་སློབ་མར་སློབ་ཁྲིད་བྱེད་སྟངས།………………58
བསམ་པའི་ཐོག་ནས་སློབ་ཕྲུག་སྐྱོང་ཚུལ།………………58
སེམས་ཁམས་ཀྱི་སྦྱོང་བརྡར།………………62
སྦྱོར་བའི་ཐོག་ནས་སློབ་ཕྲུག་སྐྱོང་ཚུལ།E
མཆན་ཉིད།………………67
སློབ་གསོ་འགོ་འཛུགས་པའི་དུས་ཚོད། ………………71
བློ་ལེན་གྱི་དུས་ཚོད་ཡག་ཤོས། ………………77
བོད་ཀྱི་སྐད་ཡིག་གཅིག་གྱུར་བྱ་དགོས། ………………81
ཕ་སྐད་གཙོ་བོ་ཡི་སློབ་ཁྲིད།………………84
བླང་དོར་ཚུལ་བཞིན་སྟོན་པ།………………86
ནུབ་ཕྱོགས་པའི་རིག་པ།………………91
སྤྱི་ཚོགས་ཀྱི་དགེ་སྐྱོན་ལ་གཞིགས་ཏེ་བདེ་སྐྱིད་སྒྲུབ་ཚུལ། ………………96
ཤེས་རབ་དང་ལྷག་བསམ་ལ་བརྟེན་ནས་ཕུགས་འདུན་སྒྲུབ་ཚུལ།……………… 103
སྲོལ་རྒྱུན་གྱི་བོད་ཡིག་སློབ་སྟངས………………།110
མཇུག་བསྡུ་བ།………………117
མཇུག་གི་གསལ་བཤད།………………120
སྔོན་གླེང་།
གནའ་དེང་རིག་པའི་གནས་ལ་མཁྱེན་རབ་ཀྱི་ཁོ་ལག་ཡོངས་སུ་རྫོགས་ཤིང་།
དཔྱོད་ཤེས་ཀྱི་བློ་མིག་མཁའ་ལྟར་ཡངས་པའི་ངེས་དོན་མཁས་པའི་ཁྱུ་མཆོག
མགོན་མེད་འགྲོ་བའི་སྐྱབས་གནས་དམ་པ་མཁས་དབང་ཚུལ་ཁྲིམས་བློ་གྲོས་
མཆོག་གི་བཅོས་མིན་ཐུགས་རྒྱུད་དུ་མངའ་བའི་ཟོལ་བྲལ་གྱི་ལྷག་བསམ་དང་།
རྨད་བྱུང་མཁྱེན་རབ་ཀྱི་རྩལ་ལས་འཁྲུངས་པའི་སྔར་མེད་ལེགས་བཤད་ཀྱི་ཆེད་
རྩོམ་དག་ནི་གཟུར་གནས་ཀྱི་མཁས་པ་རྣམས་ཀྱིས་བསྔགས་བརྗོད་རབ་དང་
རིམ་པར་ཐོབ་པ་མ་ཟད། རང་རིགས་ཀྱི་མི་བུ་རྣམས་མདུན་སྐྱོད་ཀྱི་གོམ་སྟབས་
གསར་བ་ཞིག་སྤོ་སའི་ལམ་བུ་མཐོང་བྱེད་ཀྱི་སྒྲོན་མེ་ལྟ་བུར་གྱུར་ཡོད། དེར་མ་
ཟད་དམ་པ་ཁོང་ནི་དུས་རབ་གསར་བའི་དབྱངས་རྟ་ཕྱོགས་བཞིར་འཕུར་བའི་
དུས་འདིར། རང་རིགས་ཀྱི་ལས་དབང་ལ་ཡིད་ཆད་ཤོར་བའི་དབུགས་རིང་ཁོ་
ནར་བཏོན་ནས་མི་བཞུགས་པར། སཱ་ལའི་སྨན་ལྗོངས་ཀྱི་ཕྱོགས་མཚམས་ཀུན་
ལ་ཞབས་འགྲོས་ཀྱིས་བཅལ་ཏེ། རི་དྭགས་དང་ལྷན་དུ་ཉལ་བའི་རང་རིགས་ཀྱི་
མི་བུ་རྣམས་བརྩེ་ཞེན་གྱིས་བདག་གིར་མཛད་ཅིང་འཕྲལ་ཡུན་ཀུན་ཏུ་དགེ་བའི་
བསམ་བློ་དང་ཀུན་སྤྱོད་ཀྱི་བསླབ་བྱ་དང་སློབ་སྟོན་གནང་བ་དེས་རིགས་ཞེན་གྱི་
མི་བུ་རྣམས་ལ་སྔར་མེད་ཀྱི་སྙིང་སྟོབས་གསར་པ་ཞིག་བསྐྲུན་པ་མ་ཟད་ཡངས་
པའི་ས་ཆེན་འདིར་གནས་པའི་སྐྱེ་འགྲོ་ཀུན་ལ་རླབས་ཆེན་གྱི་སྲི་ཞུ་བཟང་པོ་
ཞིག་ཡིན་པ་སྨོས་ཅི་དགོས། དམ་པ་ཁོང་གི་བླང་དོར་ལམ་སྟོན་གྱི་བཀའ་སློབ་རེ་
རེས་དེ་རིང་དང་སང་ཉིན་གྱི་དཀའ་ཚེགས་དང་མུན་པ་ཇི་ལྟར་སེལ་བའི་ཐབས་
ལམ་རེ་རེ་ཡིན་པ་དཔྱོད་ལྡན་དག་གིས་རྟོགས་ཐུབ་པ་ངེས་ཏེ།
ལེགས་བཤད་ལས།
དོན་ལྡན་ཚིག་ནི་རེ་རེས་ཀྱང་།།
ཤེས་རབ་ཅན་ལ་དོན་ཀུན་སྟེར།།
ཞེས་པ་ལྟར་ལགས་པས་རིན་བྲལ་གྱི་བཀའ་སློབ་འདི་ཚོ་རང་དགར་མི་འཇོག་
པ་ཀུན་གྱི་གོ་ཐབས་བྱ་དགོས་པ་ནི་མིག་རྒྱང་རིང་བའི་མཁྱེན་ལྡན་དག་ལ་མ་
བཀལ་ཕྲག་ཏུ་བབས་པའི་འོས་འགན་རེད་སྙམ། དེས་ན་དེ་སྔོན་མཁྱེན་རབ་
དང་ལྷག་བསམ་གྱིས་ཕྱུག་པའི་མཁས་པ་འགས་དམ་པ་ཁོང་གི་རབ་བྱུང་གི་
ཕྱོགས་ལ་སྩལ་བའི་བཀའ་སློབ་འགའ་ཡི་གེར་ཕབ་འདུག་པ་དེས་བོད་སྐད་
སྨྲ་བ་ཡོངས་ཀྱིས་གོ་ཐུབ་པ་ཞིག་བྱུང་འདུག་པས་བཅོས་མིན་གྱི་ཡི་རང་དང་
བསྔགས་བརྗོད་ཞུ་ཡུལ་དུ་གྱུར་ཡོད། དེ་ལྟར་བདག་གིས་ཀྱང་ཆེས་མཁོ་གལ་
ཆེ་བའི་མི་རིགས་སློབ་གསོའི་གནད་དོན་ཐད་ཀྱི་བཀའ་སློབ་ཅིག་མཇལ་བྱུང་
བས་དེ་ཉིད་བོད་ཡིག་ཤེས་མཁན་ཡོངས་ཀྱིས་གོ་ཐུབ་པའི་ཆེད་དུ་ཡི་གེར་ཕབ་
རྗེས་ཡོངས་ཁྱབ་ཀྱི་འགྲེམ་སྤེལ་བྱས་ན་འགལ་བ་མེད་སྙམ་སྟེ། སྐུ་གསུང་ཐུགས་
ཀྱི་མཛད་སྤྱོད་ཀུན་མགོན་མེད་པའི་འགྲོ་བ་རྣམས་ཀྱི་ཕན་བདེ་འབྱུང་ཐབས་
སུ་ཉིན་མཚན་ཀུན་ཏུ་བརྩོན་མཛད་པའི་སྐྱེས་མཆོག་ཁོང་གི་བཀའ་སློབ་འདི་
ཉིད་མ་ཐོས་པ་རྣམས་ལ་ཐོས་སུ་འཇུག་པ་དང་མ་གོ་བ་རྣམས་ལ་གོ་ཐབས་ལ་
འབུངས་ན་སྐྱེ་འགྲོ་བདེ་བའི་ཆ་རྐྱེན་དུ་འགྱུར་ངེས་པས་སོ། །ཕབ་བཤུས་པས་
ཕྱི་ལོ་༢་༡༢ ཕྱི་ཟླ་༦ པའི་ཚེས་༨ ཉིན་བྲིས།
དགེ་རྒན་གྱི་སློབ་གསོ།
གླེང་གཞི།
དེ་རིང་འདི་ན་ཕེབས་ཡོད་པའི་མགོ་ལོག་རང་སྐྱོང་ཁུལ་གྱི་དགེ་རྒན་རྣམ་
པ་དང་། འགོ་ཁྲིད་རྣམ་པ། གྲོགས་པོ་རྣམ་པ་ཐམས་ཅད་པོ་ལ། ཐོག་མར་
སྐུ་ཁམས་བཟང་བའི་འཚམས་འདྲི་ཞུ་རྒྱུ་ཡིན། དེ་ནས་དོན་གཉིས་པར་ད་
རེས་མགོ་ལོག་གི་དགེ་རྒན་གྱི་སྦྱོང་བརྡར་འཛིན་གྲྭ་འདིའི་ཐོག་ལ་ཡོང་རྒྱུ་
རག་པ་དེ་དང༌། དགེ་རྒན་འདི་འདྲའི་མང་པོ་ཞིག་ལ་སྐད་ཆ་བཤད་རྒྱུ་བྱུང་
བ་དེ། སྙིང་ཐག་པ་ནས་རང་འདྲ་བ་ཡིན་ན་དགའ་སྤྲོ་ཤིན་ཏུ་ནས་ཀྱང་ཆེན་
པོ་ཡོད། ཉི་མ་གཅིག་གི་སྐད་ཆ་བཤད་རྒྱུ་འདི་ལ་ང་རང་འདྲ་ལ་མཚོན་ན་
ཉི་མ་གསུམ་བཞིའི་དུས་ཚོད་མེད་པ་བྱེད་དགོས་ཀྱང་། དགེ་རྒན་རྣམ་པ་ཚོ་
འདི་ན་ཕེབས་ཡོད་པ་ཐམས་ཅད་པོ་ལ་ངོ་འཛོམས་ནས་སྐད་ཆ་བཤད་རྒྱུ་
རག་ན། དཔེ་སྐལ་པ་བཟང་པོ་རེད་བསམས་ནས་འདི་ན་ཡོང་བ་ཡིན། རང་
ལ་མཚོན་ན་དེ་རིང་དགེ་རྒན་རྣམ་པ་ཚོ་ལ་ལྟ་བ་གསར་པ་དང་། བསམ་བློ་
གསར་པ། ཕན་ཐོགས་བྱེད་དེ་འདྲའི་བཤད་རྒྱུ་ཅང་མེད། ཡིན་ནའང་རང་
གི་བསམ་བློའི་ནང་ལ་དྲན་ཚུལ་ཚིག་ཀ་གཅིག་གཉིས་ཤིག་ཐམས་ཅད་པོ་
ལ་ཞུས་ན་བསམ་གྱི་ཡོད། དེས་ན་སྔ་དྲོའི་སྐད་ཆ་བཤད་རྒྱུ་འདི་ལ་ཁོང་
རྣམ་པའི་གོ་སྒྲིག་ལ་ཅི་ཞིག་རེད་ཟེར་ན། དགེ་རྒན་གྱི་བསམ་བློ་དང་དགེ་
རྒན་གྱི་སྤྱོད་པ་འདི་ཚོའི་ཐོག་ནས་སྐད་ཆ་གཅིག་གཉིས་ཤིག་བཤད་ན་
དགེ་རྒན་གྱི་སློབ་གསོ།
གསུངས་ནས་ངར་སྐད་ཆ་བཤད་རྒྱུར་གོ་སྒྲིག་དེ་གནང་འདུག དེ་འདྲ་ཡིན་
དུས་དགེ་རྒན་གྱི་བསམ་པ་དང་དགེ་རྒན་གྱི་སྤྱོད་པ་འདི་ཚོ་ལ་མཚོན་ན་
བོད་ཀྱི་སྲོལ་རྒྱུན་རིག་པའི་ནང་ལ་ཤིན་ཏུ་ནས་ཀྱང་མང་པོ་གསུངས་ཡོད་
རེད། བསམ་བློའི་ཐད་ལ་ཐུག་ནའང་འདྲ་སྤྱོད་པའི་ཐད་ལ་ཐུག་ནའང་འདྲ་
གང་གི་ཐད་ནས་ཡིན་ནའང་མང་པོ་ཞིག་གསུངས་ཡོད་རེད། ཡིན་ནའང་
རང་གི་བསམ་ཚུལ་གྱི་ཚིག་ཀ་གཅིག་གཉིས་ཤིག་ཞུས་ན་དེ་བསམ་གྱི་ཡོད། །
དགེ་རྒན་གྱི་བསམ་བློ་དང་། དགེ་རྒན་གྱི་སྤྱོད་པ་ཟེར་རྒྱུ་འདི་མི་རིགས་སུ་
ཞིག་ཡིན་ནའང་འདྲ་ཁྱད་པར་དུ་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་འགྲོ་བ་ལ་
འབྲེལ་བ་ཤིན་ཏུ་ནས་ཀྱང་ཆེན་པོ་ཞིག་ཆགས་ཡོད་རེད། དཔེར་ན་མི་སྤྱིར་
བཏང་ཞིག་གི་བསམ་པ་དང་སྤྱོད་པ་འདི་ཚོ་མི་རང་གི་བསམ་པ་དང་སྤྱོད་
པ་རེད་མ་གཏོགས་དེས་མི་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ཟེར་ན་དཀའ་
མོ་རེད། མི་གཅིག་གི་བསམ་པ་དང་སྤྱོད་པ་དེས་སྤྱི་ཚོགས་ཡར་རྒྱས་འགྲོ་
བ་ལ་ཕན་པ་དང་གནོད་པ་ཚབས་ཆེན་པོ་ཞིག་ཡོད་ཟེར་དགོས་ན་དཀའ་མོ་
རེད། ཆེན་པོ་ཞིག་ཡོད་ཀྱི་མ་རེད། ཡིན་ན་ཡང་དགེ་རྒན་དེ་དམིགས་བསལ་
བ་ཞིག་རེད། དེ་འདྲ་ཡིན་དུས་དགེ་རྒན་གྱི་བསམ་པ་དང་སྤྱོད་པ་འདིས་
ང་ཚོའི་སྤྱི་ཚོགས་ཡར་རྒྱས་འགྲོ་དང་མི་འགྲོ་ལ་འབྲེལ་བ་ཤིན་ཏུ་ནས་ཀྱང་
ཆེན་པོ་ཡོད་རེད། དེ་ཡོད་པའི་རྒྱུ་མཚན་གང་ལ་ཐུག་ཡོད་རེད་ཟེར་ན། སྤྱི་
ཚོགས་ཡར་རྒྱས་འགྲོ་དང་མི་འགྲོ་ཟེར་བ་དེ་རིག་གནས་ཡོད་དང་མེད་
དེའི་ཐོག་ནས་རེད་མ་གཏོགས་གཞན་པ་གང་མ་རེད། དེས་ན་རིག་གནས་
དེ་གང་ནས་ཡོང་དགོས་རེད་ཟེར་ན། དེ་ང་ཚོ་སུ་ཞིག་ཡིན་ན་ཧ་གོ་རྒྱུ་རེད།
རིག་གནས་སློབ་གྲྭ་ནང་ནས་ཡོང་དགོས་ཀྱི་རེད་མ་གཏོགས་གཞན་པ་ནས་
ཡོང་ས་མི་འདུག རིག་གནས་སློབ་གྲྭ་ནས་ཡོང་ཟེར་ན་གཞན་པ་སློབ་དེབ་
ཀྱི་ཐོག་ནས་ཡོང་ཐུབ་ཀྱི་མ་རེད། དོན་དག་གཞན་པའི་ཐོག་ནས་མི་ཡོང་།
རིག་གནས་སློབ་གྲྭའི་ནང་ནས་དགེ་རྒན་གྱི་སྟེང་ནས་ཡོང་དགོས། དེ་འདྲ་
ཡིན་དུས་དགེ་རྒན་གྱི་བསམ་པ་དང་སྤྱོད་པ་འདིས་ང་ཚོའི་མི་རབས་རྗེས་
མ་ལ་ཤུགས་རྐྱེན་ཤིན་ཏུ་ནས་ཀྱང་ཆེན་པོ་ཞིག་ཐེབས་ཀྱི་ཡོད་རེད། དེ་ལྟར་
ཡིན་པས། དགེ་རྒན་གྱི་བསམ་པ་དང་སྤྱོད་པ་དེ་ཡང་དག་པ་ཞིག་རེད་སོང་
ན། མི་རབས་རྗེས་མ་དེ་ཚོ་ཡང་དག་པ་ཞིག་རེད་འགྲོ་རྒྱུ་རེད། དེ་རེད་སོང་
ན་སྤྱི་ཚོགས་ཀྱི་ཐོག་ནས་རིག་གནས་ཡིན་ནའང་འདྲ་དཔལ་འབྱོར་ཡིན་
ནའང་འདྲ། མིའི་གཤིས་ཀ་ཡིན་ནའང་འདྲ་ཐམས་ཅད་པོ་ཡར་རྒྱས་འགྲོ་
རྒྱུ་རེད། དེ་འདྲ་ཡིན་དུས་དགེ་རྒན་གྱི་བསམ་པ་དང་སྤྱོད་པ་ཟེར་བ་འདི་ནི་
སྤྱི་ཚོགས་ཡར་རྒྱས་འགྲོ་བར་འབྲེལ་བ་དམ་ཟབ་ཡོད་པ་དེ་འདྲ་ཞིག་རེད།
དེ་འདྲ་ཡིན་དུས་ཁོང་རྣམ་པ་ཚོས་ང་ཡི་སྐད་ཆ་བཤད་རྒྱུ་ལ་དེ་གོ་སྒྲིག་བྱས་
འདུག ངས་དེའི་ཐོག་ནས་སྐད་ཆ་ཚིག་ཀ་གཅིག་གཉིས་ཤིག་རྣམ་པ་ཐམས་
ཅད་པོ་ལ་ཞུས་ན་དེ་བསམ་གྱི་ཡོད། ཐོག་མར་སྐད་ཆ་བཤད་རྒྱུ་དེ་ངས་ཚིག་
བཅད་གཅིག་གཉིས་ཤིག་བྲིས་བཞག་ཡོད། རང་གི་བསམ་ཚུལ་ཕྱོགས་འགོ་
བརྗེད་ཐོའི་ཚུལ་དུ་ཚིག་བཅད་གཅིག་གཉིས་སམ་ཤོ་ལོ་ཀ་གཅིག་གཉིས་
བྲིས་ཡོད། དེའི་ཐོག་ནས་མར་སྐད་ཆ་ཞིག་བཤད་ན་བསམས། བརྗེད་ཐོ་
འདྲ་ཞིག་ཡོད་པ་ཡིན་ན་རང་གི་སྐད་ཆ་བཤད་བདེ་མོ་རེད། གཉིས་ནས་
རྣམ་པ་ཐམས་ཅད་པོས་ཉན་ན་ཡང་སྐད་ཆ་འདིའི་ས་བཅད་སྐད་ཆ་འདིའི་
དགེ་རྒན་གྱི་སློབ་གསོ།
མཚམས་དེ་ཚོ་ཅུང་ཟད་ངེས་པ་ཐོན་རྒྱུ་རེད། སེམས་ལ་འཇོག་ཅུང་ཟད་
བདེ་མོ་དེ་འདྲ་རེད། དེའི་ཕྱིར་སྐད་ཆ་འདི་ཤོ་ལོ་ཀ་གཅིག་གཉིས་ཤིག་གི་
ནང་དུ་བསྡུས་ནས་བཤད་ན་བསམ་གྱི་ཡོད།
དགེ་རྒན་གྱི་བསླབ་བྱ།
དེས་ན་ཡི་གེ་འདིའི་ནང་ལ་དགེ་རྒན་གྱི་བསླབ་བྱ་ཟེར། དགེ་རྒན་གྱི་
བསླབ་བྱ་ཟེར་རྒྱུ་འདི་དེ་རིང་ངས་དགེ་རྒན་རྣམ་པ་ཚོས་བསླབ་བྱ་འདི་
ཚོ་ལ་སློབ་སྦྱོང་བྱེད་དགོས། བསླབ་བྱ་འདི་ཡིན་དེ་ཡིན་ཟེར་ནས་གཏན་
འབེབས་བྱས་ཡོང་བ་དེ་འདྲ་ཞིག་མ་རེད། དེས་ན་གང་རེད་ཟེར་ན། དགེ་
རྒན་རྣམས་ཀྱི་འོས་འགན་དང་དོན་གྱི་ཐོག་ལ་བབས་ཡོད་པའི་བསླབ་བྱ་
དེ་འདྲ་ཞིག་རེད། འདི་གཞན་པ་ཞིག་གིས་བསྒྲིགས་ཡོང་བའི་སྒྲིག་ལམ་
དང་བསླབ་བྱ་ཞིག་མ་རེད། དགེ་རྒན་སོ་སོ་ལ་རང་ཤུགས་ཀྱིས་དགེ་རྒན་
གྱི་ལས་རིགས་དགེ་རྒན་གྱི་བྱ་བ་སྒྲུབ་མཁན་གྱི་མི་ཞིག་ཡིན་ནས་བཟུང་
སྟེ། རང་རང་སོ་སོ་ལ་དོན་གྱི་ཐོག་ནས་འོས་འགན་ཟེར་དགོས་ནའང་འདྲ་
འོས་བབ་ཡོད་པའི་བསླབ་བྱ་དེ་འདྲ་ཞིག་རེད། དེ་འདྲ་ཡིན་པས་དེ་ལ་དགེ་
རྒན་གྱི་བསླབ་བྱ་ཟེར། དགེ་རྒན་རྣམ་པ་ཐམས་ཅད་པོས་ཁ་སང་དེ་རིང་
ང་ཚོ་བོད་ཀྱི་ནང་ལ་མང་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་ཐོག་ལ་ཡིན་
ནའང་འདྲ་རིག་གནས་ཡར་རྒྱས་ཀྱི་ཐོག་ལ་ཡིན་ནའང་འདྲ་གང་ས་གང་
གི་ཐད་ནས་སྤྱི་ཚོགས་ཡར་རྒྱས་ཀྱི་ཐོག་ལ་བྱ་བ་ཅུང་ཟད་སྒྲུབ་ཐུབ་མཁན་
འདི་ཚོ་ཐམས་ཅད་སློབ་གྲྭའི་ནང་ནས་ཡོང་བ་རེད། དེ་དག་སློབ་གྲྭའི་ནང་
ནས་ཡོང་བ་ཡིན་ན་དགེ་རྒན་རྣམ་པས་འབད་པ་ལ་བརྟེན་ནས་བྱུང་བ་ཞིག་
མིན་ན་འགྲོ་ས་ཡོད་ཀྱི་མ་རེད། ཕྱོགས་གཅིག་ནས་དེ་འདྲ་རེད་བཟང་ས་
ནས་བཤད་ན། དེ་ནས་ངན་ས་ནས་བཤད་ན་ཅུང་ཟད་སློབ་གསོའི་ཐོག་
ནས་ཡིན་ནའང་འདྲ་བསམ་པའི་ཐོག་ནས་ཤུགས་སྣོན་ཅུད་ཟད་བརྒྱབས་
ན་ཡང་བཟང་ས་འདྲ་འདྲ་དེ་ལྟར་ཡོད་རེད། དེས་ན་དགེ་རྒན་རྣམས་ཀྱི་
བསམ་བློ་དང་སྤྱོད་པ་དེས་གོང་དུ་ཞུས་པ་ལྟ་བུ་ཡིན། སྤྱི་ཚོགས་ཡོངས་
རྫོགས་ཡར་རྒྱས་འགྲོ་དང་མི་འགྲོ་ལ་འབྲེལ་བ་ཆེན་པོ་ཞིག་ཡོད་པས། དེ་ལ་
ཐུགས་ཁུར་གནང་གི་ཡོད་རེད། ངས་ཟེར་དགོས་ཀྱི་མ་རེད་དེ། ཡིན་ན་ཡང་
འདི་ན་སྐད་ཆ་བཤད་སར་ཡོད་ཚར་དུས་རང་གི་བསམ་ཚུལ་ཞིག་བཤད་
དགོས་པས། དེ་ལ་ཐམས་ཅད་པོའི་མཉམ་པར་ཞིག་འཇོག་རོགས་གནང་།
མཆོད་བརྗོད་བཀུར་སྟིའི་བསམ་བློ་མཚོན་བྱེད་ཀྱི་རིག་གནས།
དང་པོ་འདིའི་ནང་ལ་བླ་མ་དང་མགོན་པོ་འཇམ་དཔའི་དབྱངས་ལ་ཕྱག་
འཚལ་ལོ། །ཟེར་རེད། བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་
འཚལ་ཟེར་རྒྱུ་འདི་ང་ཚོའི་ཆོས་ཀྱི་ཐོག་ནས་བཤད་ན་ཆོས་ཤིག་རེད་ཟེར་
ན་ཆོག་གི་རེད། རིག་གནས་ཀྱི་ཐོག་ནས་བཤད་ན་འདི་ང་ཚོའི་སྲོལ་རྒྱུན་
གྱི་རིག་གནས་ཤིག་རེད་ཟེར་ན་ཆོག་རེད། རིག་གནས་ཅི་ཞིག་རེད་ཟེར་
ན། སྔོན་བྱོན་བོད་ཀྱི་མཁས་པ་ལོ་སྟོང་ཕྲག་གཅིག་དང་སུམ་བརྒྱ་བཞི་
བརྒྱའི་རིང་ལ་བྱུང་བའི་སྡོན་གྱི་མཁས་པ་བན་དེ་ཡིན་ནའང་འདྲ་བོན་པོ་
ཡིན་ནའང་འདྲ་ཆོས་ལུགས་ཀྱི་གྲུབ་མཐའ་ཡིན་ནའང་འདྲ། དེ་མ་ཡིན་
དགེ་རྒན་གྱི་སློབ་གསོ།
པའི་རིག་གནས་སྨན་དང་རྩིས་ལ་སོགས་པ་གང་དང་གང་ཞིག་ཡིན་ནའང་
གཞུང་འདི་རྩོམ་པའི་གནས་སྐབས་ན། འདི་འདྲའི་མགོ་ན་མཆོད་པར་
བརྗོད་པ་ཟེར་རྒྱུ་ཞིག་ཡོད་རེད། དེ་ཅི་ཞིག་གི་དོན་དག་མཚོན་གྱི་ཡོད་
རེད་ཟེར་ན། འདིའི་ཐོག་ནས་བོད་ཀྱི་རིག་གནས་ཀྱི་ནང་ལ་སློབ་མས་
དགེ་རྒན་ལ་གུས་བཀུར་བྱེད་རྒྱུའི་བསམ་བློ་དེ་མཚོན་གྱི་ཡོད་རེད། བོད་
ཀྱི་ལོ་རྒྱུས་ཐོག་ནས་ཟེར་ནའང་འདྲ་སྲོལ་རྒྱུན་གྱི་རིག་གནས་ཀྱི་ཐོག་ནས་
བཤད་ན། སློབ་མ་རང་རང་སོ་སོའི་ཡོན་ཏན་གང་དང་གང་ཞིག་ཡིན་
ནའང་དགེ་རྒན་ལ་བསྟེན་ནས་བྱུང་བ་ཞིག་མ་གཏོགས་གཅིག་ཀྱང་ཡོད་ཀྱི་
མ་རེད། དགེ་རྒན་ལ་བསྟེན་ནས་བྱུང་བ་ཡིན་ན་དགེ་རྒན་གྱི་བཀའ་དྲིན་
དྲན་དགོས་ཀྱི་ཡོད་རེད། དགེ་རྒན་གྱི་བཀའ་དྲིན་དྲན་རྒྱུ་དེ་ཤིན་ཏུ་ནས་
ཀྱང་གལ་ཆེན་པོ་ཞིག་རེད། དགེ་རྒན་གྱི་བཀའ་དྲིན་དྲན་རྒྱུ་དེ་ཅི་ཞིག་གི་
དགོས་པ་ཡོད། དགེ་རྒན་གྱི་བཀའ་དྲིན་དྲན་རྒྱུ་དེ་ཅི་འདྲའི་སྒོ་ནས་དྲན་
དགོས་ཟེར་ན། དགེ་རྒན་གྱི་བསམ་པ་རྫོགས་བྱེད་ཀྱི་བྱ་བ་དེ་བསྒྲུབས་ནས་
བཀའ་དྲིན་གཟོ་དགོས་ཀྱི་ཡོད་རེད། ཆོས་ཀྱི་ཐོག་ནས་བཤད་ན་དེ་དགོས་
ཀྱི་ཡོད་རེད། སྲོལ་རྒྱུན་རིག་གནས་ཀྱི་ཐོག་ནས་བཤད་ན་དེ་རེད། དེ་འདྲ་
ཡིན་པས་མི་སུ་དང་སུ་ཞིག་ཡིན་ན་ཡང་དགེ་རྒན་གྱི་སྐད་ཆ་བཤད་རྒྱུ་དེ་
སེམས་ལ་འཛིན། དེ་དོན་དག་ཆེན་པོ་ཞིག་ལ་བརྩི། ངའི་དགེ་རྒན་གྱིས་
སྔོན་མ་ང་ལ་སྐད་ཆ་འདི་འདྲ་ཞིག་བཤད་ཡོད། འདི་ནི་དགེ་རྒན་གྱི་མན་
ངག་ཡིན། དགེ་རྒན་གྱི་གདམས་ངག་ཡིན། འདིའི་ཐོག་ནས་ངས་གཟབ་
གཟབ་བྱེད་དགོས་བསམས་ནས་སེམས་ལ་བཟུང་ན་སློབ་མ་དེ་ཚོ་ཐམས་
ཅད་པོའི་རྒྱུད་ལ་དོན་གྱི་ཡོན་ཏན་འབྱུང་གི་རེད། མི་ཡོན་ཏན་ཅན་དེ་འདྲ་
ཞིག་ལོག་གི་རེད། དེ་ནས་དགེ་རྒན་ལ་བརྩི་འཇོག་མེད་མཁན་སོ་སོ་ང་
རྒྱལ་ཆེན་པོ་རང་ལ་ཡོན་ཏན་ཤེས་རིག་གང་དང་གང་ཞིག་ཡོད་ན། འདི་
ངས་འབད་པ་ལ་བརྟེན་ནས་བྱུང་བ་ཡིན་གྱི་མ་གཏོགས། ངའི་དགེ་རྒན་གྱི་
འདི་འདྲ་ཞིག་ཤེས་ཀྱི་མ་རེད་བསམ་པའི་བསམ་བློ་དེ་འདྲ་ཡོད་མཁན་ཚོ་
ལ་དགེ་རྒན་གྱིས་གང་བཤད་པ་ཡིན་ནའང་འདི་ལ་དོན་དག་མི་འདུག དེ་
ལ་དོན་དག་མི་འདུག་བསམ་པའི་དེ་འདྲའི་བསམ་པ་ཡོད་ན་རྒྱུད་ལ་ཡོན་
ཏན་འགོས་མི་ཐུབ་རྒྱུ་དེ། སྲོལ་རྒྱུན་གྱི་རིག་གནས་ཀྱི་ཐོག་ནས་ལོ་སྟོད་
ཕྲག་གཅིག་དང་ལྷག་ལ་བསགས་པའི་ཉམས་མྱོང་རེད། བོད་ཀྱི་མཁས་
པ་ཚོའི་ཉམས་མྱོང་རེད། དེའི་ཕྱིར་དེ་མཚོན་པའི་ཕྱིར་དུ་འདིའི་ཐོག་ལ་
དེ་ཡོད་རེད། འདི་རིག་གནས་ཤིག་རེད་སློབ་མས་དགེ་རྒན་ལ་བཀུར་སྟི་
བྱེད་ལུགས་ཀྱི་བསམ་བློ་མཚོན་བྱེད་ཀྱི་རིག་གནས་ཤིག་རེད། ང་ཚོའི་
བསྟན་བཅོས་གང་དང་གང་གི་ཐོག་ལ་ཡིན་ན་ཡང་འདི་འདྲ་ཞིག་ཡོད་རེད།
དགེ་རྒན་གྱི་གལ་གནད་ཆེ་བའི་བྱ་བ་གསུམ།
དགེ་རྒན་གྱི་བྱ་བར་བསམ་བློ་བཏང་ན་ཅི་ཞིག་དགོས་པ་དང་། དགེ་རྒན་གྱི་
ལས་ཀ་འདི་ལས་ན་དོན་གང་གི་ཐོག་ལ་མཉམ་འཇོག་བྱེད་དགོས་སམ་ཟེར་
ན། སྤྱིར་བཏང་དགེ་རྒན་གྱིས་བྱ་བར་མཉམ་འཇོག་བྱེད་དགོས་ས་མང་པོ་ཡོད་
རེད། སྔོན་ཆད་སྲོལ་རྒྱུན་གྱི་ཐོག་ནས་བཤད་ནའང་འདྲ། དེང་རབས་ཀྱི་སློབ་
གསོ་རིག་པ་འདི་ཚོའི་ཐོག་ནས་བཤད་ནའང་འདྲ་མང་པོ་ཡོད་ཀྱང་། དེ་དག་
13
དགེ་རྒན་གྱི་སློབ་གསོ།
ཐམས་ཅད་གནད་བསྡུས་ན་རྩ་བ་གནད་གསུམ་གྱི་ནང་ལ་ཐུག་གི་རེད། གནད་
གསུམ་པོ་ཧ་ཅང་གལ་ཆེན་པོ་རེད། གནད་གསུམ་པོ་དེ་གང་རེད་ཟེར་ན།
བྱ་བའི་རང་བཞིན་ཤེས་པ་དང་།།
བུ་བཞིན་བྱམས་པས་སྐྱོང་བ་དང་།།
མི་འཇིགས་སྤོབས་པ་སྦྱིན་པ་སྟེ།།
ཐོག་མ་བར་མཐའི་བྱ་བ་གསུམ། །
དེ་ཚོ་གསུམ་པོ་དེ་དགོས་རེད། དགེ་རྒན་ཞིག་ཡིན་ན་དགེ་རྒན་རང་གི་བྱ་
བའི་རང་བཞིན་ཡང་དག་པ་ཤེས་རྒྱུ་དེ་ཐོག་མར་དགོས་པ་དང་། བར་དུ་
སློབ་མ་ཐམས་ཅད་པོ་བྱམས་པས་སྐྱོང་ཚུལ་དང་། མཐའ་མ་དེ་ལ་སློབ་
མ་ཐམས་ཅད་པོ་ལ། རང་རང་སོ་སོས་རང་དོན་རྐྱང་པ་ཙམ་ལ་བསམ་བློ་
གཏོང་བ་མ་ཡིན་པའི་བྱ་བ་སྒྲུབ་རྒྱུ་དང་། སྤྱི་ཚོགས་ལ་ཞབས་ཕྱི་ཞུ་རྒྱུ། མི་
རིགས་ཀྱི་རིག་གནས་རེད། སྤྱི་ཚོགས་ཡར་རྒྱས་རེད། འདི་ཚོ་ལ་བྱས་རྗེས་
འཇོག་རྒྱུ་དེ་རྣམས་སློབ་གསོའི་ཐོག་ནས་སྤོབས་པ་སྦྱིན་རྒྱུ་དེ་མཐའ་མའི་
སྐབས་སུ་རེད། དགེ་རྒན་ཞིག་ལ་མཚོན་ན་གལ་ཆེ་བའི་བྱ་བ་རྣམ་པ་གསུམ་
པོ་དེ་རེད་བསམ་གྱི་འདུག དེ་ཕྱོགས་བསྡོམས་བྱེད་པ་རེད། དེའི་ནང་ནས་
བྱ་བའི་རང་བཞིན་ཤེས་པ་ཟེར་བ་དེ་གང་ཚོ་རེད་ཟེར་ན།
ཐོག་མ་རང་གི་བྱ་བ་དེས།།
གཞན་གྱི་ཤེས་རབ་མིག་ཕྱེས་ནས།།
བདེ་སྐྱིད་སྣང་བ་བསྐྲུན་པའི་ཕྱིར།།
གཟི་བརྗིད་ལྡན་པར་ཤེས་པ་བྱ།།
ད་དེ་རིང་འདི་ན་ཕེབས་ཡོད་པ་ཐམས་ཅད་པོ་དགེ་རྒན་ཤ་སྟག་རེད། དགེ་
རྒན་མ་ཡིན་པ་རྣམས་ཀྱང་སློབ་གསོའི་ཕྱོགས་ལ་འབྲེལ་བ་ཡོད་པའི་འགོ་
ཁྲིད་རྣམ་པ་དང་། ཆེད་ལས་ཀྱི་མཁས་པ་རྣམ་པ་དེ་འདྲ་ཤ་སྟག་རེད། མདོར་
ན་སློབ་གསོའི་ཕྱོགས་ལ་འབྲེལ་བ་མེད་པའི་མི་ཞིག་དེ་རིང་འདི་ན་ཡོད་
པ་མ་རེད། ཐམས་ཅད་པོ་དགེ་རྒན་ཤ་སྟག་རེད། ང་རང་ལ་མཚོན་ན་ཡང་
དགེ་རྒན་ཞིག་རེད། སྲོལ་རྒྱུན་གྱི་རིག་གནས་སློབ་ཁྲིད་བྱེད་མཁན་གྱི་དགེ་
རྒན་ཞིག་རེད། དགེ་རྒན་གྱི་བྱ་བ་འདི་མྱི་ལོ་ཉི་ཤུ་ལྷག་ཙམ་ཞིག་བསྒྲུབས་
པ་རེད། དགེ་རྒན་གྱི་བྱ་བ་མྱི་ལོ་ཉི་ཤུ་ཙམ་ཞིག་བསྒྲུབ་རྒྱུ་འདི་རིག་གནས་
འདིའི་རིན་ཐང་ལ་བསམ་བློ་བཏང་ནས་བསྒྲུབས་རེད་མ་གཏོགས། བློ་
ཕོགས་ལ་བསམ་བློ་བཏང་ནས་བསྒྲུབས་པ་མ་རེད། ཟླ་ཕོགས་སྤྲད་མཁན་
ཞིག་ཀྱང་ཡོད་ཀྱི་མ་རེད། གཞན་པ་ལ་བསམ་བློ་གཏོང་ཡོད་པ་མ་རེད། །
རིག་གནས་ཀྱི་རིན་ཐང་ལ་བསམས་ནས་མྱི་ལོ་ཉི་ཤུ་ལྷག་ཙམ་ལ་དགེ་རྒན་
གྱི་ལས་ཀ་ཤ་སྟག་ལས་ནས་ཡོང་བ་རེད། ཁྱེད་རྣམ་པ་ཐམས་ཅད་པོ་དེ་
རེད། དེ་རིང་འདི་ན་ཡོད་པ་རྣམས་དགེ་རྒན་གྱི་བྱ་བ་ལས་མཁན་དང་། དེ་
ནས་སློབ་གསོའི་ཕྱོགས་ལ་འབྲེལ་བ་ཡོད་པའི་འགོ་ཁྲིད་རྣམ་པ། ཆེད་ལས་
ཀྱི་མཁས་པ་རྣམ་པ་དེ་འདྲ་ཤ་སྟག་རེད། དེ་འདྲ་ཡིན་སོང་དུས་དགེ་རྒན་
ཞིག་ལ་བསམ་བློ་བཏང་བ་ཡིན་ན་ཐོག་མར་གང་གལ་ཆེ་བ་རེད་ཟེར་ན།
ཐོག་མར་རང་གི་བྱ་བ་འདི་གང་འདྲ་ཞིག་རེད་ཤེས་རྒྱུ་དེ་གལ་ཆེན་པོ་རེད།
དཔེར་ན་ང་ཚོའི་སྤྱི་ཚོགས་ཐོག་ལ་བྱ་བ་ལས་ཀ་མང་པོ་ལས་རྒྱུ་ཡོད་རེད།
སེམས་ཤུགས་ཀྱིས་ངལ་རྩོལ་བྱེད་མཁན་ཡང་ཡོད་རེད། སེམས་ཤུགས་ཀྱིས་
དགེ་རྒན་གྱི་སློབ་གསོ།
ངལ་རྩོལ་བྱེད་མཁན་ནི་སེམས་ཀྱི་ཐོག་ནས་སམ་རིག་པའི་ཐོག་ནས་ལས་
ཀ་ལས་མཁན་སྐོར་གཅིག་ཡོད་རེད། དེ་འདྲ་བ་ཞིག་ལ་ལུས་ཤུགས་ཀྱིས་
ངལ་རྩོལ་བརྒྱབས་ནས་བྱ་བ་ལས་མཁན་གྱི་མི་སྐོར་གཅིག་ཡོད་རེད། ཁ་
སང་དེ་རིང་དེང་རབས་ཀྱི་ཟེར་ལུགས་ཀྱི་དབང་དུ་བྱས་ན། གོང་བ་དཀར་
པོ་ཅན་དང་གོང་བ་སྔོན་པོ་ཅན་དེ་འདྲའི་ཐོག་ནས་མིའི་རིགས་ལ་ལས་ཀ་
ལས་མཁན་གྱི་རིགས་དེ་མང་པོ་ཞིག་ཡོད་རེད། གོང་བ་དཀར་པོ་ཅན་ཡིན་
ནའང་འདྲ་གོང་བ་སྔོན་པོ་ཅན་ཡིན་ནའང་འདྲ་ཐམས་ཅད་པོ་ལས་ཀ་ལས་
མཁན་ཤ་སྟག་རེད། རང་རང་སོ་སོར་ལས་རིགས་རེ་ཡོད་རེད། ང་ཚོ་དགེ་
རྒན་གྱི་ལས་རིགས་དེ་ཅི་འདྲ་ཞིག་རེད། ལས་རིགས་འདི་འདྲའི་མང་པོ་
ཞིག་གི་ནང་ནས་དགེ་རྒན་གྱི་ལས་རིགས་ཐོབ་ཐང་དེ་ཅི་འདྲ་ཞིག་རེད། དེ་
ལ་ཐོག་མར་དེ་གཏན་འཁེལ་བྱེད་དགོས། སྤྱིར་བཏང་མང་ཚོགས་ཀྱི་སེམས་
ལ་ཡིན་ནའང་འདྲ་མི་བསམ་བློ་མི་གཏོང་མཁན་འགའ་རེའི་སེམས་ལ་ཅི་
བསམ་གྱི་རེད་ཟེར་ན། འགོ་ཁྲིད་མཐོན་པོ་དེ་འདྲ་ལ་ཡིད་སྨོན་བྱེད་རྒྱུ་འདྲ་
འདྲ། དགེ་རྒན་ཞིག་རེད་ཟེར་ན་དགེ་རྒན་གྱི་བྱ་བ་དམན་པར་འཇོག་རྒྱུ་
དང་། སྤྱི་ཚོགས་ཀྱི་ཐོག་ནས་མཐོང་ཆེན་པོར་མི་འཇོག་རྒྱུ་གཞན་པས་ལྟ་
སྟངས་དེ་འདྲ་ཡོད་རེད། དེ་ནས་དགེ་རྒན་རང་ངོས་ནས་བསམ་བློ་བཏང་
ན་ལྟ་སྟངས་དེ་འདྲ་ཡོད་ས་ཡོད་རེད། ཅི་འདྲ་རེད་ཟེར་བ་ཡིན་ན་དགེ་རྒན་
གྱི་ཟླ་ཕོགས་དེ་སྤྱིར་བཏང་གི་གཞུང་ཞབས་པའི་ཟླ་ཕོགས་ལས་ཅུང་ཟད་
དམན་པ་འདྲ་བོ་དེ་འདྲ་རེད། དེ་བཞིན་དགེ་རྒན་དེ་མི་ཚེ་གཅིག་པོ་དགེ་
རྒན་བྱས་ནས་བསྡད་པ་ཡིན་ན་སློབ་གྲྭ་ཆུང་ངུ་འབྲིང་པོ་ཆེན་པོ་གང་དུ་
སོང་བ་ཡིན་ནའང་དགེ་རྒན་ཞིག་མ་གཏོགས་དེ་ལས་གཞན་པའི་ཐོབ་ཐང་
ཆེན་པོ་དང་གོ་ས་ཆེན་པོ་འདྲ་མེད་པ་དེ་ལྟར་ཡིན་དུས། དེས་ན་དགེ་རྒན་
མང་པོ་ཞིག་སློབ་གྲྭའི་ནང་ལ་འདུག་འདོད་མེད་པ་དང་དགེ་རྒན་གྱི་བྱ་བ་
དེ་གཉེར་ན་གཉེར་འདོད་མེད་པ། མང་ཆེ་བ་ཞིག་གཞུང་ཞབས་པའི་ནང་
ལ་འགྲོ་ས་ཨེ་རག་ལྟ་མཁན་མང་གི་རེད། འབྲེལ་བ་སྣ་ཚོགས་པའི་བརྒྱུད་
ནས་ཡིན་ནའང་འདྲ་ཐབས་ཤེས་རྣམ་པ་སྣ་ཚོགས་པའི་སྒོ་ནས་དགེ་རྒན་གྱི་
ལས་གནས་ལས་ཁ་བྲལ་རྒྱུ་དང་། དེ་ནས་གཞུང་ཞབས་པའི་ལས་ཀ་ཞིག་
རག་སོང་ན་དེ་བཟང་གི་སེམས་མཁན་མང་པོ་རེད། མགོ་ལོག་གི་ས་ཆ་ན་
དེ་འདྲ་ཡོད་རྒྱུ་རེད། ཁམས་ཀྱི་ས་ཆ་ན་དེ་འདྲ་ཧ་ཅང་མང་། དེ་རྒྱུ་རྐྱེན་
གང་ལས་བྱུང་བ་རེད་ཟེར་ན། གཙོ་བོ་དེ་ནི་དགེ་རྒན་རང་གི་ལས་གནས་
འདི་གཟི་བརྗིད་དང་ལྡན་པ་ཡིན་རྒྱུ་དེ་མ་ཤེས་ཟེར་དགོས་ན་འདྲ། ཤེས་
ན་ཡང་ཅུང་ཟད་སྣང་ཆུང་འདྲ་བོ་བྱས་ནས་བྱུང་བ་ཞིག་རེད། བསམ་བློ་
དེ་ཅུང་ཟད་ལེགས་པོ་ཞིག་མ་རེད། ཅི་རེད་ཟེར་ན། མི་སུ་དང་སུ་ཡིན་ན་
སྤྱི་ཚོགས་ཀྱི་ཐོག་ནས་འཚོ་གནས་དགོས་ཀྱི་རེད། འཚོ་གནས་བྱེད་དགོས་
ན་འཚོ་གནས་བྱེད་པའི་ཆ་རྐྱེན་དགོས། དེ་འདྲ་ཡིན་དུས་རང་རང་སོ་སོའི་
ཟླ་ཕོགས་རེད། མདུན་ལམ་རེད། འདི་ཚོ་ལ་བསམ་བློ་མི་གཏོང་དགོས་ན་
དཀའ་མོ་རེད། བསམ་བློ་གཏོང་རྒྱུ་རེད། ཡིན་ན་ཡང་དོན་དག་གཅིག་ཡིན་
ན་མིན་ན་ངོ་ཤེས་དགོས་ཀྱི་ཡོད་རེད། གཅིག་པོ་གང་རེད་ཟེར་ན། མི་ཞིག་
ཡིན་ན་མི་ཡི་ལུས་སུ་སྐྱེས་ཏེ་གོ་ཆོད་ནས་ཤི་མ་སོང་གི་བར་དུ་བྱ་བ་ལས་
ཀ་ཞིག་ལས་ཀྱི་འདུག བྱ་བ་ལས་ཀ་ཞིག་ལས་ནས་མཇུག་རྫོགས་འགྲོ་གི་
དགེ་རྒན་གྱི་སློབ་གསོ།
རེད། ངས་གོང་ནས་ཟེར་བ་ལྟར་ཡིན། གོང་བ་དཀར་པོ་ཅན་གྱི་ལས་ཀ་
ཡིན་ནའང་འདྲ་གོང་བ་སྔོན་པོ་ཅན་གྱི་ལས་ཀ་ཡིན་ནའང་འདྲ། ཡང་ན་
སེམས་ཤུགས་ཀྱིས་ངལ་རྩོལ་བྱེད་མཁན་ཡིན་ནའང་འདྲ་ལུས་ཤུགས་ཀྱིས་
ངལ་རྩོལ་བྱེད་མཁན་ཡིན་ནའང་འདྲ་གང་དང་གང་ཞིག་ཡིན་ནའང་མི་ཚེ་
གཅིག་པོ་ལ་བྱ་བ་ཞིག་བསྒྲུབས་ནས་མི་ཚེའི་མཇུག་རྫོགས་འགྲོ་རྒྱུ་འདི་
འགྲོ་བ་མིའི་རིགས་ཀྱི་ཆོས་ཉིད་རེད། ཡིན་ནའང་བྱ་བ་དེ་རྣམས་ཀྱི་ནང་
ནས་དོན་སྙིང་དང་ལྡན་པ་དེ་གང་རེད། དོན་སྙིང་མི་ལྡན་པ་དེ་གང་རེད། དེ་
ལ་བསམ་བློ་གཏོང་རྒྱུ་དེ་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་ཞིག་རེད། ང་ཚོའི་
ཆོས་ཀྱི་ནང་ནས་ནམ་ཡིན་ནའང་དེ་བཤད་ཀྱི་ཡོད་རེད་དེ་ཆོས་ཕར་ཟུར་
དུ་བཞག་ནས། འཇིག་རྟེན་རྐྱང་པ་ཡི་དབང་དུ་བྱས་ན་ཡང་དེ་ལ་བསམ་
བློ་གཏོང་ས་ཡོད་རེད། གང་ལྟར་ཡང་མི་ཚེ་ཟེར་རྒྱུ་དེ་ཐུང་ཐུང་རེད། རིང་
པོ་ཞིག་མ་རེད། དེའི་ནང་ནས་ཀྱང་སློབ་གྲྭའི་ནང་ནས་མཐར་ཕྱིན། དེ་
ནས་ལས་འཁྱུར་ངལ་གསོ་མ་བྱས་པའི་གོང་དེ་ལ་ནི་བྱ་བ་སྒྲུབ་པའི་དུས་
སྐབས་ནི་དེ་བས་ཀྱང་ཐུང་ཐུང་ཞིག་མ་གཏོགས་མེད་དུས། དེའི་ནང་ལ་བྱ་
བ་བསྒྲུབས་ན་ཡང་བྱ་བ་དོན་སྙིང་ཅན་ཞིག་སྒྲུབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་
རེད། མི་སུ་དང་སུ་ཞིག་ཡིན་ནའང་དེ་གལ་ཆེན་པོ་རེད། །
རང་རང་སོ་སོའི་རྗེས་མ་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་རྗེས་སུ་
བསམ་བློ་ཞིག་བཏང་བ་ཡིན་ན་རང་གི་ལས་གནས་འདིའི་ཐོག་ནས་ལས་ཀ་
བསྒྲུབས་པ་དེ་ལ་རིན་ཐང་ཅི་ཞིག་འདུག ལས་ཀ་དེ་དོན་སྙིང་ཅི་ཞིག་འདུག
དོན་སྙིང་ལྡན་པའི་ལས་ཀ་ཞིག་བྱས་ཡོད་མེད་བལྟ་རྒྱུ་དེ་གལ་ཆེན་པོ་རེད།
ང་ཚོའི་སྤྱི་ཚོགས་ཀྱི་ཐོག་གམ་ལོ་རྒྱུས་ཀྱི་ཐོག་ན་རླབས་ཆེན་གྱི་མི་སྣ་
བསམ་གྱིས་མི་ཁྱབ་པ་གནའ་རབས་ཡིན་ནའང་འདྲ་དེང་རབས་ཡིན་ནའང་
འདྲ་མང་པོ་བྱོན་མྱོང་བ་རེད། དེ་མ་ཡིན་པའི་མི་མང་ཕལ་པ་ཡིན་ནའང་
འདྲ། ལས་བཟོ་བ་ཕལ་པ་ཞིག་ཡིན་ནའང་འདྲ་སྤྱི་ཚོགས་ཀྱི་ཐོག་ནས་ལས་
གནས་ཐོབ་ཐང་རྣམ་པ་སྣ་ཚོགས་རེད། ཡིན་ནའང་སྣ་གཅིག་(སོ་སོའི་མི་
ཚེའི་བྱ་བའི་རིན་ཐང་ཕྱོགས་བསྡོམས་བྱས་པའི་གནས་སྐབས་དེ)་ཐམས་
ཅད་པོ་གཅིག་པ་རེད། མི་ཚེའི་ལས་ཀ་ཕྱོགས་བསྡོམས་བྱེད་པའི་དུས་ཚོད་
ཅིག་འབྱུང་གི་རེད། མི་སུ་དང་སུ་ཡིན་ནའང་འབྱུང་གི་རེད། དེའི་ཉིན་མོར་
ཕྱོགས་བསྡོམས་བྱེད་པའི་གནས་སྐབས་ན་བྱ་བ་ཞིག་ཐོན་ཡོད་དམ་མེད།
བྱ་བ་ཞིག་འགྲུབ་ཡོད་དམ་མེད། དེ་ལ་བསམ་བློ་ཞིག་གཏོད་རྒྱུ་ཤིན་ཏུ་ནས་
ཀྱང་ཡོད་རེད། ཡིན་ནའང་དེ་ང་ཚོའི་ནང་ནས་མི་ཉུང་ཤོས་ཤིག་མ་གཏོགས་
པ་མང་ཆེ་བས་དེ་ལ་བསམ་བློ་གཏོང་མཁན་ཅུང་ཟད་ཉུང་ཉུང་འདྲ་བོ་
རེད། ཁྱད་པར་དུ་ཁྲོམ་རའི་དཔལ་འབྱོར་གྱི་ལྡང་རླབས་ཟེར་རྒྱུ་འདི་གང་
དང་གང་གི་ནང་ལ་ཡིན་ནའང་ཐོན་གྱི་ཡོད་རེད། སྤྱི་ཚོགས་ཀྱི་ཚོགས་པ་
སོ་སོའི་ནང་ལ་ཐོན་གྱི་ཡོད་རེད། ཐ་ན་ཆོས་ལུགས་ཀྱི་ནང་ལ་ཐོན་གྱི་ཡོད་
དུས། ཐམས་ཅད་པོ་གང་དང་གང་ཡིན་ནའང་དཔལ་འབྱོར་གཙོ་བོ་བྱེད་
རྒྱུ་མ་གཏོགས་པ་བྱ་བ་ལ་རིན་ཐང་ཡོད་དམ་མེད། བྱ་བའི་དོན་སྙིང་ཡོད་
དམ་མེད། འདི་ཚོ་བསམ་བློ་གཏོང་རྒྱུ་ཅུང་ཟད་བག་ལ་ཞ་འགྲོ་རྒྱུ་དེ་ཡོད་
གི་ཡོད་རེད། དེ་ཡོང་བའི་སྟོབས་ཀྱིས་ངས་གོང་ནས་ཟེར་རྒྱུ་དེ་ཡིན། ཚོང་
རའི་དཔལ་འབྱོར་ལྡང་རླབས་ཟེར་རྒྱུ་འདི་སློབ་གསོའི་ནང་ལ་ཅུང་ཟད་
དགེ་རྒན་གྱི་སློབ་གསོ།
ཐོན་ཡོང་དུས། དེས་ན་དགེ་རྒན་ཚོ་ཡིན་ན་སློབ་ཁྲིད་བྱེད་རྒྱུ་དེ་དོན་དག་
ཆུང་ཆུང་ཡིན་རྒྱུ་འདྲ་འདྲ། ཟླ་ཕོགས་མང་པོ་ཞིག་དང་སྒོར་མོ་མང་པོ་ཞིག་
རག་ཐབས་ཐོན་ན་དེ་དོན་དག་ཆེན་པོ་ཡིན་རྒྱུ་འདྲ་བོ་དེ་ལྟའི་བསམ་བློ་
སྐྱེ་ཡོང་གི་ཡོད་རེད། དེ་འདྲའི་བསམ་བློ་དེ་ཕྱོགས་གཅིག་ནས་བཤད་ན་
ད་སྔོན་ཟེར་རྒྱུ་དེ་རེད། འཚོ་གནས་བྱེད་དགོས་ན་འཚོ་གནས་བྱེད་པའི་ཆ་
རྐྱེན་ལ་བསམ་བློ་གཏོང་དགོས་ཀྱི་ཡོད་རེད་ཁག་ཡོད་ཀྱི་མ་རེད་དེ། ཡིན་
ནའང་ཐོག་མཐའ་བར་གསུམ་དུ་བསམ་བློ་གཏོང་རྒྱུ་དང་བརྗེད་མི་ཉན་རྒྱུ་
གཅིག་དེ་གང་རེད་ཟེར་ན། ཟླ་ཕོགས་རྐྱང་པའི་དོན་ལ་བསམ་བློ་གཏོང་ན་
ང་ཚོ་ཆོས་ཀྱི་ནང་ལ་མང་པོ་གསུངས་ཡོད་རེད། དེ་དུད་འགྲོ་དང་འདྲ་འདྲ་
རེད། ཁ་གསོ་རྒྱུ་ཁོ་ནའི་དོན་ལ་མི་ཚེ་ཧྲིལ་པོ་བཏང་ན་དུད་འགྲོ་དང་གཅིག་
རེད་སོགས་མང་པོ་གསུངས་ཡོད་རེད་དེ། དེ་ཚོ་དེ་རིང་ང་ཚོས་མི་བཤད།
དེ་རིང་ང་ཚོས་བཤད་རྒྱུ་འདི་ནི་སྤྱི་ཚོགས་ཀྱི་ཐོག་ནས་སམ་དེང་རབས་ཀྱི་
རིན་ཐང་གི་ལྟ་བའི་ཐོག་ནས་བསམ་བློ་ཞིག་བཏང་བ་ཡིན་ན། དེར་བསམ་
བློ་གཏོང་རྒྱུ་ཡོད་རེད། དེ་ཡིན་ན་སོ་སོའི་མི་ཚེའི་བྱ་བའི་རིན་ཐད་ཕྱོགས་
བསྡོམས་བྱས་པའི་གནས་སྐབས་ན། སུ་དང་སུ་ཡིན་ནའང་རང་རང་གི་མི་
ཚེའི་བྱ་བ་ལ་བསམ་བློ་གཏོང་ས་ཅུང་ཟད་ཡོད་པ་ཡིན་ན་བློ་བདེ་མོ་ཡིན་
པ་རེད། སེམས་སྐྱིད་པོ་ཡོང་གི་རེད། འཇིག་རྟེན་མི་ཡུལ་ལ་ཡོང་བའི་དོན་
དག་ཐོན་སོང་བ་རེད། དེ་མ་ཡོད་ན་ཐམས་ཅད་པོ་དེའི་སྐབས་སུ་སེམས་
སྟོང་པ་ཡིན་པ་རེད། འཇིག་རྟེན་མི་ཡུལ་ལ་ཡོང་བར་ཁ་སོས་པ་རེད་མ་
གཏོགས་གཞན་པ་དོན་ཡོད་ཀྱི་མ་རེད། དེ་ལ་ང་ཚོས་གང་དགོས་སམ་ཟེར་
ན། དགེ་རྒན་གྱི་བྱ་བའི་རང་བཞིན་ཤེས་པ་ཟེར་རྒྱུ་འདི་ཧ་ཅང་གལ་ཆེན་
པོ་རེད། དེས་ན་དགེ་རྒན་བྱ་བའི་རང་བཞིན་ཟེར་རྒྱུ་དེ་ཅི་འདྲ་ཞིག་རེད་
ཟེར་ན། དགེ་རྒན་བྱ་བ་འདི་དངོས་གནས་དྲང་གནས་གཟི་བརྗིད་དང་ལྡན་
པ་ཞིག་རེད། དགེ་རྒན་གྱི་བྱ་བ་གཟི་བརྗིད་དང་ལྡན་པ་ཡིན་པའི་རྒྱུ་མཚན་
གང་རེད་ཟེར་ན། སྤྱི་ཚོགས་ཡར་རྒྱས་འགྲོ་རྒྱུ་དེ་ང་ཚོས་ཕྱོགས་གཉིས་ཀྱི་
ཐོག་ལ་བསམ་བློ་གཏོང་དགོས་ཀྱི་ཡོད་རེད། ཕྱོགས་གཅིག་དེ་གང་རེད་
ཟེར་ན། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་བཟང་ལ་འགྲོ་རྒྱུ་དེ་དཔལ་
འབྱོར་ལ་རག་ལས་བསྡད་ཡོད་རེད། དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུ་དེ་
གཅིག་རེད། གཉིས་ནས་བསམ་བློ་དང་ཀུན་སྤྱོད་འདི་གཉིས་པོར་རག་ལས་
བསྡད་ཡོད། དེ་ཚོའི་ཐོག་ནས་ཡར་རྒྱས་འགྲོ་དགོས་རེད། འདི་གཉིས་པོ་
གང་ལ་རག་ལས་བསྡད་ཡོད་རེད་ཟེར་ན། སློབ་གྲྭའི་དགེ་རྒན་ལ་རག་ལས་
བསྡད་ཡོད་རེད། བསམ་བློའི་ཐོག་ནས་བཤད་ན་བསམ་པ་བཟང་པོ་དང་ཡ་
རབས་ཀྱི་བསམ་པ་འདི་ཚོ་གང་ནས་ཡོང་དགོས་རེད་ཟེར་ན། སློབ་གྲྭ་ནས་
ཡོང་དགོས་རེད་མ་གཏོགས་ཁྱིམ་ཚང་ནས་ཡོང་རྒྱུ་དང༌། ཁོར་ཡུག་གཞན་
པའི་ཐོག་ནས་ཡོང་རྒྱུ་དེ་ཉུང་ཉུང་རེད། དེ་འདྲ་བ་ཞིག་གི་དཔལ་འབྱོར་
ཡར་རྒྱས་སུ་གཏོང་བྱེད་དང་སྤྱི་ཚོགས་ཡར་རྒྱས་སུ་གཏོང་བྱེད་རིག་གནས་
དང་ལག་རྩལ་འདི་ཚོ་ཐམས་ཅད་པོ་གོང་དུ་བཤད་པ་བཞིན་དུ་སློབ་གྲྭའི་
ནང་ནས་ཡོང་དགོས་རེད། དེ་འདྲ་ཡིན་དུས་འདི་ཚོ་ཐམས་ཅད་པོའི་འབྱུང་
གནས་དང་བྱེད་པ་པོ་གང་རེད་ཟེར་ན། དགེ་རྒན་ཡིན་དུས་དགེ་རྒན་གྱི་བྱ་
བ་འདི་དངོས་གནས་དྲང་གནས་བྱ་བ་ཐམས་ཅད་ཀྱི་ནང་ནས་གཟི་བརྗིད་
དགེ་རྒན་གྱི་སློབ་གསོ།
དང་ལྡན་པ་ངོ་མ་དེ་དགེ་རྒན་གྱི་བྱ་བ་འདི་རེད། དེ་ཡིན་པའི་རྒྱུ་མཚན་
གྱིས་ཆོས་ཀྱི་ནང་ལ་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་མང་པོ་གསུངས་
ཡོད་རེད། དགེ་བའི་བཤེས་གཉེན་དེ་ཧ་ཅང་གལ་ཆེན་པོ་ཡིན་གསུངས་ནས་
མང་པོ་གསུངས་ཡོད། དགེ་བའི་བཤེས་གཉེན་གལ་ཆེ་བྱེད་ཅི་རེད་ཟེར་
ན། ཡོན་ཏན་ཐམས་ཅད་པོ་དགེ་བའི་བཤེས་གཉེན་ལ་བསྟེན་ནས་འབྱུང་
གི་ཡོད་རེད། ང་ཚོའི་ཆོས་ཀྱི་ནང་ནས་དགེ་བའི་བཤེས་གཉེན་གསུངས་པ་
དེ། སྤྱི་ཚོགས་ཀྱི་ཐོག་ནས་དགེ་རྒན་ཟེར་བ་རེད། དོན་དག་གཅིག་པ་རེད།
མི་རྣམས་ལ་མ་ཤེས་པ་ཕར་བསལ། ཤེས་རབ་ཀྱི་སྣང་བ་སྦྱིན། དེ་འདྲ་བྱེད་
མཁན་གྱི་ཆེད་ལས་ཀྱི་མི་ཞིག་ལ་དགེ་བའི་བཤེས་གཉེན་ཟེར་ན་ཆོག་གི་
རེད། དགེ་རྒན་ཟེར་ན་ཆོག་པ་རེད། དེ་འདྲ་ཡིན་དུས་དགེ་རྒན་གྱི་བྱ་བ་
འདི་དངོས་གནས་དྲང་གནས་གཟི་བརྗིད་དང་ལྡན་པ་ཞིག་རེད།
རིག་གནས་ཀྱི་རིན་ཐང་དང་ནུས་པ།
གལ་ཏེ་རིག་གནས་འདི་མེད་སོང་བ་ཡིན་ན། ཅི་འདྲ་རེད་ཟེར་བ་ཡིན་ན་
མི་ཐམས་ཅད་པོ་ད་ལྟའི་མི་རིག་པ་པ་རྣམས་ཀྱིས་དེ་ཟེར་གྱི་ཡོད་རེད། མི་
རྣམས་ཐོག་མའི་དུས་སུ་གཅན་གཟན་གྱི་གཤིས་ཀ་ཟེར་དགོས་ནའང་འདྲ།
དུད་འགྲོའི་གཤིས་ཀ་ཧ་ཅང་ཆེན་པོ་ཡོད་ས་དེ་འདྲ་ཞིག་རེད། ཇི་ལྟར་རེད་
ཟེར་ན། སྐྱེ་དངོས་འཕེལ་འགྱུར་གྱི་རིག་པའི་ཐོག་ནས་བཤད་པ་ཡིན་ན།
མི་རྣམས་ཐོག་མའི་གནས་སྐབས་ན་དུད་འགྲོའི་རིགས་འདྲ་བོ་དང་གཅན་
གཟན་གྱི་རིགས་འདྲ་བོ་དེ་འདྲའི་འཚོ་བ་བསྐྱལ་ནས་ག་ལེར་ག་ལེ་མིའི་
རིགས་ཀྱི་ཤེས་རིག་ཡར་རྒྱས་སུ་སོང་ནས་དེ་རིང་གི་སྤྱི་ཚོགས་འདི་འདྲ་
བའི་ཚད་ཐིག་གི་ཐོག་ལ་སླེབས་སོང་བ་རེད་ཟེར། ཡིན་ནའང་སྐྱེ་དངོས་
འཕེལ་འགྱུར་རིག་པ་འདིའི་ཐོག་ནས་ཚན་རིག་གིས་ཧ་ཅང་གི་བདེན་
དཔང་ད་དུང་རྙེད་ཡོད་ཀྱི་མ་རེད། དེ་ཡོད་ན་ཡོད་མེད་ན་མེད། དེ་ཡང་དག་
ཡིན་མིན་དེ་རིང་ང་ཚོས་མི་བཤད། དེ་ཡིན་རྒྱུ་དབང་དུ་བྱེད། དེ་ཡིན་རྒྱུ་
དབང་དུ་བྱས་ན་ཇི་ལྟར་རེད་ཟེར་ན། མིའི་གཤིས་ཀ་དེ་དུད་འགྲོའི་གཤིས་
ཀ་ལྟ་བུ་ནས་ཡར་གཏུམ་པོ་དང་མ་རུངས་པ་དང་དམུ་རྒོད་དེ་འདྲའི་གཤིས་
ཀའི་ཐོག་ནས་ཡར་རྒྱས་སོང་ནས་ད་ལྟ་མིའི་རིགས་ནི་ཤེས་རིག་དང་ལྡན་
པ། ཞི་ཞིང་དུལ་བ་འདི་འདྲ་ཞིག་གི་ཐོག་ལ་ཐོན་རྒྱུ་དེ། དེའི་བར་དེ་ལ་དུས་
ཚོད་མང་པོ་སོང་ཡོད། ལོ་ཁྲི་ཚོ་མང་པོ་ཞིག་སོང་ཡོད་རེད། དེའི་བར་ཏེ་
དུད་འགྲོའི་གཤིས་ཀ་ནས་ཤེས་རིག་དང་ལྡན་པའི་མིའི་བར་དུ་རྒྱུད་རིམ་
དེ་འདྲ་ཞིག་བར་ལ་མི་རྣམས་འཕེལ་འགྱུར་འགྲོ་བྱེད་དེ། ཅི་ཞིག་གི་སྒོ་
ནས་འགྲོ་ཡི་ཡོད་རེད་ཟེར་ན། ལུས་ཀྱི་འཕེལ་འགྱུར་འགྲོ་བྱེད་དེ་རྒྱུ་མཚན་
གཞན་པ་ཡོད་རེད། མི་རང་གི་ལུས་ཀྱི་ཐོག་ལ་སྐྱེ་དངོས་འཕེལ་འགྱུར་གྱི་
ཐོག་ནས་འགྲོ་རྒྱུ་གྱིས། གཙོ་བོ་སེམས་རེད་དེ་རིང་ང་ཚོས་སེམས་བཤད་
དུད་འགྲོའི་གཤིས་ཀ་ནས་ཤེས་རིག་དང་ལྡན་པའི་མིའི་བར་དུ་འགྲོ་བྱེད་ཅི་
རེད་ཟེར་ན། དེ་རིག་གནས་གཅིག་པུ་རེད། རིག་གནས་མ་གཏོགས་གཞན་
པ་ཡོད་ཀྱི་མ་རེད། རིག་གནས་གཅིག་པུ་ཡིས་ཇེ་བཟང་དུ་འགྲོ་ཡི་ཡོད་རེད་
ཟེར། རིག་གནས་འདིས་འགྲོ་བ་མིའི་རིགས་མུན་པའི་གནས་སྐབས་ལས་
ཁ་འབྲལ་བ་བྱེད་པ། དུད་འགྲོའི་གཤིས་ཀ་དང་ཁ་འབྲལ་བ་བྱེད་པ་དམུ་
དགེ་རྒན་གྱི་སློབ་གསོ།
རྒོད་ཀྱི་གཤིས་ཀ་དང་ཁ་འབྲལ་བ་བྱེད་པ་སོགས་འགྲོ་བ་མིའི་རིགས་ཤེས་
རིག་དང་ལྡན་པ་དང་ཡ་རབས་ཀྱི་ཀུན་སྤྱོད་དང་ལྡན་པར་ཡར་འཁྲིད་པ་
བྱེད་པ་པོ་དེ་རིག་གནས་ཟེར་གྱི་ཡོད་རེད། རིག་གནས་ཀྱི་ནུས་པ་དེ་འདྲ་
ཞིག་རེད། །
རིག་གནས་ཀྱི་གོ་དོན་དང་མཚན་ཉིད།
སྤྱིར་བཏང་རིག་གནས་ཀྱི་ཐོག་ལ་བཤད་པ་ཡིན་ན། རིག་གནས་ཟེར་རྒྱུ་ཅི་
འདྲ་ཞིག་ལ་ཟེར་གྱི་ཡོད་རེད་སྙམ་ན། འཛམ་བུ་གླིང་གི་ཐོག་ནས་འདི་ལ་
བོད་ཀྱི་མཚན་ཉིད་རིག་པའི་ཐོག་ནས་བཤད་ན་མཚན་ཉིད་ཟེར་བ་ལྟ་བུ་
མང་པོ་ཞིག་བཤད་ཡོད་རེད། གཙོ་བོ་དེ་སྤྱི་ལོ་༡༨༧༡ ལོར་འཛམ་བུ་གླིང་
གི་ཐོག་ནས་དེང་རབས་ཀྱི་རིག་གནས་ལ་མཚམས་ཕྱེས་ནས་མཚན་ཉིད་
དང་པོ་དེ་བཞག་རེད། དེའི་ཡན་ཆོད་ལ་རིག་གནས་ཟེར་རྒྱུ་དེ་སུ་དང་སུ་ལ་
ཡིན་ནའང་ཡོད་རེད་དེ། དཔེར་ན་མཚན་ཉིད་རིག་པའི་ཕྱོགས་ནས་བཤད་
ན་ཀ་བ་ཟེར་རྒྱུ་དེ་ཅི་འདྲ་ཞིག་ལ་ཟེར་བ་རེད་ཟེར་ན། གདུང་འདེགས་
ཀྱི་དོན་བྱེད་ནུས་པའི་དངོས་པོ་ཞིག་ལ་ཀ་བ་ཟེར་གྱི་རེད། ཀ་བའི་མཚན་
ཉིད་དེ་རེད། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཞིག་ལ་བུམ་
པའི་མཚན་རེད་ཟེར་ནས་མཚན་ཉིད་རིག་པའི་ནང་ལ་དེ་འདྲ་གསུངས་
པ་རེད། དཔེར་ན་དེ་འདྲ་བོ་རིག་གནས་ལ་ཟེར་དགོས་ན། རིག་གནས་ཀྱི་
མཚན་ཉིད་གང་རེད་རིག་གནས་ཟེར་རྒྱུ་ཅི་འདྲ་ཞིག་ལ་ཟེར་གྱི་ཡོད་རེད་
ཟེར་ན། དེང་རབས་ཀྱི་རིག་གནས་ཀྱི་དབྱེ་མཚམས་ངོ་མ་གང་ནས་བྱུང་བ་
རེད་ཟེར་ན། ད་གིན་ཟེར་རྒྱུ་དེ་རེད་སྤྱི་ལོ་༡༨༧༡ ལོ་ལ་དབྱིན་ཇིའི་འགྲོ་
བ་མིའི་རིག་པ་སྨྲ་བ་ཐེ་ལོར་(EBTylor)་ཟེར་རྒྱུ་དེས། ཐོག་མར་འདི་
ལ་བཞག་པ་རེད། དེ་ནས་དེ་ཕྱིན་ཆད་ནས་ལོ་༨༠ ཐམ་པའི་རིང་ལ་སྤྱི་
ལོ་༡༨༧༡ ནས་སྤྱི་ལོ་༡༩༥༡ ལོ་བར་དུ་ལོ་བརྒྱད་ཅུ་ཐམ་པའི་རིང་ལ་རིག་
གནས་འདི་ལ་ཕྱོགས་སོ་སོ་ནས་མཚན་ཉིད་མང་པོ་བཞག་པ་རེད། དཔལ་
འབྱོར་རིག་པ་པས་དཔལ་འབྱོར་རིག་པའི་ཐད་ནས་བཤད། འགྲོ་བ་མིའི་
རིག་པ་པ་རྣམས་ཀྱིས་མིའི་རིག་པའི་ཐད་ནས་བཤད་དེ་ཕྱོགས་སོ་སོ་ནས་
ལྟ་ཚུལ་མི་འདྲ་བའི་ཐོག་ནས་མཚན་ཉིད་མི་འདྲ་བ་ལོ་བརྒྱད་ཅུ་ཐམ་པའི་
རིང་ལ་མཚན་ཉིད་བརྒྱ་དང་དྲུ་བཅུ་ལྷག་ཅིག་བཞག་ཡོད་རེད། སྤྱི་ལོ་
༡༩༥༡ ནས་ད་ལྟའི་བར་དུ་ལོ་ལྔ་བཅུ་དྲུག་ཅུ་སོང་བ་རེད། དེའི་རིང་ལ་
དེའི་ཐོག་ལ་དོག་སློང་མང་པོ་བརྒྱབས་ནས་ཁ་སང་དེ་རིང་རིག་གནས་ཟེར་
རྒྱུ་དེ་ཅི་འདྲ་ཞིག་ཟེར་བ་རེད་ཟེར་ནས་མཚན་ཉིད་མི་འདྲ་བ་ཉིས་བརྒྱ་
ལྷག་ཅིག་ལོག་བསྡད་ཡོད་རེད། ངས་གཅིག་ཟེར་ཁྱོད་ཀྱིས་གཅིག་ཟེར།
དཔལ་འབྱོར་རིག་པ་པ་རྣམས་ཀྱིས་དཔལ་འབྱོར་རིག་པའི་ཕྱོགས་ནས་
བཤད། དངོས་ཁམས་རིག་པ་པ་རྣམས་ཀྱིས་དངོས་ཁམས་རིག་པའི་ཕྱོགས་
ནས་བཤད། གྲངས་རིག་པ་རྣམས་ཀྱིས་གྲངས་རིག་གི་ཕྱོགས་ནས་བཤད་
དེ། དེ་འདྲའི་སྒོ་ནས་མཚན་ཉིད་མི་འདྲ་བ་མང་པོ་བཤད་བཞག་ཡོད་རེད།
ཐོག་མར་འགྲོ་བ་མི་རིག་པ་པ་ཐེ་ལོར་ཟེར་རྒྱུ་ཁོང་གིས་རིག་གནས་ཀྱི་
སྡོམ་ཚིག་གམ་མཚན་ཉིད་དེ་གང་རེད་ཟེར་ན། རིག་གནས་ཞེས་པ་ནི་མིའི་
རིགས་ཀྱི་འཚོ་བ་ལེགས་བཅོས་སུ་གཏོང་བྱེད་ཀྱི་རྙོག་གྲ་ཅན་གྱི་སྤྱི་ཞིག་
དགེ་རྒན་གྱི་སློབ་གསོ།
སྟེ་དེའི་ནང་ལ་རྣམ་པ་སྣ་ཚོགས་པ་ཞིག་མ་གཏོགས་པ་གཅིག་གི་ཐོག་ལ་
མཛུབ་མོ་འཛུགས་འཇོག་རྒྱུ་མེད་ས་དཔེར་ན་ཚད་མའི་ནང་དུ་ཚོགས་སྤྱི་
འདྲ་བ་དེ་འདྲ་ཞིག་རེད་ཟེར། རིག་གནས་ཞེས་པ་ནི་རྙོག་གྲ་ཅན་གྱི་སྤྱི་ཞིག་
སྟེ་དེའི་ནང་དུ་ཤེས་རིག་དང་རྒྱུ་རྩལ་དང་ཆོས་ལུགས་དང་། ཁྲིམས་ལུགས་
དང་ཡུལ་སྲོལ་གོམས་གཤིས་དེ་ཚོ་ཐམས་ཅད་པོ་འདུས་ཀྱི་རེད་ཟེར། དེ་
ངོ་མ་བཤད་ན་བོད་ཀྱི་སྲོལ་རྒྱུན་རིག་པའམ་མཚན་ཉིད་རིག་པའི་ཐོག་ནས་
བཤད་ན་དེ་མཚན་ཉིད་ཅིག་མ་རེད། དེ་རགས་རིམ་འདྲ་བོ་མཛུབ་མོ་རི་
སྟོན་འདྲ་རེད་མ་གཏོགས་མཚན་ཉིད་ཅིག་མ་རེད། རྗེས་མ་རྣམས་ཀྱིས་དེ་
ལ་དགག་པ་བརྒྱབས་ནས་དེ་དང་དེའི་ནང་ནས་འགྲོ་བ་མི་རིགས་ཀྱི་འཚོ་
བ་ལེགས་ཕྱོགས་སུ་སྒྱུར་བྱེད་ཀྱི་ཆ་རྐྱེན་ཟེར་ནས་ཁོང་གིས་དེ་ཟེར་ཡོད་
རེད། རྗེས་མ་རྣམས་ཀྱིས། རིག་གནས་ཟེར་རྒྱུ་དེ་མིའི་རིགས་ཀྱི་འཚོ་བ་
ལེགས་བཅོས་སུ་བྱེད་སྤྱད་རེད་ཟེར་ན་མི་འགྲིག་གི་ཟེར། མི་འགྲིག་པ་ཅི་
རེད་ཟེར་ན་རྡུལ་ཕྲན་མཚོན་ཆ་དེ་རིག་གནས་ཡིན་པས་དེ་མིའི་རིགས་ཀྱི་
འཚོ་བ་ལེགས་བཅོས་སུ་བྱེད་སྤྱད་རེད་ཟེར་ན་འགྲིག་མི་འདུག་ཟེར་ནས་
དགག་པ་བརྒྱབས་ཏེ། ཡང་དེའི་ནང་དུ་ཡར་ལ་ཁ་མ་གཅིག་བཞག་ནས།
དེ་འདྲ་མང་པོ་བྱས་ཏེ་རྙོག་གྲ་ཇེ་ཆེར་མངགས་ནས་ད་ལྟའི་བར་དུ་གཅིག་
གྱུར་གྱི་འཛམ་བུ་གླིང་གི་མཁས་པ་རྣམས་ཀྱིས་དཔལ་འབྱོར་རིག་པ་པ་
ཡིན་ནའང་རེད། ཁྲིམས་ལུགས་ཀྱི་སྒོ་ནས་ཡིན་ནའང་རེད། ཚན་རིག་གི་
ཡིན་ནའང་རེད་གཞན་པ་མང་པོ་ཞིག་གིས་བཤད་པ་རེད་དེ། ཡིན་ནའང་
གཅིག་གྱུར་གྱི་ཐོག་ནས་རིག་གནས་ཟེར་རྒྱུ་དེ་འདི་རེད་ཟེར་རྒྱུ་ཞིག་མ་
བྱུང་བ་རེད། རིག་གནས་ཀྱི་ནང་ན་ཤེས་རིག་ཡོད། རིག་གནས་ཀྱི་ནང་ན་
ཆོས་ལུགས་ཡོད། རིག་གནས་ཀྱི་ནང་ན་རྒྱུ་རྩལ་ཡོད། རིག་གནས་ཀྱི་ནང་
ན་ཁྲིམས་ལུགས་ཡོད་ཐ་ན་ཡུལ་སྲོལ་གོམས་གཤིས་ཀྱང་རིག་གནས་ཡིན་
ཟེར་ནས་བཤད་ཚུལ་དེ་འདྲ་མང་པོ་ཞིག་རེད། ཡིན་ནའང་བོད་ཀྱི་མཚན་
ཉིད་རིག་པས་མཚན་ཉིད་འཇོག་ཚུལ་གྱི་དབང་དུ་བྱས་ན་རིག་གནས་ལ་
ཇི་འདྲ་ཟེར་དགོས་སམ་ཟེར་ན། རང་གི་བསམ་ཚུལ་གྱི་དབང་དུ་བྱས་ན་
སྔོན་མར་དེར་ལག་ནས་དགེ་རྒན་རྣམས་འཚོགས་པའི་སྐབས་སུའང་བཤད་
ཡོད། རིག་གནས་ཀྱི་ངོ་བོ་དེ་ནི་འགྲོ་བ་མིའི་རིགས་ཀྱིས་བསྐྲུན་པའི་རང་
གི་འདོད་པ་སྒྲུབ་བྱེད་ཀྱི་ཐབས་སམ་ཐབས་ལས་བྱུང་བའི་ཤེས་བྱ་དེ་རིག་
གནས་ཟེར་དགོས་ས་རེད་བསམ་བྱུང་། དེ་ཟེར་དགོས་སྤྱད་ཅི་རེད་ཟེར་ན།
དང་པོ་འགྲོ་བ་མིའི་རིགས་ཀྱིས་བསྐྲུན་པའི་ཟེར་རེད། འཛམ་བུ་གླིང་འདི་
ན་ཡོད་པའི་རིག་གནས་གང་དང་གང་ཞིག་ཡིན་ནའང་མིའི་རིགས་ཀྱིས་
བསྐྲུན་པ་ཤ་སྟག་རེད། མིས་བསྐྲུན་པ་རེད་མ་གཏོགས་པ་ལྷ་ཡི་བསྐྲུན་ཟེར་
བ་འདྲ་བཤད་སྲོལ་མང་པོ་ཡོད་རེད་དེ། ངོ་མའི་རིག་གནས་འདི་ཚོ་མིས་
བསྐྲུན་པ་ཞིག་མ་གཏོགས་གཞན་པ་ཡོད་ཀྱི་མ་རེད། ཆོས་ལུགས་འདྲ་ཞིག་
མཚོན་པ་ཡིན་ནའང་ནང་པ་སངས་རྒྱས་པའི་ཆོས་ལུགས་ཡིན་ན་སངས་
རྒྱས་ཤཱཀྱ་ཐུབ་པ་མི་རེད་ཁོང་གིས་བསྐྲུན་པ་རེད། དེ་འདྲ་བ་ཞིག་ལ་རིག་
གནས་གང་དང་གང་ཞིག་ཡིན་ན་ཐམས་ཅད་པོ་མིས་བསྐྲུན་པ་མ་གཏོགས་
མི་འདུག དེས་ན་འགྲོ་བ་མིའི་རིགས་ཀྱིས་བསྐྲུན་པ་ཟེར། ཆ་རྐྱེན་གཅིག་
རེད། གཉིས་པ་དེ་ནི་རང་གི་འདོད་པ་བསྒྲུབ་པའི་ཕྱིར་དུ་ཟེར། མིའི་རིགས་
དགེ་རྒན་གྱི་སློབ་གསོ།
ཀྱི་འདོད་པ་བསྒྲུབ་པའི་ཕྱིར་དུ་ཟེར་རྒྱུ་དེ་རང་གི་འཚོ་བ་ཇེ་བཟང་ལ་
བཏང་བའི་ངེས་པ་ཅི་ཡང་ཡོད་མ་རེད། སྤྱིར་བཏང་འདོད་པ་ལ་འདོད་པ་
རྣམ་པ་སྣ་ཚོགས་པ་རེད། ཆོས་ཀྱི་ཐོག་ནས་ཐར་པ་ཐམས་ཅད་མཁྱེན་པའི་
གོ་འཕང་སྒྲུབ་པ་ཡང་འདོད་པ་སྒྲུབ་པ་རེད། འཇིག་རྟེན་གྱི་ཐོག་ནས་དཔལ་
འབྱོར་ཡར་རྒྱས་གཏོང་རྒྱུ་རེད། རིག་གནས་ཚད་གཞི་གོང་འཕེལ་ལ་གཏོང་
རྒྱུ་འདི་ཚོ་ཡང་རང་གི་འདོད་པ་སྒྲུབ་པ་རེད། རྡུལ་ཕྲན་མཚོན་ཆ་བཟོས་
ནས་དགྲ་ཕྱོགས་མེད་པར་གཏོང་བར་འདོད་ན་ཡང་རང་གི་འདོད་པ་སྒྲུབ་
པ་རེད། དེའི་ཕྱིར་འདོད་པ་སྒྲུབ་པ་ཟེར་ན་འགྲིག་ཡོད་རེད་མ་གཏོགས་
འཚོ་བ་ལེགས་བཅོས་སུ་གཏོང་བྱེད་ཟེར་ན་འགྲིག་དང་མི་འགྲིག་གི་བཤད་
པ་མང་གི་རེད། ཐབས་སམ་ཟེར་རྒྱུ་དེ་རིག་གནས་གང་དང་གང་ཡིན་ན་
ཐམས་ཅད་པོ་ཐབས་ཤེས་ཤ་སྟག་རེད། ཐབས་འདི་ཡོད་ན་བྱ་བ་འདི་སྒྲུབ་
དགོས་ན་ལས་སླ་བོ་ཞིག་གིས་སྒྲུབ་ཐུབ་རྒྱུ་དང་ཐབས་ཤེས་འདི་མེད་ན་བྱ་
བ་རྣམས་སྒྲུབ་མི་ཐུབ་རྒྱུ་དཔེར་ན་གསོ་བ་རིག་པ་ཡིན་ནའང་རེད། གཟོ་
རིག་པ་ཡིན་ནའང་རེད། སྒྲ་རིག་པ་ཡིན་ནའང་རེད་གང་དང་གང་ཡིན་
ནའང་ཐམས་ཅད་པོ་མི་རྣམས་ཀྱི་བྱ་བ་གང་རུང་ཞིག་ལེགས་འགྲུབ་ཡོང་
བའི་ཐབས་ཤིག་རེད། དེའི་ཕྱིར་ཐབས་སམ་ཟེར། ཐབས་ལས་བྱུང་བ་ཟེར་
རྒྱུ་འདི་ཡུལ་སྲོལ་གོམས་གཤིས་རེད། ཡུལ་སྲོལ་གོམས་གཤིས་འདི་ཚོ་ཁ་
སང་དེ་རིང་རིག་གནས་ཀྱི་ནང་ལ་འཇོག་གི་ཡོད་རེད། དེའང་དེ་རིག་གནས་
ཤིག་རེད་ཟེར། ཤེས་བྱ་ཟེར་རྒྱུ་དེ་རིག་གནས་གང་དང་གང་ཡིན་ན་སྦྱངས་
ནས་ཤེས་དགོས་པ་ཞིག་མ་གཏོགས་ཡོད་པ་མ་རེད། ཡུལ་སྲོལ་གོམས་
གཤིས་ཀྱང་ཆེད་དུ་མ་སྦྱངས་ཀྱང་ངམ་ངམ་ཤུགས་ཀྱིས་ཤེས་ཡོང་བ་དེ་འདྲ་
ཞིག་མ་རེད། བོད་ཀྱི་སྲོལ་རྒྱུན་རིག་པའི་དབང་དུ་བྱས་ན་དེང་རབས་ཀྱི་
རིག་གནས་སམ་འཛམ་བུ་གླིང་གི་རིག་གནས་ངོས་འཛིན་ལུགས་ཀྱི་དབང་
དུ་བྱས་ན་ཕལ་ཆེར་དེ་འདྲ་ཞིག་ཡིན་རྒྱུ་རེད་བསམ་གྱི་འདུག ཡིན་ནའང་
མཐའ་གཅིག་ཏུ་དེ་འགྲིག་ཡོད་མེད་དགེ་རྒན་རྣམ་པས་བསམ་བློ་གཏོང་
དགོས་ཀྱི་རེད། གང་ལྟར་ཡང་དེང་རབས་ཀྱི་གོ་བ་ལྟ་བུའི་དབང་དུ་བྱས་
ནས་རིག་གནས་ཟེར་རྒྱུ་ཅི་འདྲ་ཞིག་རེད་ཟེར་ན། སྐད་ཆ་མང་པོ་བཤད་མི་
དགོས་པ་མཚན་ཉིད་གཅིག་གི་ནང་ལ་རིག་གནས་དེ་འདུ་ཐབས་ཤིག་ཡོད་
དགོས་རེད། ངས་བལྟས་ན་དེ་འདྲ་ཞིག་རེད།
རིག་གནས་ཀྱི་བྱེད་ལས།
དེ་འདྲའི་རིག་གནས་དེའི་བྱེད་ལས་གང་རེད་ཟེར་ན་གོང་དུ་བཤད་མ་
ཐག་པ་རེད། འགྲོ་བ་མིའི་རིགས་མ་རུངས་པ་དང་། གཏུམ་པོ་དང་དམུ་
རྒོད་དང་མི་ཤེས་པ་དེ་འདྲའི་གནས་སྐབས་ཤིག་ནས་ཤེས་རིག་དང་ལྡན་
པ། ཡ་རབས་ཀྱི་ཀུན་སྤྱོད་ལྡན་པ་ཞིག་ལ་འཁྲིད་པ་བྱེད་པའི་ཐབས་དེ་
དྲང་ཕྱོགས་ནས་བཤད་ན་རིག་གནས་ཀྱི་བྱེད་ལས་དེ་འདྲ་ཞིག་རེད། ལྡོག་
ཕྱོགས་ནས་རིག་གནས་བྱེད་ལས་འདྲ་དང་མི་འདྲ་མང་པོ་ཡོད་རེད། བྱ་བ་
དེ་འདྲ་བོ་བྱེད་པ་པོ་དེ་སུ་རེད་ཟེར་ན་དགེ་རྒན་རྣམ་པ་ཚོ་ཡིན་པ་རེད།
མདོར་བསྡུས་ནས་བཤད་ན་འགྲོ་བ་མིའི་རིགས་མ་རུངས་པ་དང་དམུ་རྒོད་
དེ་འདྲའི་གནས་སྐབས་ནས་ཤེས་རིག་དང་ལྡན་པ་དང་། ཡ་རབས་ཀྱི་སྤྱོད་
29
དགེ་རྒན་གྱི་སློབ་གསོ།
པ་དང་ལྡན་པ་རུ་འཁྲིད་པར་བྱེད་པ་པོ་དེ་སུ་རེད་ཟེར་ན་དགེ་རྒན་རེད།
དེའི་ཕྱིར་ན་རང་གི་བྱ་བ་འདི་ནི་རླབས་ཆེན་དང་ལྡན་པ་ཡིན་རྒྱུ་དང་།
གཟི་བརྗིད་དང་ལྡན་པ་ཡིན་རྒྱུ་དེ་ཐོག་མར་དགེ་རྒན་རྣམས་ཀྱིས་དེ་ངོ་
ཤེས་དགོས་ཀྱི་ཡོད་རེད་མ་གཏོགས་དེ་ངོ་མ་ཤེས་ན། དགེ་རྒན་བྱས་ན་ཟླ་
ཕོགས་མཐོན་པོ་མི་འདུག མདུན་ལམ་མི་འདུག དཔོན་ཆེན་པོ་བྱེད་རྒྱུ་མི་
ཡོང་བས་ཡིན་ན་མིན་ན་གཞུང་ཞབས་པའི་ནང་ལ་འགྲོ་རྒྱུའི་གྲ་སྒྲིག་བྱེད་
རྒྱུ་འདྲ་དང་། དེ་མིན་ནའང་བྱ་བ་གཞན་པ་ཚོང་བྱེད་རྒྱུ་སོགས་དགེ་རྒན་
གྱི་ལས་གནས་ཕར་དོར་ནས་ཁེ་ལས་འདྲ་བོའི་བྱ་བ་འདྲ་མི་འདྲ་གཉེར་
རྒྱུའི་བསམ་བློ་འདི་ཚོ་བསམ་བློའི་ཐོག་ནས་ཅུང་ཟད་མ་འདངས་ས་འདྲ་
བོ་ཡིན་པ་རེད། སྤྱིར་བཏང་ངས་གོང་ནས་ཟེར་རྒྱུ་དེ་རེད། འཚོ་གནས་
ཀྱི་ཆེད་དུ་རང་རང་སོ་སོས་བསམ་བློ་གཏོང་དགོས་རེད། བསམ་བློ་མི་
གཏོང་མཁན་ཞིག་ཡོད་ཀྱི་མ་རེད། དེ་ལ་སུས་ཀྱང་ངོ་རྒོལ་བྱེད་ཀྱི་ཡོད་
མ་རེད། ཡིན་ནའང་དེ་ཁོ་ན་མ་གཏོགས་པ་གཞན་པ་རང་གི་བྱ་བ་ལ་དོན་
སྙིང་ཡོད་དམ་མེད། རང་གི་བྱ་བ་དེ་ཐམས་ཅད་པོ་ལ་ཕན་པ་ཡོད་སྤྱད་
ཅིག་ཡིན་ནམ་མིན། འདི་ཚོ་ཐམས་ཅད་གང་ལའང་བསམ་བློ་མ་བཏང་
ནས་དཔལ་འབྱོར་ཤ་སྟག་གི་དོན་ལ་བསམ་བློ་བཏང་ན། རིན་ཐང་གི་ལྟ་
བའི་ཐོག་ནས་ནོར་བ་འབྱུང་གི་ཡོད་རེད། གལ་ཏེ་དཔལ་འབྱོར་ཤ་སྟག་
མ་གཏོགས་གཞན་པ་ཅི་ཡང་མ་དགོས་ན། ད་ང་ཚོའི་རིག་གནས་ནང་ནས་
མང་ཆེ་བ་ཞིག་མི་དགོས་རྒྱུ་ལོག་འགྲོ་ཡི་རེད། དེའི་ཕྱིར་དགེ་རྒན་རྣམས་
ཀྱི་བྱ་བ་འདི་ངོས་འཛིན་ཡག་པོ་ཞིག་ཡོང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།
ཐོག་མ་རང་གི་བྱ་བ་དེས།།
གཞན་གྱི་ཤེས་རབ་མིག་ཕྱེས་ནས།།
ཟེར། དགེ་རྒན་རྣམས་ཀྱིས་སློབ་གྲྭ་ནང་ནས་སློབ་མ་ཐམས་ཅད་པོ་བསྐྱངས་
ནས་ཡོང་བ་རེད། སློབ་ཆུང་ཡིན་ནའང་འདྲ། སློབ་འབྲིང་ཡིན་ནའང་འདྲ།
སློབ་ཆེན་ཡིན་ནའང་འདྲ་འདྲ་རེད་ཐམས་ཅད་པོས་རང་རང་སོ་སོའི་
གནས་སྐབས་ཀྱི་བྱ་བ་དེ་བསྒྲུབས་ནས་འགྲོ་གི་ཡོད་རེད། དེའི་ནང་ནས་
ཀྱང་སློབ་ཆུང་གི་དགེ་རྒན་གལ་ཆེ་ཤོས་རེད། དགེ་རྒན་དེས་སློབ་མ་རྨང་
གཞི་རྩ་བ་ནས་མེད་མཁན་ཞིག་ལ་ཡི་གེ་ཀ་ཁ་ནས་བསླབས་ཏེ་ཅི་ཡང་
མི་ཤེས་པའི་མི་ཞིག་ཤེས་རིག་དང་ལྡན་པ་དང་། སྤྱིར་བཏང་མ་རུངས་
པ་དམུ་རྒོད་དེ་ཡང་དག་པར་བསྒྱུར་ཡོང་རྒྱུ་འདི་ཐོག་མ་མགོ་གང་ནས་
བརྩམས་སམ་ཟེར་ན་སློབ་ཆུང་ནས་བརྩམས་པ་རེད། ཁྱད་པར་དུ་སློབ་
ཆུང་གི་དགེ་རྒན་འདི་ཚོ་དངོས་གནས་དྲང་གནས་བྱ་བ་གལ་ཆེན་པོ་ཡིན་
པ་རེད། ངས་གོང་དུ་བཤད་རྒྱུ་དེ་ཡིན་ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་
ཀྱི་ཐོག་ནས་ཡིན་ན་འདྲ། ཆོས་ཀྱི་ཐོག་ནས་འདི་ངོས་ཟིན་དེ་གཏིང་ཟབ་
པོ་ཡོད་རེད། དེ་ཡོད་པའི་རྒྱུ་མཚན་གྱིས་ཆོས་ཀྱི་ནང་ལ་དགེ་བའི་བཤེས་
གཉེན་གྱི་ཡོན་ཏན་མང་པོ་བརྗོད་ཡོད་རེད། དགེ་བའི་བཤེས་གཉེན་གལ་
ཆེ་ཚུལ་དང༌། དགེ་བའི་བཤེས་གཉེན་ཡོན་ཏན་དང་ལྡན་པ་ཡིན་ཚུལ།
དགེ་བའི་བཤེས་གཉེན་བཀའ་དྲིན་ཆེན་པོ་ཡིན་ཚུལ་མང་པོ་བཤད་པ་
རེད། བཤད་རྒྱུའི་རྒྱུ་མཚན་དེ་ལ་རག་ལས་བསྡད་ཡོད་རེད། དེ་རིང་ང་
ཚོའི་སྤྱི་ཚོགས་ཀྱི་ལས་རིགས་རྣམས་ཀྱི་ནང་ནས་འགྲོ་བ་མི་སྤྱི་ལ་བཀའ་
དགེ་རྒན་གྱི་སློབ་གསོ།
དྲིན་ཆེ་བ་དེ་གང་རེད་ཟེར་ན། ལས་རིགས་གང་དང་གང་གི་ནང་ལ་ཡིན་
ནའང་བཀའ་དྲིན་ཡོད་ཀྱི་རེད། བཀའ་དྲིན་ཡོད་ཀྱི་མ་རེད་ཟེར་དགོས་
ན་དཀའ་མོ་རེད། ཡིན་ནའང་དགེ་རྒན་གྱི་ལས་རིགས་འདི་དེའི་ནང་ནས་
ཤིན་ཏུ་ནས་ཀྱང་མིའི་རིགས་ལ་བཀའ་དྲིན་ཆེ་ཤོས་ཤིག་ཡིན་པ་རེད། དེ་
ཡིན་པའི་རྒྱུ་མཚན་ཅི་རེད་ཟེར་ན་དགེ་རྒན་རྣམས་ཀྱིས་གཞན་གྱི་ཤེས་
རབ་ཀྱི་མིག་འབྱེད་རྒྱུ་དེ་དགེ་རྒན་རྣམས་ཀྱིས་འབྱེད་ཀྱི་ཡོད་རེད། བདེ་
སྐྱིད་སྣང་བ་སྐྲུན་པའི་ཕྱིར། །བདེ་སྐྱིད་སྣང་བ་སྐྲུན་རྒྱུ་དེའང་དགེ་རྒན་
རྣམས་ཀྱིས་སྐྲུན་གྱི་ཡོད་རེད། རིག་གནས་མེད་ན་བདེ་སྐྱིད་ཀྱི་སྣང་བ་
འབྱུང་གི་མ་རེད། ཁྱད་པར་དུ་ཁ་སང་དེ་རིང་གི་གནས་སྐབས་འདྲ་བོ་
ཡིན་ན། དུས་རབས་གསར་བ་འདི་འདྲ་ཞིག་གི་ནང་ལ་རིག་གནས་རྣམ་
པ་སྣ་ཚོགས་པ་འདི་མེད་པ་ཡིན་ན། བདེ་སྐྱིད་སྣང་བ་ཡོད་དམ་མེད་མང་
པོ་བཤད་དགོས་ཀྱི་མ་རེད་ཚང་མས་ཧ་གོ་རེད། ཆོས་ཕྱོགས་ནས་བཤད་
ན་རིག་གནས་ཡོད་སོ་སོས་ཆོས་ཤེས་ན་སོ་སོ་རང་གི་འདོད་པ་ཐོག་ཏུ་
འགྲུབ་ན་བདེ་སྐྱིད་ཀྱི་སྣང་བ་འབྱུང་གི་རེད། འཇིག་རྟེན་གྱི་ཐོག་ནས་
བཤད་ན་དེ་དང་གཅིག་པ་རེད། འཇིག་རྟེན་གྱི་ཐོག་ནས་རིག་གནས་ཡོད་
སོང་བ་ཡིན་ན་རང་རང་སོ་སོའི་མི་ཚེ་གཅིག་པོའི་བདེ་སྐྱིད་དང་ལྡན་པ་
ཡོང་རྒྱུ་དེ་ཆོས་ཉིད་རེད། དེ་འདྲ་ཡིན་པས་དགེ་རྒན་རྣམས་ཀྱིས་ཞིབ་
ཏུ་བསམ་བློ་བཏང་ནས་རང་གི་བྱ་བ་འདི་གཟི་བརྗིད་ལྡན་པ་ཡིན་རྒྱུ་དེ་
ངོས་ཟིན་ཡོད་དགོས་རེད། ངས་དེ་རིང་དགེ་རྒན་རྣམ་པ་ཚོ་ལ་ཞུ་རྒྱུ་དོན་
དག་དང་པོ་དེ་ཡིན། དགེ་རྒན་རྣམ་པ་ཚོས་དེ་དག་གོ་མཁན་ཡོད་རྒྱུ་རེད།
མི་གོ་ཟེར་ན་རྩ་བ་ནས་མི་གོ་མཁན་ཡོད་རྒྱུ་མ་རེད་དེ་འདི་རྩ་འདོན་འདྲ་
བོ་དང་མཐོང་ཆེན་འདྲ་བོ་བྱེད་མ་ཐུབ་པའི་སྐྱོན་གྱིས་དགེ་རྒན་གྱི་ལས་
གནས་འདི་དོན་དག་ཆེན་པོ་མེད་རྒྱུ་འདྲ་དང་། དེ་ལས་གཞན་པའི་ནང་
ལ་རེ་བ་རྒྱག་འདུག་རྒྱུ་དེ་རྒྱུ་མཚན་དེ་ལ་བརྟེན་ནས་འབྱུང་གི་ཡོད་རེད།
དེ་བཞིན་དུ་མིའི་སྤུས་ཀ་ཇེ་བཟང་ལ་འགྲོ་དགོས་པ་ཡིན་ནའང་འདྲ། ཀུན་
སྤྱོད་དང་བསམ་བློ་ཇེ་བཟང་ལ་འགྲོ་དགོས་པ་ཡིན་ནའང་འདྲ་འདི་ཚོ་
ཐམས་ཅད་སློབ་གསོ་གཅིག་པུ་ལ་རག་ལས་བསྡད་ཡོད་རེད། སློབ་གསོ་
སུ་ལ་རག་ལས་ཡོད་རེད་ཟེར་ན་གནད་ཐོག་ངོ་མ་དགེ་རྒན་རྣམས་ཡིན་པ་
རེད། དེ་ལས་གཞན་པ་དགེ་རྒན་གཅིག་པུ་མ་གཏོགས་གཞན་གྱིས་སློབ་
གསོ་སྒྲུབ་ཀྱི་ཨེ་རེད་ཟེར་ན་སྒྲུབ་ཀྱི་རེད། གཙོ་བོ་སྒྲུབ་མཁན་དེ་དགེ་རྒན་
ཡིན་པས་དགེ་རྒན་རང་གི་བྱ་བ་དེ་གཟི་བརྗིད་དང་ལྡན་པར་ཧ་གོ་དགོས་
རེད། གཟི་བརྗིད་དང་ལྡན་པ་ཧ་གོ་སོང་ན་དེའི་རྗེས་ནས་གང་དགོས་
སམ་ཟེར་ན། མི་སུ་དང་སུ་ཡིན་ནའང་སོ་སོའི་མི་ཚེ་གཅིག་གི་བྱ་བ་
ཕྱོགས་བསྡོམས་བྱེད་པའི་གནས་སྐབས་ཡོད་པ་ཧ་གོ་དགོས་རེད། མི་ཚེ་
གཅིག་གི་བྱ་བའི་རིན་ཐང་ཕྱོགས་བསྡོམས་བྱེད་པའི་སྐབས་ཤིག་ཡོང་གི་
རེད། དགེ་རྒན་ཡིན་ནའང་རེད། འགོ་ཁྲིད་ཡིན་ནའང་རེད། རིག་གནས་
བ་ཞིག་ཡིན་ནའང་རེད་སུ་དང་སུ་ཡིན་ནའང་དེ་འདྲ་བྱེད་ལོང་མ་ཡོང་
ན་མ་གཏོགས་ལས་འཁྱུར་ངལ་གསོ་བྱེད་རྗེས་བྱ་བ་མང་པོ་ཞིག་ལ་ཕྱི་
འདེང་བརྒྱབས་ནས་ཡོང་གི་རེད། དེའི་སྐབས་སུ་ད་གིན་གོང་ན་བཤད་པ་
བཞིན་དུ་སེམས་བདེ་མོ་བློ་ཚིམ་པོ་ཞིག་ཡོང་བ་ཡིན་ན་མི་ལུས་ཐོབ་པའི་
33
དགེ་རྒན་གྱི་སློབ་གསོ།
དོན་ཐོབ་སོང་བ་རེད། གཞན་པ་རྒྱ་ཆེན་པོ་མ་ཡོང་ན་བསམ་པ་རྣམ་དག་
གི་ཐོག་ནས་སློབ་གསོ་འདི་ལ་རང་གི་ནུས་ཚོད་ཀྱིས་ཨུ་རུས་མུ་རུས་བྱས་
ཡོད་བསམ་རྒྱུ་ཡོང་ན། སློབ་གསོ་ལས་གལ་ཆེ་བ་ཞིག་མི་འདུག མི་ཞིག་
ཡིན་ན་ཚེ་ཕྱི་མའི་བདེ་སྐྱིད་བཤད་ཀྱི་ཡོད་རེད་དེ། མང་ཆེ་བས་ཚེ་འདིའི་
བདེ་སྐྱིད་སྒྲུབ་བྱེད་ལ་ལྟ་གི་ཡོད་རེད། ཚེ་འདིའི་བདེ་སྐྱིད་སྒྲུབ་བྱེད་ཀྱི་རྩ་
བ་སློབ་གསོ་ལ་ཐུག་ཡོད་རེད། དེའི་ཐོག་ལ་ཤུགས་སྣོན་བརྒྱབས་ན་དོན་
གྱི་ཐོག་ནས་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་ལ་ཤུགས་སྣོན་བརྒྱབས་པ་
རེད། དོན་གྱི་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་ལ་བྱ་བ་བསྒྲུབས་པ་རེད།
སོ་སོ་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་རྗེས་སུ་ཡང་བསམ་པ་བདེ་
མོ་བློ་ཚིམ་པོ་དེ་འདྲ་ཞིག་ཡོང་ཤག་ཤག་ཡིན་གྱི་རེད། དགེ་རྒན་རྣམས་
ཀྱིས་རང་གི་བྱ་བ་འདི་རླབས་ཆེན་ཡིན་པ་ཤེས་པའི་ཐོག་ནས་ལས་གནས་
འདིའི་ཐོག་ནས་བྱ་བ་སྒྲུབ་རྒྱུ་དང་བྱ་བ་སྒྲུབ་རྒྱུ་དེའང་དགའ་བཞིན་སྤྲོ་
བཞིན་ཐོག་ནས་བྱ་བ་སྒྲུབ་པ་འདི་ཡོང་བ་ཡིན་ན། རང་གི་བྱ་བ་སྒྲུབ་རྒྱུ་
དེ་དཀའ་སྣང་ཡོད་ཀྱི་མ་རེད། བྱ་བ་གང་དང་གང་ཡིན་ནའང་དེ་རེད་བྱ་
བ་སྒྲུབ་རྒྱུ་བོ་དེ་ཟླ་ཕོགས་ཀྱི་དོན་དུ་བྱ་བ་སྒྲུབ་དགོས་ན་དཀའ་སྣང་ཡོད་
ཀྱི་རེད། མི་འདོད་བཞིན་དུ་བྱ་བ་སྒྲུབ་དགོས་ན་དེ་བས་ཀྱང་སྡུག་སྣང་
ཡོད་རེད། རང་གི་ངོས་ཟིན་གྱི་སྒོ་ནས་འདི་བྱ་བ་ཡང་དག་པ་ཞིག་རེད།
འདི་ཕན་ཐོགས་ཡོད་པའི་བྱ་བ་ཞིག་ཡིན་འདི་ནི་ཕན་ཐོགས་ཡོད་པའི་
བྱ་བ་ཡིན་པས་ངས་སྒྲུབ་དགོས་རྒྱུ་ཡིན། དེ་འདྲའི་ངོས་ཟིན་ཡོད། བྱ་བ་
དེ་ལ་དགའ་སྤྲོ་ཡོད་ན་ཉིན་མཚན་ཐོག་གཏུགས་ནས་ཇི་འདྲ་སྒྲུབ་དགོས་
ཀྱང་ངལ་བ་དང་དུབ་པ་ཡོད་ཀྱི་མ་རེད། ཅི་འདྲའི་ངལ་བ་བྱུང་ཅི་འདྲའི་
དུབ་པ་བྱུང་ནའང་སོ་སོར་དགའ་རྒྱུ་སྤོ་རྒྱུ་མ་གཏོགས་ཡོད་ཀྱི་མ་རེད། དེ་
འདྲ་ཡིན་པས་དགེ་རྒན་རྣམས་ཀྱིས་སྤྱི་ཚོགས་ཐོག་ན་ལས་གནས་མང་པོ་
ཞིག་ཡོད་པའི་ནང་ནས་རང་གི་ལས་གནས་འདི་རིན་ཐང་ཅི་འདྲ་ཞིག་
ཡོད་འདུག་དེ་གཏན་འཁེལ་བྱེད་དགོས། དེ་གཏན་འཁེལ་བྱས་ནས་བྱ་བ་
དེ་ངོས་ཟིན་སོང་བ་ཡིན་ན་དེ་ནས་དགེ་རྒན་གྱི་བྱ་བ་སྒྲུབ་རྒྱུ་འདི་དགའ་
བཞིན་དུ་སྒྲུབ་རྒྱུ་དང་སྤྲོ་བཞིན་དུ་སྒྲུབ་རྒྱུ་དང་། མུ་མཐུད་ནས་སྒྲུབ་རྒྱུ་
དང་ཡུན་རིང་པོའི་བར་དུ་སྒྲུབ་རྒྱུ་དེ་འདྲའི་བསམ་བློ་དེ་ཡོད་སོང་ན་
སློབ་གྲྭའི་ནང་ནས་སློབ་མ་ཚོ་ལ་དངོས་གནས་དྲང་གནས་ཕན་ཐོགས་
རྒྱུ་རེད། དེ་འདྲ་ཡིན་པས་དགེ་རྒན་རྣམ་པ་ཚོས་དེ་སེམས་ལ་འཛིན་
རོགས་བྱེད་དགོས། དེ་དོན་དག་དང་པོ་ཡིན། བྱ་བའི་རང་བཞིན་ཤེས་
པ་ཟེར་རྒྱུ་དེ་དེ་འདྲ་རེད། གཟི་བརྗིད་ལྡན་པ་ཤེས་པར་བྱ་དགོས་ཟེར།
དགེ་རྒན་གྱི་བྱ་བའི་ཕན་གནོད་ལ་བརྟག་པ།
ད་ནི་གཉིས་པ་རེད། བྱ་བའི་རང་བཞིན་ཤེས་པ་དེའི་གཉིས་པ་རེད།
དེ་ཉིད་ལེགས་དང་ཉེས་པ་ཡིས།།
ཕན་བདེའི་ལམ་དུ་འཁྲིད་པ་དང་།།
མདུན་ལམ་གཏན་དུ་བརླགས་པ་སྟེ།།
ཕན་གནོད་རང་བཞིན་ནན་གྱིས་བརྟག །
གཅིག་བྱས་ན་དགེ་རྒན་གྱི་བྱ་བ་འདི་རླབས་ཆེན་དང་། རིན་ཐང་དང་
དགེ་རྒན་གྱི་སློབ་གསོ།
ལྡན་པ་གཟི་བརྗིད་དང་ལྡན་པ་དེ་འདྲ་རེད། ཡིན་ན་ཡང་དགེ་རྒན་གྱི་
ལས་གནས་འདི་ཁེ་ཉེན་གཉིས་ཀ་ཡོད་སའམ་ཕན་གནོད་གཉིས་ཀ་ཡོད་
ས་ཞིག་རེད། སྤྱིར་བཏང་མི་ཞིག་ལ་མཚོན་པ་ཡིན་ན་སྤྱི་ཚོགས་ཀྱི་ཐོག་
ནས་མི ་གང་དང་གང་ཞིག་ཡིན་ནའང་ལས་གནས་གང་དང་གང་ཞིག་
ཡིན་ནའང་ཕན་པའི་ཆ་ཞིག་དང་གནོད་པའི་ཆ་ཞིག་ཡོད་ཀྱི་རེད། ལས་
གནས་གང་དང་གང་ཡིན་ནའང་བྱ་བ་དེ་ལེགས་པོ་ཞིག་བསྒྲུབས་ན་ཕན་
པ་ཞིག་ཡོང་རྒྱུ་དང་བྱ་བ་དེ་ལེགས་པོ་ཞིག་མ་བསྒྲུབས་ན་གནོད་པ་ཞིག་
འབྱུང་རྒྱུ་དེ་དགེ་རྒན་གྱི་བྱ་བ་གཅིག་པུ་མ་ཡིན་ཡང་དྲང་ཕྱོགས་ཀྱི་
ནུས་པ་དང་ལྡོག་ཕྱོགས་ཀྱི་ནུས་པ་གཉིས་རེ་ཡོད་རེད་དེ། དགེ་རྒན་
གྱི་ལས་གནས་དེ་དང་མི་འདྲ། དགེ་རྒན་གྱི་ལས་གནས་འདིས་ཕན་
བཏགས་ན་ཕན་ཧ་ཅང་ཆེན་པོ་ཐོགས་པ་དང་། གནོད་བསྐྱལ་ན་
གནོད་ཧ་ཅང་རྒྱ་ཆེན་པོ་སྐྱེལ་གྱི་རེད། དེ་ཕྱིར་འདི་ན་ཕན་གནོད་རང་
བཞིན་ནན་གྱིས་བརྟག་ཟེར་ནས་ནན་ཏན་གྱི་སྒོ་ནས་བརྟག་དཔྱད་
བྱེད་དགོས་རེད་ཟེར། ཕན་གནོད་རང་བཞིན་ནན་ཏན་གྱི་སྒོ་ནས་
བརྟག་དཔྱད་ཟེར་བ་དེ་ཅི་འདྲ་ཞིག་ལ་ངོས་འཛིན་དགོས་ཟེར་ན།
དེ་ཉིད་ལེགས་དང་ཉེས་པ་ཡིས། །ཟེར་དགེ་རྒན་གྱི་ལས་གནས་འདི་སྤྱིར་
རླབས་ཆེན་དང་ལྡན་པ་དང་གཟི་བརྗིད་དང་ལྡན་པ་ཞིག་རེད། ཡིན་
ནའང་བྱ་བ་དེ་ཉིད་ལེགས་པོ་བསྒྲུབས་པ་དང་བྱ་བ་དེ་ཉིད་ལེགས་པོ་མ་
བསྒྲུབས་ན་དེ་གཉིས་ཀྱི་ཕན་གནོད་གང་འབྱུང་གི་ཟེར་ན།
དགེ་རྒན་གྱི་བྱ་བ་ལེགས་ན།
ཐོག་མར་བྱ་བ་དེ་ལེགས་པོ་ཞིག་བསྒྲུབས་ན་ཕན་བདེའི་ལམ་དུ་ཁྲིད་
པ་རེད་ཟེར། རིག་གནས་ཀྱི་བྱ་བའམ་སློབ་གསོའི་བྱ་བ་ལེགས་པོ་ཞིག་
བསྒྲུབས་པ་ཡིན་ན་ཆེ་ས་ནས་བཤད་ན་འགྲོ་བ་མིའི་རིགས་དང་། འབྲིང་
ས་ཞིག་ནས་བཤད་ན་བོད་མི་རིགས་ཟེར་ན་ཆོག་གི་འདུག ཆུང་ས་ཞིག་
ནས་བཤད་ན་སློབ་ཆུང་ཞིག་གི་དགེ་རྒན་ཡིན་ན་ཚོ་བ་གཉིས་གསུམ་གསུམ་
བཞིའི་སློབ་མ་རྣམས་ཀྱི་དགེ་རྒན་ཡིན་རྒྱུ་རེད། ཡུལ་ཚོ་དེ་དག་གི་སློབ་མ་
རྣམས་ཕན་པ་དང་བདེ་བའི་ལམ་དུ་འཁྲིད་ཀྱི་རེད། རིག་གནས་ཡོད་ན་
ཕན་པ་དང་བདེ་བ་ངང་གིས་འབྱུང་གི་རེད། རིག་གནས་མེད་ན་ཕན་པ་
དང་བདེ་བ་མི་འབྱུང་གི ང་ཚོའི་ཆོས་ཕྱོགས་ནས་བཤད་ན་གྲྭ་པ་ཞིག་ཡིན་
ན་རིག་གནས་མེད་ན་ཆོས་སྒྲུབ་ལུགས་ཡོད་ཀྱི་མ་རེད། འཇིག་རྟེན་གྱི་ཐོག་
ནས་བཤད་ན་རིག་གནས་མེད་ན་བྱ་བ་ལས་ཐུབ་ཀྱི་མ་རེད། སྔོན་གྱི་དུས་
སུ་ཞིང་ལས་ཀྱི་སྤྱི་ཚོགས་དེ་དག་གི་སྐབས་སུ་ཡིན་ན་རིག་གནས་རྒྱ་ཆེན་པོ་
མེད་ན་ཡང་རང་རང་སོ་སོས་ཞིང་ལས་དོན་དུ་གཉེར་ནས་བསྡད་ན་དེའི་
སྐབས་སུ་ཁ་སོས་ཀྱི་ཡོད་རེད་དྲག་གི་ཡོད་རེད། ཁ་སང་དེ་རིང་དུས་རབས་
འདི་འདྲ་ཞིག་ཐོན་ཡོད་དུས། བྱ་བ་གང་དང་གང་ཞིག་བསྒྲུབས་པ་ཡིན་
ནའང་ཁྱད་པར་དུ་དུས་རབས་བཅུ་བདུན་པ་དང་བཅོ་བརྒྱད་པ་ནས་བཟུང་
སྟེ། བཟོ་ལས་གསར་བརྗེ་དར་ནས་བྱ་བ་གང་དང་གང་ཡིན་ནའང་བཟོ་
རིག་པའི་ཐོག་ནས་འགྲོ་བ་དང་ལག་རྩལ་གྱི་ཐོག་ནས་འགྲོ་རྒྱུ་འདི་འདྲ་
རེད། དེ་འདྲ་ཡིན་པས་དེ་འདྲའི་སྐབས་སུ་རིག་གནས་མེད་པ་ཡིན་ན་གང་
འདྲ་ཡོང་ས་རེད། སྤྱིར་རིག་གནས་མེད་ན་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་མི་
ཐུབ་པ་དང༌། ཁྱད་པར་དུ་རིག་གནས་འདི་ཚོ་ད་ལོ་ལས་སང་ཕོད་སོགས་
བརྗེས་ནས་འགྲོ་གི་ཡོད་རེད། གསར་དུ་བརྗེས་ནས་འགྲོ་སྐབས་རིག་གནས་
མེད་ན་བྱ་བ་གང་ཡིན་ཡང་སྒྲུབ་མི་ཐུབ་པ་རེད། རིག་གནས་ཡོད་སོང་ན་
བདེ་སྐྱིད་ཀྱི་ལམ་དུ་འཁྲིད་ཀྱི་རེད། བདེ་སྐྱིད་ལམ་དུ་འཁྲིད་མཁན་སུ་རེད་
ཟེར་ན་དགེ་རྒན་རྣམ་པ་རེད།
དགེ་རྒན་གྱི་བྱ་བ་ཉེས་ན།
ཕྱོགས་གཅིག་ནས་སམ་ལྡོག་ཕྱོགས་ནས་བཤད་ན། མདུན་ལམ་གཏན་དུ་
བརླགས་པ་སྟེ། །ཟེར་གལ་ཏེ་དགེ་རྒན་གྱིས་སློབ་གྲྭ་ནང་ནས་སློབ་ཁྲིད་ཡག་
པོ་མ་བྱས་ན། དཔེར་ན་སློབ་གྲྭ་ཞིག་ནང་ན་དགེ་རྒན་གཅིག་ལ་འཛིན་གྲྭ་
གཅིག་གི་ནང་ལ་སློབ་མ་བཞི་ཅུ་དང་སློབ་མ་ལྔ་བཅུ་ཡོད་ཁག་གྱིས། དགེ་
རྒན་དེས་བྱ་བ་དེའི་ཐོག་ནས་བྱ་བ་དོན་གཉེར་མ་བྱས་སློབ་མ་ལ་སེམས་
ཁུར་མ་བྱས་པ་ཡིན་ན། དེས་ན་སློབ་མ་དེ་ལ་གནས་སྐབས་སུ་གནོད་པ་ཅུང་
ཟད་བསྐྱལ་བ་དེ་མ་རེད། དེའི་མདུན་ལམ་རྩ་བ་ནས་མེད་པ་བྱས་བཞག་པ་
རེད། སློབ་མ་དེ་ལོ་ཚོད་བརྒལ་འགྲོ་གི་ཡོད་རེད། ལོ་བཅུ་ལོན་ན་བཅོ་ལྔ་
ལོན་ན་ཉི་ཤུ་ལོན་ན་སུམ་ཅུ་ལོན་ན་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཡོད་ཀྱི་མ་
རེད། ཡིན་ན་མིན་ན་ལོ་དྲུག་བདུན་ནས་བཟུང་། དེ་མན་ཆོད་བཅུ་གཅིག་
བཅུ་གཉིས་ནས་སློབ་ཆུང་ནས་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་རེད། ཁྱད་པར་
བྱིས་པའི་དུས་སྐབས་འདི་ནི་ཞིང་ཞིག་མཚོན་པ་ཡིན་ན་དཔྱིད་ཀའི་དུས་
སྐབས་འདྲ་བོ་རེད། དཔྱིད་ཀའི་དུས་སྐབས་སུ་བྱ་བ་མ་བསྒྲུབས་ལོ་ཏོག་མ་
རྨོས། ཞིང་ལས་མ་བྱས་ན་དེ་ནས་དབྱར་ཀ་དང་སྟོན་ཁ་རེད་ཚར་དུས་དེའི་
སྐབས་སུ་བསྒྲུབ་ས་ཡང་ཡོད་ཀྱི་མ་རེད། བསྒྲུབས་ན་ཡང་ཕན་ཐོགས་མེད་
པ་དེ་འདྲ་ཡིན་པས་དགེ་རྒན་གཅིག་གིས་དངོས་གནས་དྲང་གནས་ཀྱིས་
སློབ་གསོའི་བྱ་བ་འདི་ཡང་དག་པ་བསྒྲུབས་ན་རང་གི་འཛིན་གྲྭ་གཅིག་གི་
ནང་ལ་ཡོད་པའི་མི་བཞི་བཅུ་ལྔ་བཅུ་པོ་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་ཀྱི་ཡོད་
རེད། གལ་ཏེ་ལས་གནས་དེའི་ཐོག་ནས་འགན་མ་ཁུར་སློབ་གསོ་ཡག་པོ་མ་
བྱས་ན་མི་བཞི་བཅུ་ཡོད་ན་ལྔ་བཅུ་ཡོད་ན་དེ་ཉིད་ཀྱི་མདུན་ལམ་གཏན་དུ་
བརླགས་པ་རེད། དེ་མི་གཞན་པ་ཞིག་གིས་གནོད་བསྐྱལ་བ་དང་མི་འདྲ། མི་
གཞན་པ་ཞིག་གིས་གནོད་བསྐྱལ་ན་སྤྱི་ཚོགས་ཀྱི་ཐོག་ནས་མི་ཞིག་གི་ཚོད་
ཁེ་སྤྱད་དང་དེ་འདྲ་ཞིག་གི་ཐོག་ཏུ་གནོད་པ་བསྐྱལ་བ་ཡིན་ན། དེ་གནོད་པ་
རེད། ཡིན་ནའང་མི་ཚེའི་མདུན་ལམ་གཏན་དུ་མེད་པ་བྱས་བཞག་པ་འདྲ་
བོ་དེ་འདྲའི་གནོད་པ་མ་རེད། དེའི་གནོད་པ་དེ་གནས་སྐབས་གནོད་པ་རེད་
དེ་ཕྱིར་གསར་དུ་བཅོས་ན་བཅོས་རྒྱུ་ཡོད་རེད། དགེ་རྒན་གྱི་གནོད་པ་དེ་ནི་
བཅོས་མེད་ཀྱི་གནོད་པ་རེད། དཔེར་ན་བྱིས་པ་དེ་ཚོ་སློབ་ཆུང་གི་ནང་དུ་
ལོ་བདུན་ནས་བཅུ་གཉིས་ཀྱི་བར་དུ་སློབ་སྦྱོང་བྱེད་པའི་སྐབས་སུ་དགེ་རྒན་
གྱིས་འགན་མ་ཁུར་དེ་འདྲ་བྱས་པ་ཡིན་ན་ལོ་བཅུ་གསུམ་ལ་སོན་ཚར་དུས་
སློབ་ཆུང་གང་དུ་འགྲོ་སློབ་ཆུང་ལ་འགྲོ་ས་མི་རག སློབ་ཆུང་གི་ནང་ལ་འགྲོ་
ས་མེད་ན་སློབ་འབྲིང་སློབ་ཆེན་རིམ་པ་བཞིན་དུ་འགྲོ་ས་མེད་པ་དེ་ལྟར་
ཡིན་པས། དེ་མི་ཚེ་གཅིག་པོའི་བཅོས་མེད་ཀྱི་གནོད་པ་རེད། དེའི་ཕྱིར་དགེ་
རྒན་གྱི་བྱ་བ་འདི་ལགས་ན་ལེགས་པོ་དང་ཡིན་ནའང་ཉེན་ན་ཉེན་ཚབས་
ཧ་ཅང་ཆེན་པོ་ཡོང་གི་ཡོད་པས། དགེ་རྒན་རྣམས་ཀྱིས་ཕྱོགས་གཅིག་ནས་
རང་གི་བྱ་བ་འདི་རླབས་ཆེན་དང་ལྡན་པ་ཡིན་པ་དང་གཟི་བརྗིད་དང་ལྡན་
པ་ཡིན་པ་ཤེས་ནས་མུ་མཐུད་ནས་སློབ་གསོའི་བྱ་བ་འདི་བསྒྲུབ་དགོས་
པ་དང་། ཕྱོགས་གཞན་གཅིག་ནས་གལ་ཏེ་རང་གི་བྱ་བ་འདི་ལས་གནས་
འདིའི་ཐོག་ནས་ཡག་པོ་ཞིག་མ་བསྒྲུབས་ན། དེས་ན་སློབ་མ་ཚོ་ལ་ཅི་འདྲའི་
གནོད་པ་ཡོང་གི་འདུག གནོད་པ་འདི་ཚོ་གནོད་པ་ཆུང་ཆུང་ཞིག་དང་རྩ་
བ་ནས་མི་འདྲ་བས་དགེ་རྒན་རྣམ་པས་འདི་ལ་བསམ་བློ་གཏོང་དགོས་ས་
རེད། དེ་འདྲ་མ་བྱས་ན་འདི་གནོད་ཚབ་ཤིན་ཏུ་ཆེན་པོ་རེད། ད་གིན་གོང་
དུ་བཤད་རྒྱུ་དེ་རེད་སྤྱི་ཚོགས་ཀྱི་ཐོག་ནས་མི་དང་མིའི་བར་ལ་ཕན་པ་ཡང་
ཡོད་རེད། གནོད་པ་ཡང་ཡོད་རེད། གནོད་པ་མང་ཆེ་ཤོས་ནི་དེ་རིང་གནོད་
པ་བྱས་ན་སང་ཉིན་གནོད་པ་ཕྱིར་བཅོས་ནའང་བཅོས་རྒྱུ་ཡོད་པ་ཞིག་རེད།
ཡིན་ནའང་དགེ་རྒན་གྱི་གནོད་པ་དེ་ནི་མི་ཚེ་གཅིག་པོའི་མདུན་ལམ་རྩ་
བ་ནས་བརླགས་པས། འདི་ནའང་དེ་ཟེར་བ་ཡིན། མདུན་ལམ་གཏན་
དུ་བརླགས་པས་ན། །ཟེར། མི་ཚེ་གཅིག་ལ་སློབ་ཆུང་གི་ནང་དུ་གཅིག་
མ་གཏོགས་འགྲོ་རྒྱུ་མེད་པ་དང་། མི་ཚེ་གཅིག་ལ་སློབ་འབྲིང་གི་ནང་ལ་
གཅིག་མ་གཏོགས་འགྲོ་རྒྱུ་མེད། སློབ་འབྲིང་གི་ནང་ལ་ཐེངས་གཅིག་སོང་
ཐེངས་གཉིས་སོང་དེ་འདྲ་མེད། སློབ་ཆུང་གི་ནང་ཐེངས་གཅིག་སོང་དེས་
སློབ་སྦྱོང་ཡག་པོ་མ་རེད་ན་ཡང་སློབ་ཆུང་ནང་ལ་འགྲོ་རྒྱུ་གོ་སྐབས་དེ་ནི་
མེད། ལོ་གཅིག་གི་ནང་ལ་དཔེར་ན་བོད་ཀྱི་ས་ཆ་ལྟ་བུ་མཐོ་སྒང་འདིར་
ས་ཞིང་འདེབས་པའི་དུས་ཚོད་དཔྱིད་ཀའི་དུས་མ་གཏོགས་མེད་པ་རེད།
ས་ཆ་དྲོ་ས་ལ་ཐེངས་གཉིས་ཐེངས་གསུམ་དེ་འདྲ་ཡོད་ཀྱང་ང་ཚོའི་ས་
ཆ་ན་དུས་ཚོད་གཅིག་མ་གཏོགས་མེད་པས། གཅིག་པོ་དེ་འཕྲོ་བརླགས་
བྱས་བཞག་ན་ལོ་གཅིག་པོ་དེ་ལ་ས་བོན་འདེབས་པའི་གོ་སྐབས་གཏན་
དུ་བརླགས་ཚར་སོང་བ་རེད། དེ་འདྲ་ཡིན་པས་དགེ་རྒན་རྣམས་ཀྱི་བྱ་
བ་དེ་གཟི་བརྗིད་དང་ལྡན་པ་རླབས་ཆེན་རེད་དེ་ཉེན་ཁ་ཅན་ཞིག་རེད།
དེ་འདྲ་ཡིན་པ་རེད། མགོ་ལོག་གི་སློབ་མ་དང་ཁམས་ཕྱོགས་ཀྱི་
སློབ་མ་གཉིས་གྲངས་མང་ཉུང་བསྡུར་ན། མགོ་ལོག་གི་སློབ་མ་མང་གི་
འདུག ང་འབྲོག་ཐོག་རྣམས་སུ་འགྲོ་དུས་མགོ་ལོག་གི་སློབ་གྲྭ་འགའ་རེ་
ཡི་ནང་ལ་ཐོན་པས་གྲངས་མང་ཉུང་གི་ཐོག་ནས་བཤད་ན་གྲངས་མང་པོ་
རེད། གཏན་གནས་ཀྱི་སློབ་གྲྭ་ཡིན་ན་མིན་ན་སློབ་གྲྭ་ཆུང་ངུའི་ནང་ལ་བྱིས་
པ་སུམ་བརྒྱ་ཡས་མས་ཡོད་ས་དེ་འདྲ་འདུག ཁམས་ཕྱོགས་ན་རྫོང་ཁག་ལ་
ལའི་སློབ་གྲྭ་མིང་གི་ཐོག་ནས་ཉིས་བརྒྱ་དང་སུམ་བརྒྱ་ཟེར་ཡང་། དོན་གྱི་
ཐོག་ནས་སློབ་གྲྭ་རེ་རེའི་ནང་དུ་སློབ་མ་བཞི་བཅུ་དང་ལྔ་བཅུ་བརྒྱ་རེ་ཙམ་
མ་གཏོགས་མེད་པ་དེ་འདྲ་ཡིན་རྒྱུ་རེད། མི་མང་ཉུང་གིས་བཤད་ན་མགོ་
ལོག་དང་ང་ཚོའི་ས་ཆ་བསྡུར་བ་ཡིན་ན་མགོ་ལོག་གི་རྫོང་གཅིག་གི་མི་ལས་
ང་ཚོའི་རྫོང་གཅིག་གི་མི་མང་གི་རེད། མགོ་ལོག་གི་ཡུལ་ཚོ་གཅིག་གི་མི་
ལས་ང་ཚོའི་ཕྱོགས་ཀྱི་ཡུལ་ཚོ་གཅིག་གི་མི་མང་གི་རེད། ཡིན་ནའང་སློབ་
གྲྭའི་ནང་དུ་ཐོན་རྒྱུ་སློབ་མ་མགོ་ལོག་མང་བསྡད་ཡོད་འདུག
ཁམས་ཕྱོགས་ཀྱི་བྱིས་པ་རྣམས་ཀྱི་ལས་དབང་།
ང་ཚོའི་ཕྱོགས་ཀྱི་སློབ་གྲྭ་འགའ་རེའི་ནང་དུ་ང་ཐོན་པས། སློབ་གྲྭ་འགའ་རེ་
ཅི་འདྲ་རེད་ཟེར་ན། གཏན་གནས་ཀྱི་སློབ་གྲྭ་རེད་ཡུལ་ཚོ་གཅིག་ལ་ཁྱིམ་
ཚང་སྟོང་གཅིག་ལྷག་ཡོད་འདུག སློབ་མ་ཉུང་དུས་ཅི་འདྲ་རེད་ལབ་ན། ང་
ཐོན་དུས་སློབ་གྲྭ་དེའི་ནང་ལ་སློབ་མ་དྲུག་འདུག རྡོག་མ་དྲུག་སྟེ། གཅིག་
གཉིས་གསུམ་བཞི་ལྔ་དྲུག དགེ་རྒན་དགུ་འདུག དེ་འདྲ་ཞིག་རེད། གཞན་
དག་དེ་ཚོ་དོན་གྱི་ཐོག་ལ་དེ་ཡིན་གྱི་རེད། གྲངས་གཞན་དག་ཅིག་མ་རེད་
རང་གི་མིག་གིས་རིག་པ་རེད། སློབ་མ་དྲུག་ཡོད་རེད་དགེ་རྒན་དགུ་ཡོད་
རེད། དཔེར་ན་ཡུལ་ཚོ་གཅིག་ལ་ཁྱིམ་ཚང་སྟོང་གཅིག་ཡོད་པ་ཡིན་ན། ད་
ཚོ་བོད་ཀྱི་མི་གྲངས་ལ་བསམ་བློ་བཏང་བ་ཡིན་ན་ཁྱིམ་ཚང་གཅིག་ལ་ཆ་
སྙོམས་མི་ལྟར་རྩིས་ན་ཆོག་གི་རེད། ཁྱིམ་ཚང་སྟོང་ཞིག་ལ་མི་སྟོང་ཕྲག་
ལྔ་རེད། སྟོང་ཕྲག་ལྔ་ཡིན་ན་ལོ་རེར་སློབ་ལོ་རན་པའི་སློབ་མ་ཡི་དབང་དུ་
བྱས་ན་བརྒྱ་ཆ་བཅུ་ཐམ་པ་རེད། བརྒྱ་ཆ་བཅུ་ཡིན་ན་མི་སྟོང་ཕྲག་ལྔ་ཡི་
ནང་ནས་ལོ་རེར་སློབ་ལོ་རན་པའི་སློབ་མ་ལྔ་བརྒྱ་ཡོད་དགོས་རེད། ཡིན་
ནའང་དངོས་གནས་དྲང་གནས་སློབ་གྲྭའི་ནང་ལ་ཐོན་ཡོང་རྒྱུ་པོ་དེ། དེའི་
ནང་ནས་བརྒྱ་ཆ་བཅུ་མ་གཏོགས་མེད་པས་ལྔ་བཅུ་ཐམ་པ་དེ་ལས་གཞན་
པའི་བཞི་བརྒྱ་དང་ལྔ་བཅུ་ཐམ་པ་དེས་ཅི་ཞིག་བྱེད་ཀྱི་ཡོད་རེད། བཞི་
བརྒྱ་དང་ལྔ་བཅུ་ཐམ་པ་དེས་རྩ་བ་ནས་སློབ་གསོའི་གོ་སྐབས་རག་གི་ཡོད་
མ་རེད། འདི་ཚོ་གང་ལ་ཐུག་གི་ཡོད་འདུག་ཞིབ་ཀྱིས་བལྟ་དགོས་ཀྱི་ཡོད་
རེད། ང་ཚོས་ཡིན་ན་སྔོན་ཆད་ཅི་ཞིག་ཡིན་ལབ་ན། ང་ལ་དེའི་ལྟ་སྟངས་
ཡོད། ང་ཚོ་འབྲོག་པ་ཡིན་ནའང་འདྲ་རོང་བ་ཡིན་ནའང་འདྲ་སློབ་གསོ་ལ་
མཐོང་ཆེན་བྱེད་ཀྱི་མི་འདུག འདི་ཚོའི་ཐོག་ལ་ངོས་ཟིན་མི་འདུག་བསམ་
གྱི་ཡོད། སྔོན་ཆད་དེ་བསམ་གྱི་ཡོད་ཀྱང་། ཞིབ་ཀྱིས་བལྟས་ཡོང་ན་དེ་ཤ་
སྟག་མ་རེད། ཁྱེད་ཅག་མཚོ་སྔོན་ལ་དེའི་གནས་ཚུལ་ཡོད་འདུག ཁམས་
ཕྱོགས་ན་ཅི་རེད་ཟེར་ན། ཁྱིམ་ཚང་ཞིག་གི་སློབ་མ་ཞིག་སློབ་གྲྭར་འགྲོ་
དགོས་ན། ངས་སྒོར་མོ་སྟོང་ཕྲག་ལྔ་དང་སྟོང་ཕྲག་གསུམ་སྤྱད་དེ་གཞན་
པའི་ས་ལ་སོང་ནས་ཁྱེད་ཀྱི་བྱིས་པ་དེ། ངའི་ཁྱིམ་ཚང་གི་མིང་ཐོག་ནས་
སློབ་གྲྭར་སོང་དང་། ངས་སྒོར་མོ་སྟོང་ཕྲག་གསུམ་སྦྱིན་ཟེར་ནས། སྒོར་མོ་
སྟོང་ཕྲག་གསུམ་སྦྱིན་དགོས་ན་གསུམ་བྱིན། ལྔ་སྦྱིན་དགོས་ན་ལྔ་བྱིན་ནས་
ཡར་སློབ་གྲྭའི་ནང་ལ་འགྲོ་མི་དགོས་ཐབས་བྱེད་ཀྱིན་ཡོད་རེད། དེ་འབྲོག་
པའི་ནང་དུ་ཡོངས་ཁྱབ་འདྲ་བོ་རེད། ཁ་སང་དེ་རིང་སློབ་གྲྭ་བཟང་ཤོས་
གཅིག་གཉིས་ནང་དུ་ཅི་འདྲ་རེད་ཟེར་ན། རྫོང་རང་གིའམ་ས་གནས་དེའི་
དུད་ཐོ་དེ་མེད་ན་སློབ་གྲྭ་དེའི་ནང་འཇོག་གི་མི་འདུག་སློབ་ཆུང་རེད། དེ་
ལ་ས་གནས་གཞན་པའི་འབྲོག་པ་དང་རོང་པ་ཡིས་ངའི་བྱིས་པ་འདི་ཁྱོད་
ཀྱི་དུད་ཐོའི་ནང་འཇོག་ལོ་ཞིག་གྱིས་དང་། ངས་ཁྱོད་ལ་སྒོར་མོ་སྟོང་ཕྲག་
བཞི་སྦྱིན་ཟེར་ནས་སྒོ་མོ་སྟོང་བཞི་རེ་བྱིན་ཏེ་སློབ་གྲྭའི་ནང་འཇོག་ཐབས་
བྱེད་ཀྱི་ཡོད་འདུག དེ་ལ་བསམ་བློ་ཞིག་གཏོང་དགོས་ཀྱི་འདུག དེ་ཅི་རེད་
ང་ཚོས་སྔོན་ཆད་སྒོར་མོ་སྟོང་ཕྲག་བཞི་རེ་བྱིན་ཏེ་སློབ་གྲྭའི་ནང་དུ་འགྲོ་མི་
དགོས་ཐབས་བྱེད་ཀྱི་ཡོད་རེད། སློབ་གྲྭ་ལ་ལ་ཡི་ནང་དུ་སྒོར་མོ་སྟོང་ཕྲག་
བཞི་རེ་བྱིན་ཏེ་ཡར་འཇོག་ས་ཨེ་རག་ལྟ་ཡི་ཡོད་རེད། དེ་གཉིས་ཀྱི་བར་ལ་
བར་ཁྱད་དེ་འདྲ་ཞིག་ཡོད་རྒྱུ་དེ་ཅི་རེད། མང་ཚོགས་ཀྱི་གོ་རྟོགས་ཀྱིས་མི་
འདང་བ་རེད་ཟེར་ན་མ་རེད། མང་ཚོགས་ཀྱིས་སྒོར་མོ་སྟོང་ཕྲག་བཞི་རེ་
བྱིན་ཏེ་ཡར་འཇོག་ས་ཨེ་རག་བལྟ་ཡི་ཡོད་རེད། དེ་འདྲ་ཡིན་པས་ཅི་ཞིག་
ལ་ཐུག་ཡོད་རེད་ཟེར་ན་དགེ་རྒན་ལའང་ཐུག་ཡོད་རེད།
ལོ་ལྟར་སློབ་སྦྱོང་བྱས་ཀྱང་མིང་ཡིག་འབྲི་མི་ཤེས་པ།
དངོས་གནས་དེ་འདྲ་རེད་ང་ཚོ་སོང་སྟེ་ཁྱིམ་ཚང་ལ་ལར་ཆོས་ཁྲིད་བཤད་
ནའང་འདྲ་སྐད་ཆ་བཤད་ནའང་འདྲ་མི་དང་མི་སྒེར་ལ་བཤད་ནའང་འདྲ་
ང་ཚོའི་རིག་གནས་སློབ་དགོས་ཀྱི་ཡོད་རེད། སློབ་གྲྭའི་ནང་ལ་འཇོག་
དགོས་ཀྱི་རེད། སློབ་གྲྭའི་ནང་ལ་མ་བཞག་ན་མི་རིགས་ལ་མདུན་ལམ་ཡོད་
ཀྱི་མ་རེད། མི་སྒེར་ཡིན་ན་ཁ་སོས་ཀྱི་མ་རེད་ཟེར་གྱིན་ཡོད། མང་ཚོགས་
ཀྱིས་ཚུར་ལ་དེ་བདེན་པ་རེད་དེ། དོན་དག་ཅི་ཡང་མི་འདུག ང་ཚོའི་བྱིས་
པ་དེ་སློབ་གྲྭའི་ནང་ལ་བཞག་ནས་ལོ་ལྔ་ཡིན། ད་ཚུར་ལ་ཡོང་དུས་རྒྱ་ཡིག་
གི་མིང་ཡིག་ཅིག་ཀྱང་འབྲི་ཤེས་ཀྱི་མི་འདུག་ཟེར། དེ་བདེན་པ་ཡིན་རྒྱུ་མ་
རེད་ཤོབ་བཤད་པ་ཡིན་རྒྱུ་རེད་བསམས་ཀྱང་། ངོ་མ་ལྟ་ཡོང་དུས་མིང་ཡིག་
འབྲི་མི་ཤེས་མཁན་ཡོད་འདུག སློབ་གྲྭའི་ལོ་རིམ་བཞི་པ་ལྔ་པའི་ནང་ཐོན་
ཚར་བ་རེད། མིང་ཡིག་འབྲི་ཤེས་ཀྱི་ཡོད་ཀྱི་མ་རེད། དེ་སུས་དོན་དག་རེད་
ཟེར་ན་དེ་དགེ་རྒན་གྱི་དོན་དག་རེད་མ་གཏོགས་ཕ་མའི་དོན་དག་མ་རེད།
ཕ་མས་སློབ་གྲྭའི་ནང་དུ་བཞག་ཡོད་རེད། མི་ལོ་བཞི་དང་ལྔ་ཡི་རིད་ཅི་
འདྲའི་བླུན་པོ་ཡིན་ནའང་དེ་ཙམ་ཤེས་རྒྱུ་རེད། མ་རེད་ཁོ་རང་བླུན་པོ་རེད་
དེའི་ཕྱིར་མ་ཤེས་པ་རེད་ཟེར་ན། ཅི་འདྲའི་བླུན་པོ་ཞིག་ཡིན་ནའང་། གང་
ལྟར་མི་ཞིག་རེད་ལོ་བཞི་དང་ལྔའི་རིང་སློབ་གསོ་སྤྲད་པ་ཡིན་ན་མིང་ཡིག་
ཅིག་འབྲི་མི་ཤེས་པ་དེ་འདྲའི་བླུན་པོ་ཞིག་ཡོད་རྒྱུ་མ་རེད། དེ་གནད་དོན་
གང་དུ་ཐུག་ཡོད་རེད་ཟེར་ན་དགེ་རྒན་གྱི་ཐོག་ནས་ཀྱང་ཐུག་ཡོད་རེད།
སློབ་གྲྭ་མང་པོའི་ནང་དུ་ང་སོང་བ་ཡིན། སློབ་གྲྭའི་ནང་དུ་ཐོན་དུས་ཅི་འདྲ་
རེད་ཟེར་ན། སློབ་གྲྭའི་དགེ་རྒན་ཚོ་ཡིན་ན་ཚང་མ་དེ་འདྲ་རེད་ཟེར་གྱི་ཡོད་
མ་རེད། ཡིན་ཡང་ག་ལ་ཡིན་ཏེ་ཡིན་གྱི་མ་རེད། སློབ་གྲྭ་འགའ་རེའི་ནང་ལ་
དགེ་རྒན་རྣམས་ཀྱིས་སློབ་མ་ཚང་མ་སློབ་ཁང་ནང་ལ་ཡར་བརྒྱབས་ནས།
སློབ་མའི་ནང་ནས་ཅུང་ཟད་ཁྲིད་ཤེས་མཁན་ཡོད་ན་ཁྱོད་ཀྱིས་སློབ་སྡོད་
ཟེར་ནས། དགེ་རྒན་ཚོ་ཕར་སོང་ནས་ཤོ་འདྲ་བརྒྱབས་ཁ་བརྡ་འདྲ་བྱས་
ནས་བསྡད་ཡོད་སའི་སློབ་གྲྭ་འདུག དེ་འདྲའི་སློབ་གྲྭ་ཇེ་མང་ལ་སོང་ན་ང་
ཚོའི་མི་རིགས་ཀྱི་སློབ་གསོ་འདིའི་མདུན་ལམ་ཇེ་མེད་རེད། མི་རིགས་ཀྱི་
སློབ་གསོ་ཡག་པོ་མ་ཡོང་ན་མི་རིགས་འདི་ལ་མདུན་ལམ་ཇེ་མེད་རེད། དེ་
འདྲ་དགེ་རྒན་གཅིག་མང་ན་དེ་བས་གནོད་ཚབས་ཆེན་པོ་དང་། གཉིས་མང་
ན་དེ་བས་གནོད་ཚབས་ཆེན་པོ་རེད། དེ་འདྲའི་སློབ་གྲྭ་གཅིག་མང་ན་དེ་
བས་གནོད་ཚབས་ཆེན་པོ་དང་། གཉིས་མང་ན་དེ་བས་གནོད་ཚབས་ཆེན་པོ་
རེད། དེ་འདྲ་ཞིག་རེད། དེ་རིང་ང་ཚོས་ཡག་ཕྱོགས་ནས་བཤད་དགོས་རེད་
དེ། ལྡོག་ཕྱོགས་ནས་བཤད་དགོས་རེད། འོན་ཀྱང་ཡག་ཕྱོགས་ཡིན་ནའང་
འདྲ་ལྡོག་ཕྱོགས་ཡིན་ནའང་འདྲ་དངོས་ཐོག་བདེན་འཚོལ་ཡིན་དགོས་རེད།
དེ་འདྲ་ཡིན་པས་དགེ་རྒན་རྣམ་པས་དེ་ཚོའི་ཐོག་ལ་བསམ་བློ་གཏོང་དགོས་
རེད། ཡང་དགེ་རྒན་ལ་ལ་དངོས་གནས་དྲང་གནས་མི་རིགས་ཀྱི་རིག་
གནས་ལ་ཤ་ཚ་ཡོད་མཁན་ལྷག་བསམ་ཡོད་མཁན་ཧ་ལས་པ་རེད། དགེ་
རྒན་དེ་ཚོའི་བྱ་བ་དང་སྤྱོད་པ་སྐད་ཆ་གོ་བའམ་ཚོར་ཡོང་སྐབས་སེམས་
གཏིང་ནས་ཡིད་འགུལ་འདྲ་བོ་ཐེབས་ཡོང་བ་དེ་འདྲ་ཡོད་རེད། (འགན་མི་
ཁུར་བའི་དགེ་རྒན་དག་གིས།) ངས་སློབ་མ་དེ་ཚོ་ལ་སློབ་གསོ་ཡག་པོ་སྤྲད་
ཐུབ་ཀྱི་མི་འདུག་བསམས་ན་ལས་གནས་བརྗེ་རྒྱུ་རག་ན་བརྗེས། མ་རག་ན་
ལས་གནས་དེའི་ཐོག་ཏུ་མ་བསྡད་ན་དགའ་ས་རེད་མ་གཏོགས་དེ་ང་ཚོ་ལ་
གནོད་ཚབས་ཧ་ཅང་ཆེན་པོ་རེད་འདུག སྤྱིར་བཏང་ང་ཚོའི་མང་ཚོགས་ཀྱི་
སློབ་གྲྭ་ནང་དུ་སློབ་སྦྱོང་བྱེད་རྒྱུ་འདི་ལ་མི་རིགས་གཞན་པ་ཞིག་ལ་མཚོན་
ན་ངོས་ཟིན་འདྲ་བོ་ཞན་པོ་རེད། དེའི་ཐོག་ལ་འགོ་ཁྲིད་རྣམ་པ་ཡིན་ནའང་
འདྲ་བླ་མ་ཐམས་ཅད་པོའི་ཟེར་ནས་སློབ་གྲྭའི་ནང་ལ་མངགས་ཡོང་དུས་
དགེ་རྒན་རྣམས་ཀྱིས་འཕྲོ་བརླག་བྱས་བཞག་པ་ཡིན་ན། ཕ་མ་ཐམས་ཅད་
ཡི་ཆད་ནས་སློབ་གྲྭ་ནང་ལ་ངས་སྔོན་ཆད་ནས་དོན་དག་མེད་བསམ་པ་
བཞིན་མི་འདུག་བསམ་པ་དེ་འདྲ་ལོག་འགྲོ་གི་འདུག མདུན་ལམ་གཏན་
དུ་བརླགས་ཟེར་རྒྱུ་དེ་འདྲ་རེད། དེ་འདྲའི་ཤུགས་རྐྱེན་ཐེབས་ནས་ཐམས་
ཅད་པོར་ཤུགས་རྐྱེན་ཐེབས་འགྲོ་གི་འདུག ཁ་སང་ང་ཚུར་ལ་ཡོང་ཁར་གྲོང་
ཚོ་གཅིག་གི་སློབ་མ་ཡོང་སྡོགས་ཀྱི་ཕ་མ་རྣམས་ཀྱིས་སློབ་གྲྭ་དེའི་ནང་དུ་
འགྲོ་གི་མིན་ཟེར་ནས་བསྡད་འདུག ཁམས་ཕྱོགས་ནས་ཟླ་བ་བརྒྱད་པའི་
ཚེས་པ་ཉི་ཤུ་ནས་སློབ་ཆུང་རྣམས་འགོ་བཟུང་སོང་། གྲོང་ཚོ་གཅིག་དེས་
སློབ་གྲྭ་ནང་ལ་སྐྱེལ་གྱི་མིན་ཟེར་ནས་བསྡད་འདུག དེ་ནས་ཆད་པ་བཅད་
S
ཀྱི་ཡིན་ཟེར་གྱི་ཡོད་ཀྱང་ཆད་པ་བཅད་ན་ཆད་པ་ཆོད་ཤོག ཆད་པ་འཇལ་
གྱི་ཡིན་སྦྱིན་གྱི་ཡིན་སློབ་གྲྭ་དེའི་ནང་བསྐྱལ་གྱི་མིན་ཟེར་ནས་བསྡད་འདུག
མིན་སྤྱད་ཅི་རེད་ཟེར་ན་སྔོན་ཆད་གྲོང་བ་དེ་ཚོ་ཐམས་ཅད་པོས་སློབ་གྲྭ་ལ་
བསྐྱལ་གྱི་ཡོད་རེད་དེ། ད་ཕན་ཐོགས་མི་འདུག་ཟེར་ང་ཚོས་ལོ་འདི་འདྲའི་
མང་པོ་ཞིག་ལ་སློབ་གྲྭའི་ནང་བསྐྱལ་ཀྱང་ཡོན་ཏན་ལོབ་མི་འདུག དོན་དག་
མི་འདུག་ཟེར་ནས་བསྡད་འདུག དེ་འདྲ་ཟེར་ཡོང་ན་དགེ་རྒན་ཚོས་རྩིས་
སྤྲོད་དཀའ་མོ་ཡིན་རྒྱུ་རེད། མི་རིགས་ཀྱི་ལྷག་བསམ་གྱི་ཐོག་ལ་བསམ་བློ་
མེད་ན་ཟླ་ཕོགས་ཀྱི་རིན་པ་ཡི་ལས་ཀ་ལས་དགོས་རྒྱུ་རེད། ངས་དེ་རིང་
དགེ་རྒན་རྣམ་པ་ཚོ་དེ་འདྲ་རེད་ཟེར་གྱི་མེད། སྤྱིར་དེ་འདྲ་འདུག ཡོད་པ་
དེ་མི་འདུག་ཟེར་ན་དོན་དག་ཅི་ཡང་མེད། མེད་པ་ཞིག་ཡོད་ཟེར་ནས་ཚད་
མ་ཡག་པོ་རེད་ཟེར་ན་དོན་དག་མི་འདུག དེ་དགེ་རྒན་གྱི་དོན་དག་རེད་མ་
གཏོགས་མང་ཚོགས་ཀྱི་དོན་དག་མ་རེད། ཁ་སང་དེ་རིང་མང་ཚོགས་ཀྱི་
སློབ་གྲྭའི་ནང་དུ་མི་འཇོག་རྒྱུ་འདི་ཕྱོགས་མང་པོ་ཞིག་གི་རྒྱུ་རྐྱེན་ཡོད་ཀྱི་
འདུག་མ་གཏོགས་པ་ང་ཚོས་ཚིག་ཀ་སླ་མོ་ཞིག་གིས་ང་ཚོའི་མང་ཚོགས་
འདི་གླེན་པ་རེད། འབྲོག་པ་རོང་བ་རྣམས་ཀྱི་ཅི་ཡང་ཤེས་ཀྱི་མ་རེད། ཁོང་
ཅག་གིས་ཡི་གེ་ཤེས་ཀྱི་མ་རེད་གཞན་ལ་མི་དགོས་བསམ་གྱི་ཡོད་རེད། དེ་
འདྲ་ཟེར་ཉན་གྱི་མི་འདུག དེ་འདྲ་ཡོད་རེད་དེ་སྔོན་ཡི་གེ་ཤེས་མཁན་མེད་
ད་ཡང་དགོས་རྒྱུ་མ་རེད་ཟེར་མཁན་ཡོད་ཀྱང་། ཚང་མ་དེ་འདྲ་ཞིག་མ་རེད།
དེའི་ཕྱིར་དགེ་རྒན་རྣམ་པ་ཚོས་དངོས་གནས་དྲང་གནས་འདིའི་ཐོག་ལ་
འགན་ཞིག་ཁུར་དགོས་ཀྱི་མ་གཏོགས་ང་ཚོའི་སློབ་གསོ་འདི་ཡག་པོ་ཡོང་
གི་མི་འདུག གལ་ཏེ་སློབ་གསོ་འདི་ཡག་པོ་ཞིག་མ་ཡོང་ན་ང་ཚོའི་སྤྱི་ཚོགས་
ལ་ཡར་རྒྱས་ཡོང་རྒྱུ་ཡོད་ཀྱི་མ་རེད། བཤད་ན་མ་བཤད་ན་ཡོང་དོན་ཡོད་
ཀྱི་མ་རེད། དེ་འདྲ་ཡིན་དུས་དགེ་རྒན་གྱི་ལས་གནས་འདི་གཟི་བརྗིད་དང་
ལྡན་པ་ཞིག་ཡིན་ཡང་། ཉེན་ཁ་ཅན་ཞིག་རེད། ཁེ་ཉེན་ཧ་ཅང་ཆེན་པོ་ཅན་
ཡིན་པས་འདི་ལ་དགེ་རྒན་རྣམ་པ་ཚོས་བསམ་བློ་གཏོང་དགོས་ཀྱི་འདུག
ཁྱེད་ཚོའི་མ་འོངས་པ་ང་ཚོའི་རེ་བ།
དགེ་རྒན་གྱི་བྱ་བ་དེ་ལེ གས་ན་ཕན་བདེ འི ་ལམ་དུ་འཁྲིད་པ་དང་།
ཉེན་ན་དགེ་རྒན་གྱི་བྱ་བ་འདིས་མདུན་ལམ་གཏན་དུ་བརླག་གི་རེད།
སློབ་མ་འདི་ཚོའི་མདུན་ལམ་བརླགས་པ་ཡིན་ན་མི་རིགས་ཀྱི་མདུན་ལམ་
བརླགས་པ་རེད། གང་དང་གང་ཡིན་ནའང་དེ་འདྲ་རིག་རྒྱུ་ཡོད་རེད་ཐ་
ན་བྱིས་པ་ཚོའི་གོན་རྒྱུའི་གོས་ཀྱི་ཐོག་ཏུ་༼ཁ་འབོད༽་སྦྱར་ཡོད་རེད། ཁ་
འབོད་ཅི་ཞིག་སྦྱར་ཡོད་རེད་ཟེར་ན། ཁྱེད་ཚོའི་མ་འོངས་པ་ང་ཚོའི་རེ་བ་
ཡིན། ཟེར་ནས་སྦྱར་ཡོད་རེད། དེ་དངོས་གནས་རེད། བྱིས་པ་མིང་སྲིང་
འདི་ཚོའི་མ་འོངས་པ་ང་ཚོའི་རེ་བ་རེད། དེ་སུ་ཞིག་ཡིན་ན་ཟེར་གྱི་ཡོད་
རེད། ང་ཚོ་བོད་གཅིག་པུ་མ་རེད་ངས་ད་གིན་ཟེར་རྒྱུ་དེ་ཡིན་ཐ་ན་བྱིས་
པ་ཚོའི་གོན་རྒྱུའི་གོན་པའི་ཐོག་ཏུ་དེ་བརྒྱབས་ཡོད་རེད། ཁྱེད་ཚོའི་མ་
འོངས་པ་ང་ཚོའི་རེ་བ་རེད། དེ་འདྲ་ཡིན་པས་དགེ་རྒན་གྱིས་སློབ་གྲྭ་ནང་
གི་འགན་མ་ཁུར་དུས་མ་འོངས་པ་མེད་པ་བྱས་ཚར་བ་རེད། མ་འོངས་
པ་གཏན་བརླགས་བྱས་ཚར་བ་རེད། བྱིས་པ་དེ་ཚོའི་མ་འོངས་པ་གཏན་
བརླགས་བྱས་ཚར་དུས་ང་ཚོའི་རེ་བ་ཡང་གཏན་བརླགས་བྱས་ཚར་བ་
རེད། འཛམ་བུ་གླིང་གི་མི་རིགས་ཚང་མས་དེ་ཟེར་གྱི་ཡོད་རེད། བྱིས་
པ་འདི་ཚོའི་མདུན་ལམ་གཏན་བརླགས་བྱས་ཚར་དུས་ང་ཚོའི་མ་འོངས་
པ་གཏན་བརླགས་ཚར་བ་རེད། དེའི་ཕྱིར་དགེ་རྒན་ཡིན་ནའང་འདྲ་སློབ་
གཙོ་ཡིན་ནའང་འདྲ་གཞན་དང་མ་འདྲ་བའི་འགན་ཁུར་ནས་ཟླ་ཕོགས་
ཤིག་ཟ་སྤྱད་ཙམ་ཞིག་མ་ཡིན་པར་ཨུ་རུས་མུ་རུས་བྱེད་དགོས་ཀྱི་འདུག
ཁྱེད་རྣམ་པ་ཐམས་ཅད་པོས་དེར་སེམས་ཁུར་ཞིག་བྱེད་རོགས་གྱིས། ངས་
ད་རེས་གོང་དུ་ཟེར་རྒྱུ་དེ་ཡིན་ང་ཐུ་མོ་ཞིག་ཡིན་ཟེར་གྱི་མེད། རིག་གནས་
འདིའི་སློབ་ཁྲིད་བྱས་ནས་མི་ལོ་ཉི་ཤུ་ནང་ཙམ་རེད་འགྲོ་ཡང་ཟླ་ཕོགས་
ཤིག་སྦྱིན་མཁན་ཡོད་ཀྱི་མ་རེད་དེ་བསམ་བློ་ཡང་གཏོང་མ་མྱོང་། གཙོ་
བོ་རིག་གནས་འདིའི་རིན་ཐང་ལ་བསམ་བློ་བཏང་ནས་སློབ་ཁྲིད་བྱས་པ་
ཡིན། དགེ་རྒན་ཞིག་བྱ་དགོས་པའི་རྒྱུ་མཚན་དེ་ཡིན། རིག་གནས་འདི་
ང་ཚོ་བོད་པ་མ་ཚད་འགྲོ་བ་མི་སྤྱིའི་རིགས་ལ་ཕན་ཐོགས་ཡོད་པ་ཞིག་
རེད། འདི་ངོ་མ་བཤད་ན་འགྲོ་བ་མི་སྤྱིའི་རིགས་ལ་ཕན་པ་དང་བདེ་བ་
འབྱུང་བྱེད་ཅིག་ཡིན་ཀྱང་སྲུང་སྐྱོབ་བྱེད་རྒྱུ་དང་རྒྱུན་འཛིན་བྱེད་རྒྱུ་འདི་
ང་ཚོ་བོད་ཀྱི་མི་རིགས་ལ་རག་ལས་བསྡད་ཡོད་རེད་བསམས་ནས་རིག་
གནས་ཀྱི་རིན་ཐང་ཤེས་པའི་ཐོག་ནས་སློབ་ཁྲིད་བྱས་པ་རེད་དགེ་རྒན་
བྱས་པ་ཡིན། ད་དུང་ཡང་དེ་ཡིན། ཡིན་ནའང་ང་ཚོ་མི་འདྲ། གྲྭ་པ་ཞིག་
ཡིན་ན་བསམ་བློ་གཏོང་ས་མང་པོ་ཁྱིམ་ཚང་གི་ཁ་གསོ་རྒྱུ་དེ་འདྲ་ཡོད་པ་
མ་རེད། དགེ་རྒན་རྣམས་ལ་ཁྱིམ་ཚང་ཁ་གསོ་རྒྱུ་ཟེར་བ་འདྲ་ཡོད་པས་ང་
ཚོའི་ཚད་གཞི་འདི་ཁྱེད་ཚོས་བསྒྲུབ་དགོས་ཟེར་གྱི་ཡོད་མ་རེད་དེ། ཡིན་
ནའང་བསམ་པའི་ཐོག་ནས་མི་རིགས་ཀྱི་སློབ་གསོ་ལ་ལྷག་བསམ་རྣམ་
དག་བྱེད་རྒྱུ་དང་། དེ་ཧ་ཅང་གལ་ཆེན་པོ་རེད་མ་གཏོགས་དགེ་རྒན་གྱིས་
ཡག་པོ་མ་བྱས་ན་ཡོང་གི་མ་རེད། མགོ་ལོག་གི་ཕྱོགས་ནས་སློབ་མའི་
གྲངས་མང་ཡང་གྲངས་མང་བ་ཙམ་ཞིག་གཙོ་བོ་ཡིན་གྱི་མ་རེད། སློབ་
ཁྲིད་ཀྱི་སྤུས་ཀའི་ཐོག་ནས་ཡག་པོ་མ་ཡོང་ན་གྲངས་མང་བ་ཙམ་དང་
རྩིས་སྤྲོད་ཙམ་གྱིས་དོན་དག་ཆེན་པོ་ཞིག་མི་འབྱུང་གི ང་ཚོའི་མི་རིགས་
ལ་ཕན་ཐོགས་མི་འདུག དེ་འདྲ་བ་ཞིག་གིས་བྱིས་པ་རྣམས་ཀྱི་མདུན་
ལམ་ལ་ཕན་ཐོགས་མི་འདུག གཙོ་བོ་སློབ་ཁྲིད་ཀྱི་སྤུས་ཀའི་ཐོག་ནས་
ཡར་རྒྱས་གཏོང་རྒྱུ་དེ་གལ་ཆེ་བས་ཁྱེད་རྣམ་པ་ཚོས་འདིའི་ཐོག་ལ་བསམ་
བློ་ཞིབ་ཀྱིས་གཏོང་ཡང་གཏོང་གི་ཡོད་རེད་དེ། བསམ་བློ་ཞིབ་ཏུ་གཏོང་
རྒྱུ་དང་ཅི་འདྲ་ཞིག་ཡིན་ནའང་ལྷག་བསམ་རྣམ་དག་བྱེད་རྒྱུ་དང་འདི་ཟླ་
ཕོགས་ཤིག་མཐོ་མི་མཐོ་དང་། གོ་ས་ཞིག་དང་མིང་ཞིག་ཡོད་མེད་ཀྱི་དོན་
དག་མ་ཡིན་པར་རིག་གནས་འདི་དང་ང་ཚོའི་མ་འོངས་པའི་མདུན་ལམ་
གཅིག་ཡིན་པ་དང་འགག་རྩ་གཅིག་ཡིན་པ་དེ་འདྲ་ཞིག་གི་ཐོག་ལ་བསམ་
བློ་བཏང་ནས་རྣམ་པ་ཐམས་ཅད་པོའི་འདིའི་ཐོག་ལ་ཤུགས་སྒྲིམ་རྒྱུ་དེ་ཁ་
ཞེ་གཉིས་མེད་ཀྱི་རེ་བ་ཡིན། དངོས་གནས་དྲང་གནས་རེ་བ་ཤིན་ཏུ་ནས་
ཀྱང་ཆེན་པོ་ཡོད། དེ་ཐུགས་ལ་འཇོག་རོགས་གྱིས་དེ་དོན་དག་གཉིས་པ་
ཡིན། དོན་དག་གཉིས་པ་དེ་བྱ་བའི་རང་བཞིན་ཤེས་པའི་ནང་ནས་རེད།
བྱ་བའི་རང་བཞིན་གང་འདྲ་ཤེས་དགོས་ཟེར་ན། ཐོག་དང་པོ་རང་གི་བྱ་
བ་གཟི་བརྗིད་དང་ལྡན་པ་ཡིན་པ་ཤེས་དགོས། དོན་གཉིས་པ་རང་གི་བྱ་
བ་ཁེ་ཉེན་ཆེ་བའམ་ཕན་གནོད་ཆེ་བ་ཡིན་པ་ཤེས་དགོས།
ཕྲག་ཏུ་བབས་པའི་འགན་ལ་བསམ་པ།
དོན་དག་གསུམ་པ་དེ་གང་རེད་ཟེར་ན།
མི་རིགས་གཅིག་གམ་ས་ཕྱོགས་དེའི།།
མ་འོངས་རེ་བའི་སེམས་རྟེན་ཏེ། །
ཕུང་འཚེངས་བདག་ལ་རག་ལས་པས།།
ཕྲག་པའི་འགན་ལ་བསམ་པར་བྱ།།
དོན་དག་དང་པོ་བྱ་བའི་རང་བཞིན་བསམ་དགོས། དོན་དག་གཉིས་པ་བྱ་
བའི་ཕན་གནོད་ལ་བསམ་དགོས། དོན་གསུམ་པ་འགན་ལ་བསམ་དགོས།
རང་རང་གི་ཕྲག་པའི་ཐོག་ལ་བབས་ཡོད་པའི་འགན་དེ་ཡང་བསམ་བློ་
གཏོང་དགོས། ཕྲག་པའི་ཐོག་ལ་ཡོད་པའི་འགན་དེ་ཅི་འདྲ་ཞིག་རེད་ཟེར་
ན། སློབ་ཆུང་གི་དགེ་རྒན་ཡིན་ནའང་འདྲ་སློབ་འབྲིང་ཡིན་ནའང་འདྲ།།
སློབ་ཆེན་ཡིན་ནའང་འདྲ་དེ་དག་གི་སློབ་ཁྲིད་བྱེད་མཁན་དགེ་རྒན་ཡིན་
ཚོར་དུས་ཐམས་ཅད་པོ་ལ་འདྲ་འདྲ་རེད། དེས་ན་ཆུང་ས་ནས་བཤད་ན་ས་
ཕྱོགས་གཅིག་དཔེར་ན་མགོ་ལོག་གི་དགེ་རྒན་རྣམ་པ་ཡིན་ན་མགོ་ལོག་གི་
ས་ཕྱོགས་རེད། རྫོང་ཁག་གང་ཡང་རུང་བ་ཞིག་གི་དབང་དུ་བྱས་ན་སྡོང་
ཁག་དེའི་ས་ཕྱོགས་རེད། ཆེ་ས་ནས་བཤད་ན་མི་རིགས་དེའི་རེད་མི་རིགས་
ཟེར་ན་རྫོང་རེ་རེ་དང་རང་སྐྱོང་ཁུལ་རེ་རེ་མ་གཏོགས་ཁ་ཁ་གང་ཡང་ཡོད་
ཀྱི་མ་རེད། ཐམས་ཅད་པོའི་སློབ་གསོ་རྗེས་ལུས་ལོག་སོང་ན་དེ་ནས་མི་
རིགས་ཀྱི་སློབ་གསོ་རྗེས་ལུས་རེད་མ་གཏོགས་པ། ས་ཕྱོགས་ས་ཕྱོགས་ཀྱི་
སློབ་གསོ་མེད་ན། མི་རིགས་ཀྱི་སློབ་གསོ་ཟེར་བ་དེའི་ཤུལ་ན་ལྷག་ཡོང་རྒྱུ་
ཅི་ཡང་མི་འདུག དེ་འདྲ་ཡིན་པས་ཆུང་ས་ནས་བཤད་ན་མི་རིགས་གཅིག་
གི་ས་ཕྱོགས་ཤིག་རེད། ཆེ་ས་ནས་བཤད་ན་ས་ཕྱོགས་དུ་མ་ཕྱོགས་གཅིག་
ཏུ་བསྡོམས་ཡོང་ན་མི་རིགས་ཤིག་རེད། མི་རིགས་ཀྱི་མ་འོངས་པའི་རེ་བ་
བཅོལ་ས་ངས་ད་གིན་གོང་དུ་ཟེར་རྒྱུ་དེ་ཡིན། འཛམ་བུ་གླིང་གི་མི་རིགས་
ཐམས་ཅད་པོས་དེ་ཟེར་གྱི་ཡོད་རེད་ཐམས་ཅད་པོ་འདྲ་འདྲ་རེད། ང་ཚོ་
བོད་པ་གཅིག་པུ་མ་རེད། རང་རང་སོ་སོའི་མི་རབས་ཕྱི་མ་དེ་རང་རང་སོ་
སོའི་མི་རིགས་ཀྱི་རེ་བ་ཡིན་ཟེར་གྱི་ཡོད་རེད། མི་རིགས་ཀྱི་རེ་བ་དེ་རེད་
རང་གི་མི་རབས་ཕྱི་མ་དེ་རེད། མི་རབས་ཕྱི་མ་དེ་ནི་མི་རིགས་ཀྱི་རེ་བ་
ཡིན་པས། ང་ཚོའི་བྱིས་པ་འདི་ཚོ་བཟང་ནའང་འདྲ་ངན་ནའང་འདྲ་དོན་
ལ་བོད་མི་རིགས་ཀྱི་མ་འོངས་པའི་རེ་བ་རེད། དེ་རྒྱལ་ཁབ་ཀྱི་ཟེར་གྱི་ཡོད་
རེད་ས་ཕྱོགས་སོ་སོའི་ཟེར་གྱི་ཡོད་རེད་སུ་ཡིན་ནའང་ཟེར་གྱི་ཡོད་རེད།
འགྲོ་བ་མིའི་རིགས་ཚང་མས་བཤད་ཀྱི་ཡོད་རེད། རང་རང་གི་མི་རབས་ཕྱི་
མའི་རེ་བའམ་རེ་བ་བཅོལ་ས་དེ་མ་གཏོགས་གཞན་དག་བཅོལ་ས་ཡོད་ཀྱི་
མ་རེད། ང་ཚོས་ས་ལ་རེ་བ་བཅོལ་ན་ཡོང་གི་མ་རེད་གནམ་ལ་རེ་བ་བཅོལ་
ན་ཡོང་གི་མ་རེད། གཞན་པ་ཞིག་ལ་རེ་བ་བཅོལ་ན་ཡོང་གི་མ་རེད། ཐ་ན་
བཟོ་གྲྭ་རྣམས་ཀྱི་དེ་སེམས་ལ་འཁོར་ནས་བྱིས་པའི་གྱོན་གོས་བླུག་སྣོད་
ཤོག་སྒམ་གྱི་ཐོག་ཏུ་ཡི་གེ་བྲིས་ནས་ཁྱེད་ཚོའི་མ་འོངས་པ་ནི་ང་ཚོའི་རེ་བ་
ཡིན་ཟེར་གྱི་ཡོད་རེད། དོན་ལ་དེ་རེད། བོད་པའི་བྱིས་པ་རིག་པ་ཕྲ་མོ་ཡིན་
ནའང་འདྲ་བླུན་པོ་ཡིན་ནའང་འདྲ་མི་གཤིས་བཟང་པོ་ཡིན་ནའང་འདྲ་
ངན་པ་ཡིན་ནའང་འདྲ། མདོར་ན་མ་འོངས་པའི་མི་རིགས་ཀྱི་རེ་བ་རེད་མ་
གཏོགས་གཞན་པ་ཡོད་མ་རེད། ང་ཚོའི་མ་འོངས་པའི་རེ་བ་ལྷ་ལ་བཅོལ་
གྱི་ཡོད་མ་རེད། ཡུལ་ལྷ་གཞི་བདག་ལ་བཅོལ་གྱི་ཡོད་མ་རེད། འདྲེ་དང་ཀླུ་
དང་ས་དང་རྡོ་དེ་ཚོ་ལ་བཅོལ་གྱི་ཡོད་མ་རེད། གཙོ་བོ་མ་འོངས་པའི་རེ་བ་
ཟེར་རྒྱུ་དེ་མི་རབས་ཕྱི་མ་འདི་ལ་བཅོལ་གྱི་ཡོད་རེད།
ཕུང་འཚེངས་གཉིས་པོ་དགེ་རྒན་ལ་རག་ལས་པ།
དེས་ན་མི་རབས་ཕྱི་མ་དེ་ཅི་འདྲ་ཞིག་ལོག་ན་དགེ་རྒན་གྱི་ལག་ན་ཡོད་
རེད་བརྒྱ་ཆ་དགུ་བཅུ་ཙམ་ཞིག་དགེ་རྒན་གྱི་ལག་ཡིན་པ་རེད། མི་འགའ་
རེར་རང་གཤིས་བཙོག་པ་ཅན་བཅོས་རྒྱ་མེད་ས་དེ་འདྲ་ཡོད་རེད་མ་
གཏོགས་མང་ཆེ་བ་མི་འདི་མ་འོངས་པ་ན་ཡ་རབས་ཀྱི་མི་ཞིག་ཨེ་ལོག
མ་རབས་ཀྱི་མི་ཞིག་ཨེ་ལོག སྤྱི་ཚོགས་ལ་ཕན་ཐོགས་མཁན་གྱི་མི་ཞིག་
ཨེ་ལོག སྤྱི་ཚོགས་ལ་ཕན་ཐོགས་མེད་མཁན་གྱི་མི་ཞིག་ཨེ་ལོག མིའི་
ནང་ནས་དྭངས་རྩེ་ཞིག་ཨེ་ལོག མིའི་ནང་ནས་གད་སྙིགས་ལྟ་བུ་ཞིག་ཏུ་
ཨེ་ལོག་ཡོངས་སུ་རྫོགས་པ་སློབ་གྲྭའི་དགེ་རྒན་དེའི་ནང་ནས་ཀྱང་སློབ་
ཆུང་དང་སློབ་འབྲིང་གི་དགེ་རྒན་ལ་རག་ལས་ཀྱི་ཡོད་རེད། ཆུང་ས་ནས་
ས་ཕྱོགས་གཅིག་ཆེ་ས་ནས་བཤད་ན་མི་རིགས་གཅིག་ཡིན་ནའང་འདྲ་
དེའི་མ་འོངས་པའི་རེ་བ་བཅོལ་སའི་སེམས་ཀྱི་རྟེན་དེ་མ་འོངས་པའི་མི་
རབས་ཕྱི་མ་དེ་དག་རེད། དེ་ཕུང་འགྲོ་དང་འཚེངས་འགྲོ་གང་ལ་ཐུག་
ཡོད་རེད་ཟེར་ན་བདག་ཟེར་ན་དགེ་རྒན་རེད། དཔེར་ན་ང་དགེ་རྒན་
ཞིག་ཡིན་ན་ང་ལ་རག་ལས་བསྡད་ཡོད་རེད། མི་རིགས་ཡོངས་རྫོགས་
ང་ལ་རག་ལས་མེད་ཟེར་ན། དགེ་རྒན་གཅིག་གིས་དེ་བསམས། གཉིས་
ཀྱིས་དེ་བསམས་གསུམ་གྱིས་དེ་བསམས་ན། དེའི་རྗེས་ནས་སུ་ལ་རག་
ལས་ཀྱི་རེད་ཐམས་ཅད་པོ་རག་ལས་ཀྱི་མ་རེད་དེ་འདི་ལ་རག་ལས་ཀྱི་
རེད་ཟེར་ནས་མི་གཅིག་ལ་མཛུབ་མོ་འཛུགས་ས་ཡོད་ཀྱི་མ་རེད། དེས་ན་
མི་ཐམས་ཅད་པོ་ལ་རག་ལས་ཡོད་རེད་ཐམས་ཅད་ལ་ཕྲག་པའི་སྟེང་ན་
ཁུར་དེ་ཡོད་རེད། དེ་འདྲ་ཡིན་པས་དགེ་རྒན་རྣམས་ཕྱོགས་གཅིག་ནས་
རང་གི་བྱ་བ་དེ་གཟི་བརྗིད་ལྡན་པ་ཤེས་དགོས་ཕྱོགས་གཉིས་ནས་རང་
གི་བྱ་བ་དེ་ཕན་གནོད་ཆེ་བར་ཤེས་དགོས། ཕྱོགས་གསུམ་ནས་རང་གི་
ཕྲག་པའི་ཐོག་ཏུ་ཡོད་པའི་འགན་དེ་ལ་ཞིབ་ཏུ་བསམ་བློ་གཏོང་དགོས།
དགེ་རྒན་གྱི་ཕྲག་པའི་ཐོག་ཏུ་ཡོད་པའི་འགན་དང་མི་གཞན་པ་ཞིག་གི་
ཕྲག་པའི་ཐོག་ཏུ་ཡོད་པའི་འགན་གཉིས་འདྲ་གི་ཨེ་རེད་ཟེར་ན་འདྲ་གི་
མ་རེད། མི་སོ་སོ་ལ་འགན་རེ་ཡོད་སྤྱི་ཚོགས་ཐོག་ཏུ་བྱ་བ་སྒྲུབ་འོས་པའི་
འགན་རེ་ཡོད་རེད། མི་རིགས་ཀྱི་འགན་འདྲ་ཆེ་ས་ཞིག་མེད་ཀྱང་རང་གི་
ཁྱིམ་ཚང་གི་འོས་འགན་ཏེ་ཁྱིམ་ཚང་གཅིག་གི་ཁ་གསོ་ཐབས་དང་རྒྱབ་
འགེབས་ཐབས་ཀྱི་འོས་འགན་རེ་ཡོད་ཀྱི་རེད། མི་ཐམས་ཅད་པོ་ལ་འོས་
འགན་མེད་ས་ཡོད་ཀྱི་མ་རེད། དེའི་ནང་ནས་འོས་འགན་ཆེ་ཤོས་སམ་
རྩ་བའི་ནང་ནས་རྩ་བའི་འོས་འགན་དེ་དགེ་རྒན་ལ་ཡོད་རེད། དགེ་རྒན་
ལ་ཡོད་སྤྱད་ཅི་རེད་ཟེར་ན་མ་འོངས་པའི་རེ་བ་གཙོ་བོ་དེ་དགེ་རྒན་ལ་
རག་ལས་ཡོད་པའི་རྒྱུ་མཚན་དེའི་ཕྱིར་རང་རང་གི་འགན་དེ་ལ་བསམ་བློ་
གཏོང་དགོས་རེད། དགེ་རྒན་ཞིག་ཡིན་ན་མི་རིགས་ཀྱི་བྱ་བ་འདི་འགན་
ཁུར་ལྷག་བསམ་རྣམ་དག་ཡོད། རང་གི་ནུས་པས་གང་ལྕོགས་ཤིག་བྱ་
ཐུབ་ན་རང་གི་ལས་གནས་འདི་གཟི་བརྗིད་དང་ལྡན་པ་རེད། དེའི་ཐོག་
ནས་བྱ་བ་ཡུན་ནས་ཡུན་དུ་བསྒྲུབས་ན་བཟང་གི་འདུག གལ་ཏེ་ཟླ་ཕོགས་
རྐྱང་པ་ཞིག་གི་དོན་མ་གཏོགས་པ་འགན་མི་འཁུར་པའི་དགེ་རྒན་དེ་འདྲ་
འདུག ངས་མང་ཤོས་རེད་ཟེར་གྱི་ཡོད་ཀྱི་མ་རེད་དེ། ངས་ངོ་ཤེས་རྒྱུ་ཡི་
དགེ་རྒན་དེ་འདྲ་ཡོད། རང་ལ་དེ་འདྲ་སྐད་ཆ་བཤད་མྱོང་བའི་དགེ་རྒན་
ཡོད། ཁོ་ཟླ་ཕོགས་རེ་ཟ་རྒྱུ་མ་གཏོགས་པ་དེ་བས་མི་རིགས་ཀྱི་དོན་དག་
དང་སློབ་གསོ་ལ་བསམ་བློ་ཅི་ཡང་མེད། སློབ་ཁྲིད་དེ་མང་པོ་མེད་ས་སླ་
མོ་དེ་འདྲ་ལ་འགྲོ་ས་རག་ན་དགའ་ཟེར་ནས་སྐད་ཆ་བཤད་མཁན་འདུག
ཐམས་ཅད་དེ་འདྲ་མ་རེད་དགེ་རྒན་མང་ཆེ་བ་བཟང་གི་རེད། ངས་གོང་
དུ་ཟེར་རྒྱུ་དེ་ཡིན། ཁ་སང་དེ་རིང་བོད་ཀྱི་ནང་དུ་ཤེས་ལྡན་མི་སྣ་ཅུང་ཟད་
ཡོད་པ་ཐམས་ཅད་པོ་སློབ་ཆུང་ནས་ཡོང་བ་རེད། ཁྱེད་རྣམ་པ་དགེ་རྒན་
རྣམས་ཀྱིས་སྐྱེད་སྲིང་བྱས་ཡོང་བ་རེད། ཡིན་ནའང་དགེ་རྒན་ཁ་ཤས་ནང་
ལ་འགན་མི་འཁུར་བའི་དགེ་རྒན་འདུག དེ་འདྲ་དགེ་རྒན་དེ་དངོས་གནས་
དྲང་གནས་དགེ་རྒན་མ་བྱས་ན་དགའ་གི་རང་རང་སོ་སོའི་ལས་གནས་
གཞན་ཞིག་ལ་སྤོ་ས་རག་ན་གཞན་ཞིག་ཏུ་སྤོས། གལ་ཏེ་མ་རག་ན་ལས་
གནས་དེའི་ཐོག་ནས་བྱ་བ་ཐ་ཤལ་དེ་འདྲ་ཞིག་ལས། འགན་མི་འཁུར་
བའི་བྱ་བ་དེ་འདྲ་ལས་ནས་བསྡད་ན། ཡང་ན་ས་ཕྱོགས་ཆེ་ས་ནས་བཤད་
ན་མི་རིགས་འདིའི་མ་འོངས་པའི་སེམས་ཀྱི་རྟེན་བྱེད་ས་བྱིས་པ་འདི་ཚོ་
རེད། དེ་ཚོ་ཐམས་ཅད་པོ་འཕུང་བར་བྱེད་པ་རེད། དེ་ཡིས་གལ་ཏེ་ལས་
གནས་དེའི་ཐོག་ནས་བྱ་བ་ཡང་དག་པ་ཞིག་བྱས་པ་ཡིན་ན་བྱིས་པ་འདི་
ཚོ་འཚེངས་བ་བྱེད་པ་རེད། ཕུང་འཚེངས་གཉིས་པོ་དེ་རང་རང་ལ་རག་
ལས་ཡོད་པས་དེའི་ཕྱིར་དགེ་རྒན་རྣམས་ཀྱིས་འདི་ཚོ་ལ་བསམ་བློ་ཞིག་
གཏང་དགོས་ཀྱི་འདུག ང་ཚོའི་མི་རིགས་འདི་ཡར་རྒྱས་འགྲོ་དང་མི་འགྲོ་
རིག་གནས་ལ་རག་ལས་ཡོད་རེད། རིག་གནས་ཡར་རྒྱས་འགྲོ་དང་མི་
འགྲོ་དགེ་རྒན་ལ་རག་ལས་ཡོད་རེད། དགེ་རྒན་ཡང་དག་པ་ཞིག་ཡོང་དང་
མི་ཡོང་དགེ་རྒན་རང་གི་བྱ་བ་ལ་ངོས་ཟིན་ཡོད་མེད་དེ་ལ་རག་ལས་ཡོད།
དེའི་ཕྱིར་ན་ཚིག་བཅད་གསུམ་པོ་བྱ་བའི་རང་བཞིན་ཤེས་པ་དང་ཟེར་
རྒྱུ་དེ་ཐམས་ཅད་པོ་ལ་ཞུས་ཡོད། ཐམས་ཅད་པོས་དེ་མཁྱེན་ཀྱི་རེད། དེ་
རིང་འདི་ན་ཡོད་པའི་དགེ་རྒན་རྣམ་པ་ཚོས་མ་ཤེས་པ་ཞིག་ངས་བཤད་ཀྱི་
ཡོད་མ་རེད། མ་དགོངས་པ་ཞིག་བཤད་ཀྱི་ཡོད་མ་རེད་དེ་ཡིན་ན་ཡང་ང་
ཚོས་དེ་རིང་བསམ་བློ་བརྗེ་རེས་འདྲ་བོ་དེ་འདྲ་བྱེད་ཀྱི་ཡོད་རེད། དེའི་
ཕྱིར་ངས་འདི་འདྲ་ཞིག་བསམ་གྱི་འདུག་ཟེར་ནས་དྲན་ཚུལ་བཤད་ཀྱི་
ཡོད་པས་རྣམ་པ་ཐམས་ཅད་པོས་ཐུགས་ལ་འཇོག་པ་ཞུ།
ir
སློབ་སྟོན་བྱེད་མཁན་གྱི་ཚད་གཞི།
ང་ཚོ་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ཟེར་དགོས་ནའང་འདྲ་ཆོས་ཀྱི་
ཕྱོགས་ནས་བཤད་ན་དཔེར་ན་བསམ་སྤྱོད་ཀྱི་སློབ་སྟོན་བྱེད་མཁན་ཞིག་
ཡིན་ན། རང་བསམ་པ་དང་སྤྱོད་པ་ཡང་དག་པ་ལྡན་པ་དེ་འདྲ་ཞིག་གི་
བསམ་སྤྱོད་ཀྱི་སློབ་སྟོན་བྱེད་དགོས་གསུངས་ནས་དེ་ཚད་མཐོན་པོ་དེ་འདྲ་
ཞིག་རེད། དེས་ན་རང་ལ་བསམ་པ་དང་སྤྱོད་པ་ཚད་མཐོན་པོ་ཞིག་མེད་ན་
གཞན་པ་ལ་བཤད་དགོས་ན་དཀའ་མོ་ཡིན་པ་རེད། ཡིན་ནའང་ཟེར་སྟངས་
གཞན་པ་ཞིག་ཀྱང་ཡོད་རེད། དེ་ཅི་འདྲ་རེད་ཟེར་ན་སྨན་པ་རང་གི་ལུས་
པོ་ཚོན་པོར་ལོག་ནས་ལྗིད་ཚད་ལས་བརྒལ་བསྡད་ཡོད་མཁན་དེས། སྨན་
གྱི་ཐད་ནས་འཕྲོད་བསྟེན་བྱེད་ལུགས་དང་གཟུགས་པོ་བདེ་ཐང་གི་ཐབས་
ཤེས་གཞན་ལ་བསྟན་ན་ཡང་མི་འགྲིག་པ་ཡོད་ཀྱི་མ་རེད། དེ་འདྲ་བ་ཞིག་
རེད་འདི་ཚོ་གནས་ལུགས་རེད། གནས་ལུགས་ཟེར་རྒྱུ་དེ་རང་གིས་སྒྲུབ་ཐུབ་
ན་བཤད་རྒྱུ་དང་། སྒྲུབ་མ་ཐུབ་ན་མི་བཤད་རྒྱུ་དེ་འདྲ་ཕྱོགས་གཅིག་ནས་
བཤད་ན་མ་རེད། གང་ལྟར་ཡང་སྒྲུབ་ཐུབ་ནའང་འདྲ་མ་ཐུབ་ནའང་འདྲ་
གནས་ལུགས་དེ་འདྲ་ཞིག་རེད་ཐམས་ཅད་ཀྱིས་བརྩོན་པ་བྱེད་ས་ཕྱོགས་
དེ་འདྲ་ཞིག་གི་ཐོག་ནས་བཤད་ན་མི་འཚམས་པ་ཆེན་པོ་ཡོད་ཀྱི་མ་རེད།
དེ་འདྲ་ཡིན་པས་རྣམ་པ་ཐམས་ཅད་པོས་སྒྲིག་བཀོད་ལྟར་དུ་ངས་
འདི་ནས་མར་དོན་ཚན་གསུམ་ཡོད་པའི་ནང་ནས་དོན་ཚན་གཉིས་
པ་དང་གསུམ་པ་དེ་རྣམ་པ་ཐམས་ཅད་པོ་ལ་གཅིག་ཞུ། གོང་དུ་དགེ་
རྒན་ཞིག་ཡིན་ན་ཐོག་མའི་གནས་སྐབས་ན་རང་གི་བྱ་བའི་རང་བཞིན་
དང་རང་གི་བྱ་བའི་ཕན་གནོད་དང་། རང་གི་བྱ་བ་འདིའི་འགན་དེ་
ཚོ་དགེ་རྒན་རང་ངོས་ནས་ཡག་པོ་བསླབ་དགོས་པ་དེ་འདྲ་ཞིག་རེད།
དགེ་རྒན་གྱིས་སློབ་མར་སློབ་ཁྲིད་བྱེད་སྟངས།
ཐོག་མའི་སྐབས་སུ་དེ་ཡག་པོ་ཞིག་གོ་ནས་བཟུང་སྟེ། གཉིས་པའི་སྐབས་
སུ་དགེ་རྒན་གྱིས་སློབ་མ་ལ་སློབ་ཁྲིད་བྱེད་སྟངས་ཀྱི་སྐོར་དེ་རེད། སློབ་
ཁྲིད་བྱེད་སྟངས་མང་པོ་རེད། དེ་ཚོ་ཐམས་ཅད་ངས་དེ་རིང་འདི་ནས་
བཤད་ཚོད་ཡོད་ཀྱི་མ་རེད། དེ་མདོར་བསྡུས་ཤིག་ག་འདྲ་རེད་ཟེར་ན།
དོན་དག་གཉིས་པ་བར་དུ་རང་གི་བྱ་བ་དེ་ངོས་ཟིན་ཡག་པོ་ཞིག་ཡོང་
ཚོར་རྗེས་མི་རིགས་ཀྱི་སློབ་གསོའི་བྱ་བ་འདི་སྒྲུབ་རྒྱུ་དེ་སྙིང་དོན་དང་
ལྡན་པ་ཡིན་པར་ཤེས། འདི་ཕན་གནོད་ཅན་གྱི་བྱ་བ་ཞིག་ཡིན་པའང་
ཤེས། འདི་འགན་དང་ལྡན་པའི་བྱ་བ་ཡིན་པ་ཤེས་པ་སྔོན་དུ་སོང་ནས།
དེའི་ཐོག་ནས་སློབ་ཁྲིད་བྱེད་དགོས། སློབ་ཁྲིད་ཇི་ལྟ་བྱ་དགོས་ཟེར་ན།
བར་དུ་བྱམས་པའི་སེམས་ཀྱིས་ནི།།
འཇམ་རྩུབ་རན་པའི་སྦྱོར་བ་ཡིས།།
རིག་པའི་རྣམ་གྲངས་བསླབ་པ་དང་།།
བླང་དོར་ཚུལ་བཞིན་བསྟན་པར་བྱ།།
ཟེར་ནས་ཚིག་བཅད་གཅིག་དེ་རེད།
བསམ་པའི་ཐོག་ནས་སློབ་ཕྲུག་སྐྱོང་ཚུལ།
དགེ་རྒན་ཞིག་གིས་སློབ་གྲྭའི་ནང་ནས་སློབ་ཁྲིད་བྱེད་སྐབས་གཙོ་བོ་མེད་
དུ་མི་རུང་བ་དེ་གང་རེད་ཟེར་ན། སློབ་མ་ཐམས་ཅད་ལ་བྱམས་པ་དེ་ཡོད་
དགོས་རེད། བྱམས་པ་ཟེར་རྒྱུ་དེ་ཁ་སང་དེ་རིང་འཇིག་རྟེན་གྱི་ཐོག་ལ་མི་
གཞན་ལ་ཕན་སེམས་ཀྱི་ཐོག་ལ་བཤད་ཀྱི་ཡོད་རེད། ཕན་སེམས་ཟེར་རྒྱུ་དེ་
དང་བོད་ཀྱི་རིག་གནས་ནང་ལ་ཡོད་པའི་བྱམས་པ་ཟེར་རྒྱུ་དེ་གཉིས་ཕྱོགས་
གཅིག་ནས་འདྲ་བ་རེད། དཔེར་ན་མི་རིགས་གཞན་པ་ས་ཕྱོགས་གཞན་པ་
ལ་ས་ཡོམ་བྱུང་བ་ཡིན་ནའང་འདྲ་ཆུ་ལོག་བྱུང་བ་ཡིན་ནའང་འདྲ། རང་
བྱུང་ཁམས་ཀྱིས་འཇིག་པ་ཞིག་བྱུང་ན་དེ་ལ་ཐམས་ཅད་པོས་རྒྱུ་ཡོད་མཁན་
གྱིས་རྒྱུ་གཏོང་། ཚགས་ཡོད་མཁན་གྱིས་ཚགས་བརྒྱབས་ནས་ཕན་སེམས་
ཀྱི་སྒོ་ནས་ཕན་པ་སྒྲུབ་རྒྱུ་དེ་ཕན་སེམས་ཟེར་གྱི་ཡོད་རེད། དེ་ཕན་སེམས་
ཙམ་ཞིག་རེད་ཕན་ཐོགས་འདོད་ཀྱི་བསམ་པ་ཙམ་ཞིག་རེད། བྱམས་པ་
ཟེར་རྒྱུ་འདི་ཕན་སེམས་ཨེ་རེད་ཟེར་ན་ཕན་སེམས་དང་ཕྱོགས་གཅིག་ནས་
གཅིག་པ་རེད། ཕྱོགས་གཅིག་ནས་འདི་དེ་བས་ཟབ་ཀྱི་རེད་གོ་བ་གཏིང་
ཟབ་མོ་ལེན་རྒྱུ་ཡོད་རེད། ང་ཚོའི་སྤྱིར་བཏང་གི་གོ་བ་ལེན་ལུགས་ཀྱི་དབང་
དུ་བྱས་ཡོང་ན། སློབ་མ་འདི་ཚོ་ལ་དངོས་གནས་དྲང་གནས་ཡོན་ཏན་ཞིག་
ལྡན་སོང་ན་བསམ་རྒྱུ་དང་ཡོན་ཏན་དེ་ལྡན་ནས་རྗེས་མ་འདི་ལ་བདེ་སྐྱིད་
ལྡན་པའི་མི་ཚེའི་འཚོ་བ་དེ་འདྲ་ཞིག་ཡོད་སོང་ན་བསམ་རྒྱུ་དང་། དེ་མ་
ཟད་མི་འདིས་རིག་གནས་ཀྱི་རིན་ཐང་འདི་ལ་བརྟེན་ནས་སྤྱི་ཚོགས་ལ་ཕན་
པ་ཞིག་ཡོང་སོང་ན་བསམ་པའི་ལྷག་བསམ་བཅོས་མ་མ་ཡིན་པ་དེ་དགེ་
རྒན་གྱི་བྱམས་པ་ཟེར། བྱམས་པའི་སེམས་དེ་དངོས་གནས་དྲང་གནས་
ཡིན་ན་མིན་ན་ཡོད་དགོས་རེད། བྱམས་པའི་སེམས་ཡོད་མཁན་གྱི་དགེ་
རྒན་གྱིས་སྐྱེད་སྲིང་བྱེད་པའི་སློབ་མ་དེ་དང་། བྱམས་སེམས་མེད་མཁན་
གྱི་དགེ་རྒན་གྱིས་སྐྱེད་སྲིང་བྱེད་པའི་སློབ་མ་གཉིས་རྩ་བ་ནས་ཁ་ཁ་ཡིན་པ་
རེད། ཆོས་ཀྱི་ཐོག་ནས་བཤད་ན་བླ་མ་རྣམས་ཀྱི་བྱིན་རླབས་ཟེར་བ་ཞིག་
བཤད་རྒྱུ་ཡོད་རེད། སླ་མོ་བྱས་བཤད་ན་དེ་རེད་མི་ཕན་སེམས་ཅན་ཞིག་
དང་འགྲོགས་པ་ཡིན་ན་སློབ་མ་ཡིན་ནའང་འདྲ་མི་ཕན་སེམས་ཅན་ཞིག་
ཏུ་ལོག་འགྲོ་གི་རེད། དེའི་ནུས་པ་དེ་གཅིག་ཤོས་ལ་འགོས་འགྲོ་གི་རེད།
བསམ་སྤྱོད་དེ་འགོས་འགྲོ་གི་རེད། དེ་ཚོ་བྱིན་རླབས་སླ་མོ་བྱས་བཤད་
ན་དེ་འདྲ་རེད། ཡིན་ནའང་དེ་རིང་ང་ཚོས་བྱིན་རླབས་བཤད་ཀྱི་ཡོད་མ་
རེད། དགེ་རྒན་གྱི་སློབ་མ་ལ་ཇི་ལྟར་སྐྱོང་ཚུལ་དེ་བཤད་ཀྱི་ཡོད་རེད། དེའི་
ཕྱིར་བྱམས་པ་དེ་ཡོད་དགོས། བྱམས་པ་དེ་ཡོད་ཚར་དུས་དགེ་རྒན་བྱམས་
པ་དང་ལྡན་པ་དེས་སྐྱེད་སྲིང་བྱེད་པའི་སློབ་མ་དེས་སྤྱི་ཚོགས་ཟེར་དགོས་
ནའང་འདྲ། འགྲོ་བ་མིའི་རིགས་ཟེར་དགོས་ནའང་འདྲ་འདི་ལ་ཕན་ཐོགས་
ཅན་གྱི་མི་ཞིག་ཡོང་བ་སེམས་ཐག་གོར་མོའི་རྡོ་རེད། དགེ་རྒན་བྱམས་པ་
ཅན་གྱིས་སྐྱེད་སྲིང་བྱས་པའི་སློབ་མ་དེ་རང་ངོས་ནས་ཤེས་རིག་དང་ལྡན་
པ་ཙམ་ཞིག་མ་ཚད་པ་དགེ་རྒན་དང་འདྲ་བ་སློབ་མ་དེ་བྱམས་སེམས་ཅན་
དེ་འདྲ་ཞིག་ཡོང་གི་རེད། དེས་ན་དགེ་རྒན་རྣམས་ཀྱིས་སློབ་གྲྭའི་ནང་ནས་
སྤྱིར་སློབ་མ་ལ་སེམས་ཀྱི་འཛིན་སྟངས་འདྲ་དང་མི་འདྲ་མང་པོ་རེད་དེ་
རྩ་བའི་ནང་ནས་རྩ་བ་དེ་དགེ་རྒན་གྱི་སློབ་མ་ལ་བྱམས་སེམས་འདི་རེད།
དགེ་རྒན་བྱམས་སེམས་དང་ལྡན་པས་སློབ་མ་བྱམས་སེམས་དང་ལྡན་པ་
སྐྱོང་ཐུབ་ཀྱི་རེད། དགེ་རྒན་བྱམས་སེམས་མེད་མཁན་ཞིག་གིས་སློབ་མ་
ཤེས་རིག་དང་ལྡན་པ་སྐྱོང་ཐུབ་ཀྱི་ཨེ་རེད་ཟེར་ན་སྐྱོང་ཐུབ་ཀྱི་རེད། ཡིན་
དྲག་གི་འདུག སློབ་ཆུང་ལ་སློབ་ཁྲིད་བྱས་ན་ཆོག་གི་རེད། རིག་གནས་མེད་
ན་དེའི་བར་ན་འདེམས་རྒྱུ་མང་པོ་ཡོད་རེད། ཡིན་ནའང་བྱམས་པ་མེད་ན་
སློབ་ཆེན་དང་སློབ་འབྲིང་སློབ་ཆུང་སོགས་ལ་སློབ་ཁྲིད་བྱས་ན་དོན་དང་
ལྡན་པ་ཞིག་ཡོང་གི་མ་རེད། དོན་དུ་བྱམས་པ་མེད་པའི་མི་དེས་རང་དོན་
ལ་བསམ་བློ་གཏོང་ཡོང་གི་རེད། དེ་རིང་ཁྱོད་ལ་གཅིག་བསམ་ཡོང་ན་དོན་
དུ་ང་བསམ་ཡོང་གི་རེད། དེ་འདྲ་མི་དེས་མི་རིགས་ལ་ཕན་ཐོགས་ཡོད་པའི་
མི་དང་། སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་མི། འགྲོ་བ་མིའི་རིགས་ལ་ཕན་
ཐོགས་ཡོད་པའི་མི། སེམས་ཅད་ཐམས་ཅད་ལ་ཕན་ཐོགས་ཡོད་པའི་མི་དེ་
ལྟ་བུ་དེས་སྐྱེད་སྲིང་བྱེད་ཨེ་ཐུབ་ཟེར་ན། ཐུབ་ཀྱི་མ་རེད། དེ་འདྲ་བ་དེས་
ཤེས་རིག་དང་ལྡན་པའི་མི་ཞིག་སྐྱེད་སྲིང་བྱེད་ཨེ་ཐུབ་ཟེར་ན་ཐུབ་རྒྱུ་རེད།
ཡིན་ནའང་མི་མཁྲེགས་པོ་རིག་པ་བསྒྱུར་ལོག་བྱེད་ཤེས་མཁན་ཀླད་པ་སྐོར་
ལོག་རྒྱག་ཤེས་མཁན་མི་ཞིག་སྐྱེད་སྲིང་བྱེད་ཐུབ་རྒྱུ་རེད། ཡིན་ནའང་མི་
ཕན་སེམས་ཅན་མི་རིགས་ཡིན་ནའང་འདྲ་དང་པོ་མི་སྒེར་ཆུང་ས་ནས་ཟེར་
ནས་དེ་ནས་མི་རིགས་དེ་ནས་འཛམ་བུ་གླིང་ཟེར་ནས་འགྲོ་དགོས་རེད་མ་
གཏོགས་དང་པོ་ནས་ཆེ་ས་ཞིག་ནས་བཤད་ན་དོན་དག་མེད་པའི་སྐད་ཆ་
ཞིག་རེད། དེ་འདྲ་ཡིན་པས་བྱམས་སེམས་འདི་མེད་ན་དགེ་རྒན་གྱིས་སྤྱི་
ཚོགས་ལ་ཕན་ཐོགས་པའི་སློབ་མ་ཞིག་སྐྱེད་སྲིང་བྱེད་ཐུབ་ཀྱི་མ་རེད། རང་
ཁ་ཅུང་ཟད་སོས་པའི་སློབ་མ་སྐྱེད་སྲིང་བྱེད་ཐུབ་རྒྱུ་རེད། དགེ་རྒན་བྱམས་
པ་མི་ལྡན་པ་དེས་སློབ་མ་ཞིག་བསྐྱངས་ན། ཡིན་ནའང་སློབ་མ་དེས་ཆ་རྐྱེན་
གང་ཡང་མེད་པའི་ཐོག་ནས་སྤྱི་ཚོགས་ལ་ཞབས་ཕྱི་སྒྲུབ་པ་དང་། མི་རིགས་
མ་རེད། དེའི་ནང་ནས་གཙོ་བོ་ངོ་མ་དེ་བོད་ཀྱི་རིག་གནས་ནང་འདི་ན་ཡོད་
རེད། དེ་ང་ཚོས་ཟེར་གྱི་མ་རེད། འཛམ་བུ་གླིང་གིས་ཟེར་བ་རེད། འཛམ་བུ་
གླིང་ཡོངས་སུ་རྫོགས་པས་ཆ་རྒྱུས་མེད་མཁན་རྣམས་ཆ་རྒྱུས་མེད་པ་རེད་
མ་གཏོགས་ཆ་རྒྱུས་ཡོད་མཁན་རྣམས་སྤྱིའི་ཐུན་མོང་གི་ལྟ་ཚུལ་འདྲ་ཡིན་
པ་རེད། དེ་འདྲ་ཡིན་པས་དེའི་ནུས་པ་དེ་དགེ་རྒན་རྣམ་པས་རྩལ་འདོན་
བྱེད་དགོས་ཀྱི་འདུག ངས་དེ་རིང་དགེ་རྒན་རྣམ་པས་ཆོས་སྒྲུབ་དགོས་དགེ་
རྒན་རྣམ་པས་བྱང་ཆུབ་ཀྱི་སེམས་སྒོམ་དགོས། དགེ་རྒན་རྣམ་པས་སྒོམ་རྒྱག་
དགོས་དེ་ཟེར་གྱི་ཡོད་མ་རེད། དེ་རྒྱག་དང་མི་རྒྱག་རང་རང་སོ་སོ་སྒེར་གྱི་
དོན་དག་རེད། ཡིན་ནའང་དགེ་རྒན་གྱི་སློབ་མ་ལ་བྱམས་པའི་སེམས་ཟེར་
རྒྱུ་འདི་མ་ཡོད་ཚར་དུས་དེའི་འཕྲོ་ཡོང་གི་མ་རེད། དཔེར་ན་ཆོས་ཀྱི་ནང་
ནས་དགེ་བའི་བཤེས་གཉེན་ལ་ཚད་ཐིག་མང་པོ་བཤད་པ་རེད། ཚད་ཐིག་
མདོ་དང་སྔགས་ནས་མང་པོ་བཤད་ཡོད་རེད་དེ། མ་མཐའི་ཚད་ཐིག་དེ་
བྱང་ཆུབ་ཀྱི་སེམས་མེད་ན། མི་གཞན་གྱི་བླ་མ་འམ་དགེ་བའི་བཤེས་གཉེན་
བྱེད་པའི་ཐོབ་ཐང་མེད་ཟེར་ནས་མཚམས་དེ་ནས་བཅད་ཡོད་རེད། དེ་
དང་འདྲ་བོ་རེད་དེ་རིང་ང་ཚོས་བྱང་ཆུབ་སེམས་བཤད་པ་མ་རེད་དེ། སློབ་
གྲྭའི་ནང་ནས་དགེ་རྒན་ཚད་ལྡན་ཞིག་བྱ་དགོས་ན་སློབ་མ་ལ་བྱམས་སེམས་
ཤིག་མེད་དུས་དགེ་རྒན་གྱི་མཚན་ཉིད་རྩ་ནས་ཚང་གི་མ་རེད། དགེ་རྒན་ལ་
རིག་གནས་མེད་ན་དྲག་གི་རེད། རིག་གནས་རྩ་བ་ནས་མེད་ན་ཅི་དྲག་སྟེ་
སློབ་ཆེན་གྱི་ཚད་ཐིག་མེད་ན་དྲག་གི་རེད། སློབ་འབྲིང་ལ་སློབ་ཁྲིད་བྱེད་
ཆོག་རེད། སློབ་འབྲིང་གི་སློབ་མ་ལ་སློབ་ཁྲིད་བྱེད་པའི་རིག་གནས་མེད་ན་
སྤྱིར་བཏང་མི་ཐམས་ཅད་པོའི་སེམས་ཀྱི་ནང་ན་བྱམས་དང་སྙིང་རྗེ་ཕན་
སེམས་ཀྱི་ས་བོན་དེ་ཡོད་རེད། ཡིན་ནའང་ས་བོན་དེ་འཕེལ་བའི་ཚད་ཅི་
འདྲ་ཞིག་ཐོན་ཡོད་པ་དེ་འདྲ་མི་འདྲ་རེད། དེ་ལ་རྒྱུ་མཚན་མང་པོ་བཤད་རྒྱུ་
ཡོད་རེད་རང་བཞིན་གྱིས་མི་ཐམས་ཅད་པོ་ལ་ཕན་སེམས་ཅན་མི་ཐམས་
ཅད་ལ་ལྷག་བསམ་ཅན་གྱི་མི་ཡོད་མཁན་ཡོད་ཀྱང་དེ་དཀོན་མོ་རེད། ཡིན་
ནའང་བྱམས་པའི་སེམས་དེ་སྐྱེད་སྲིང་བྱེད་ཆོག་གི་རེད།
སེམས་ཁམས་ཀྱི་སྦྱོང་བརྡར།
སེམས་ཀྱི་ཐོག་ལ་གང་དང་གང་ཡིན་ནའང་སྦྱོང་བརྡར་བྱེད་ཆོག་གི་རེད།
དཔེར་ན་ལུས་རྩལ་བ་ཞིག་ལ་བསམ་བློ་བཏང་བ་ཡིན་ན་དེའི་ལུས་པོའི་
རྣམ་འགྱུར་འདི་ཚོ་ཐམས་ཅད་མི་ཕལ་པ་ཞིག་གིས་བྱེད་དགོས་ན་སྦྱོང་
བརྡར་མ་བྱས་ན་རྩ་བ་ཉིད་ནས་ཐུབ་རྒྱུ་ཞིག་མ་རེད། དེའི་ལུས་པོའི་རྣམ་
འགྱུར་གཅིག་ཀྱང་ང་ཚོ་ཕལ་པ་ཞིག་གིས་བྱེད་ཐུབ་ཀྱི་མ་རེད། ཡིན་ནའང་
དེ་དུས་ཚོད་ངེས་ཅན་ཞིག་གི་ནང་ལ་སྦྱོང་བརྡར་བྱས་ཡོང་བ་ཡིན་ན་མི་
ཕལ་པ་ཞིག་གི་ལུས་པོ་ལ་སྦྱོང་བརྡར་བྱས་ནས་ཚད་འདི་འདྲ་ཞིག་ལ་
སླེབས་སོང་བ་རེད། དེ་འདྲ་བ་ཞིག་ལ་སེམས་ཁམས་ཀྱི་སྦྱོང་བརྡར་ཟེར་རྒྱུ་
དེ་ཡོད་རེད། འདིའི་སྦྱོང་བརྡར་འདི་ཚན་རིག་གི་ནང་ནས་འབྱུང་གི་ཨེ་རེད།
འབྱུང་གི་མ་རེད། ནུབ་ཕྱོགས་པའི་མཚན་ཉིད་རིག་པའི་ནང་ནས་འབྱུང་གི་
ཨེ་རེད་ཟེར་ན་དཀོན་མོ་རེད། ཤར་ཕྱོགས་ཀྱི་མཆན་ཉིད་རིག་པའི་ནང་
ནས་འབྱུང་གི་ཨེ་རེད་ཟེར་ན་དཀོན་མོ་རེད་འབྱུང་གི་མ་རེད་ཟེར་ཉན་གྱི་
ནའང་ཤེས་རིག་གཅིག་པུས་འཛམ་བུ་གླིང་འདི་ཟེར་དགོས་ནའང་འདྲ་མི་
རིགས་འདི་ཡར་རྒྱས་གཏོང་གི་རེད་ཟེར་ན་དཀའ་མོ་རེད། ཤེས་རིག་གིས་
ཡར་རྒྱས་གཏོང་ངམ་ཤེས་རིག་གིས་མར་བརླག་ཤེས་དཀའ་མོ་རེད། དེ་ང་
ཚོས་མི་དགོས་འཛམ་བུའི་གླིང་གི་མཁས་པ་རྣམས་ཀྱིས་ཧ་གོ་གི་ཡོད་མ་
རེད། མཐའ་མཇུག་ཇ་མ་ཤེས་རིག་འདིས་འགྲོ་བ་མིའི་རིགས་ཡར་འཁྲིད་
རྒྱུ་ཡིན་ནམ་འགྲོ་བ་མིའི་རིགས་མར་འཁྲིད་རྒྱུ་ཡིན་སུས་ཀྱང་ཧ་གོ་གི་ཡོད་
མ་རེད། དེ་འདྲ་ཡིན་པས་ཤེས་རིག་གཅིག་པུས་ཕན་ཐོགས་མི་འདུག ཤེས་
རིག་དགོས་དགོས་ཀྱི་ཡོད་རེད་སློབ་གྲྭའི་ནང་ནས་ཤེས་རིག་སློབ་རྒྱུ་རེད།
དེ་མི་དགོས་ཟེར་གྱི་ཡོད་མ་རེད་དེ་རྩ་བ་བྱམས་པ་གཅིག་པོ་ལ་རག་ལས་
བསྡད་ཡོད་རེད། དེ་ཆོས་ཀྱི་བཤད་ལུགས་རེད་ཟེར་ནའང་ཆོས་ཀྱི་ནད་
ནས་དེ་རྩ་འདོན་བྱས་ནས་བཤད་ཀྱི་ཡོད་རེད་དེ་ཡིན་ནའང་ཆོས་རྐྱང་པའི་
བཤད་ལུགས་ཤིག་མ་རེད། སྤྱི་ཚོགས་ཀྱི་ཐོག་ན་དེ་ཡོད་དགོས་ཀྱི་ཡོད་
རེད། བྱམས་པ་ཡོད་ན་མི་དང་མིའི་བར་གྱི་འབྲེལ་བ་ཚོགས་པ་དང་ཚོགས་
པའི་བར་གྱི་འབྲེལ་བ་མི་རིགས་དང་མི་རིགས་ཀྱི་བར་མི་དང་སྲོག་ཆགས་
ཀྱི་བར་དེ་འདྲ་བ་གང་དང་གང་གི་བར་ཡིན་ནའང་ཐམས་ཅད་པོ་བདེ་ཞིང་
སྐྱིད་པ་དེ་འདྲ་ཞིག་ཡོང་ཐུབ་ཀྱི་རེད། དེས་ན་དགེ་རྒན་རྣམ་པས་སློབ་མ་
ལ་བྱམས་སེམས་ཡོད་རྒྱུ་དེ་གལ་ཆེན་པོ་རེད། བྱམས་སེམས་དེ་རང་ཤུགས་
ཀྱིས་ཡོང་རྒྱུ་དེ་ཉུང་ཉུང་ཡིན་པ་རེད། མིའི་ནང་ན་དེ་འདྲ་ཡོད་མཁན་ཡོད་
རེད། མིའི་སེམས་ཁམས་འདྲ་དང་མི་འདྲ་རེད་སེམས་ཁམས་རིག་པའི་
ཐོག་ནས་བཤད་ནའང་འདྲ་ནང་པའི་ཆོས་ཀྱི་ཐོག་ནས་བཤད་ནའང་འདྲ་
ལ་ཞབས་ཕྱི་སྒྲུབ་མཁན་འགྲོ་བ་མིའི་རིགས་སྤྱི་ལ་བསམ་བློ་གཏོང་མཁན་
སློབ་གྲྭ་དེའི་ནང་ནས་སམ་དགེ་རྒན་དེའི་སྔོན་ནས་ཨེ་འབྱུང་ཟེར་ན། འབྱུང་
གི་མ་རེད། གལ་ཏེ་བྱུང་ན་ཡང་མི་རེ་དེ་གཉིས་གཉིས་རང་རང་སོ་སོ་སྔོན་
གྱི་བག་ཆགས་དེ་འདྲ་ཡོད་རེད། མ་གཏོགས་གཞན་དག་འབྱུང་གི་མ་རེད།
བསམ་པ་ཡག་པོ་ཡོད་ན་ལས་ཀ་ཡག་པོ་ཡོང་གི་རེད།
དེའི་ཕྱིར་དགེ་རྒན་ཞིག་ཡིན་ན་རང་ལ་ཐོག་མ་ཉིད་ནས་བྱམས་པ་ཡོད་
ན་བཟང་ཤོས་རེད། བྱམས་པ་མེད་ན་ང་ཚོའི་རིག་གནས་ནང་ལ་སེམས་
ཁམས་ཀྱི་སྦྱོང་བརྡར་བྱེད་སྤྱད་ཀྱི་ཐབས་ཤེས་དེ་ཡོད་པས། སེམས་ཁམས་
ཀྱི་སྦྱོང་བརྡར་དེ་བྱེད་དགོས་རེད་སེམས་ཁམས་ཀྱི་སྦྱོང་བརྡར་དེ་བྱས་ན་
བསམ་པ་ཡག་པོ་ཡོང་གི་རེད། བསམ་པ་ཡག་པོ་ཡོང་ན་ལས་ཀ་ཡག་པོ་
ཡོང་གི་རེད། ཁ་སང་དེ་རིང་གི་སྤྱི་ཚོགས་ཇི་ལྟ་རེད་ཟེར་ན། གཙོ་བོ་འབྲས་
བུ་འདི་ལ་ལྟ་གི་ཡོད་རེད། བརྒྱུད་རིམ་གྱི་ཐོག་ནས་མི་ལྟ་བ་དང་ཁྱད་པར་
དུ་སེམས་ཀྱི་ཐོག་ལ་དོ་སྣང་མི་བྱེད་པས་དེས་ན་བྱ་བ་མང་པོ་ཞིག་གི་ཐོག་
ནས་འཐུས་ཤོར་མང་པོ་ཡོང་གི་ཡོད་རེད་ཕམ་ཁ་ཡང་མང་པོ་ཡོང་གི་རེད།
ཅི་རེད་ཟེར་ན། མི་ཞིག་གིས་བྱ་བ་ལས་ཀ་གང་བྱས་ནའང་ཕར་བལྟས་ན་
ཁ་ཡིས་བྱེད་ཀྱི་རེད། ལག་པས་བྱེད་ཀྱི་རེད། ལུས་པོས་བྱེད་ཀྱི་རེད། དེ་
ཚོའི་བྱེད་པ་པོ་སེམས་ཡིན་པས་སེམས་ལམ་ལ་མ་སོང་ན་དེ་ནས་ཡག་པོ་
ཡོང་གི་མ་རེད། དཔེར་ན་ཆོས་ཀྱི་ནང་ནས་དགེ་བའི་བཤེས་གཉེན་ཞིག་བྱ་
དགོས་ན། དེར་འདྲ་དང་མི་འདྲ་མང་པོ་བཤད་རྒྱུ་ཡོད་རེད་དེ། ངས་ད་གིན་
ཟེར་རྒྱུ་དེ་ཡིན་བྱང་ཆུབ་ཀྱི་སེམས་མེད་ན། དགེ་བའི་བཤེས་གཉེན་གྱི་ས་
ཆ་དེ་ལ་འདུག་རྒྱུ་ཡོད་མ་རེད་ཆ་རྐྱེན་འདྲ་ཚང་ཡོད་མ་རེད་ཟེར་ནས་མར་
འཇོག་རྒྱུ་རེད། དེ་འདྲ་བ་ཞིག་ལ་དགེ་རྒན་ཡིན་ན་སློབ་མ་ལ་ཕན་སེམས་
དང་བྱམས་པ་མེད་ན། དེ་ནས་དགེ་རྒན་གྱི་ཚད་ཐིག་ལ་མི་ཐོན་པས། དགེ་
རྒན་རྣམ་པ་ཚོས་འདི་ལ་མཐོང་ཆུང་བྱེད་མི་ཉན། ང་ཚོའི་དགོན་པའི་ནང་
ནས་དགོན་པའི་རིག་གནས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱས་ན་འདྲ།
སློབ་གྲྭ་ནང་ནས་མི་སྣ་གསོ་སྐྱོད་བྱས་ནའང་འདྲ་དམིགས་ཡུལ་གཅིག་མ་
གཏོགས་ཡོད་ཀྱི་མ་རེད། དམིགས་ཡུལ་གཅིག་པོ་དེ་གང་རེད་ཟེར་ན་སྤྱི་
ཚོགས་འདི་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་རྒྱུ་དང་། མི་རིགས་འདི་བདེ་
སྐྱིད་དང་ལྡན་པ་དང་ཡར་རྒྱས་ཡོང་རྒྱུ་དེ་འདྲ་ཞིག་གི་ཐོག་ལ་ཐམས་ཅད་
ཀྱིས་བསམ་བློ་གཏོང་གི་ཡོད་རེད། བསམ་བློ་གཏོང་སའི་ལམ་དེ་ཐབས་
ཤེས་མི་འདྲ་བ་རེད་འགའ་ཞིག་གིས་ཕྱོགས་འདིའི་ཐོག་ནས་བསམ་བློ་
གཏོང་། འགའ་ཞིག་གིས་ཕྱོགས་གཞན་པའི་ཐོག་ནས་བསམ་བློ་བཏང་ནས་
འགྲོ་གི་ཡོད་རེད་མ་གཏོགས་དོན་གྱི་ཐོག་ནས་དེ་རེད། དེས་ན་མི་སྐྱེད་སྲིང་
བྱེད་རྒྱུ་དེ་ཅི་ཞིག་གི་དོན་དག་རེད་ཟེར་ན། རྗེས་མ་མི་འདིས་ཁ་སོས་བྱེད་
ཙམ་གྱི་དོན་དུ་མི་སྐྱེད་སྲིང་བྱས་ན་དེ་དོན་དག་ཆེན་པོ་མི་འདུག་ཟེར་གྱི་
ཡོད། མི་ཞིག་སྐྱེད་སྲིང་བྱས་པ་ཡིན་ན་མི་འདིས་མ་འོངས་པ་སྤྱི་ཚོགས་ཀྱི་
ཐོག་ལ་ཕན་པ་ཡོད་མཁན་དང་། མི་རིགས་ཀྱི་སློབ་གསོ་ཡིན་ནའང་འདྲ་
མི་རིགས་ཀྱི་ཡར་རྒྱས་སོགས་གང་དང་གང་གི་ཐད་ལ་ཕན་པ་ཡོད་མཁན་
དེ་འདྲ་ཞིག་སྐྱེད་སྲིང་བྱེད་ཨེ་ཐུབ་བལྟ་དགོས་བསམ་པའི་བསམ་པ་དེ།
དགེ་རྒན་ཞིག་ཡིན་ན་གཙོ་བོའི་སྒུལ་ཤུགས་དེ་ཡིན་དགོས་ཀྱི་རེད། བསམ་
པ་དེ་ཡོད་སོང་ན་དཀའ་ན་ཡང་དཀའ་བ་དང་དུ་ལེན་ཐུབ་ཀྱི་རེད། ཚེགས་
ན་ཡང་དཀའ་ངལ་དང་དུ་ལེན་ཐུབ་ཀྱི་རེད། དེ་འདྲ་བའི་བསམ་བློ་ཡོད་
པའི་མི་དེས་རང་གི་དཀའ་ངལ་དང་གནོན་ཤུགས་གང་ལའང་མ་བསྟུན་
པར་བྱ་བ་སྒྲུབ་པའི་སྒུལ་ཤུགས་སེམས་ཀྱི་སྟེང་ན་ཡོད་རེད། དེ་མེད་ཚར་
དུས་ཟླ་ཕོགས་རྐྱང་པའི་དོན་དུ་བྱ་བ་སྒྲུབ་དགོས་དུས་མི་འདིའི་ཁུངས་
ན་བྱ་བ་ལས་ཀ་ལས་བྱེད་ཀྱི་རྩ་བའི་སྒུལ་ཤུགས་འདྲ་བོ་མེད་པ་རེད། དེ་
མེད་ན་བྱ་བ་གང་ལས་ནའང་མི་ཚེ་གཅིག་པོ་དེ་ལ་བྱ་བ་དོན་སྙིང་ལྡན་པ་
གཅིག་ཀྱང་འགྲུབ་ཀྱི་མ་རེད། དེས་ན་དངོས་གནས་དྲང་གནས་བྱམས་པ་
དེ་དགོས་ཀྱི་རེད་ཟེར་ནས་དགེ་རྒན་གྱིས་སློབ་མ་ལ་འཛིན་སྟངས་མང་པོ་
ཡོད་རེད་དེ། དེའི་ནང་ནས་གཞན་དག་ཕར་ཞོག་བྱམས་པ་དེ་མེད་པའི་
ཐབས་ཆག་རེད། དགེ་རྒན་གྱིས་སློབ་མ་འདི་ཡག་པོ་ཡོང་སོང་ན་བསམ་
རྒྱུའི་བསམ་པ་ཡག་པོ་ཡོད་སོང་ན། དེ་ནས་དགེ་རྒན་དེས་སློབ་མ་དེ་ལ་
སློབ་གསོའི་ཐོག་ནས་ཡིན་ནའང་འདྲ་འཚོ་བ་ཡི་ཐོག་ནས་ཡིན་ནའང་
འདྲ་གང་དང་གང་གི་ཐད་ནས་ཡིན་ན་ཕན་ཐོགས་ཐུབ་ཀྱི་རེད། དེས་ན་
བྱམས་པ་ལྡན་རྒྱུ་དེ་རྩ་བའི་ཆ་རྐྱེན་རེད། དེ་བསམ་པ་རེད་བསམ་པའི་
ཐོག་ནས་མང་པོ་ཡོད་ཀྱང་གཞན་པ་ང་ཚོས་མི་བཤད་བྱམས་པ་རྩ་བ་བྱེད།
སྦྱོར་བའི་ཐོག་ནས་སློབ་ཕྲུག་སྐྱོང་ཚུལ། །
དེ་ནས་སྦྱོར་བ་རེད་སྦྱོར་བ་ཟེར་ན་ལུས་ངག་གི་སྤྱོད་པ་རེད་ལུས་ངག་
གི་སྤྱོད་པའི་ཐད་ནས་དགེ་རྒན་གྱི་སློབ་མ་ལ་ཁྲིད་སྟངས་སྲོལ་རྒྱུན་གྱི་
རིག་པའི་ཐོག་ནས་མང་པོ་བཤད་ཡོད་རེད། དེང་རབས་ཀྱི་སློབ་གསོའི་
ཐོག་ནས་མང་པོ་བཤད་ཡོད་རེད། ཐབས་ཤེས་མང་པོ་ཡོད་རེད་དེ། དེ་
ཐམས་ཅད་པོ་ཚུར་གནད་བསྡུས་པ་ཡིན་ན། འཇམ་རྩུབ་རན་པའི་སྦྱོར་
བ་ཡིས། །འཇམ་པོ་དང་རྩུབ་མོ་རན་པ་ཞིག་གི་ཐོག་ནས་འགྲོ་དགོས་
ཀྱི་ཡོད་རེད་ཟེར། ལ་ལས་ཟེར་བ་ཡིན་ན་སློབ་མ་ཟེར་རྒྱུ་དེ་རྩུབ་མོ་ཆུ་
བ་ནས་བྱེད་ཉན་གྱི་མ་རེད། སློབ་གྲྭའི་ནང་ནས་བདེ་སྐྱིད་ཀྱི་སྣང་བ་ཤ་
སྟག་གི་ཐོག་ནས་བྱིས་པ་ཆུང་ཆུང་ཡིན་དུས་ནས་འགྲོ་དགོས་རེད་མ་
གཏོགས་རྩུབ་མོ་བྱས་བསྡད་ན་སེམས་ནང་ལ་ཞེ་སྡང་དང་ཁོང་ཁྲོ་བཞག་
ནས་རྗེས་མར་སྤྱི་ཚོགས་ཀྱི་ཐོག་ཏུ་འགྲོ་སྐབས་མི་ཞེ་སྡང་ཅན་ཁོང་ཁྲོ་
ཅན་ཆགས་འགྲོ་ཟེར་གྱི་ཡོད་རེད། རྒྱུ་མཚན་ཡོད་རེད་དེ་ཡང་རྒྱུ་མཚན་
མེད་པ་མ་རེད། ལ་ལས་ཟེར་བ་ཡིན་ན་འཇམ་པོ་བྱེད་དོ་གི་མ་རེད།
བྱིས་པ་ཀླུད་མེད་དེ་ཚོ་རྩུབ་མོ་བྱེད་དགོས་ཀྱི་རེད་རྩུབ་མོ་བྱས་བཅོམ་
ན་འགྲིག་གི་རེད་མ་གཏོགས་འཇམ་པོ་བྱས་ཏེ་ངན་ལམ་དུ་མངགས།
ན་རིག་གནས་ཤིག་ཡོང་གི་མ་རེད། ཁོ་རང་སློབ་གྲྭའི་ནང་དུ་སྐྱིད་སྣང་
བདེ་སྣང་ཤར་ཡང་མ་འོངས་པ་ལ་ཡག་པོ་ཡོང་གི་མ་རེད་ཟེར་ནས་རྩུབ་
མོ་དགོས་ཀྱི་རེད་ཟེར། རྒྱུ་མཚན་ཡོད་རེད་དེའང་རྒྱུ་མཚན་རྩ་བ་ནས་
མེད་པ་མ་རེད། ཕྱོགས་རེའི་ཐོག་ནས་བཤད་ན། ཡིན་ནའང་འཇམ་རྩུབ་
རན་པའི་ཐོག་ནས་སམ་འཇམ་པོ་དང་རྩུབ་མོ་རན་པའི་ཐོག་ནས་སྐྱོང་
དགོས་རེད། རྩུབ་མོའི་ཐོག་ནས་སྐྱོང་ལུགས་ཡོད་རེད། རྗེ་བཙུན་མི་ལ་
རས་པ་ཟེར་རྒྱུ་དེ་རྩུབ་མོའི་ཐོག་ནས་སྐྱོང་ཡོང་བ་རེད། ཅི་འདྲ་ལོག་
ཡོད་འདུག་འཛམ་བུ་གླིང་གི་ཐོག་ཏུ་ཆོས་ལ་དད་པ་ཡོད་མཁན་མེད་
མཁན་ཐམས་ཅད་པོས་མི་སྣ་རླབས་ཆེན་བསམ་གྱིས་མི་ཁྱབ་པ་ཞིག་
རེད་བསམ་མཁན་ཞིག་མ་གཏོགས་ཡོད་ཀྱི་མ་རེད། འཇམ་པོའི་ཐོག་
ནས་བསྐྱངས་ཡོད་པའི་སློབ་མ་དེ་བས་མང་ཞིག་ཡོད་རེད། དགེ་རྒན་
རང་རང་གིས་སྐྱོང་ལུགས་རེད། ཡིན་ནའང་བྱམས་པ་ཡོད་ན་དེ་ནས་
འཇམ་པོ་དང་རྩུབ་མོ་རན་པའི་ཐོག་ནས་སོང་ན་ཡག་པོ་ཡོང་གི་རེད།
དཀའ་ངལ་རིག་མ་མྱོང་བའི་སློབ་ཕྲུག
ཁ་སང་དེ་རིང་རིམ་པ་མཐོན་པོའི་སློབ་གྲྭ་སྔོན་ཆད་ཡིན་ན་སྐུ་དྲག་གི་སློབ་
གྲྭ་ཟེར་བ་འདྲ་བོ་ཁ་རྩང་དེ་རིང་ཡོད་རེད། དཔེར་ན་དཔོན་པོ་ཆེན་པོའི་
བུ་རྒྱུད་དང་ཚོང་པ་ཆེན་པོའི་བུ་རྒྱུད་དེ་རྣམས་དགེ་རྒན་བཟང་པོ་དང་སློབ་
གྲྭའི་ཆ་རྐྱེན་ཡིན་ན་ཧ་ཅང་གི་བཟང་པོ་དེ་འདྲ་ཡི་ནང་ལ་བཞག་ནས་སློབ་
གསོ་བྱེད་ཀྱི་ཡོད་རེད། ཡིན་ནའང་བུ་རྒྱུད་དེ་ཚོ་ཚིག་ཀ་རྩུབ་མོ་བཤད་ས་
ཡོད་ཀྱི་མ་རེད། རྩུབ་མོ་ཚིག་གཅིག་བཤད་ན་ཡང་དགེ་རྒན་ལ་དཀའ་མོ་
ཡོང་གི་རེད། དེ་འདྲ་འཇམ་པོ་ཤ་སྟག་གི་ཐོག་ནས་ཡོད་དུས་མི་ཚེ་གཅིག་པོ་
དཀའ་ངལ་ཟེར་རྒྱུ་མིག་གིས་རིག་མྱོང་ཡོད་མ་རེད། དགེ་རྒན་ཡིན་ནའང་
འདྲ་ཕ་མ་ཡིན་ནའང་འདྲ་མཐུན་རྐྱེན་ཤ་སྟག་སྒྲུབ་མཁན་མ་གཏོགས་ཁྱོད་
འགལ་རྐྱེན་སྒྲུབ་མཁན་གཅིག་ཀྱང་ཡོད་ཀྱི་མ་རེད། དེ་ནས་སྤྱི་ཚོགས་ཀྱི་
ཐོག་ཏུ་སོང་ནས་བྱ་བ་གཅིག་སྒྲུབ་ཡོང་དུས་སྤྱི་ཚོགས་འདི་ནས་ཁྱོད་ཕན་
པ་སྒྲུབ་མཁན་ཡང་ཡོད་རེད་ལ་གནོད་པ་སྒྲུབ་མཁན་ཡང་ཡོད་རེད། དེས་
ན་དེ་སྔ་སེམས་ཁམས་ཀྱི་ཐོག་ནས་སྡུག་བསྔལ་ཡིན་ནའང་འདྲ་དཀའ་ངལ་
ཡིན་ནའང་འདྲ་དང་ལེན་བྱེད་རྒྱུ་ཡི་སྦྱོང་བརྡར་ཐོབ་ཡོད་མ་རེད། དེས་ན་
མི་མང་པོ་ཞིག་གིས་རང་སྲོག་གཅོད་པའི་ལམ་ཐ་ཤལ་ལ་འགྲོ་རྒྱུ་སློབ་གྲྭ་དེ་
འདྲའི་ནང་ནས་ཡོང་མཁན་དེ་ཚོར་གནད་འགག་མང་པོ་ཡོང་གི་ཡོད་རེད།
སྤྱི་ཚོགས་ཀྱི་ཆ་རྐྱེན་བཟང་དང་མ་བཟང་ཡོད་ཀྱི་མ་རེད། དེ་འདྲ་རེད།
དེའི་ཕྱིར་དགེ་རྒན་གྱིས་སློབ་མ་ཡར་བཀུར་ནས་སྐྱོང་དགོས་ན་དཀའ་མོ་
ཡིན་པ་རེད། དགེ་རྒན་གྱིས་སློབ་མ་རྡུང་རྒྱག་བྱས་ནས་རྩུབ་མོ་ཤ་སྟག་
བྱེད་དགོས་ན་དཀའ་མོ་རེད། དེ་དགེ་རྒན་རང་གི་གོ་གི་རེད། འཇམ་ཅུམ་
གཉིས་ཀ་དང་ལྡན་པའི་ཐོག་ནས་སོང་ན་སྤྱིར་དེ་ལྟར་རེད་དེ་ལྷག་པར་དུ་
བོད་ཀྱི་བྱིས་པ་ཚོ་ལ་འཇམ་རྩུབ་གཉིས་ཀ་ཅུང་ཟད་རན་པོ་ཡོད་རེད། ཅི་
རེད་ཟེར་ན། འཇམ་པོ་མི་རན་ས་ཞིག་ཡོད་ཀྱི་མ་རེད་འཛམ་བུ་གླིང་གི་མི་
ཐམས་ཅད་པོ་སྐབས་དེའི་ཐོག་ཏུའམ་དབང་དུ་བྱས་ན་རན་གྱི་རེད། རྩུབ་
མོ་མི་རན་ས་དེ་སྐུ་དྲག་གི་སློབ་གྲྭ་འདྲ་བོ་ཡིན་ན་རྩུབ་མོ་རན་གྱི་མ་རེད།
དེས་ན་བྱམས་པའི་སེམས་དང་ལྡན་པའི་ཐོག་ནས་ཅུང་ཟད་རྩུབ་དགོས་ས་
ལ་ཅུང་ཟད་རྩུབ། མཇམ་དགོས་ས་ལ་འཇམ་དེ་འདྲ་བྱས་པ་ཡིན་ན་དཔེར་
ན་ས་གནས་ཀྱི་དབང་དུ་བྱས་ན་སློབ་གསོ་བྱེད་ལུགས་རན་པ་འདྲ་བོ་རེད།
དེ་འདྲ་ཡིན་སོང་དུས་སྤྱིར་བསམ་པ་དང་སྦྱོར་བ་དེ་གཉིས་པོ་དགོས་ཟེར་
རྒྱུ་དེ་རྩ་བའི་བྱ་བ་རང་གི་ཐོག་ཏུ་སོང་མེད། སྤྱི་ཁྱབ་ཡམ་ཡམ་ཞིག་གི་ཐོག་
ནས་ཟེར་བ་ཡིན། གཙོ་བོ་ངོ་མ་དེ་གང་རེད་ཟེར་ན། དེ་ལ་རིག་པའི་རྣམ་
གྲངས་སློབ་པ་དང་། །དགེ་རྒན་གྱིས་རིག་པའི་རྣམ་གྲངས་སློབ་རྒྱུ་དེ་ནི་བྱ་
བའི་གཙོ་བོའི་ནང་གི་གཙོ་བོ་རེད། བརྒྱ་ཆ་བརྒྱ་པོ་དེ་དགེ་རྒན་གྱི་སློ་གྲྭའི་
ནང་ནས་རིག་གནས་སློབ་རྒྱུ་དེ་ཨེ་རེད་ཟེར་ན་དེ་མ་རེད། ཡིན་ནའང་རིག་
གནས་སློབ་རྒྱུ་བྱ་བའི་ནང་ནས་གཙོ་ཆེ་ཤོས་གཅིག་རེད།
སློབ་གསོ་མགོ་འཛུགས་པའི་དུས་ཚོད།
སྤྱིར་བཏང་རིག་གནས་སློབ་ལུགས་དེ་ལ་ཚད་མཐོན་པོའི་དབང་དུ་བྱས་
ནས་བཤད་ན་ཁ་སང་དེ་རིང་འཛམ་གླིང་གི་ཐོག་ནས་ཅི་བཤད་ཀྱི་ཡོད་
རེད་ཟེར་ན། རིག་གནས་སློབ་སྦྱོང་ཟེར་རྒྱུ་དེ་མགོ་འཛུགས་དུས་དེ་ལོ་
བདུན་གྱི་དུས་སུ་མ་རེད་ཟེར། ལོ་གསུམ་གྱི་དུས་སུ་མ་རེད་ཟེར། མར་སྐྱེས་
ཟིན་པའི་དུས་སུ་མ་རེད་ཟེར། དེས་ན་ནམ་རེད་ཟེར་ན། མ་ཡི་ཕོ་བའི་ནང་
ངམ་མའི་མངལ་དུ་ཡོད་པའི་གནས་སྐབས་རེད་ཟེར་རེད། སློབ་སྦྱོང་གི་
མགོ་འཛིན་པའི་གནས་སྐབས་དེ་རེད་ཟེར། དེའི་དུས་སུ་སློབ་གསོ་ཇི་ལྟར་
བྱ་དགོས་སམ་ཟེར་ན། བྱིས་པ་ཆུང་ཆུང་ཞིག་ལ་མཚོན་པ་ཡིན་ན་ཟླ་བ་
གསུམ་གྱི་རྗེས་ནས་རྣ་བའི་དབང་པོའི་ནུས་པ་དེ་རྫོགས་འགྲོ་གི་ཡོད་རེད།
མིག་གིས་རིག་གི་མེད་ཀྱང་ཕྱི་ཕྱོགས་ཀྱི་སྒྲ་དེ་ཚོ་རྣ་བས་ཚོར་ཐུབ་ཀྱི་ཡོད་
རེད་རྣ་བའི་དབང་པོའི་བྱེད་ལས་ཕལ་ཆེར་རྫོགས་ཡོང་གི་ཡོད་ཟེར། དེའི་
གནས་སྐབས་ན་བོད་མི་རིགས་ཀྱི་སློབ་གསོ་ལྟ་བུ་ཞིག་ལ་མཚོན་ན་ཅི་འདྲ་
ཞིག་དགོས་སམ་ཟེར་ན། ཟླ་བ་གསུམ་ཙམ་སོན་པ་དེའི་གནས་སྐབས་ན་
གཙོ་བོ་སྒྲ་ལ་བརྟེན་ནས་སློབ་གསོ་བྱེད་ཀྱི་ཡོད་རེད། མིག་གིས་གཟུགས་
ལ་བརྟེན་པའི་སློབ་གསོ་མ་རེད་སྒྲ་ལ་བརྟེན་པའི་སློབ་གསོ་རེད། སྒྲ་ལ་
བརྟེན་པའི་སློབ་གསོ་ཟེར་རྒྱུ་དེ་མི་རིགས་ཀྱི་སྲོལ་རྒྱུན་གྱི་ཆོས་ཕྱོགས་ནས་
ཡིན་ནའང་འདྲ་དམངས་ཁྲོད་ཀྱི་ཡིན་ནའང་འདྲ་གདངས་དང་རོལ་མོ་འདྲ་
དང་མི་འདྲ་གླུ་འདྲ་དང་མི་འདྲ་འདི་དག་གི་ཐོག་ན་ཅི་ཞིག་ཡོད་རེད་ཟེར་
ན། སྤྱིར་བཏང་ཉན་མི་ཤེས་མཁན་ཞིག་གིས་ཉན་པ་ཡིན་ན་རོལ་མོ་ཞིག་
རེད་གླུ་ཞིག་རེད། ཡིན་ནའང་འདིའི་ཐོག་ནས་བཤད་པ་ཡིན་ན་དམངས་
ཁྲོད་ནས་སྔར་གྱི་ལོ་རྒྱུས་དང་ལྡན་པའི་རིག་གནས་འདི་ཚོའི་ཐོག་ན་བོད་
མི་རིགས་ཀྱི་རིག་གནས་ཟེར་དགོས་ནའང་འདྲ་བརྩེ་དུང་སྟེ་བོད་མི་རིགས་
ཀྱིས་མི་དང་མི་ཡི་བར་ལ་བཅངས་པའི་བརྩེ་དུང་མི་ཡིས་སྲོག་ཆགས་ལ་
བཅངས་པའི་བརྩེ་དུང་མི་ཡིས་ཁོར་ཡུག་ལ་བཅངས་པའི་བརྩེ་དུང་། དེ་ཚོ་
ཐམས་ཅད་པོ་གདངས་འདི་ཚོའི་ཐོག་ཏུ་ཡོད་རེད། སྒྲ་གདངས་འདི་ཚོའི་
ཐོག་ཏུ་ཡོད་རེད་ཟེར། ཁ་སང་དེ་རིང་ཡས་ལད་མོ་བྱས་མས་ལད་མོ་བྱས་
ཏེ་གདངས་རྩོམ་མཁན་དག་གིས་བསྲེས་ནས་དེ་འདྲ་བྱེད་པའི་ཐོག་ཏུ་ཅང་
ཨེ་ཡོད་མི་ཤེས། གདངས་རྩོམ་པ་པོ་མཁས་པ་ཡིན་ན་མི་ཤེས་མ་གཏོགས།
གཞན་དག་ཁག་པོ་རེད། སྔོན་གྱི་དམངས་ཁྲོད་དུ་ལོ་རྒྱུས་ཡུན་རིང་ལྡན་
པའི་གདངས་འདི་ཚོ་ཐམས་ཅད་པོའི་ཐོག་ན་བོད་ཀྱི་རིག་གནས་ཀྱི་ཤན་དེ་
ཡོད་རེད། དེ་ཡོད་པའི་སྟོབས་ཀྱིས་ཁ་སང་དེ་རིང་རྒྱ་ཡི་ནང་ནས་བོད་ཀྱི་གླུ་
དབྱངས་དང་བོད་ཀྱི་རོལ་མོ་དེ་ཚོ་སྨན་རེད་ཟེར་གྱི་ཡོད་རེད། སྨན་དེ་གང་
རེད་ཟེར་ན་ལུས་པོའི་སྨན་རེད་ཟེར་གྱི་ཡོད་མ་རེད་སེམས་ཁམས་ཀྱི་སྨན་
རེད་ཟེར་གྱི་ཡོད་རེད། སེམས་ཁམས་ཀྱི་སྨན་ཇི་ལྟར་ཡིན་ཞེ་ན། སེམས་ཀྱི་
ཐོག་ཏུ་འཚུབ་ཆ་ཆེན་པོ་དང་ཚོར་བ་ཡིས་གནོད་ཤུགས་ཆེན་པོ་དང་བྱ་བ་
ཡི་གནོད་ཤུགས་ཆེན་པོས་སེམས་མི་སྐྱིད་པ་དེ་འདྲ་ཡོང་དུས་དེར་རླངས་
འཁོར་ནང་ཡིན་ནའང་འདྲ་ཁྱིམ་གྱི་ནང་དུ་བོད་ཀྱི་རོལ་མོ་འདི་ཚོ་བསྒྲགས་
ཡོང་དུས་ས་ས་གཅིག་གི་ནམ་མཁར་སྤྲིན་འཁྲིགས་པ་དེ་དྭངས་སོང་བ་འདྲ་
བོ་སེམས་ཁོག་རྒྱ་ཆེན་པོ་བོད་ཀྱི་གླུ་དབྱངས་ཀྱི་གདངས་འགུགས་ཚུལ་དང་།
དབྱངས་འགུགས་ཚུལ་དེས་མི་ཡི་སེམས་རྒྱ་ཕར་རྒྱ་ཆེན་པོ་དང་བློ་སྒོ་ཕར་
ཕྱེས་སོང་བ་འདྲ་བོ་སེམས་ལ་མི་བདེ་བ་དེ་འདྲ་མི་ཡོང་བར་བློ་ཁོག་རྒྱ་
ཆེན་པོ་ནམ་ལངས་པ་ལྟ་བུ་གང་ཡིན་ནའང་སེམས་ཁམས་ཀྱི་ཐོག་ལ་ཕན་
པ་དངོས་གནས་དྲང་གནས་ཡོང་གི་ཡོད་རེད། ཁོང་ཅག་གིས་བཤད་པ་རེད་
མ་གཏོགས་ང་ཚོས་ཟེར་ཡོད་མ་རེད། ངེད་ཅག་གིས་ང་ཚོའི་གླུ་དབྱངས་
སྨན་ཡིན་སུ་གཅིག་གིས་ཟེར་མྱོང་ཡོད་རྒྱུ་མ་རེད། སྨན་ཡིན་སྤྱད་ཅི་རེད་
ཟེར་ན་ང་ཚོའི་རིག་གནས་འདི་ཁོར་ཡུག་དང་འབྲེལ་བ་ཡོད་རེད། བོད་
མི་རིགས་ཟེར་རྒྱུ་དེ་འཛམ་བུ་གླིང་གི་ཐོག་ནས་ས་ཆ་དམིགས་བསལ་བ་
ཞིག་ལ་གནས་ཡོད་རེད། ལོ་སྟོང་ཕྲག་ཁྲི་ཕྲག་མང་པོའི་བར་དུ་གནས་ཚར་
བ་རེད། དེའི་འཚོ་བའི་ཉམས་མྱོང་རེད་བསམ་བློའི་འཁྱེར་སོ་རེད། ཆོས་
ཀྱི་ནང་ནས་སེམས་ཁམས་མར་ཞི་བདེ་གཏོང་བྱེད་བློ་རྒྱ་སྐྱེད་སྤྱད་མང་པོ་
ཡོང་ཡོད་རེད། དེ་ཡང་འཚོ་བའི་ནང་དུ་འདྲེས་ཡོད་རེད། བོད་ཀྱི་འཚོ་བའི་
ནང་དུ་ཆོས་ཀྱི་བསམ་བློ་འདི་ཚོ་འདྲེས་ཤུགས་ཧ་ཅང་ཆེ་པོ་རེད། དེ་འདྲ་
ཡིན་པས་མིའི་བསམ་བློ་དེ་འདྲ་ཅན་གྱི་ག་ལེ་ག་ལེར་མི་གཅིག་ཡིན་ནའང་
འདྲ་དམངས་ཁྲོད་ཀྱི་མི་དེ་འདྲའི་རིགས་ཤིག་གིས་བསྐྲུན་ཡོད་པའི་རོལ་
མོ་འདིའི་ནང་དུ་མི་རིགས་ཀྱི་བརྩེ་བ་ཟེར་དགོས་ནའང་འདྲ་མི་རིགས་ཀྱི་
རིག་གནས་དེའི་ནང་དུ་ཡོད་པ་རེད། དེ་འདྲ་བ་ཞིག་རེད་དཔེ་ཞིག་བཤད་
ན། དབྱིན་ཇིའི་དངོས་ཁམས་རིག་པའི་ཚན་རིག་པ་མའེ་ཁྱིལ་ཧྥ་ར་དྷེས་
(Michael Faraday) ཟེར་བ་དེ་གསར་རྙེད་པ་བསམ་གྱིས་མི་ཁྱབ་
པའི་འཛམ་བུ་གླིང་འདིར་སྐད་གྲགས་ཅན་གྱི་ཚན་རིག་པ་རེད། ཁོང་དགེ་
རྒན་རེད་ཚན་རིག་གི་སློབ་ཁྲིད་བྱེད་ཀྱི་ཡོད། ཁོའི་སློབ་མ་ཞིག་གི་མ་དེ་
ཡོང་ནས་ཁྱིམ་ཚང་གི་གནས་ཚུལ་མང་པོ་བཤད་ནས་མ་དེ་དུས་ནས་ལོ་
རྒྱུས་རྣམས་བཤད་རྗེས་མའི་ཁྱིལ་ཧྥ་ར་དྷེས་(Michael Faraday)
ཀྱིས་མ་དེའི་མིག་ཆུ་དེ་ཤེལ་གྱི་ཕྲུ་གུ་ཞིག་གི་ནང་དུ་ཁྱེར་ཡོང་ནས་དངོས་
ཁམས་རིག་པའི་སློབ་ཁྲིད་བྱེད་པའི་གནས་སྐབས་ན་ཁོས་འཆད་སྟེགས་ཀྱི་
ཐོག་ནས་སློབ་མ་ཐམས་ཅད་པོར་སྐད་ཆ་བཤད་པ་རེད། དེ་རིང་ཤེལ་གྱི་
སྦུ་གུ་ནང་དུ་ཡོད་རྒྱུ་འདི་ཅི་རེད་ཟེར་ན་མི་ཞིག་གི་མིག་ཆུ་རེད་ཟེར། མིའི་
མིག་ཆུའི་གྲུབ་ཆ་ཅི་རེད་ཟེར་ན། གཅིག་ནས་ཆུ་རེད། གཉིས་ནས་ཚྭའམ་
བ་ཚྭ་འདི་གཉིས་པོ་རེད་ཟེར། ཡིན་ནའང་ད་དུང་དེས་ཚད་ཀྱི་མ་རེད་ཟེར།
འདིའི་ནང་དུ་ཚན་རིག་གིས་བརྟག་དཔྱད་བྱེད་མི་ཐུབ་པའི་མ་ཞིག་གི་
བརྩེ་དུང་འདིའི་ནང་དུ་ཡོད་རེད་ཟེར་ནས་སློབ་མ་ཚོ་ལ་སློབ་ཁྲིད་བྱས་པ་
རེད། སློབ་ཁྲིད་བྱེད་རྒྱུའི་སྙིང་དོན་ཅི་རེད་ཟེར་ན་དངོས་ཁམས་རིག་པས་
བརྟག་དཔྱད་བྱེད་མི་ཐུབ་རྒྱུའི་དོན་གནས་ཀྱི་དངོས་པོ་མང་པོ་ཡོད་པ་དེ་ང་
ཚོས་ཡིད་ཆེས་དགོས་ཀྱི་ཡོད་རེད་ཟེར་སྤྱད་དོན་དག་དེ་བཤད་པ་རེད་ཁོང་
གིས། ངས་དཔེ་དེ་བཤད་སྤྱད་པོ་ཅི་ཡིན་ཟེར་ན། དཔེར་ན་བོད་ཀྱི་གླུ་ཞིག་
བླངས་པ་ཡིན་ན་དེ་སྒྲ་ཞིག་རེད་གདངས་ཤིག་རེད་བེམ་པོ་ཞིག་རེད། རོལ་
མོ་ཞིག་དཀྲོལ་ན་བེམ་པོ་ཞིག་རེད་དེ་སེམས་ལྡན་ཞིག་ཨེ་རེད་ཟེར་ན་མ་
རེད། ཡིན་ནའང་དེའི་ནང་ཅི་ཡོད་རེད་ཟེར་ན་ང་ཚོ་བོད་མི་རིགས་ཀྱི་རིག་
གནས་ལོ་སྟོང་ཕྲག་མང་པོའི་བར་དུ་བྱུང་བའི་ཁོར་ཡུག་དམིགས་བསལ་
བའི་འདིའི་ཐོག་ནས་བསམ་བློ་དམིགས་བསལ་བ་མི་རིགས་འདིའི་བརྩེ་
དུང་ཟེར་དགོས་ནའང་འདྲ་བསམ་བློ་ཟེར་དགོས་ནའང་འདྲ་དེ་ཚོ་ཐམས་
ཅད་ལ་བརྟེན་ནས་གདངས་འགུགས་ལུགས་དེའི་བྱུང་བ་རེད། གདངས་
འགུགས་རྒྱུ་དེ་རང་དགར་ཡར་ཞིག་བཀྱགས་མར་ཞིག་ཕབ་པ་མིན་པར་
སེམས་ཁམས་ཤིག་གི་ཐོག་ནས་ཡར་བཀྱགས་པ་དང་མར་ཕབ་པ་དེ་ཡོང་
གི་ཡོད་རེད། ཆུའི་རླབས་དེ་ཡིན་ན་ཁོ་རང་ཉིད་ཀྱང་རླུང་གིས་རྒྱུ་ཕྱོགས་
ལ་བསྟུན་ནས་ཡོང་གི་ཡོད་རེད། དེ་འདྲ་བར་ནང་གི་བསམ་པའི་དགའ་བ་
དང་སྐྱོ་བའི་རླབས་དེ་ལ་བརྟེན་ནས་སྒྲ་གདངས་དེ་ཡོང་བ་ཞིག་རེད། སྒྲ་
གདངས་རྩོམ་ཤེས་མཁན་ཞིག་གིས་བརྩམས་པ་ཡིན་ནའང་འདྲ་དེ་མིན་
དམངས་ཁྲོད་ནས་བྱུང་བ་དེ་འདྲ་ཞིག་རེད། དེ་འདྲ་ཡིན་པའི་སྟོབས་ཀྱིས་
སེམས་ཀྱི་སྨན་ཟེར་དགོས་པའི་རྒྱུ་མཚན་དེ་རེད། དེ་འདྲ་ཡིན་དུས་རོལ་
མོ་དང་གླུ་དབྱངས་དེ་ཚོའི་རིགས་མང་པོ་མ་ཡི་མངལ་དུ་ཡོད་སྐབས་ནས་
ཐོས་སུ་འཇུག་དགོས་ཀྱི་ཡོད་རེད། རོལ་མོ་འདི་ཚོས་མི་མ་དགོས་རྩི་ཤིང་
ལའང་ཕན་པ་འདོགས་ཀྱི་ཡོད་པ་ཞིག་རེད། དེའི་འཕྲོ་བོད་ཀྱི་དམངས་ཁྲོད་
ཀྱི་བསམ་བློ་མཚོན་བྱེད་ཀྱི་གཏམ་བརྗོད་ཡིན་ནའང་འདྲ། གཏམ་དཔེ་འདི་
ཚོའི་སྐོར་མིས་སྐད་ཆ་བཤད་ནའང་འདྲ་སྒྲ་དེ་འཕྲུལ་ཆས་གྲགས་པ་ཡིན་
ནའང་འདྲ་དེ་ཚོ་མང་པོ་གོ་འཇུག་དགོས་རེད། དེ་སྔོན་མར་བཤད་ལུགས་
ཡོད་རེད་སློབ་དཔོན་དབྱིག་གཉེན་གྱིས་མདོ་འདོན་པའི་གནས་སྐབས་
ན་བྲག་གསེབ་ན་(ཕུག་རོན)་མུག་གུ་ཞིག་ཡོད་པ་དེ་སྐྱེས་མ་ཐག་ཏུ་བག་
ཆགས་སད་ནས་ཁོའི་བླ་མ་རྒྱ་གར་ཡུལ་དུ་ཡོད་མཇལ་དུ་འགྲོ་དགོས་ཟེར་
བ་ནང་བཞིན་རེད། ཁ་རྩང་དེ་རིང་ཚན་རིག་གིས་དེ་བཤད་ཀྱི་ཡོད་རེད་
སྐྱེ་བ་སྔ་ཕྱི་བཤད་ཀྱི་ཡོད་མ་རེད་དེ། སྒྲ་དེའི་བག་ཆགས་དེ་ཡིན་ན་མིན་ན་
ཟླ་བ་གསུམ་ལོན་པའི་བྱིས་པ་དེར་བག་ཆགས་ཧ་ཅང་བརྟན་པོ་འཇོག་གི་
རེད། དེ་འདྲ་བའི་སློབ་གསོ་དེ་མའི་མངལ་ཆགས་ནས་ཟླ་བ་གསུམ་ནས་
འགོ་འཛིན་དགོས་ཟེར་གྱི་ཡོད་རེད། ལོ་གསུམ་དང་བདུན་གྱི་སྐད་ཆ་མ་
རེད། བོད་ཀྱི་སློབ་གསོའི་དབང་དུ་བཏང་ན་བོད་ཀྱི་གླུ་གཞས་གདངས་ཀྱི་
ཐོག་ན་དེ་ཡོད་རེད། ཚིག་གི་ཐོག་ན་སོ་སོའི་བསམ་པ་མཚོན་བྱེད་དང་གུ་
ཡངས་པོ་མཚོན་བྱེད་མང་གི་རེད། འདི་ཚོ་ཐམས་ཅད་གྲགས་བཅུག་ན་
ཕན་ཐོགས་ཡོད་ཟེར་རེད། ཡིན་ནའང་དེ་དགེ་རྒན་གྱི་བྱ་བ་ཞིག་མ་རེད་
སྙམ་ན། དགེ་རྒན་གྱི་བྱ་བ་མ་རེད་དགེ་རྒན་གྱི་ལོ་བདུན་ནས་རེད་དེ། དེ་
ཁྱབ་བསྒྲགས་བྱེད་དགོས་ཀྱི་ཡོད་རེད། རང་གི་ཁྱིམ་ཚང་གི་བྱ་བ་ཡིན་ན་
མ་གཏོགས་གཞན་པ་དགེ་རྒན་ལ་འབྲེལ་བ་མེད་ཀྱང་དེ་དགེ་རྒན་གྱིས་ཁྱབ་
བསྒྲགས་བྱེད་དགོས་ཀྱི་ཡོད་རེད།
བྱིས་པ་ལོ་གསུམ་ཅན་གྱི་སློབ་གསོ།
དེ་ནས་རིམ་པ་གཉིས་པ་དེ་གང་རེད་ཟེར་ན་བྱིས་པ་ལོ་གསུམ་གྱི་དུས་སུ་
ཡིན་ཟེར་གྱི་ཡོད་རེད། མི་ཞིག་གི་མི་ཚེ་གཅིག་པོ་དེ་དངོས་གནས་དྲང་
གནས་ཡར་འགྲོ་དང་མར་འགྲོ་མི་ཅི་འདྲ་ཞིག་ལོག་གཙོ་བོ་ལོ་གསུམ་གྱི་
དུས་སུ་ཡིན་ཟེར་གྱི་ཡོད་རེད། དེ་འདྲ་ཆུང་ཆུང་ཞིག་གི་སྐད་ཆ་ཞིག་བཤད་
ན་ཟློ་མི་བློ་ཡིན་རྒྱུ་རེད་དེ་ཨེ་ཡིན་ནམ་ཟེར་ན། སྐད་ཆ་བཤད་རྒྱུ་དེ་ད་དུང་
དབང་པོ་རིམ་གྱིས་རྫོགས་དགོས་ཀྱི་ཡོད་རེད། སྐད་ཆ་འཆོས་མི་འཆོས་
རེད་ཡོད་ནའང་སེམས་ཀྱི་སྟེང་ནས་བག་ཆགས་དེའི་སྐབས་སུ་ནས་རྫོགས་
ཀྱི་ཡོད་རེད། དེས་ན་རང་གི་བུ་རྒྱུད་མ་འོངས་པ་ན་མི་ཅི་འདྲ་ཞིག་ལོག་
གཙོ་བོ་དེ་ལོ་གསུམ་གྱི་དུས་སུ་སློབ་གསོ་བྱེད་དགོས་ཀྱི་ཡོད་རེད། དེ་ཁྱིམ་
ཚང་གི་སློབ་གསོ་རེད་མ་གཏོགས་སློབ་གྲྭའི་སློབ་གསོ་མ་རེད། ཁྱིམ་ཚང་
ནང་ནས་ཕ་མ་ཡིས་སློབ་གསོ་བྱེད་རྒྱུ་དེ་རེད།
བློ་ལེན་གྱི་དུས་ཚོད་ཡག་ཤོས།
དེ་ནས་ལོ་བདུན་ལ་ཐོན་དུས་སློབ་གྲྭའི་ནང་ལ་བཞག་དགོས། ལོ་བདུན་
ནས་བཅུ་གསུམ་གྱི་བར་དུ་དམིགས་བསལ་གྱི་དེའི་ཡན་ལ་མེད་རྒྱུའི་ནུས་
པ་ཞིག་ཡོད་རེད། དེ་འཛམ་བུ་གླིང་གི་ཐོག་ནས་ཟེར་གྱི་ཡོད་རེད། ལོ་
བདུན་ནས་བཅུ་གསུམ་མ་ཐོན་བར་དུ་དམིགས་བསལ་གྱི་དབང་པོའི་ནུས་
པ་ཞིག་ཡོད་ཟེར། དེ་ག་རེ་རེད་ཟེར་ན་གཙོ་བོ་བློ་ལེན་གྱི་ཐད་ནས་རེད། དེ་
ཡིན་དུས་དེང་སང་སློབ་གྲྭའི་ནང་ནས་བློ་ལེན་དེ་ལ་ཧ་ཅང་མཐོང་ཆུང་འདྲ་
ཟེར་གྱི་འདུག སློབ་དེབ་ཅིག་གི་ནང་དུ་ལྟ་ཡོང་དུས་སུམ་ཅུ་པ་ལྟ་བུ་ཡིན་ན་
ལོ་རིམ་དང་པོའི་ནང་དུ་ཚིག་རྐང་ཤོ་ལོ་ཀ་གཉིས་གསུམ་ཞིག་དང་། གཉིས་
པའི་སློབ་དེབ་ཀྱི་ནང་དུ་གཉིས་གསུམ་ཞིག བཞི་པའི་ནང་གཉིས་གསུམ་
ཞིག་དེ་འདྲ་ཞིག་མ་གཏོགས་མི་འདུག ང་ཚོ་སྲོལ་རྒྱུན་གྱི་དབང་དུ་བྱས་ན་
བློ་ལེན་རྒྱུ་དེས་ཧ་ཅང་བློ་སྒོ་འབྱེད་ཀྱི་རེད། ཁྱད་པར་དུ་དགེ་ལུགས་པའི་གྲྭ་
ས་ཡིན་ན་གཞུང་ལྡེབ་མ་བཞི་བརྒྱ་ལྔ་བརྒྱ་ཅན་མང་པོ་བློར་འཛིན་གྱི་ཡོད་
རེད། ཡིན་ནའང་དེ་ཆུང་ཆུང་སྐབས་སུ་རྩལ་འདོན་བྱེད་ཀྱི་མི་འདུག རྒྱབ་
ནས་འཛིན་གྱི་ཡོད་རེད། གཙོ་བོ་ངོ་མ་དེ་བློ་ལེན་མི་བྱེད་རྒྱུ་དེ་སློབ་གསོའི་
ནང་ནས་མ་འདངས་ས་ཞིག་ཡིན་པ་རེད། ཆུང་ཆུང་གི་སྐབས་སུ་ཡིན་ན་
མིན་ན་ལོ་བདུན་ནས་བཅུ་གསུམ་གྱི་བར་དུ་དེའི་ནུས་པ་དེ་ཧ་ཅང་ཡོད་
པས་དེའི་དུས་སུ་བློར་བླངས་ན་གཅིག་ནས་བློ་ལེན་སླ། གཉིས་ནས་མི་ཚེ་
གཅིག་པོ་ལ་བློ་སྐྱོར་མ་བྱས་ན་བརྗེད་རྒྱུ་ཡོད་ཀྱི་མ་རེད། དེ་རྣམ་པ་ཐམས་
ཅད་པོ་རང་རང་སོ་སོ་ལ་ཉམས་མྱོང་ཡོད་རྒྱུ་རེད། དེ་ནས་ལོ་བཅུ་གསུམ་
ལ་བུད་ཚར་དུས་དེའི་ནུས་པ་དེ་ཉམས་འགྲོ་གི་རེད། རྩ་བ་ནས་མེད་པ་མ་
ལོག་ཀྱང་དེའི་ནུས་པ་ཉམས་ཀྱི་རེད། ལོ་བཅུ་གསུམ་རྗེས་སུ་བློར་བླངས་
ན་བློ་ལ་འགྲོ་འགྲོ་ན་ཡང་འགྲོ་ཚད་མགྱོགས་པོ་མ་རེད། བརྗེད་སླ་མོ་རེད།
གྲྭ་ས་ནས་གཞུང་པོ་ཏི་བློར་བཟུང་ཡོད་མཁན་ཚོས་ཕལ་ཆེར་ཉི་མ་རེ་རེ་
བཞིན་བློ་ལ་སྐྱོར་དགོས་ཀྱི་ཡོད་རེད། དེ་མིན་ནའང་བདུན་ཕྲག་གཅིག་དེ་
མིན་ན་ཟླ་ཕྱེད་ཀྱི་ནང་ལ་བློ་སྐྱོར་མ་བྱས་ན་བརྗེད་འགྲོ་གི་རེད།
བློ་འཛིན་གལ་ཆེ་ཚུལ།
བློ་ལ་འཛིན་དགོས་ཀྱི་རེད། དཔེར་ན་གསོ་བ་རིག་པ་ཡིན་ན་གསོ་བ་རིག་
པ་བློ་ལ་མེད་ན་ཡི་གེ་ཁ་ཕྱེས་ནས་ཇི་ལྟར་སྨན་བལྟ་དགོས་རེད། དེ་འདྲ་
བ་ཞིག་གི་རྣམ་རིག་གི་ཐོག་ནས་ཡིན་ན་ང་ཚོའི་དཔལ་ལྡན་དུས་ཀྱི་འཁོར་
ལོའི་ནང་དུ་ཡོད་པའི་རྣམ་རིག་དང་དེང་སང་འཛམ་བུ་གླིང་གི་ཐོག་ཏུ་ཡོད་
པའི་ཆེས་སྔོན་ཐོན་གྱི་རྣམ་རིག་གཉིས་ཐོ་གཏུགས་བཞག་ན་ཐོ་གཏུག་ཆོག་
རྒྱུར་ལོག་ཡོད་རེད། སྔོན་མར་ལྷ་ས་སྨན་རྩིས་ཁང་གི་གླིང་གཙོ་གཞོན་པ་
ཞིག་དང་ང་ཚོ་ཁ་རྡབྱས་མྱོང་། ཁོང་གིས་ཟེར་དོན། ཀྲུང་གོའི་ཚན་རིག་
ཁང་གི་རྣམ་རིག་གིཚན་རིག་པ་མཁས་པར་ཁོང་ཚོ་དང་ཁ་བརྡ་བྱས་པས་
དེས་བོད་ཀྱི་རྩིས་དི་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་མི་རིགས་ལྔ་བཅུ་ང་ལྔ་
ཡི་ནང་དུ་ང་ཀྱི་རྩིས་འདི་འདྲ་བ་གཅིག་ཀྱང་མི་འདུག་དེ་འདྲ་ཟེར་གྱི་
འདུག་ཟེར། ཨེདས་ལྔ་བཅུ་ང་ལྔ་ཡི་ནང་དུ་ཅི་ལ་ཡོད་དེ་ཙམ་གྱི་ཚད་ཀྱི་
མ་རེད། དངོས་གས་རྣམ་རིག་དང་ཐོ་གཏུགས་ཆོག་རྒྱུ་དེ་ང་ཚོར་ཉི་མའི་
ཁྱིམ་རྒྱུད་དེ་མ་གཏོགས་པ་དགུ་ཚིགས་གཞན་པ་རྩི་སྤྱད་མེད་པས་རྣམ་རིག་
པ་དེ་དར་གྱི་རེད་མ་གཏོགས་པ་ཉི་མའི་ཁྱིམ་རྒྱུད་ཀྱི་ཐོག་ནས་ཕྲ་བ་འགའ་
རེ་རེད་མ་གཏོགས་རྣམ་རིག་དང་ཐོ་གཏུགས་ཆོག་རྒྱུ་དེ་འདྲ་ཡོད་རེད།
ཡིན་ནའང་དེ་གྲངས་རིག་པ་རེད་དེ་བློ་ལ་མེད་ན་རྩི་ལོ་གི་མ་རེད། སྒྲ་རིག་
པ་ལ་མཚོན་པ་ཡིན་ན་སྲོལ་རྒྱུན་གྱི་ཐོག་ནས་རྒྱ་གར་དང་འབྲེལ་བ་ཆེ་བས།
དེས་ན་ཐམས་ཅད་པོ་ལེགས་སྦྱར་གྱི་དབང་དུ་གཙོ་བོ་བྱེད་ཀྱི་ཡོད་རེད། དེ་
འདྲ་ཡིན་ན་ལེགས་སྦྱར་གྱི་སྒྲ་མདོ་བློ་ལ་མེད་ན་སྒྲ་ཇི་ལྟར་སྒྲུབ་ཀྱི་ཡིན་ཇི་
ལྟར་འབྲི་གི་ཡིན། དེ་དང་འདྲ་བ་ཞིག་ལ་སྙན་ངག་ཅིག་ལ་མཚོན་པ་ཡིན་
ན། དེ་རིང་འབྲི་སྐབས་སྙན་ངག་གི་ནང་དུ་མངོན་བརྗོད་མང་ཆེ་ན་མི་ཡག་
ཀྱང་། མངོན་བརྗོད་རྩ་བ་ནས་མེད་ན་མི་འགྲིག་པས་དེས་ན་མངོན་བརྗོད་
སེམས་ལ་མེད་ན་ཇི་ལྟར་འབྲི་གི་ཡིན། ཆུང་ས་ནས་སུམ་རྟགས་དག་གསུམ་
ཡིན་ན་འདི་ཚོ་བློ་ལ་མེད་ན་འབྲི་ལུགས་ཡོད་མ་རེད། སྔོན་ཆད་ལོ་རབས་
བརྒྱད་ཅུ་པའི་སྐབས་སུ་བོད་ཀྱི་རིག་གནས་ཀྱི་སློབ་གསོ་འདི་ཚོ་ཁ་རྩང་
དེ་རིང་འདྲ་ཞིག་མེད་དུས་དེར་གཞུང་ལས་ཁང་གི་ནང་ལ་ལས་ཀ་ལས་
མཁན་ཚོས་རེའུ་མིག་བྲིས་ནས་རྣམ་དབྱེ་དང་འཕྲདདད་བྱེད་འབྲེལ་ད་
དག་གཞུང་ལས་ཁང་གི་ཅོག་ཙེའི་ཤེལ་སྒོའི་འོག་ཏུ་བཞག་ནས་ཡི་གེ་འབྲི་
ཞོར་དེའི་ཐོག་ཏུ་ལྟ་ཞོར་བྱས་ནས་བསྡད་ཡོད་རེད། དེ་འདྲ་ཞིའི།་ཡི་གེ་
འབྲི་ས་གང་དུ་འགྲོའམ་བསམ་བློ་ཐོངས་དང་། དེས་ན་བློ་བེད་ཟུང་རྒྱུ་འདི་
ཧ་ཅང་གལ་ཆེན་པོ་རེད། དེ་ཡིན་དུས་བློ་ལ་ལེན་དགོས། སྤྱི་ལ་ལེན་རྒྱུ་
དེ་མ་མཐའ་ལོ་བདུན་ནས་འགོ་བཟུང་ནས་སློབ་ཆུང་སྐབས་སུ་ནས་བློར་
མ་བཟུང་ན་མི་འགྲིག་པས། གཞུང་གི་སློབ་དེབ་ཀྱི་ནང་དུ་ཡོད་པ་དེའི་ཟུར་
ལ་འཇོག་དགོས་རེད་རྒྱ་ཡིན་ན་འཇོག་གི་ཡོད་རེད། སྒེར་གྱི་གནས་ཚུལ་
དང་གཞིགས་ནས་འཇོག་གི་ཡོད་རེད། དེས་ན་ཟུར་དུ་བློ་ལེན་འདི་ཚོ་མེད་
ན་དཔེར་ན་སློབ་དེབ་འདིའི་ཐོག་ནས་ལོ་རིམ་དང་པོ་ནས་བཞི་པ་ལྔ་པའི་
བར་དུ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་དེ་གཏོར་ནས་བཞག་ན། འདི་
བློ་ལ་མེད་ནས་བཟུང་སྟེ་ཕན་ཐོགས་ཅི་ཡང་མི་འདུག འཁྲིད་རྒྱུ་དེ་ག་ལེར་
འཁྲིད་ཆོག་གི་རེད། བློ་ལེན་དེ་མ་མཐའ་ལ་སུམ་རྟགས་ཀྱི་རྩ་བ་གཉིས་པོ་
དང་དེ་གཉིས་ཀྱི་སྡོམ་སྔོན་གྱི་མཁས་པ་རྣམས་ཀྱི་བརྩམས་བཞག་པ་མང་
པོ་ཡོད་རེད། ལེགས་བཤད་ལྗོན་དབང་འདྲ་འདྲ། རྟགས་འཇུག་གི་དཀའ་
གནད་གསལ་བའི་མེ་ལོང་འདྲ་བོ། དེ་ཚོ་ཐམས་ཅད་པོ་སློབ་གྲྭའི་ནང་ལ་
གྲུབ་མཐའ་གསར་མ་རྙིང་མ་བཤད་ན་དོན་དག་ཡོད་ཀྱི་མ་རེད། སློབ་གྲྭའི་
ནང་དུ་མིན་ནའང་དོན་དག་མི་འདུག སློབ་གྲྭའི་ནང་ལ་དེ་བས་དོན་དག་
ཡོད་ཀྱི་མ་རེད། གང་བློར་ལེན་སླ་ན་གང་གི་ནང་དུ་གནད་ཚང་ན་དེ་བློར་
ལེན་དགོས་རེད། དེ་ནས་དཀར་རྩིས་ཀྱི་སྔོན་འགྲོ་འདྲ་འདྲ། མངོན་བརྗོད་
ཡིན་ན་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་འདྲ་འདྲ། དེ་འདྲ་བ་ཞིག་གི་དག་
ཡིག་གི་སྐོར་ཡིན་ན་དག་ཡིག་གི་གཞུང་ཆེན་པོ་ཚོ་བློར་མ་བླངས་ནའང་།
ཆུང་ཆུང་ཚིགས་བཅད་བྱས་བཞག་པ་འདི་འདྲ་ཞིག་བློ་ལ་མ་བླངས་ན་རྩ་
བ་ནས་ཡོང་གི་མ་རེད། བློ་ལེན་འདི་ཟུར་ལ་འཇོག་རྒྱུ་དེ་ཧ་ཅང་གལ་ཆེན་
པོ་རེད། ཅུང་ཟད་མི་འདང་ས་སློབ་གྲྭའི་ནང་ན་དེ་རེད།
བོད་ཀྱི་སྐད་ཡིག་གཅིག་གྱུར་བྱ་དགོས།
གཉིས་པ་དེ་སློབ་དེབ་ཀྱི་ཐོག་ལ་བསྒྱུར་རྩོམ་མང་གི་རེད། བསྒྱུར་རྩོམ་དེ་
ཚོ་མདོ་དབུས་ཁམས་གསུམ་གྱི་མི་མང་པོས་བསྒྱུར་བ་རེད། དེས་ན་མདོ་
དབུས་ཁམས་གསུམ་གྱི་སྐད་དེ་ཇེ་རིང་ཇེ་རིང་དུ་འགྲོ་གི་ཡོད་རེད། ཉི་མ་
སྔ་ཆོད་ལ་མཚོན་པ་ཡིན་ན་བསྟན་བཅོས་ཀྱི་ཐོག་གམ་རིག་གནས་ཀྱི་ཐོག་
ནས་སྐད་རིགས་གཅིག་གྱུར་ཧ་ལས་པ་བྱས་བཞག་ཡོད་རེད། བོད་ཀྱི་སྤྱི་
སྐད་གང་ཡིན་ཟེར་བ་ཡིན་ན་བསྟན་བཅོས་ཀྱི་སྐད་དེ་སྤྱི་སྐད་ཡང་དག་
རེད། དེ་སྒྲ་གདངས་དང་ཀློག་ཚུལ་ཅུང་ཟད་མ་གཏོགས་གཅིག་གྱུར་བྱས་
བཞག་ཡོད་རེད། དེ་རིང་ང་ཚོས་སྔོན་གྱི་བསྟན་བཅོས་ཤིག་ལ་བལྟས་པ་
ཡིན་ན། རྗེ་ཙོང་ཁ་པ་ཨ་མདོ་ནས་རེད། དེ་འདྲ་བ་ཞིག་གི་འཇམ་མགོན་
ས་སྐྱ་པཎྜི་ཏ་དབུས་གཙང་ནས་རེད། འཇམ་མགོན་མི་ཕམ་ཁམས་ནས་
རེད། ཡིན་ནའང་གསུང་རྩོམ་གསུམ་པོ་བསྡུར་ནས་ལྷན་ཅིག་ཏུ་བཞག་ནས་
བལྟས་པ་ཡིན་ན། འདི་ལྷ་ས་ནས་བྲིས་པ་དང་འདི་ཨ་མདོ་ནས་བྲིས་པ་འདི་
ཁམས་པ་ནས་བྲིས་པ་ནི་གཞུང་དེ་དག་གི་མགོ་ནས་རྔ་མའི་བར་དུ་བལྟས་
ནས་བཀླགས་ཀྱང་དབྱེ་བ་འབྱེད་ཐུབ་ཀྱི་མ་རེད། ཁ་རྩང་དེ་རིང་གི་བསྒྱུར་
རྩོམ་ཡིན་ན་ལྡེབ་མ་གཅིག་ལས་བཀླག་དགོས་ཀྱི་མ་རེད། འདི་ཨ་མདོ་ཡིས་
བསྒྱུར་བ་རེད། འདི་ལྷ་ས་ནས་བསྒྱུར་བ་དང་། འདི་ཁམས་པས་བསྒྱུར་
བ་རེད་བསམ་རྒྱུ་དེ་འདྲ་ཡོད་རེད། འདི་ཚོ་སྔོན་ཆད་སྐད་རིགས་གཅིག་
བསྒྱུར་བྱས་ཡོད་པ་དེ་ཕར་གཏོར་ནས་འགྲོ་གིན་ཡོད་རེད། དེ་ཚོ་དགེ་རྒན་
རྣམས་ཀྱིས་མཉམ་འཇོག་བྱེད་དགོས་ས་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་ཞིག་
རེད། སློབ་དེབ་ཀྱི་ཐོག་ནས་མཉམ་འཇོག་བྱེད་དགོས་ས་དེ་ཚོ་རེད། ངས་
སློབ་དེབ་ཀྱིས་འགྲིག་གི་མི་འདུག་དེ་རིང་ཟེར་གྱི་མེད། སློབ་དེབ་ཟེར་རྒྱུ་
དེ་བོད་ཀྱི་མཁས་པ་ཐམས་ཅད་འདུས་ནས་བསམ་བློ་བཏང་སྟེ་སྒྲིག་པ་
ཞིག་རེད། དེ་ངས་འགྲིག་གི་འདུག་མི་འདུག་ཅང་ཟེར་གྱི་མེད། ཡིན་ནའང་
དཔེར་ན་སུམ་རྟགས་གཅིག་པུ་ཡིན་ན་དེ་འདྲ་མང་པོ་བྱས་ནས་གཏོར་
བཞག་པ་འདྲ་བོ་དང་སྐད་རིགས་གཅིག་གྱུར་མེད་ནས་ཁ་འཐོར་ལ་འགྲོ་
རྒྱུ་འདི་ཚོ་ཐམས་ཅད་པོ་དངོས་གནས་དྲང་གནས་དགེ་འདུན་ཆོས་འཕེལ་
གྱི་གསུང་གཅིག་པོ་དེ་རྡོ་རྗེའི་གསུང་ཡིན་པ་རེད། ཁོང་གིས་གསུངས་
འདུག་བ། ཇི་སྲིད་དུ་བསྟན་བཅོས་ཀྱི་གསུང་འདིར་ཆ་འཇོག་ཡོད་པ་དེ་
སྲིད་དུ་ང་ཚོའི་སྐད་རིགས་གཅིག་གྱུར་རེད་གསུངས་རེད། དེ་ངོ་མ་ཡིན་པ་
རེད། ངས་ད་རེས་ཟེར་རྒྱུ་དེ་ཡིན་བསྟན་བཅོས་ཀྱི་ནང་དུ་ཡོད་པའི་ཡི་གེ་
ལྡེབ་མ་གཅིག་ཁྱེར་ནས་སོང་སྟེ་དགེ་འདུན་ཆོས་འཕེལ་གྱིས་གསུངས་ཡོད་
རེད་སྟོད་མངའ་རིས་ནས་སྨད་རྒྱ་མོ་ཚ་བ་རོང་བར་དུ་ཁྱེར་ན་སྤྱིར་བཏང་
ཡི་གེ་མ་ཤེས་ན་མ་གཏོགས་འདི་གོ་གི་རེད་དེ་འདྲ་ཞིག་རེད། དེས་ན་དགེ་
རྒན་རྣམ་པས་འཁྲིད་ལུགས་ཀྱི་ཐོག་ནས་ཇི་ལྟར་བྱ་དགོས་པ་དང་བློ་ལེན་
ལུགས་ཇི་ལྟར་དགོས་པ་དེ་རེད།
དུས་ཚོད་འཕྲོ་བརླག་བྱེད་སྤྱད་ཀྱི་སློབ་དེབ།
སུམ་ཅུ་པ་གཅིག་པོ་དེ་ལོ་རིམ་དང་པོ་ནས་ལོ་རིམ་དྲུག་པའི་བར་དུ་དེ་ཤ་
སྟག་ད་དུང་མ་རྫོགས་པར་བསྡད་ན་དེས་ཅི་འདྲ་ས་ཡོད་འདུག དོན་དག་
གཅིག་ལ་ང་ཚོས་མཉམ་པར་འཇོག་དགོས་རྒྱུ་གཅིག་ཡོད་རེད། རྒྱལ་སྤྱིའི་
ཐོག་གི་མཁས་པ་རྣམས་ཀྱིས་ཅི་ཟེར་རེད་ཟེར་ན། དཔེར་ན་ལོ་རིམ་གསུམ་
པའི་སློབ་དེབ་དེ་ཐོན་ཡོང་ན། ལོ་རིམ་གཉིས་པའི་སློབ་དེབ་སྦྱངས་ནས་
མཐར་ཕྱིན་ཚར་བའི་སློབ་མ་ཞིག་གི་ལག་ལ་བཞག་ན་སློབ་མ་དེས་མགོ་
ནས་རྔ་མའི་བར་དུ་ཀློག་ཤེས་པ་མ་ཚད་ད་དུང་དེའི་ནང་དུ་ཡོད་པའི་གཏམ་
བརྗོད་དེ་ཚོ་ཚུལ་དགེ་རྒན་ལ་བཤད་ཡོད་ན། དེ་འདྲའི་སློབ་དེབ་དེ་སློབ་
མའི་དུས་ཚོད་འཕྲོ་བརླག་བྱེད་སྤྱད་ཡིན་ཟེར་ནས་བཤད་ཀྱི་ཡོད་རེད། དེ་
འདྲ་ཡིན་དུས་དེའི་ཐོག་ལ་བསམ་བློ་གཏོང་རྒྱུ་ཡོད་རེད། ང་ཚོས་ལོ་རིམ་
དང་པོ་དང་གཉིས་པ་སྦྱངས་ནས་ལོ་རིམ་གསུམ་པ་བཞི་པའི་སློབ་དེབ་ནང་
ལ་མ་ཤེས་པའི་ཆ་ཅི་ཙམ་འདུག་དེ་བསམ་བློ་གཏོང་དགོས་ཀྱི་རེད། གལ་
ཏེ་དེའི་ནང་ལ་གཅིག་མི་ཤེས་རྒྱུ་མེད་ན་དུས་ཚོད་འཕྲོ་བརླག་བྱེད་ཀྱི་ཡོད་
རེད་མི་ཤེས་རྒྱུ་མེད་ན་སྔར་ནས་ཤེས་ཚར་བས་དེ་འདྲའི་ལོ་མང་པོ་དགོས་
དོན་ཡོད་མ་རེད། ལོ་རིམ་རེ་རེ་བཞིན་དུ་མ་ཤེས་པ་གསར་དུ་ཡོད་དགོས་
རེད།
ཁ་སང་དེ་རིང་རྒྱ་ཡི་སློབ་གྲྭ་རྣམས་ཀྱི་ནང་ལ་རྒྱ་ཡི་སྲོལ་རྒྱུན་རིག་
གནས་ཟེར་ན་(རུའུ་ཧྲིའུ་ཏའོ)་དེ་གསུམ་པོ་རེད་ཁོང་ཚོའི་རུའི་ལུགས་
ཀྱི་བསམ་པ་དང་། ཏའོ་ལུགས་ཀྱི་བསམ་པ། ནང་པའི་བསམ་པ་གསུམ་
པོ་དེ་འཇོག་གི་ཡོད་རེད། དེ་གསུམ་པོ་བཞག་ནས་སློབ་གྲྭ་མང་པོའི་ནང་
དུ་ཤུགས་སྣོན་བརྒྱབས་ནས་ལས་ཡོད་རེད། དེ་འདྲ་ཡིན་སོང་ན་ང་ཚོའི་
སློབ་གྲྭའི་ནང་བློ་ལེན་དེ་ཚོ་གང་ལ་གང་འཚམས་དགོས་ཀྱི་འདུག རེད་མ་
གཏོགས་པ་འདི་ཚོ་ལ་བསམ་བློ་མ་བཏང་ན་དཀའ་མོ་ཡིན་གྱི་ཡོད་རེད།
དོན་དག་གཅིག་པོ་དེ་རིག་པའི་རྣམ་གྲངས་སློབ་པ་དང་། །ཟེར་དེ་དགེ་རྒན་
རྣམ་པས་མཁྱེན་པ་རེད།
ཕ་སྐད་གཙོ་བོ་ཡི་སློབ་ཁྲིད།
ང་ཚོའི་སྐད་རིགས་ཀྱི་འཁྲིད་སྟངས་དང་པོ་གཉིས་པ་ཡོད་རེད། འཁྲིད་
སྟངས་དང་པོ་དེ་ན་ནིང་ཟི་ལིང་དགེ་རྒན་གྱི་སྦྱོང་བརྡར་ནང་དུ་བགྲོ་གླེང་
མང་པོ་བྱས་འདུག འཁྲིད་སྟངས་དང་པོ་ང་ཚོའི་ཕ་སྐད་གཙོ་བོ་བྱས་ནས་
འཁྲིད་རྒྱུ་འདི་དགེ་མཚན་ཡོད་ལུགས་དང་། རྒྱུ་མཚན་ཡོད་ལུགས་ཆེད་ལས་
ཀྱི་མཁས་པ་རྣམས་ཀྱི་དོན་དངོས་པོའི་ཐོག་ནས་བྱུང་བའི་ང་ཚོའི་མཚན་
ཉིད་རིག་པའི་ནང་ནས་བཤད་ན་དངོས་པོ་སྟོབས་ལྡན་གྱི་རིགས་པ་ལྟ་བུ་
མང་པོ་བཤད་ཡོད་འདུག དེ་དངོས་གནས་རེད་དེའི་ཐོག་ནས་སློབ་གསོ་
བྱེད་ལུགས་མ་གཏོགས་གཞན་པ་ཞིག་དཀའ་གྱི་འདུག དང་པོ་དེའི་ཐོག་
ནས་སློབ་གསོ་བྱེད་དགོས་ཀྱི་ཡོད་རེད། དེའི་ཐོག་ནས་རྒྱ་ཡིག་ཤེས་དགོས།
དབྱིན་ཡིག་ཤེས་དགོས་དེ་མི་དགོས་སུ་གཅིག་གིས་ཟེར་གྱི་ཡོད་མ་རེད།
ཡིན་ནའང་ཕ་སྐད་ཕར་ཟུར་དུ་བཞག་ནས་གསར་དུ་གཞན་པའི་ཐོག་ནས་
འགྲོ་དགོས་དུས་དེས་ན་སློབ་མ་ཐམས་ཅད་ཡིན་ན་མི་ཤེས་ནས་སློབ་གྲྭའི་
ནང་ལ་རྒྱུགས་མི་འཕྲོད་པ་དེ་འདྲ་རེད། སློབ་གྲྭ་ཆེན་མོའི་ནང་ལ་འགྲོ་ཐུབ་
ཀྱི་ཡོད་མ་རེད། དཔེར་ན་ང་ཚོའི་ཁམས་ཕྱོགས་ན་རྟའུ་ཟེར་བ་འདྲ་འདྲ་
འདི་ཚོའི་སྐད་དེ་བོད་སྐད་རེད་དེ། བོད་སྤྱི་ཁྱབ་ཀྱི་སྐད་མིན་པ་དེ་འདྲ་རེད།
འདི་དག་གི་སློབ་མ་ཐམས་ཅད་པོར་དཀའ་ངལ་ཅི་ཞིག་འདུག་ཟེར་ན་རྒྱ་
ཡིག་སྦྱོང་དགོས་ན་བོད་ཀྱིས་རྒྱ་ཡིག་སྦྱོང་བ་རེད་ཇི་ལྟར་མཁས་ཀྱང་དེའི་
ནང་ནས་རིམ་པ་གཉིས་པ་མ་གཏོགས་འགྲོ་ས་ཡོད་མ་རེད། འགྲོ་མི་དོ་བ་
རེད། བོད་ཡིག་སྦྱངས་ན་རྒྱ་ཡིས་བོད་ཡིག་སྦྱོང་བ་དང་ཨ་ན་མ་ན་ཡིན་པ་
རེད། བོད་སྐད་བཤད་ཀྱི་ཡོད་ཀྱང་སྤྱི་ཁྱབ་ཀྱི་བོད་སྐད་བཤད་ཀྱི་མེད་དུས་
དཀའ་ལས་མང་པོ་འཕྲད་ཀྱི་ཡོད་རེད། དེ་ཚོ་སློབ་ཆུང་གི་ནང་ནས་རྨད་
གཞི་ཡག་པོ་མི་ཡོང་དེ་ནས་སློབ་འབྲིང་གི་ནང་ནས་མི་འཇོན་མཐོ་རྒྱུགས་
མི་འཕྲོད་སློབ་གྲྭ་ཆེན་མོ་ལ་འགྲོ་ས་མི་ལོན། དེ་འདྲ་ལོག་འགྲོ་གི་འདུག
དེས་ན་རྣམ་པ་ཐམས་ཅད་པོས་དེ་ངོས་ཟིན་ཡོད་རྒྱུ་རེད་དེ། འཁྲིད་སྟངས་
ཀྱི་རྣམ་པ་དང་པོ་དེ་ཁྲིད་ནས་སྐད་རིགས་གཞན་པའི་དེའི་ཐོག་ལ་སྣོན་
མ་བརྒྱབས་ནས་ཁྲིད་རྒྱུ་དེ་ཤིན་ཏུ་གལ་ཆེན་གཅིག་རེད། རིག་པའི་རྣམ་
གྲངས་སྦྱང་བ་དང་ཟེར་རྒྱུ་དེ་ངར་དེ་མ་གཏོགས་ཅང་མེད་གཞན་པ་ཐམས་
ཅད་པོས་མཁྱེན་བཞིན་པ་རེད།
བླང་དོར་ཚུལ་བཞིན་སྟོན་པ།
གཉིས་པ་དེ་གང་རེད་ཟེར་ན། བླང་དོར་ཚུལ་བཞིན་སྟོན་པ་དང་། །ཟེར་
རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ངས་ད་རེས་སློབ་གྲྭའི་ནང་ནས་དགེ་རྒན་
གྱིས་རིག་གནས་སློབ་རྒྱུ་དེ་དགེ་རྒན་གྱི་བྱ་བ་ཡོངས་རྫོགས་ཨེ་རེད་ཟེར་ན་
དེ་མ་རེད། དེས་ན་ཅི་ཞིག་རེད་ཟེར་ན། བླང་དོར་ཚུལ་བཞིན་དུ་སྟོན་པ་དེ་
རེད། བླང་དོར་ཇི་ལྟར་སྟོན་དགོས་ཟེར་ན་འདིའི་ཐོག་ལ་བསམ་བློ་གཏོང་
ས་ཡོད་རེད། དགེ་རྒན་ལ་ལས་བསམས་ན་སྲོལ་རྒྱུན་གྱི་རིག་པ་འདིས་མཁོ་
དང་མི་མཁོ་གི་ས་མཚམས་དེ་འདྲ་ལ་བསམ་བློ་གཏོང་གི་ཡོད་རེད། ཡང་
མི་ལ་ལ་ཡིས་བསམ་བློ་བཏང་ན་ཁ་སང་དེ་རིང་འཛམ་བུའི་གླིང་གི་ཐོག་
ལ་ཚན་རིག་གི་ལག་རྩལ་ཡར་རྒྱས་སོང་ནས་དངོས་པོའི་འཚོ་བ་རྒྱ་ཆེན་པོ་
འབྱུང་གི་ཡོད་རེད། དེས་ན་སྲོལ་རྒྱུན་གྱི་རིག་པ་འདི་ཅང་ཨེ་དགོས་དོན་
དག་ཅད་ཨེ་ཡོད་དེ་འདྲ་སེམས་མཁན་ཡོད་ཀྱི་རེད་དེ། ང་ཚོ་ཐམས་ཅད་
པོས་བསམ་བློ་གཏོང་དགོས་ས་གང་རེད་ཟེར་ན། ནུབ་ཕྱོགས་ཀྱི་སྟོབས་
ལྡན་རྒྱལ་ཁབ་མང་པོ་ཞིག་ལམ་འདི་ནས་སོང་ནས་རྩེ་མོ་ལ་ཐོན་ཏེ་བསྡད་
ཡོད་རེད། ཤར་ཕྱོགས་ནས་ད་དུང་ཡར་རྒྱས་འགྲོ་བཞིན་པ་སྟེ་འཛམ་གླིང་
གསུམ་པའི་རྒྱལ་ཁབ་ཟེར་གྱི་ཡོད་རེད། འཛམ་གླིང་གསུམ་པའི་རྒྱལ་ཁབ་
འདི་ཚོ་ད་ལྟ་གསར་དུ་ཡར་འཕེལ་རྒྱས་འགྲོ་བཞིན་པ་རེད། ནུབ་ཕྱོགས་
པས་ཇི་ལྟར་ལྟ་སྟངས་འཛིན་གྱི་ཡོད་རེད་ཟེར་ན། སྤྱི་ལོ་༡༩༨༨ ཀྱི་ལོ་ལ་
(པ་ལིས་)ཟེར་ས་དེ་ན་ནོ་ཝེར་གྱི་བྱ་དགའ་འཐོབ་མཁན་གྱི་མི་བདུན་
ཅུ་དོན་དྲུག་ཚོགས་འདུ་འཚོགས་ནས་གྲོས་བསྡུར་བྱས་པ་རེད། དེ་དག་
རང་དགར་གྱི་མི་མ་རེད་འཛམ་བུ་གླིང་ཐོག་ནས་རིག་གནས་མཁས་པ་ཤ་
སྟག་རེད་སྤྱིར་རིག་གནས་པ་ཞིག་མ་ཚད་པ་ནོ་ཝེར་གྱི་བྱ་དགའ་འཐོབ་
མཁན་ཟེར་དུས་ཅི་འདྲ་ཞིག་ལ་ཐོབ་པ་ཚང་མས་ཧ་གོ་གི་འདུག རགས་
རིམ་ཞིག་སུ་ཡིན་ན་ཧ་གོ་གི་འདུག་ཞིབ་མོ་ཞིག་དཀའ་ཡང་། དེ་འདྲ་
བའི་མི་བདུན་ཅུ་དོན་དྲུག་གི་ཚོགས་འདུ་འཚོགས་ནས་སྙིང་དོན་ཅི་ཞིག་
འཚོགས་པ་རེད་ཟེར་ན་དེའི་སྐབས་དུས་རབས་ཉི་ཤུ་པ་རེད། དུས་རབས་
ཉི་ཤུ་རྩ་གཅིག་པའི་ནང་ལ་འགྲོ་བ་མིའི་རིགས་མུ་མཐུད་ནས་འཚོ་གནས་
བྱེད་དགོས་ན་གང་གཙོ་བོ་བྱེད་དགོས་པ་དང་ཐབས་ཤེས་གང་དགོས་པ་
དེའི་ཐོག་ནས་གྲོས་བསྡུར་བྱས་པ་རེད། དེ་འདུས་ཀྱི་ནོ་ཝེར་གྱི་བྱ་དགའ་
འཐོབ་མཁན་གྱི་མི་ཐམས་ཅད་པོས་ཅི་ཟེར་ཡོད་རེད་ཟེར་ན། གལ་ཏེ་
འགྲོ་བ་མིའི་རིགས་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་མུ་མཐུད་ནས་
འཚོ་གནས་བྱེད་དགོས་ན་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་དུ་ཕྱིར་སོང་ནས་
ཤར་ཕྱོགས་ཀྱི་ཁུད་ཙེའི་ཤེས་རབ་དེ་ལེན་དགོས་ཀྱི་མ་གཏོགས་དེ་མིན་ན་
འགྲོ་བ་མིའི་རིགས་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དུ་མུ་མཐུད་ནས་
འཚོ་གནས་བྱེད་ཐུབ་ཀྱི་མི་འདུག་ཟེར། དེ་ཅི་རེད་བསམ་བློ་ཐོངས་དང་
ཁུང་ཙེའི་རིག་པའི་ནང་ལ་ཅི་ཞིག་ཡོད་པ་རེད། ཁུང་ཙེའི་རིག་པ་མེད་ན་
ཅིའི་ཕྱིར་འཚོ་གནས་བྱེད་མི་ཐུབ་པ་རེད། ཁུང་ཙེའི་རིག་པས་གནམ་གྲུ་
བཟོ་གི་མི་འདུག ཁུང་ཙེའི་རིག་པས་མཚོན་ཆ་འདྲ་དང་མི་འདྲ་བཟོ་གི་
མི་འདུག ཁུང་ཙེའི་རིག་པས་གློག་ཆས་དང་འཕྲུལ་ཆས་འདྲ་དང་མི་འདྲ་
མ་བཟོས་ན། འདི་འདྲ་ཅི་ལ་གལ་ཆེ་བ་རེད། དེ་དངོས་གནས་དྲང་གནས་
བསམ་བློ་གཏོང་ས་གལ་ཆེན་པོ་རེད། ཁ་སང་དེ་རིང་དཔེ་མཛོད་རེད་
དཔེ་ཚོང་ཁང་གང་གི་ནང་ལ་འཛུལ་སོང་བ་ཡིན་ན། ཡིག་ཆ་ཕལ་ཆེར་བ་
ནི་ཁུང་ཙེའི་རིག་པའི་སྐོར་དང་འདིའི་ཐོག་གི་ཟེར་སྡེར་རེད། ཡིག་ཆ་དེ་
དག་གིས་བཀང་བཞག་ཡོད་རེད། དུས་རབས་ཉི་ཤུ་རྩ་གཅིག་པ་འཐོན་
དུས་དེར། སྔོན་མར་རིག་རྒྱུ་ཡོད་དམ་མེད་ཚང་མས་ཧ་གོ་གི་རེད། ཁུང་
ཙེའི་རིག་པ་གལ་ཆེ་བའི་རང་བཞིན་དེ་ཚང་མས་ཧ་གོ་ཡོད། འདི་གལ་ཆེ་
བའི་ངོ་ཟིན་དེ་རྒྱུད་རིམ་ཞིག་ཡོད་རེད། ཇི་ལྟར་ཡོད་རེད་ཟེར་ན། དཔེར་
ན་ལོ་རབས་ལྔ་བཅུ་པ་དང་དྲུག་ཅུ་པའི་ནང་འདི་ངོས་ཟིན་ཐུབ་ཡོད་མ་
རེད། འདི་ངོས་མི་ཟིན་པ་ཅི་རེད་ཟེར་ན་དཔལ་འབྱོར་དེ་འདྲ་ཡར་རྒྱས་
མ་སོང་བའི་སྐབས་ན་མི་ཐམས་ཅད་ཀྱིས་གཙོ་བོ་འཚོ་གནས་ཀྱི་དོན་ལ་
བསམ་བློ་གཏོང་འདུག་རྒྱུ་མ་གཏོགས་པ་གཞན་པ་མང་པོའི་ཐོག་ལ་བསམ་
བློ་མི་གཏོང་པ་དང་། ཐམས་ཅད་པོས་སྒོར་མོ་མང་པོ་ཡོད་ན་གཞན་མ་
རེད་པ་ཅི་ཡང་ཡོད་ཀྱི་མ་རེད། བསམ་པའི་བསམ་བློ་དེའི་ཐོག་ལ་བཟུང་
ཡོད་རེད། ནུབ་ཕྱོགས་ཀྱིས་བསམ་བློ་དེ་འཛིན་མྱོང་བ་རེད། །
འཛམ་གླིང་མི་ཡོངས་ཀྱི་སེམས་ཀྱི་སྟེང་དུ་ཡོད་པའི་འདྲི་རྟགས།
ཡིན་ནའང་དཔལ་འབྱོར་ཡར་རྒྱས་སུ་སོང་སྟེ་དེ་རིང་གི་ཉི་མ་འདི་ལྟ་བུ་ལ་
འཐོན་ཡོང་དུས་དེར་དཔེར་ན་ནུབ་ཕྱོགས་སུ་ཁ་སང་དེ་རིང་ཧ་གོ་ཡོང་གི་
ཡོད་རེད། སྲོལ་རྒྱུན་གྱི་རིག་གནས་ཤིག་མེད་ན་འགྲིག་གི་མི་འདུག་ཟེར།
མི་འགྲིག་པའི་རྒྱུ་མཚན་ཅི་རེད་ཟེར་ན། ང་ཚོའི་དོན་དངོས་པོའི་ཐོག་ནས་
ཡོད་པའི་དཔེ་ཞིག་བཞག་ན་ཨ་མེ་རི་ཀ་ལྟ་བུ་རྒྱལ་ཁབ་འདི་མཁས་པ་ལ་
ལ་ཡིས་ཟེར་ན་དཔལ་འབྱོར་རིག་པ་པ་ཡིན་ནའང་འདྲ་ལོ་རྒྱུས་རིག་པ་སྨྲ་
བའི་མཁས་པ་རྣམས་ཀྱིས་བཤད་ན། དེ་སྔོན་མིའི་རིགས་ཀྱི་ལོས་རྒྱུས་ནང་
འདི་འདྲ་བའི་འབྱོར་ཕྱུག་ཅན་གྱི་རྒྱལ་ཁབ་ཅིག་བྱུང་མ་མྱོང་བ་རེད་ཅེས་
བཤད་ཀྱི་ཡོད་རེད། དེ་མཁས་པ་གཞོན་པ་རྣམས་ཀྱིས་ཟེར་གྱི་ཡོད་རེད་
དེའི་དབང་དུ་བྱས་ན་སྤྱིའི་དཔལ་འབྱོར་ཡར་རྒྱས་འགྲོ་སྟངས་ཇི་ལྟར་རེད་
ཟེར་ན་དུས་རབས་ཉི་ཤུ་པའི་ནང་གི་ལོ་རབས་ལྔ་བཅུ་པ་དང་དྲུག་ཅུ་པ་སྟེ།
དུས་རབས་ཕྱེད་ཀ་ཞིག་གི་ནང་ལ་མི་སྤྱིར་བཏང་ཞིག་དཔལ་འབྱོར་ཡོང་
འབབ་ལ་བསམ་བློ་གཏོང་ན་ལྡབ་གསུམ་གྱིས་ཡར་ཇེ་འཕར་དུ་སོང་ཚར་
བ་རེད་ཟེར། དེ་འདྲ་ཞིག་གི་ཡོང་སྒོ་ཡོད་པ་རེད་དཔལ་འབྱོར་གྱི་ཡོང་སྒོ་
དེ་འདྲ་ཞིག་རེད། ཡིན་ནའང་སྤྱི་ཚོགས་འདི་ཅི་འདྲ་ཞིག་རེད་ཀྱི་ཡོད་རེད་
ཟེར་ན། སྤྱི་ཚོགས་འདི་ཡར་རྒྱས་འགྲོ་ཐུབ་ཀྱི་ཡོད་མ་རེད། ཅིའི་ཕྱིར་ན་མི་
འགྲོ་བ་རེད་ཟེར་ན། ཨ་མེ་རི་ཀའི་སྤྱི་ཚོགས་འདི་ཁ་སང་དེ་རིང་ལ་བསམ་
བློ་བཏང་ན། ལོ་རབས་ལྔ་བཅུ་པ་ལས་ཁ་སང་དེ་རིང་ལྡབ་གཉིས་ལ་བཟའ་
ཚང་ཁ་ཐོར་འགྲོ་རྒྱུ་འདི་མང་ཚར་བ་རེད་ཟེར། ན་གཞོན་རྣམས་ཀྱིས་རང་
སྲོག་གཅོད་རྒྱུའམ་ལོ་ཉུང་རྣམས་ཀྱི་རང་ཤི་རྒྱག་རྒྱུ་དེ་ཡིན་ན་ལྡབ་གསུམ་
གྱིས་ཇེ་མང་རེད་ཚར་བ་རེད་ཟེར། ན་གཞོན་རྣམས་ཀྱིས་མི་གསོད་རྒྱུ་ཡིན་
ནའང་འདྲ། དུག་འཐུང་རྒྱུ་ཡིན་ནའང་འདྲ། ཇག་རྒྱག་རྒྱུ་སོགས་བྱ་བ་ངན་
པ་ཁྲིམས་འགལ་གྱི་ལས་ཀ་བྱེད་རྒྱུ་འདི་སྔ་ཆོད་ལོ་རབས་ལྔ་བཅུ་པ་དང་
བསྡུར་ན་ལྡབ་བཞིས་ཇེ་མང་རེད་ཚར་བ་རེད་ཟེར། ཁྲིམས་ཁང་གི་ནང་དུ་
ཡོད་པའི་མི་དེ་ནི་ལོ་རབས་ལྔ་བཅུ་པ་དང་ད་ལྟ་གཉིས་བསྡུར་ནས་རྩིས་ན་
ལྡབ་ལྔས་ཇེ་མང་རེད་ཟེར། དེས་ན་ལྡབ་གཉིས་ལྡབ་གསུམ་ལྡབ་གཞི་སྟེ་བྱ་
བ་མ་རུངས་པ་བྱ་བ་མི་ཉེན་པ་ཐམས་ཅད་ལྡབ་ནས་ལྡབ་ལ་ཡར་འཕེལ་གྱི་
ཡོད་རེད། དེ་འདྲ་བ་ཞིག་ལ་བསམ་བློ་བཏང་ནས་ནུབ་ཕྱོགས་ཀྱི་ཆེད་ལས་
མཁས་པ་རྣམས་ཀྱིས་ད་ཁ་ཕྱིར་ལ་འཁོར་ནས་སྲོལ་རྒྱུན་རིག་གནས་ལ་
རེ་བ་མ་བཅོལ་ན། མི་འགྲིག་གི་ཟེར་གྱི་ཡོད་རེད། ཚན་རིག་གི་ལག་རྩལ་
གྱིས་འགྲོ་བ་མིའི་རིགས་ཀྱི་དངོས་པོའི་འདོད་པ་བཀང་ཐུབ་ཀྱི་རེད། དེ་
རིང་ཅི་ཞིག་དགོས་ཀྱང་ཅི་ཞིག་ཡོད་ཀྱང་དེ་ཙམ་གྱིས་སྤྱི་ཚོགས་འདི་ཡར་
རྒྱས་འགྲོ་གི་ཡོད་མ་རེད། ད་གིན་དེ་སྤྱི་ཚོགས་ཡར་རྒྱས་ཟེར་དགོས་སམ་
ཅི་ཞིག་ཟེར་དགོས། བཟའ་ཚང་ཁ་འཐོར་རྒྱག་རྒྱུ་ལྡབ་གཉིས་ཀྱིས་ཇེ་མང་
ལ་སོང་བ་དང་། དེ་འདྲ་བ་ཞིག་ལ་རང་སྲོག་གཅོད་རྒྱུ་ལྡབ་གསུམ་གྱིས་ཇེ་
མང་ལ་སོང་། ཁྲིམས་འགལ་བྱེད་རྒྱུ་ལྡབ་བཞིས་ཇེ་མང་ལ་སོང་། བཙོན་
ཁང་ནང་གི་མི་ལྡབ་ལྡས་ཇེ་མང་ལ་སོང་ན། དུས་རབས་ཉི་ཤུ་རྩ་གཅིག་པ་
དང་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པ་གཉིས་བསྡུར་ན་སྤྱི་ཚོགས་
འདི་ཡར་རྒྱས་སོང་བ་རེད་ཟེར་དགོས་སམ་སྤྱི་ཚོགས་འདི་མར་ཇེ་གུད་
དམ་ཉམས་གུད་ལ་སོང་བ་རེད་ཟེར་དགོས། དེའི་ཐོག་ལ་བསམ་བློ་གཏོང་
ས་ཡོད་པ་རེད། དེ་ནི་འཛམ་བུ་གླིང་གི་མི་ཡོངས་སུ་རྫོགས་པའི་སེམས་ཀྱི་
ནང་ལ་འདྲི་རྟགས་ཤིན་ཏུ་ནས་ཀྱང་ཆེན་པོ་ཞིག་བརྒྱབས་བཞག་ཡོད་རེད།
དེ་སྔ་མི་རྣམས་ལམ་འདིའི་ཐོག་ལ་ཐོན་མྱོང་ཡོད་མ་རེད། ཐམས་ཅད་པོས་
ཡར་རྒྱས་ཀྱི་ཁ་ཕྱོགས་དེ་དངོས་པོ་ཡར་རྒྱས་གཏོང་རྒྱུ་མ་གཏོགས་གཞན་
པ་ཡོད་ཀྱི་མ་རེད་དེ། འདི་ལ་ཐུག་པའི་སྐབས་སུ་བསམ་བློ་གསར་བ་མ་
བཏང་ན་མི་ཡོང་བ་རེད། དེས་ན་མཁས་པ་རྣམས་ཀྱིས་ལོ་ཉིས་སྟོང་ལྔ་བརྒྱ་
རུ་ཕྱིར་སོང་ནས་ལུང་ཙེའི་རིག་པ་དེ་མ་བླངས་ན་འགྲོ་བ་མིའི་རིགས་འཚོ་
གནས་བྱེད་ཐུབ་ཀྱི་མི་འདུག་ཟེར་རྒྱུའི་རྒྱུ་མཚན་གང་ལ་ཐུག་ཡོད་རེད་ཟེར་
ན། རྒྱུ་མཚན་དེ་ལ་ཐུག་ཡོད་རེད།
ནུབ་ཕྱོགས་པའི་རིག་པ།
ནུབ་ཕྱོགས་ཀྱི་རིག་པ་རྣམས་མདོར་བསྡུས་པ་ཡིན་ན་གཉིས་ཀྱི་ནང་དུ་འདུ་
གི་རེད། གཅིག་དེ་གང་རེད་ཟེར་ན་བདག་གཙོ་བོ་བྱེད་རྒྱུ་དེ་རེད། བདག་
རང་ཉིད་གཙོ་བོ་བྱས་པ་ཟེར་ནས་བདག་རང་མ་གཏོགས་གཞན་ལ་བསམ་
བློ་ཆེན་པོ་མི་གཏོང་རྒྱུ་དེར། དགེ་འདུས་ཆོས་ཕལ་གྱིས་སྡོམ་ཚིག་ཆེན་པོ་
བཀོད་ཡོད་རེད། འཇིག་རྟེན་གྱི་རིག་པ་ལ་ཁོ་བོ་ཅག་ལས་རིགས་པ་བརྒྱ་
འགྱུར་གྱིས་བཀྲ་བ། གཞན་གྱི་བདེ་ཚོར་ལ་ལྡོག་པས་ཉུང་མ་བརྫི་བ་ལྟ་
བུ་ལས་མི་བརྩི་བ་གསུངས་རྒྱུ་དེ་སྡོམ་ཚིག་ཆེན་པོ་གཉིས་རེད། འཇིག་
རྟེན་གྱི་ལས་ཀ་ཞིག་ལས་དགོས་ན་ང་ཚོ་ལས་རིགས་པ་བརྒྱ་འགྱུར་གྱིས་
བཀྲ་བ་རེད། ནུབ་ཕྱོགས་ཟེར་རྒྱུ་དེ་གཞན་གྱི་བདེ་ཚོར་ལ་ལྡོག་པས་ཉུང་
མ་བརྗེ་བ་ལྟ་བུ་ལས་མི་རྩི་བ་ཟེར་ཡོད་ཀྱང་དེ་ཙམ་ཞིག་ཟེར་ཆེ་ཨེ་འགྲོ་
མི་ཤེས་ཏེ། གང་ལྟར་ཡང་བདག་གཙོ་བོ་བྱེད་ཀྱི་ཡོད་རེད། དོན་གྱི་ཐོག་
ནས་བདག་རང་ཉིད་གཙོ་བོ་བྱེད་ལུགས་ཅི་འདྲ་རེད་ཟེར་ན། རང་དགར་
བཤད་པ་མིན་པར་དུས་རབས་ཕྱེད་ཀ་ཙམ་གྱིས་རིང་ལ་ཚན་རིག་གིས་
ཞིབ་འཇུག་བྱེད་དུས་དན་གྲངས་མང་པོ་ཡོད་རེད་དན་གྲངས་ཞེས་པ་ནི་
རྒྱ་ཡིས་(ཧྲུའོ་ཅུའུ་)ཟེར་ཡོད་ས་འདི་ཚོ་ལ་བརྟེན་ནས་སྐད་ཆ་བཤད་ཀྱི་
ཡོད་རེད་མ་གཏོགས་རང་དགར་ཡམ་ཡམ་ཞིག་གིས་བཤད་ན་བདེན་གྱི་མ་
རེད། དེས་ན་ནུབ་ཕྱོགས་ནས་བདག་གཙོ་བོ་བྱེད་པའི་དབང་གིས་མི་དང་
མིའི་བར་གྱི་འབྲེལ་བ་དེ་ཇེ་ངན་ལ་སོང་ནས་ནུབ་ཕྱོགས་ཀྱི་དཔལ་འབྱོར་
རིག་པ་པ་འགའ་ཞིག་གིས་ཟེར་འདུག་བ། ཨ་མེ་རི་ཀའི་སྤྱི་ཚོགས་འཐོར་
ཞིག་ལ་སོང་ན་གཞན་པ་གང་གིས་མི་འགྲོ་གི་ཟེར། གཙོ་བོ་དེ་མི་དང་མིའི་
བར་གྱི་ཕན་ཚུན་གཅིག་གིས་གཅིག་ལ་སེམས་ཁུར་བྱེད་རྒྱུ་དང་ཕན་ཚུན་
གཅིག་གིས་གཅིག་ལ་བསམ་བློ་གཏོང་རྒྱུ་འདི་འདྲ་མེད་པའི་སྟོབས་ཀྱིས་
འཐོར་ཞིག་ལ་འགྲོ་གི་འདུག་ཟེར། ཁ་སང་དེ་རིང་ཨ་མེ་རི་ཀའི་ནང་ནས་
རེད། དེར་ཚོད་ལྟ་བྱས་ཡོད་རེད་ཚན་རིག་པས། དེ་རིང་རྒྱ་ལམ་གྱི་གཞི་
མདོ་ན་མི་ཞིག་ནད་ཀྱིས་མནར་ཁག་བྱས་ནས་གྱོན་གོས་སྤྱིར་བཏང་བ་
ཞིག་གོན་ནས་ནད་ཀྱིས་ན་ཁག་བྱས་འགྲིལ་ནས་བསྡད་ན། དེ་ནས་ཡར་
འགྲོ་མར་འགྲོ་མི་དེ་འདྲའི་མང་པོ་ཞིག་རེད་དེ་མིག་ལྟ་རྒྱག་མཁན་ཞིག་མི་
འདུག་ཟེར། སང་ཉིན་གྱོན་པ་བཟང་པོ་མིང་གྲགས་ཅན་གྱི་གྱོན་པ་འགའ་
རེ་གྱོན་ནས་མི་དེ་དེའི་མཚམས་སུ་ལོག་ཁུལ་བྱས་ནས་བཞག་ན་གཅིག་རེ་
གཉིས་རེས་ཕྱིར་བལྟས་བྱེད་མཁན་ཡོད་འདུག་ཟེར་རེད། དེ་འདྲ་ཞིག་གི་
ས་ཚིགས་ལ་ཐུག་ཡོང་གི་ཡོད་རེད། སྤྱི་ཚོགས་ཀྱི་ཐོག་ནས་མི་གཅིག་གིས་
གཅིག་ལ་བརྩེ་སེམས་དང་ཕན་ཐོགས་འདི་འདྲ་མེད་སོང་བའི་སྟོབས་ཀྱིས་
མི་ཐམས་ཅད་ལ་དངོས་པོ་ཡར་རྒྱས་སོང་བ་ཞིག་གིས་ཕན་ཐོགས་ཡོད་ཀྱི་
མ་རེད། མི་ཐམས་ཅད་པོའི་སེམས་ནང་ལ་སྐྱིད་ཀྱི་ཡོད་མ་རེད། དེ་འདྲ་
ཞིག་གི་ཨ་མེ་རི་ཀའི་ཁ་སང་དེ་རིང་འཛམ་གླིང་གི་བདེ་སྐྱིད་ཀྱི་འཚོ་གྲངས་
ཟེར་ནས་དཔལ་འབྱོར་རིག་པ་རྣམས་ཀྱིས་མཐོང་ཆེན་བྱེད་ཀྱི་ཡོད་རེད།
སྤྱིར་བཏང་འཛམ་བུ་གླིང་གི་དཔལ་འབྱོར་ཡར་རྒྱས་ཡོད་པ་འདི་ཚོས་བདེ་
སྐྱིད་ཀྱི་འཚོ་གྲངས་ཅུང་ཟད་རྒྱས་པ་ནས་མར་ཉམས་ཀྱི་ཡོད་རེད། དེ་ལ་
ཟེར་ལུགས་མང་པོ་རེད་གཅིག་བྱས་ན་སྔ་ཆོད་ང་རང་ཉིད་མི་ཚེ་འདི་བདེ་
མོ་སྐྱིད་པོ་རེད་བསམས་ནས་ང་བདེ་ཡི་འདུག ང་སྐྱིད་ཀྱི་འདུག་ང་མི་སྐྱིད་
པ་མེད་སེམས་མཁན་མི་བརྒྱ་ཆ་བཞི་བཅུ་ཐམ་པ་རེད་ཟེར། ཁ་སང་དེ་རིང་
བརྒྱ་ཆ་བཞི་བཅུ་ཐམ་པ་ནང་ནས་མར་ལྷུངས་ནས་བརྒྱ་ཆ་སུམ་ཅུ་མན་ལ་
ལྷུངས་ཡོད་རེད། དཔལ་འབྱོར་དེ་ཡར་འགྲོ་གི་ཡོད་རེད་ལྡབ་གསུམ་གྱིས་
ཇེ་འཕེལ་རེད། མི་རྣམས་ཀྱི་བདེ་སྐྱིད་སྣང་བ་དེ་མར་འགྲོ་གི་ཡོད་རེད། སྤྱི་
ཚོགས་ཀྱི་ཐོག་ནས་རྙོག་གྲ་ཡར་ཇེ་ཆེར་འགྲོ་གི་ཡོད་རེད། ཚན་རིག་དང་
ལག་རྩལ་གྱི་ཐོག་ནས་བཤད་ན་ད་གིན་ཟེར་རྒྱུ་དེ་རེད་འགྲོ་བ་མིའི་ལོ་རྒྱུས་
ཆགས་ནས་ཨ་མེ་རི་ཀ་ལྟ་བུ་ཞིག་བྱུང་མ་མྱོང་བ་རེད་ཟེར་གྱི་ཡོད་རེད།
འདི་ལ་ཚིག་མཛོད་ཀྱི་ནང་ལ་མིང་གསར་པ་ཐོན་གྱི་ཡོད་རེད། ཡར་རྒྱས་
ཀྱི་འགལ་འདུ་ཟེར་ནས་མིང་ཐོན་ཡོད་རེད། སུ་ཞིག་ཡིན་ནའང་དེ་ཟེར་
གྱི་རེད། སྤྱི་ཚོགས་ཡར་རྒྱས་འགྲོ་དགོས། མི་རིགས་ཡར་རྒྱས་འགྲོ་དགོས་
ཟེར་ཡང་ཡར་རྒྱས་འདི་འདྲ་ཞིག་ཐོན་ཡོང་དུས་འགལ་འདུ་ཞིག་བུད་ཡོད་
རེད། དེས་ན་ཐམས་ཅད་པོའི་སེམས་ལ་བསམ་བློ་གཏོང་ལུགས་གསར་བ་
ཞིག་སྐྱེ་ཡོང་གི་ཡོད་རེད། བསམ་བློ་གཏོང་ལུགས་གཞན་པ་གང་ཡང་ཡོད་
ཀྱི་མ་རེད་གང་འགྲོ་དགོས་ཟེར་ན་སྲོལ་རྒྱུན་གྱི་རིག་གནས་ནང་ལ་འགྲོ་རྒྱུ་
དེ་རེད། སྲོལ་རྒྱུན་གྱི་རིག་གནས་ནང་ལ་སོང་ནས་བསམ་བློ་གཏོང་ས་མ་
གཏོགས་གཞན་ཅང་མི་འདུག
རྨཚན་རིག་པས་སྐྱབས་བཅོལ་སའི་ཁུང་ཙེའི་རིག་པ་ལས་
ལྷག་པའི་བོད་ཀྱི་ལེགས་བཤད།
དེ་འདྲ་ཡིན་སོང་དུས་ནུབ་ཕྱོགས་ཀྱི་མཁས་པ་རྣམས་ཀྱིས་ཟེར་ན་ཁྱང་
ཙེའི་རིག་པའི་ནང་དུ་འགྲོ་དགོས་ཟེར་རེད། ང་ཚོ་བོད་འདྲ་ཞིག་ལ་བསམ་
བློ་གཏོང་བ་ཡིན་ན་ས་སྐྱ་ལེགས་བཤད་དང་ཁུང་ཙེའི་རིག་པ་གཉིས་
གཅིག་སྡུར་དང་། ངོ་མ་བཤད་ན་ཟབ་མི་ཟབ་ཀྱི་གནམ་ས་ལྟ་བུའི་ཁྱད་
པར་ཡོད་རེད། མི་ཕམ་ཚང་གི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་
བའི་རྒྱན་དང་། ཁུང་ཙེའི་རིག་པ་དེ་གཉིས་གཅིག་སྡུར་དང་། རྒྱ་ཆེ་མི་ཆེ་
དད་ཟབ་མི་ཟབ་གནམ་ས་ལྟར་ཁྱད་ཡོད་རེད། དེས་ན་ང་ཚོའི་རིག་གནས་
ནང་ལ་ཡོད་ཀྱི་རེད་ཁུང་ཙེའི་ནང་ནས་བླངས་ན་ཆོག་གི་རེད་དེ་མ་བླངས་
ན་ཆོག་གི་རེད། འདི་ན་ཡོད་རེད། ཡོད་ན་ང་ཚོས་ག་རེ་བྱ་དགོས་རེད། རྒྱ་
ཡི་ཡིན་ན་ཁུང་ཙེའི་རིག་པ་སློབ་གྲྭའི་ནང་ལ་སློབ་སྦྱོང་བྱེད་རྒྱུ་དང་ཐ་ན་
བྱིས་པ་ཆུང་ཆུང་བུ་བཅོལ་ཁང་ཡན་ཆོད་ཀྱིས་འདིའི་ཐོག་ལ་ནུས་པ་ཕྱུང་
གི་ཡོད་རེད། དེས་ན་ང་ཚོའི་སློབ་གྲྭའི་ནང་ནས་རྒྱལ་པོ་ལུགས་ཀྱི་བསྟན་
བཅོས་དང་། དེ་འདྲ་བ་ཞིག་གི་འཇམ་མགོན་ས་པཎ་གྱི་ལེགས་བཤད་སྐོར་
རྣམས་བཤད་ན་ཅིའི་ཕྱིར་མི་ཆོག གལ་ཏེ་འདིའི་ནང་ལ་ཆོས་ཡོད་རེད་ཟེར་
ན། ཆོས་ཕར་ཟུར་དུ་བཞག་ནས་དེའི་ནང་ནས་འཇིག་རྟེན་གྱི་བྱ་བ་ཐམས་
ཅད་བཤད་ཡོང་ན་བླང་དོར་ཚུལ་བཞིན་བསྟན་པ་དང་ཟེར་རྒྱུ་འདི་རེད།
བླང་དང་དོར་གཉིས་པོ་དངོས་གནས་གལ་ཆེན་པོ་རེད། ང་ཚོའི་བསམ་བློ་
གཏོང་ལུགས་དེ་དངོས་གནས་ཅུང་ཟད་མ་འདངས་པའི་ཆ་ཡོད་རེད།
དབུལ་པོ་རྣམས་ཀྱི་ཆོས་ཉིད།
ང་ཚོས་དངོས་པོའི་དཔལ་འབྱོར་ཟེར་ནའང་འདྲ་དངོས་པོའི་ཕྱོགས་ལ་ཧ་
ཅང་གི་རིན་ཐང་ཆེན་པོའི་ལྟ་ཚུལ་འཛིན་ཡོད་རེད། དེ་དབུལ་པོ་ཐམས་
ཅད་པོའི་ཆོས་ཉིད་ཡིན་པ་རེད། དབུལ་པོ་ཐམས་ཅད་པོས་ཅི་བསམ་གྱི་
རེད་ཟེར་ན། ནམ་ཞིག་ན་ང་སྒོར་མོ་ཅི་འདྲ་ཞིག་དགོས་ནའང་དེ་འདྲ་ཞིག་
ཡོད་སོང་ན། དེས་ན་ང་བདེ་སྐྱིད་ཕུན་སུམ་ཚོགས་སོང་བ་རེད། དེས་ན་ང་
མ་རེད་པ་ཅང་མེད་ང་མི་ཚེ་སྐྱིད་སོང་བ་རེད་བསམ་པའི་བསམ་བློ་ཡོད་པ་
རེད། དེ་ཡོད་པའི་སྟོབས་ཀྱིས་དངོས་པོ་འདི་ཧ་ཅང་རིན་ཐང་ཆེན་པོ་དང་
རེ་བ་ཆེན་པོ་རྒྱག་གི་ཡོད་རེད། དེ་ལ་རེ་བ་ཆེན་པོ་རྒྱག་སྤྱད་ཅི་རེད་ཟེར་ན།
འདིའི་རང་བཞིན་མ་ཤེས་པ་རེད། དབུལ་པོ་ཟེར་རྒྱུར་རྒྱུ་དངུལ་ཡོད་མྱོང་
བ་མ་རེད། ཁྱོད་དེ་རིང་སྒོར་མོ་ཅི་འདྲ་བེད་སྤྱོད་གཏོང་དགོས་ན་གཏོང་རྒྱུ་
དེ་འདྲ་ང་སྐྱེས་ནས་བཟུང་སྟེ་ཡོད་མྱོང་བ་མ་རེད། ཉིན་ཞིག་དེ་འདྲ་ཞིག་
གི་ས་ཚིགས་ལ་ཐུག་སོང་ན་ཅི་འདྲ་ཡིན་པ་གོ་མྱོང་ཡོད་ཀྱི་མ་རེད། དེ་འདྲ་
ཞིག་རེད་སོང་ན་བདེ་མོ་སྐྱིད་པོ་ཞིག་ཡིན། དེ་ནས་ང་མི་རེད་པ་ཞིག་མེད་
བསམས་ནས་རེ་བ་ཧ་ཅང་ཚད་ལས་བརྒལ་བའི་རེ་བ་བཞག་ཡོད་རེད། དེ་
འདྲ་བའི་རེ་བ་ཆེན་པོ་བཞག་ནས་ནུབ་ཕྱོགས་རྒྱལ་ཁབ་འགའ་ཚད་ཐིག་
དེ་ལ་ཐོན་ནས་ཕྱིར་ལ་བལྟ་ཡོང་དུས་རེད་མི་འདུག་ཟེར་ཡོང་གི་ཡོད་རེད།
དེའང་འཛམ་བུ་གླིང་གི་དཔལ་འབྱོར་རིག་པ་པ་རྣམས་ཀྱིས་དུས་རབས་
ཕྱེད་ཀ་ཞིག་གི་རིང་ལ་ཚན་རིག་གིས་ཞིབ་འཇུག་བྱས་ནས་དངོས་པོ་དང་
བདེ་སྐྱིད་གཉིས་ལ་ཅིང་འབྲེལ་བ་མི་འདུག་ཟེར་གྱི་ཡོད་རེད།
སྤྱི་ཚོགས་ཀྱི་དགེ་སྐྱོན་ལ་བསམས་ཏེ་བདེ་སྐྱིད་བསྒྲུབ་ཚུལ།
དེས་ན་ཨ་མེ་རི་ཀའི་ཚགས་པར་གྱི་ཐོག་གམ་གཟའ་འཁོར་གྱི་དུས་དེབ་
ཅིག་གི་ཐོག་ལ་དྲི་བ་ཆེན་པོ་ཞིག་བཀོད་ཡོད་རེད། ཅི་རེད་ཟེར་ན་ནོར་
རྫས་དང་བདེ་སྐྱིད་གཉིས་ལས་རང་ཅག་ལ་ཡང་སྙིང་གལ་ཆེ་བ་གང་ཡིན་
ནམ་ཟེར་ཡོད་རེད། དྲི་བ་དེ་བཀོད་ཡོད་རེད་དེ་ལྟར་དྲི་བ་དེ་བཀོད་མྱོང་བ་
མ་རེད། དེ་སྔོན་ང་ཚོའི་ནོར་རྫས་ཡོད་ན་བདེ་སྐྱིད་ཡོད། བདེ་སྐྱིད་ཡིན་ན་
ནོར་རྫས་ཡོད་དགོས་ཟེར་ནས་འདི་གཉིས་གཅིག་ལ་བཞག་ཡོད་རེད། དུས་
རབས་ཉི་ཤུ་རྩ་གཅིག་པའི་ནང་དུ་འཐོན་ཡོད་དུས་ཁ་ཁ་འབྱེད་རྒྱུ་དྲན་ཡོང་
གི་ཡོད་རེད། ད་རེད་མི་འདུག་ཟེར་ནས་རེད་མེད་ན་འདི་གཉིས་ཀྱི་ནང་
ནས་གང་དགོས་སམ་ཟེར་ནས་དྲི་བ་བཀོད་ཀྱི་ཡོད་རེད། ང་ཚོས་བསམ་བློ་
བཏང་ན་གང་དགོས་ས་ཡོད་དམ། འདི་ནི་འཛམ་བུ་གླིང་མི་ཡོངས་རྫོགས་
ཀྱིས་ལན་རྒྱག་དགོས་པ་ཡི་དྲི་བ་ཞིག་རེད། ང་ཅག་བོད་ཀྱི་ཟེར་དགོས་
ནའང་འདྲ་ཆོས་ཀྱི་ནང་ན་དྲི་བ་འདི་ལ་ལན་སྔ་མ་ནས་ཡོད་རེད། དེ་དྲག་
གི་འདུག་སྤྱི་ཚོགས་ཀྱི་འཚོ་བའམ་དངོས་ཡོད་ཀྱི་འཚོ་བ་ནང་ནས་གང་
དགོས་ས་འདུག་གམ། དེ་གཉིས་ཀ་ཡོད་ན་དགོས། སྒོར་མོ་ཡོད་ན་བདེ་སྐྱིད་
རེད་གཉིས་ཀ་ཡོད་དགོས་ཟེར་ན། དེ་ནོར་བ་རེད་ཟེར་རེད། དཔལ་འབྱོར་
རིག་པ་པ་རྣམས་ཀྱིས་དུས་རབས་ཕྱེད་ཀ་ཞིག་ལ་ཚན་རིག་གིས་ཞིབ་
འཇུག་བྱས་ཏེ་དན་གྲངས་ལ་བརྟེན་ནས་སྡོམ་ཚིག་བཀོད་པ་ཅི་རེད་ཟེར་ན་
དེ་གཉིས་ཁ་ཁ་རེད་ཟེར། འདི་གཉིས་ཀྱི་ནང་གི་གཅིག་མ་གཏོགས་ཡོད་
ལུགས་མི་འདུག ཡང་མིན་ན་ཁྱོད་རང་བདེ་སྐྱིད་དགོས་རྒྱུ་གྱིས། ཡང་མིན་
ན་ཁྱོད་རང་བདེ་སྐྱིད་མི་དགོས་དངོས་པོ་དགོས་རྒྱུ་གྱིས། དེ་གཉིས་གཅིག་
མ་གཏོགས་ཡོད་ལུགས་མི་འདུག་ཟེར་གྱི་ཡོད་རེད། དེ་འདྲ་ཞིག་གི་ས་
ཚིགས་ལ་ཐུག་ཡོང་དུས་བླང་དོར་ཚུལ་བཞིན་མ་བསྟན་ན་དཀའ་མོ་རེད་
ཟེར། བླང་དོར་ཚུལ་བཞིན་སྟོན་པ་དང་། །ཟེར་རྒྱུ་དེ་ཡིན། ད་ང་ཚོར་སླ་མོ་
ལོག་བསྡད་ཡོད་རེད། ཕྱོགས་གཅིག་ནས་དེང་རབས་ཀྱི་ཚན་རིག་གི་ལག་
རྩལ་སློབ་དགོས་ཀྱི་ཡོད་རེད། ཚན་རིག་གི་ལག་རྩལ་ལ་བརྟེན་ནས་དངོས་
པོ་འདི་ཚོ་ཡར་རྒྱས་གང་ལ་གང་འཚམས་ཤིག་གཏོང་དགོས་ཀྱི་ཡོད་རེད།
དེའི་འཕྲོ་ནས་སྲོལ་རྒྱུན་གྱི་རིག་པ་ལ་བརྟེན་ནས་མི་རྣམས་ཀྱི་ཀུན་སྤྱོད། མི་
རྣམས་ཀྱི་བསམ་བློ་འདི་ཚོ་ཡར་རྒྱས་སོང་སྟེ་དངོས་པོའི་ཡར་རྒྱས་དང་།
བསམ་བློའི་ཡར་རྒྱས་དོ་མཉམ་པ་ཞིག་བྱུང་སོང་ན་ངེས་པ་དོན་དང་ལྡན་
པའི་བདེ་སྐྱིད་འདི་ཡོང་གི་རེད། དེ་ཡིན་ན་སློབ་ཆུང་གི་ནང་ནས་སློབ་མ་
རྣམས་ལ་ཡོད་དགོས་རེད། དཔེར་ན་རྒྱ་ཡི་ཡིན་ན་ད་རེས་ཟེར་རྒྱུ་དེ་རེད།
སློབ་ཆུང་གི་ཐོག་ནས་དང་བརྙན་འཕྲིན་གྱི་འཕྲིན་ལམ་ཐོག་ནས་ཅི་འདྲ་
འདྲའི་སྟོན་གྱི་མི་འདུག སྔ་ཆོད་འདྲ་ཞིག་ཡིན་ན་ཁུང་ཙེའི་བསམ་པ་ཟེར་
རྒྱུ་དེ་རྗེས་ལུས་དང་རྙིང་རུལ་རེད་ཟེར་ནས་དུས་རབས་ཉི་ཤུ་པའི་སྟོད་ལ་
བསམ་མྱོང་བ་རེད། སྨད་ལ་བཤད་མྱོང་བ་རེད། ད་སྐབས་དེ་ཟེར་གྱི་ཡོད་
མ་རེད། འདི་འགྲོ་བ་མིའི་རིགས་ཡར་རྒྱས་འགྲོ་བྱེད་ཀྱི་རིག་གནས་ཀྱི་སྙིང་
བཅུད་དེ་འདྲ་རེད་ཟེར་གྱི་ཡོད་རེད། དེ་འདྲ་ཡིན་ན་ང་ཚོའི་རྒྱལ་པོ་ལུགས་
ཀྱི་བསྟན་བཅོས་དང་ས་སྐྱ་ལེགས་བཤད་གཉིས་ཀྱིས་མཚོན་པའི་བོད་ཀྱི་
མཁས་པ་རྣམས་ཀྱིས་གསུངས་པའི་འཇིག་རྟེན་གྱི་ཕྱོགས་ལ་ཡོད་པའི་
བསྟན་བཅོས་ཇི་སྙེད་པོ་རྣམས་ཁུང་ཙེའི་རིག་པ་དང་ཚིག་ཀ་རེ་རེ་བཞིན་
དུ་ཐོ་གཏུགས་ནས་གཅིག་སྡུར་ཤོག་དང་། གང་ཞིག་གིས་ཁུང་ཙེའི་རིག་
པར་དོ་མི་འདུག གང་ཞིག་ཁུང་ཙེའི་རིག་པ་ལས་བརྒལ་ཡོད་པ་བསྡུར་ན་
བསྡུར་རྒྱུ་ཡོད་རེད། འདི་ཚོ་སློབ་གྲྭའི་ནང་ལ་ཡོད་དགོས་ཀྱི་རེད་མ་
གཏོགས་འདི་མེད་ན་བསམ་བློ་འདི་ཚོ་ཁ་ཁ་ཞིག་ལོག་སོང་ན་རིག་གནས་
འདི་ཚོ་པོའི་གོ་ལོག་བྱེད་ཀྱི་རེད། འཛམ་བུ་གླིང་གི་ཚན་རིག་པ་རྣམས་
ཀྱིས་ཟེར་གྱི་ཡོད་རེད། ཚན་རིག་ཟེར་རྒྱུ་དེ་ཇི་ལྟ་བུ་ཡིན་ཟེར་ན་ལ་ལས་
ཚན་རིག་ཟེར་རྒྱུ་དེ་མེ་ལྟ་བུ་ཡིན་ཟེར། མེ་ལྕེ་ལྟ་བུ་ཡར་བསྐོར་སོང་ན་
དངོས་པོ་གཞན་པ་སྲེག་དགོས་ནའང་སྲེག་ཆོག་ཟ་མ་ལས་དགོས་ན་ལས་
ཆོག་མར་བསྐོར་ཡོང་ན་རང་གི་ལག་པ་ཚིག་རྒྱུ་ཡིན་ཟེར། ལ་ལས་འདི་ནི་
རལ་གྲི་སོ་གཉིས་པ་ལྟ་བུ་ཡིན་ཟེར་ཡར་བསྐོར་དང་མར་བསྐོར་ཐམས་
ཅད་མིའི་སེམས་ལ་རག་ལས་ཡོད་རེད། མི་ཡི་སེམས་པོ་གང་ལས་ཡོད་
དགོས་རེད་ཟེར་ན་ནུབ་ཕྱོགས་ལྟ་བུ་བདག་གཙོ་བོ་བྱེད་ནས་ང་ཡོང་ཚར་
དུས་གཞན་པ་ཞིག་ལ་བསམ་བློ་མ་བཏང་ན་ཤེས་རིག་འདི་ཚོ་ཕྱིན་ཅི་ལོག་
ཏུ་བཀོལ་སྤྱོད་བྱེད་དེ་ཐ་མ་ཇ་མ་གཞན་ཞིག་བརླགས་དེ་ནས་རང་ཡང་
བརླག་པའི་ལམ་ཞིག་མི་འགྲོ་བའི་ངེས་པ་ཡོད་ཀྱི་མ་རེད་ཟེར། དེ་འདྲ་ཡིན་
སོང་དུས་ང་ཚོ་བོད་ཀྱི་རིག་གནས་ནང་གི་བྱམས་སྙིང་རྗེ་འདི་ཚོ་འགྲོ་བ་མི་
ཡོངས་རྫོགས་ལ་གལ་ཆེ་བ་ཞིག་རེད། འདི་མེད་པ་དང་ནུབ་ཕྱོགས་ཀྱི་རིག་
པས་བདག་གཙོ་བོ་བྱས་བཞག་པའི་སྟོབས་ཀྱིས་ཁ་སང་དེ་རིང་ཅི་རེད་
ཟེར་ན། ཧྥ་རན་སི་ཟེར་རྒྱུ་འདི་འཛམ་བུ་གླིང་གི་ཐོག་ནས་མི་གྲངས་མང་
ཤོས་ཤིག་ཅང་མ་རེད། རྒྱལ་ཁབ་འདི་མི་གྲངས་ཉུང་ཤོས་ཤིག་རེད། འདིའི་
ནང་ལ་ལོ་གཅིག་གི་ནང་ལ་ཅི་འདྲ་རེད་ཟེར་ན། རྒས་འཁོགས་རྣམས་རང་
གི་བུ་རྒྱུད་ཚོས་བདག་པོ་རྒྱག་གི་ཡོད་མ་རེད། ཕ་མ་ཡིན་ན་ཡང་རྒན་གསོ་
ཁང་གི་ནང་དུ་འཇོག་དགོས་ཀྱི་རེད། ཡང་ན་ཕ་མ་གཉིས་ཁོ་རང་གཉིས་
བཞག་ནས་བུ་རྒྱུད་རྣམས་གཞན་དུ་འདུག་གི་ཡོད་རེད། དེས་ན་རྒས་
འཁོགས་ཐམས་ཅད་པོར་ལྟ་རྟོག་བྱེད་མཁན་མེད་པ་རེད། བུ་རྒྱུད་བཟང་པོ་
འདྲ་ཡིན་ན་ཡེ་ཤུ་ཆོས་ལུགས་པ་ཡིན་ན་ཡེ་ཤུའི་འཁྲུངས་སྐར་འདྲ་དང་ཡེ་
ཤུའི་བཀའ་དྲིན་དྲན་པའི་དུས་ཆེན་འདྲ་ཡིན་ན་དེ་འདྲའི་དུས་སུ་བཀྲ་ཤིས་
རྟེན་འབྲེལ་མཚོན་བྱེད་ལ་བྱང་བུ་རེ་ཡིག་ཐོག་ལ་བསྐུར་རྒྱུ་དང་ཡང་མིན་
ན་ཕར་སོང་ནས་ངོ་རེ་གཏུག་པ་ཡིན་ན་རྒན་རྒོན་རྣམས་ཀྱིས་གཅིག་གིས་
གཅིག་བཤད་དེ་ངོ་སོ་མཐོན་པོ་བྱས་ཏེ་ཁོ་ཡི་བུ་དང་བུ་མོ་ལྟ་རུ་ཡོང་ཐལ།
དེ་མིན་བཀྲ་ཤིས་པའི་ཤིས་བྱང་ངམ་བྱང་བུ་འདི་འདྲ་བསྐུར་བྱུང་ཟེར་ནས་
རྒས་འཁོགས་རྣམས་གཅིག་གིས་གཅིག་ལ་བཤད་རྒྱུ་དེ་འདྲ་ཡིན་པ་རེད།
རྒན་རྒོན་བདག་པོ་མི་རྒྱག་པ་དེ་འདྲ་རེད། དེ་འདྲ་ཡིན་པའི་སྟོབས་ཀྱིས་
རྒན་རྒོན་མང་ཆེ་བ་ཞིག་ཤི་དུས་རང་དགར་ཤི་གི་ཡོད་པ་མ་རེད། རང་མེད་
བྱས་ཏེ་ཤི་གི་ཡོད་རེད། ཁྱད་པར་དུ་ཨ་མེ་རི་ཀ་ལ་མཚོན་པ་ཡིན་ན་ལོ་
བརྒྱད་ཅུའི་ཡན་ཆོད་ཀྱི་རྒས་འཁོགས་རྣམས་ཤི་གི་ཡོད་རེད། ཨ་རི་རྒྱལ་
ཁབ་གཅིག་ལ་མཚོན་པ་ཡིན་ན་རང་མེད་བྱས་ནས་འཆི་མཁན་གྱི་མི་བརྒྱ་
ཆ་ལྔ་བཅུ་ཐམ་པ་རྒན་འཁོགས་ཡིན་པ་རེད། རྒན་འཁོགས་དེ་ཚོ་མི་ཚེ་
གཅིག་ལ་ལས་ཀ་ལས་མྱོང་གི་རེད། དེ་ཚོ་ལ་ཁང་པ་ཡོད་རེད་རླངས་འཁོར་
ཡོད་རེད། སྒོར་མོ་ཡོད་རེད། མི་ཚེ་གཅིག་ལ་ཚོང་ཤ་སྟག་བརྒྱབས་ནས་བྱ་
བ་ཆེན་པོ་ལས་ནས་བསྡད་ཡོད་རེད། ཡིན་ནའང་སེམས་ཀྱི་ཐོག་ལ་སྟོང་པ་
དེ་འདྲ་རེད། དེ་བཞིན་ཧྥ་རན་སི་ལ་མཚོན་པ་ཡིན་ན་ལོ་གཅིག་གི་ནང་ལ་
མི་གྲངས་ཉུང་ཉུང་རེད་དེ། རྒན་འཁོགས་རང་མེད་བྱས་ནས་ཤི་མཁན་མི་
ཁྲི་ཚོ་གཅིག་ཡན་ཆོད་ཡོད་པ་རེད་ཟེར། དེའི་ནང་ནས་ལོ་བརྒྱད་ཅུ་ཡན་
ཆོད་མང་གི་རེད་ཟེར། དེར་དཔེ་ཞིག་ཡོད་རེད་རྒན་འཁོགས་ཤིག་ཤི་ནས་
ལོ་གསུམ་བར་དུ་ཨེ་ཤི་རྩ་བ་ནས་མ་གོ་བ་རེད་ཟེར། བདག་པོ་རྒྱག་བདག་
རྩ་བ་ནས་མ་ཡོད་པ་རེད། དེ་འདྲ་ཞིག་རེད། {དབྱིན་ཇིར་ལོ་རེ་བཞིན་དུ་
ཆ་མཉམ་བྱས་ན་རྒས་འཁོགས་ཁྲི་གཅིག་དང་སྟོང་གཉིས་ཙམ་སུས་ཀྱང་མ་
ཤེས་པར་ཤི་སྟེ། དཔེར་ན། ལོ་༦༩ལོན་པའི་རྒས་འཁོགས་ཤིག་ཤི་ནས་ལོ་
གསུམ་དང་ཕྱེད་ཙམ་སོང་བ་ན་གདོད་ཤེས་ཞེས་ཟེར་བ་ལྟ་བུའོ།།}< <དམ་
པ་འདིའི་གསུང་རྩོམ་ཤར་ནུབ་ཀྱི་བདེ་སྐྱིད་སྒྲུབ་ཚུལ་ལ་དཔྱད་པ། ཞེས་པ་
ལས་བཏུས་ཏེ་ཟུར་མཆན་དུ་བཀོད།> > དེ་ཅི་རེད་ཟེར་ན་ནུབ་ཕྱོགས་
ཀྱིས་བདག་ཟེར་རྒྱུ་དེ་གཙོ་བོ་བྱས་ནས་ཕ་མ་ཡིན་ན་ཁྱོས་ང་གསོ་རྒྱུ་འོས་
འགན་ཡོད་རེད་ཁྱོད་ཀྱིས་ང་སྐྱེད་སྲིང་ཚར་དུས་ཁྱོད་ཁྱོད་རང་རེད། ང་རང་
གཉིས་འཚོ་བ་སོ་སོ་རེད་ཟེར་ནས་བདག་གི་རིག་གནས་ཟེར་རྒྱུ་དེ་འདྲ་
ཞིག་རེད། བདག་ཟེར་རྒྱུ་དེ་ཡོད་ས་ཞིག་ན་ཡོད་དགོས་རེད། སངས་རྒྱས་
བཅོམ་ལྡན་འདས་ཀྱིས། བདག་ཉིད་བདག་གི་མགོན་ཡིན་གྱི།། གསུངས་
ཡོད་རེད་དེ་འདྲ་རེད་ཡིན་ནའང་འདི་ཧ་ཅང་ཐལ་ཆེ་སོང་ན་དེ་འདྲ་ཞིག་
རེད། མི་དེ་འདྲ་མང་པོ་ཞིག་ལ་དཀའ་ལས་དེ་འདྲའི་མང་པོ་ཐུག་གི་ཡོད་
རེད། དེ་ཡོད་པའི་སྟོབས་ཀྱིས་ནུབ་ཕྱོགས་ཀྱི་ནོ་ཝེར་གྱི་བྱ་དགའ་འཐོབ་
མཁན་མི་དེ་འདྲའི་མང་པོ་ཞིག་གིས་ད་ཁུང་ཙེའི་རིག་གནས་ལ་སྐྱབས་མ་
བཅོལ་ན་འགྲིག་གི་མི་འདུག་ཟེར་རྒྱུ་དེ་གཙོ་བོ་གཅིག་བདག་གི་ཐོག་ནས་
ཡོང་གི་ཡོད་རེད། བདག་གཙོ་བོ་བྱེད་པའི་ཐོག་ནས་ཡོང་གི་ཡོད་རེད། ང་
ཚོས་བདག་གཙོ་བོ་གཏན་ནས་བྱེད་མི་དགོས། ཡིན་ན་མིན་ན་གཞན་ཕན་
སྒྲུབས་ཤོག་དེ་ཟེར་གྱི་ཡོད་མ་རེད། ཆོས་ཀྱི་ཐོག་ནས་དེ་ཟེར་ཡོད་རེད་དེ་
ང་ཚོ་འཇིག་རྟེན་པས་དེ་འདྲ་ཞིག་དོ་རྒྱུ་མ་རེད། ཡིན་ནའང་ནུབ་ཕྱོགས་ལ་
ལད་མོ་བྱས་ཏེ་བདག་ཤ་སྟག་གཙོ་བོ་བྱས་ནས་དེ་ལས་གཞན་པའི་རིག་
གནས་རྣམས་མེད་པ་བྱས་ན། ང་ཚོའང་སྔ་ཕྱི་ཡིན་རྒྱུ་རེད་མ་གཏོགས་ལམ་
དེའི་ཐོག་ལ་འགྲོ་རྒྱུ་རེད། དེའི་དུས་སུ་སྤྱི་ཚོགས་འདི་ཅི་འདྲ་ཞིག་ཡིན་པ་
རེད་དེའི་ཐོག་ལ་བསམ་བློ་གཏོང་དགོས་རེད། དེ་གཅིག་རེད། གཉིས་དེ་
དངོས་པོ་གཙོ་བོ་བྱེད་པ་རེད་དངོས་པོ་ཤ་སྟག་ཡར་རྒྱས་མངགས་ནས་དེ་
ནི་ནུབ་ཕྱོགས་ཀྱི་བློ་འབྱེད་འགུལ་སྤྱོད་ནས་འགོ་བཟུང་སྟེ་གཙོ་བོ་བྱས་
ཡོད་རེད། རིག་རྩལ་བསྐྱར་དར་གྱི་གནས་སྐབས་ནས་ཟེར་མཁན་ཁ་ཤས་
ཡོད་ཀྱང་གཙོ་བོ་བློ་འབྱེད་འགུལ་སྤྱོད་ནས་འགོ་བཟུང་སྟེ་འགྲོ་བ་མིའི་
རིགས་ཀྱི་བདེ་སྐྱིད་དེ་དངོས་པོ་འཚོལ་རྒྱུ་དེའི་ནང་དུ་ཡོད་ཟེར་ནས་དངོས་
པོ་ཡར་རྒྱས་གཏོང་ཐབས་ཀྱི་བྱ་བ་དེ་ལས་ནས་ཡོང་བ་རེད། དངོས་པོ་ཡར་
རྒྱས་མངགས་ཡོང་དུས་དེ་དངོས་པོའི་ནང་ནས་དེ་རྐྱང་པས་བདེ་སྐྱིད་ཡོང་
ཐུབ་ཀྱི་མི་འདུག་ཟེར་ནས་ཕྱིར་སྲོལ་རྒྱུན་གྱི་རིག་གནས་ལ་ཡོང་བའི་ས་
ཚིགས་ལ་ཐུག་ཡོད་རེད། དེ་འདྲ་ས་ཚིགས་ལ་ཐུག་ཡོང་དུས་ང་ཚོའི་སློབ་
གྲྭའི་ནང་ནས་སློབ་དེབ་ཀྱི་ཐོག་ཏུ་ཡོད་པའི་རིག་གནས་སྦྱོང་དགོས་རེད།
ཁྱད་པར་དུ་དེང་རབས་ཀྱི་ཚན་རིག་གི་སྐོར་དང་ལག་རྩལ་འདི་ཚོ་ཐམས་
ཅད་སྦྱོང་དགོས་རེད། དེ་ཚོ་ཤིན་ཏུ་གལ་ཆེན་པོ་རེད་སྦྱོང་དགོས་རེད། དེ་
དང་མཉམ་དུ་མི་ཟེར་རྒྱུ་དེ་ལ་བླང་དོར་ཅུང་ཟད་ཡོད་དགོས་མ་གཏོགས་
འདི་བླང་རྒྱུ་རེད། འདི་དོར་རྒྱུ་རེད་ཟེར་བ་ཞིག་མེད་ན་དེ་ནས་དཀའ་མོ་
རེད། དཀའ་མོ་ཡིན་མིན་ངས་དེ་སྔོན་དཔེ་བཀོད་རྒྱུ་དེ་དག་རེད་དེའི་ཐོག་
ནས་སོ་སོས་བསམ་བློ་གཏོང་དགོས་རེད། དེ་ང་མི་གཅིག་གི་ཟེར་བ་མ་རེད་
འཛམ་བུ་གླིང་གི་མི་དེ་འདྲ་མང་པོ་ཡིས་ཟེར་གྱི་ཡོད་རེད། དེ་འདྲ་ཡིན་པས་
བླང་དོར་ཚུལ་བཞིན་བསྟན་པ་ཟེར་རྒྱུ་དེ་ང་ཚོས་མདོར་བསྡུས་ཤིག་བྱེད།
དུས་ཚོད་ཀྱི་དབང་གིས་དེ་འདྲ་ཞིག་མ་གཏོགས་མང་པོ་བཤད་ཁོམ་མི་
འདུག དེའི་ཐོག་ནས་མང་པོ་བཤད་རྒྱུ་ཡོད་རེད། ཁྱེད་རྣམ་པ་ཚོས་གོ་རྒྱུ་
རེད་མང་ཆེ་བས་གོ་རྒྱུ་རེད་མང་ཆེ་བས་གོ་མི་གོ་ག་རེ་ཡིན་མི་ཤེས་ཀྱང་
གནས་སྐབས་དེ་འདྲ་ཞིག་གྱིས། བླང་དོར་ཚུལ་བཞིན་བསྟན་པ་བྱ། །ཟེར་
སློབ་གྲྭའི་ནང་ནས་སློབ་མ་ལ་གཅིག་ནས་རིག་གནས་ཡག་པོ་ཡོང་རྒྱུ་དང་
གཉིས་ནས་སློབ་མའི་བསམ་བློ་ཡག་པོ་ཡོང་རྒྱུ་དེ་གཉིས་པོ་དེ་དགེ་རྒན་གྱི་
འགན་རེད་མ་གཏོགས་དགེ་རྒན་གྱིས་སློབ་མ་ལ་རིག་གནས་སློབ་པ་ཙམ་
མ་གཏོགས་བསམ་བློ་དང་ཀུན་སྤྱོད་སྐོར་བླང་དོར་མ་བསྟན་པ་ཡིན་ན་དགེ་
རྒན་གྱི་བྱ་བ་རྫོགས་མེད་ཟེར་གྱི་ཡོད། དེ་ཡན་ཆོད་དོན་དག་གཉིས་པ་རེད།
ཤེས་རབ་དང་ལྷག་བསམ་ལ་བརྟེན་ནས་ཕུགས་འདུན་བསྒྲུབ་ཚུལ།
དེ་ནས་དོན་དག་གསུམ་པ་རེད།
མཐའ་མ་ཤེས་རབ་ལྷག་བསམ་གྱིས།།
གངས་ཅན་བདེ་ལེགས་སྒྲུབ་པ་ལ།།
མདུན་པའི་ཕུགས་དང་མི་འཇིགས་པའི།།
སྤོབས་པ་བྱིན་ཏེ་གཏང་བར་བྱ།།
ཟེར་རེད་མཐའ་མའི་སྐབས་སུ་འདི་རེད་མཐའ་མར་ཅི་ཞིག་དགོས་སམ། ད་
ཚོའི་མི་རིགས་ཀྱི་སློབ་གསོ་ཅི་ཞིག་དགོས་རེད་ཟེར་ན། མི་རིགས་རང་གི་
དཔལ་འབྱོར་ཡིན་ནའང་འདྲ་སྤྱི་ཚོགས་ཡིན་ནའང་འདྲ་རིག་གནས་ཡིན་
ནའང་འདྲ་དེ་ཡར་གོང་འཕེལ་དུ་གཏོང་དགོས་རེད་གངས་ཅན་བདེ་ལེགས་
སྒྲུབ་པ་ཟེར་ན་དེ་རེད། དེ་འགྲུབ་པ་ལ་ཅི་ཞིག་གིས་སྒྲུབ་དགོས་རེད་ཟེར་
ན་གཅིག་ན་ཤེས་རབ་དང་ལྷག་བསམ་གཉིས་དགོས་རེད། སྤྱི་ཚོགས་ཡར་
རྒྱས་སུ་གཏོང་དགོས་ན་སྤྱིར་ཤེས་རབ་དགོས་ཀྱང་ཤེས་རབ་རྐྱང་པ་ཞིག་མ་
གཏོགས་ལྷག་བསམ་མེད་ན་ཡར་རྒྱས་གཏོང་ཐུབ་ཀྱི་མི་འདུག ལྷག་བསམ་
དང་བསམ་པ་བཟང་པོ་ཡོད་ཀྱང་ཤེས་རབ་མེད་ན་ཡང་ཡར་རྒྱས་གཏོང་མི་
ཐུབ་པ་རེད། དེས་ན་གཅིག་ནས་ལྷག་བསམ་དང་གཉིས་ནས་རིག་གནས་
རེད་འདི་གཉིས་ཀ་ཡོད་དགོས་རེད། གཅིག་ནས་ལྷག་བསམ་དང་གཉིས་
ནས་ཤེས་རབ་ཡོད་པའི་མི་སྣ་དེ་སྐྱེད་སྲིང་བྱེད་ཡོད་ན་ང་ཚོའི་སྤྱི་ཚོགས་
འདི་ཡར་རྒྱས་འགྲོ་ཐུབ་ཀྱི་འདུག སྤྱིར་བཏང་ཤེས་རིག་ལྡན་པ་མང་པོ་
ཡོད་རེད། དཔེར་ན་འཛམ་བུ་གླིང་གི་ཚན་རིག་གི་ལོ་རྒྱུས་ཐོག་ཡིན་ན་
ཚན་རིག་པ་མང་པོ་རེད། ཚན་རིག་པ་དེ་ཚོས་རང་རང་སོ་སོའི་བྱ་བ་རེ་རེ་
བྱས་ཡོད་རེད། བྱ་བ་དེ་ཚོ་དེབ་ཐོག་ལ་འགོད་ཡོང་དུས་མཇུག་མཐའི་དུས་
སུ་མི་ལ་ལ་ཞིག་གི་བྱ་བ་དེ་མི་ཚེ་གང་གི་འགྱོད་པར་ལོག་བསྡད་ཡོད་རེད།
མི་གཞན་པ་ཞིག་མི་དགོས་རང་རང་ཡང་མི་ཚེ་གཅིག་གི་འགྱོད་པར་ལོག་
བསྡད་ཡོད་ཟེར་ནས་བཤད་ཡོང་གི་ཡོད་རེད། མི་ལ་ལ་ཞིག་གི་བྱ་བ་ནི་མི་
ཚེ་གང་གི་གཟི་བརྗིད་དུ་ལོག་བསྡད་ཡོད་རེད། ཚན་རིག་པ་དེ་ཚོ་ཡང་ཤེས་
རབ་དང་ལྡན་པ་ཡིན་ལུགས་འདྲ་འདྲ་རེད། ཐམས་ཅད་ཤེས་རབ་དང་ལྡན་
པ་རེད་ཤེས་རབ་དང་ལྡན་པ་ཡིན་པའི་སྟོབས་ཀྱིས་གསར་གཏོད་ཀྱི་རྣམ་
པ་རེ་བྱས་ཡོད་རེད། གསར་གཏོད་དེ་ཚོ་སོ་སོ་ལ་དེབ་ལྟ་ས་ཡོད་ན་ཧ་གོ་
རྒྱུ་རེད་དེས་ན་ཤེས་རབ་དང་ལྷག་བསམ་གཉིས་དང་ལྡན་པའི་མི་གསོ་སྐྱོང་
བྱེད་དགོས་ཀྱི་འདུག དེ་ང་ཚོའི་སློབ་གྲྭའི་ནང་གི་དེ་དགོས་ཤེས་རབ་རྐྱང་
པས་ཡོང་གི་མ་རེད། ལྷག་བསམ་རྐྱང་པས་མི་ཡོང་བས། ཤེས་རབ་ལྡན་པ་
དང་ལྷག་བསམ་ལྡན་པ་གསོ་སྐྱོང་བྱེད་དགོས་རེད། ཅི་རེད་ཟེར་ན། ང་ཚོ་
བོད་གངས་ཅན་གྱི་དཔལ་འབྱོར་དང་རིག་གནས་སྤྱི་ཚོགས་ཡར་རྒྱས་སུ་
འགྲོ་དགོས་ན་གཞན་པ་མ་རེད། གཅིག་ནས་ལྷག་བསམ་དང་གཉིས་ནས་
ཤེས་རབ་རེད། འདི་གཉིས་ཀ་ལ་བརྟེན་ནས་ཡར་རྒྱས་གཏོང་དགོས་རེད།
འདི་གཉིས་ཀ་ལ་བརྟེན་ནས་ཡར་རྒྱས་གཏོང་དགོས་ན་གཏོང་མཁན་དེ་
སློབ་གྲྭའི་ནང་ནས་ཡོང་དགོས་རེད། དེ་སློབ་གྲྭའི་ནང་ནས་དགེ་རྒན་གྱིས་
གསོ་སྐྱོད་བྱེད་དགོས། དེ་གསོ་སྐྱོང་བྱེད་སྤྱད་ཀྱི་ཐབས་དེ་གང་རེད་ཟེར་ན།
གཅིག་ནས་སྲོལ་རྒྱུན་གྱི་རིག་པ་རེད། གཉིས་ནས་དེང་རབས་ཀྱི་རིག་པ་དེ་
གཉིས་ཁ་བྲལ་སོང་ན་དེ་ནས་ཡོང་གི་མ་རེད། དེ་ཡོང་དང་མི་ཡོང་ང་ཚོས་
དངོས་ཐོག་བདེན་འཚོལ་བྱས་ནས་འཛམ་བུ་གླིང་གི་གནས་ཚུལ་དང་སྦྱར་
ནས་བལྟས་ན་གོ་རྒྱུ་ཡོད་རེད་མ་གཏོགས་བསྡུས་གྲྭ་རྩོད་རྩོད་བྱས་ན་གོ་
རྒྱུ་ཅད་ཡོད་ཀྱི་མ་རེད། དོན་དངོས་པོའི་ཐོག་ནས་གང་འདྲ་རེད་དེའི་ཐོག་
ནས་བཤད་དགོས་རེད། ང་ཚོ་རང་དགར་ཁ་རྩོད་བརྒྱབས་ན་དོན་དག་མི་
འདུག བསྡུས་གྲྭ་ཟེར་རྒྱུ་དེ་ཅི་འདྲ་རེད་ཟེར་ན་བྱང་དགོས་རེད། རིགས་པ་
བྱང་སྤྱད་རེད། ཡིན་པ་མིན་པར་བསྒྱུར་ན་བསྡུས་གྲྭ་བྱང་བའི་རྟགས། མིན་
པ་ཡིན་པར་བསྒྱུར་ཐུབ་ན་བསྡུས་གྲྭ་བྱང་བའི་རྟགས་ཟེར་ནས་བསྡུས་གྲྭའི་
ངོ་བོ་བཙོག་པ་ཞིག་ཅང་མ་རེད་དེ། རང་གི་རིགས་པ་བྱང་སྤྱད་ཙམ་ཞིག་
རེད། དེ་འདྲ་བའི་ཁ་རྩོད་བརྒྱབས་ན་དོན་ཡོད་ཀྱི་མ་རེད། དོན་དངོས་པོའི་
ཐོག་ནས་སམ་དངོས་ཡོད་ཀྱི་ཐོག་ནས་བལྟས་ནས་སོང་ན་ཁ་ཕྱོགས་གང་
ཞིག་འགྲོ་རྒྱུ་དེ་ཧ་གོ་རྒྱུ་ཡོད་རེད། རྣམ་པ་ཐམས་ཅད་པོས་དེའི་ཐོག་ལ་
བསམ་བློ་གཏོང་དགོས། །
མཐའ་མར་ཤེས་རབ་ལྷག་བསམ་གྱིས།།
གངས་ཅན་བདེ་ལེགས་སྒྲུབ་པ་ལ།།
འདུན་པའི་ཕུགས་དང་ཟེར་མི་འཇིགས་པའི་སྤོབས་པ་སྦྱིན་དགོས་རེད།
སློབ་མ་དེ་ཚོ་ལ་དེའི་སློབ་གསོ་གཏོང་རྒྱུ་ཧ་ཅང་གལ་ཆེ་གི་འདུག མི་
འཇིགས་པའི་སྤོབས་པ་ཅི་རེད་ཟེར་ན། ཁ་སང་དེ་རིང་བོད་ཀྱི་སློབ་མ་
ཞིག་ཡིན་ན་སྐྱོན་ཆེ་ཤོས་དེ་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ནས་ཚུར་ལ་
ཡོང་ན། གཞུང་ཞབས་པའི་ནང་དུ་འགྲོ་ས་ཨེ་རག་བལྟས་ནས་རྒྱལ་ཁབ་
ཀྱི་ཕོགས་ཤིག་ཟ་རྒྱུ་ཨེ་རག་བལྟས་ཏེ་དེའི་ཁ་གསོ་རྒྱུ་མ་གཏོགས། གཞན་
རང་སྟོབས་ཀྱི་ཁེ་ལས་ཀྱི་སྐོར་ལ་བསམ་བློ་གཏོང་མཁན་ཉུང་ཉུང་རེད།
གཞུང་ཞབས་པའི་ནང་དུ་སོང་ན་འགྲིག་གི་མ་རེད་ཟེར་གྱི་མེད། གཞུང་
ཞབས་པའི་ནང་དུ་འགྲོ་ས་རག་ན་ལོས་འགྲོ་སྟེ། གཞུང་ཞབས་པའི་ནང་དུ་
འགྲོ་ཐུབ་མཁན་ལོ་རེའི་ནང་དུ་ཉུང་ཉུང་རེད། དེའི་འཕྲོ་དེས་ཡིན་ད་མིན་
དེའི་ནང་དུ་བསམ་བློ་བཏང་ནས་འདུག་རྒྱུ་མ་གཏོགས་རང་གིས་བསམ་
བློ་བཏང་ནས་རང་གིས་བྱ་བ་བསྒྲུབས་ནས་ལས་ཀ་ལས་བསམ་རྒྱུ་དེ་འདྲ་
བསམ་བློ་གཏོང་མཁན་ད་ལྟའི་བར་དུ་ཤིན་ཏུ་ནས་ཀྱང་ཉུང་ཉུང་རེད། མི་
རིགས་གཞན་པ་ཞིག་ལ་བསམ་བློ་བཏང་བ་ཡིན་ན་སློབ་གྲྭ་ཆེན་མོ་ནས་
མཐའ་ཕྱིན་ནས་ཚུར་ལ་ཡོང་དུས། གཞུང་ཞབས་པའི་ནང་དུ་འགྲོ་མཁན་
གཞུང་ཞབས་པའི་ནང་དུ་འགྲོ་གི་རེད། དེའི་མ་འཕྲོ་གཞན་པ་ཐམས་ཅད་
པོས་རང་གིས་བསམ་བློ་བཏང་ནས་ཚོང་གཉེར་ཁང་ཆུང་ཆུང་ཞིག་ལས།
དེའི་ནང་ནས་དངོས་པོ་གང་རུང་ཞིག་ཐོན་སྐྱེད་བྱེད། དཔེར་ན་མི་གཅིག་
གིས་རྒྱ་ཡིས་(ཀོང་སི)་ཟེར་རྒྱུ་བོ་ཚོང་གཉེར་ཁང་ཆུང་ཆུང་བཙུགས་ཐུབ་
སོང་ན་དེའི་ནང་ནས་དངོས་པོ་གང་རུང་ཞིག་ལས་སྣོན་བྱས་པ་ཡིན་ནའང་
འདྲ། གསར་དུ་ཐོན་སྐྱེད་བྱེད་པ་ཡིན་ན་རང་མ་དགོས་མི་མང་པོ་ཞིག་
ལ་བྱ་བ་ཐོན་སྐྱེད་ཐུབ་སོང་རེད། དེའི་ཐོག་ནས་ལས་ཀ་ལས་ཚོག་གི དེ་
འདྲ་བྱེད་ཡོང་དུས་ག་ལེ་ག་ལེར་ཁ་ཚང་བོ་ལ་ཡར་རྒྱས་ཡོང་ལུགས་བསམ་
བློ་གཏོང་ས་མང་གི་རེད་དེ། ཡིན་ནའང་མང་པོས་དེ་ལ་བསམ་བློ་གཏོང་
མཁན་དཀོན་མོ་རེད། གཞུང་ཞབས་པའི་ནང་ལ་འགྲོ་ས་རག་ན་རག་མ་
རག་ན་ཟུར་དུ་ཁེ་ལས་གཉེར་རྒྱུ་དང་ཚོང་བྱེད་རྒྱུ་ཉུང་ཉུང་རེད། དེ་འདྲ་
ཡིན་དུས་གཞུང་ཞབས་པའི་ནང་དུ་ཉུང་ཉུང་ཞིག་མ་གཏོགས་འགྲོ་ས་ཡོད་
མ་རེད། གཞན་པ་ཐམས་ཅད་པོ་ལས་ཤོར་བྱས་ནས་འདུག་རྒྱུ་དེ་དཀའ་མོ་
རེད། དེས་ན་ད་ཕན་ཆོད་ནས་རང་རང་སོ་སོའི་སློབ་གྲྭ་ཆེན་མོ་མཐར་ཕྱིན་
དུས་དེར་གཞུང་ཞབས་པའི་ནང་ལ་འགྲོ་ས་རག་ན་དེ་རེད། དེ་མ་རག་ན་མི་
སྒེར་གྱིས་ཁེ་ལས་ཡིན་ནའང་འདྲ་དེ་ལས་གཞན་པའི་ལས་རིགས་ཐོན་ལས་
དང་པོ། ཐོན་ལས་གཉིས་པ་ཐོན་ལས་གསུམ་པ་ཟེར་ནས་མང་གི་རེད། ཐོན་
ལས་གསུམ་པའི་ཞབས་ཕྱི་ལས་རིགས་ཡིན་ནའང་འདྲ་གང་དང་གང་ཡིན་
ན་ལས་རྒྱུ་ཤིན་ཏུ་ནས་ཀྱང་མང་པོ་རེད། ཁྱད་པར་དུ་བོད་ཀྱི་ས་ལ་ཡིན་ན་
འདི་འདྲ་ལས་པ་ཡིན་ན་ལས་རྒྱུ་ཙ་གེ་ཙིག་གེ་མང་གི་རེད། ལས་མཁན་
མེད་པ་ལྟ་བུ་རེད། རྒྱ་ཡུལ་འདྲ་ཡིན་ན་ལས་མཁན་མང་གི་རེད་ཐམས་ཅད་
པོས་འདི་འདྲའི་ཐོག་ལ་བསམ་བློ་གཏོང་མཁན་མང་གི་རེད། མི་མང་དེས་
ན་བྱ་བ་སྒྲུབ་དགོས་ན་སློབ་གྲྭ་ཆེན་མོ་ལས་ཤོར་དུ་ལོག་བསྡད་པ་མང་པོ་
རེད། ཡིན་ནའང་ང་ཚོའི་ས་ནས་འདི་འདྲ་ལས་ན་སོ་སོ་རང་གིས་བསམ་
བློ་བཏང་ནས་ལས་ན་ལས་རྒྱུ་མང་པོ་འདུག འདི་འདྲའི་ཐོག་ཏུ་སྤོབས་པ་
སྦྱིན་རྒྱུ་དང་། དེའི་འཕྲོ་ཁྱད་པར་དུ་འདུན་པའི་ཕུགས་རེད་འདུན་ཕུགས་
གང་རེད་ཟེར་ན་ངས་དང་པོ་བཤད་རྒྱུ་དེ་ཡིན། འདུན་པའི་ཕུགས་ཟེར་རྒྱུ་
དེ་མི་ཞིག་གིས་ད་རེས་རང་ཟླ་ཕོགས་ཤིག་བླངས་ཏེ་ཁྱིམ་ཚང་ཞིག་གི་ཁ་
གསོ་རྒྱུ་དེ་ཨེ་རེད་ཟེར་ན། དེ་མ་རེད་ཟེར་གྱི་ཡིན། དེས་ན་གང་རེད་ཟེར་
ན། འདུན་པའི་ཕུགས་ནི་སྤྱི་ཁྱབ་ནས་བཤད་པ་ཡིན་ན་འགྲོ་བ་མིའི་རིགས་
འདི་འདྲ་བཤད་ཀྱི་རེད། སྒེར་གྱི་ངོས་ནས་བཤད་ན་མི་རིགས་ཀྱི་རིག་
གནས་ཡིན་ནའང་འདྲ། དེ་འདྲ་བ་ཞིག་གི་སྤྱི་ཚོགས་ཡིན་ནའང་འདྲ་དཔལ་
འབྱོར་ཡིན་ནའང་འདྲ་འདི་ཚོ་ལ་ཕན་པ་འདོགས་རྒྱུའི་མི་གོ་ཆོད་ཕན་པ་
ཡོད་ས་ཡི་མི་ཞིག་སྐྱེད་སྲིང་བྱེད་དགོས་རེད། དེའི་ཕུགས་འདུན་དེ་སློབ་
གྲྭའི་ནང་ནས་ཡོང་དགོས། དགེ་རྒན་རྣམས་ཀྱིས་དེ་ལྟ་བུའི་ཕུགས་འདུན་
དེ་གོ་བ་སྤྲད་ནས། སྤོབས་པ་བྱིན་ཏེ་གཏོང་བར་བྱ། །ཟེར་ནས་སློབ་གྲྭ་ཆུང་
དུ་ནས་འབྲིང་གི་ནང་ལ་གཏོང་། འབྲིང་ནས་ཆེན་པོའི་ནང་ལ་བཏང་སྟེ་དེ་
འདྲའི་མི་སྣ་ཞིག་སྐྱེད་སྲིང་བྱེད་ཐུབ་སོང་ན། ང་ཚོ་གཅིག་ནས་རིག་གནས་
རེད་གཉིས་ནས་དཔལ་འབྱོར་རེད་འདི་ཚོ་གང་དང་གང་གི་ཐད་ཡིན་
ནའང་ཡར་རྒྱས་ཡོང་གི་རེད། རིག་གནས་དང་དཔལ་འབྱོར་ཡར་རྒྱས་ཡོད་
ཚར་དུས་དེར་དེ་ནས་མི་རིགས་ཡར་རྒྱས་ཟེར་ནའང་དེའི་ནང་ལ་ཡོད་རེད།
དགོས་རྒྱུ་དེ་འདྲ་ཞིག་རེད། དེ་འདྲ་ཡིན་དུས་འདི་ཚོ་ཐམས་ཅད་པོ་ཁ་ཡིས་
བཤད་བསྡད་ན་སླ་གི་རེད། དེ་རིང་ཁྱེད་རྣམ་པ་སུ་ཡར་ཡོང་ནས་བཤད་ན་
བཤད་ཤེས་ཀྱི་རེད། རེད་དེ་དོན་གྱི་ཐོག་ནས་ལག་ལེན་ལ་འདེབས་དགོས་
ན་རང་གིས་དཀའ་གྱི་འདུག གཞན་གྱིས་དཀའ་གྱི་རེད་དེ་ཡིན་ནའང་མི་
གཅིག་གིས་བརྒྱ་ཆ་བརྒྱ་ཡོངས་སུ་རྫོགས་པ་བསྒྲུབ་དགོས་ཟེར་ན་དཀའ་
མོ་རེད་དེ་མི་གཅིག་གིས་བྱ་བ་གཅིག་སྒྲུབ་དགོས་རེད། བྱ་བ་གཅིག་པོ་
བརྒྱ་ཆ་བརྒྱ་པོ་དོན་འཁྱོངས་མ་ཡོང་ན་བརྒྱ་ཆ་ལྔ་བཅུ་དྲུག་ཅུ་བདུན་ཅུ་
དེ་འདྲ་ཞིག་ཡོང་སོང་བ་ཡིན་ན། དེ་ནས་མི་ཐམས་ཅད་པོས་བྱ་བ་དེ་འདྲ་
ཞིག་སྒྲུབ་ཡོང་ན་ཕན་པ་ཡོད་ངེས་པ་རེད་མ་གཏོགས་པ། དགེ་རྒན་ཐམས་
ཅད་པོས་རང་གི་ཟླ་ཕོགས་ལ་བལྟས་ནས་ཉི་མ་འགྲོ་ཐབས་བྱེད། སློབ་མ་
གཅིག་གཉིས་རེ་མཐར་ཕྱིན་པ་ཡིན་ན་ཟླ་ཕོགས་ཅུང་ཟད་ལོངས་ན་ལོངས།
མ་ལོངས་ན་རེ་བ་ཅི་ཡང་མེད་སོང་བ་དེ་འདྲ་ཡིན་སོང་ན། མི་རིགས་ཀྱི་
མདུན་ལམ་ཟེར་དགོས་ནའང་འདྲ་ཡར་རྒྱས་ཟེར་དགོས་ནའང་འདྲ་མང་པོ་
བཤད་ཀྱང་བཤད་ན་བཤད་རྒྱུ་ཙམ་མ་གཏོགས་དོན་གྱི་ཐོག་ལ་འབབ་ཡོང་
རྒྱུ་ཅི་ཡང་ཡོད་ཀྱི་མ་རེད། དེ་འདྲ་རེད།
དེ་ནས་རྣམ་པ་ཐམས་ཅད་པོས་ད་ནང་སྔ་དྲོ་ཞིག་གི་ཚེ་ལ་རང་
གི་བསམ་ཚུལ་བཤད་པ་ཡིན། དེ་ཡིན་ན་རྣམ་པ་ཐམས་ཅད་པོས་ཉན་
སོང་། བསམ་ཚུལ་འདི་ཚོ་ཆོས་ཀྱི་ནང་ནས་བཤད་པ་ཡིན་ན་རང་གི་དང་
པོ་ཉམས་སུ་བླངས་ཏེ་གཏན་འཁེལ་བྱས། སྒྲུབ་དོ་ཚར་དུས་དེ་ནས་གཞན་
ལ་བཤད་དགོས་རེད་གསུངས་ཏེ་ཤིན་ཏུ་ནས་ཀྱང་ཚད་མཐོན་པོ་ཡིན་པ་
རེད། ཡིན་ནའང་ངས་དེ་རིང་བཤད་རྒྱུ་དེ་མ་རེད། ད་རེས་ཞུས་པ་བཞིན་
སྨན་པ་ཤ་ཆེན་པོ་རྒྱག་པ་རང་གི་ལུས་པོ་ལྗིད་ཚད་ལས་བརྒལ་བསྡད་ཡོད་
པ་དག་གིས་གཞན་འཕྲོད་བསྟེན་བྱ་ལུགས་དང་འགུལ་སྐྱོད་བྱེད་ལུགས་
ཟས་ཀྱི་ཐོག་གི་འཕྲོད་བསྟེན་བྱེད་ལུགས་སློབ་སྟོན་བྱེད་རྒྱུ་ཡོད་པ་རེད།
དེ་འདྲ་བོ་ཡིན། རྣམ་པ་ཐམས་ཅད་པོ་ལ་འདི་ཡི་ནང་ནས་ནང་དོན་ཅན་
དང་སྙིང་པོ་ཅན་གསར་བ་ཞིག་བཤད་ཡོང་རྒྱུ་མེད་ཀྱང་། སྔ་དྲོའི་ཚེ་དེར་
ཐམས་ཅད་པོས་ནན་ཏན་བྱས་ཏེ་ཉན་ཐལ་ཐམས་ཅད་པོ་ལ་བཀའ་དྲིན་
ཆེ་ཞུ་དེ་ནས་གཞན་པ་ཅང་མེད།
སྲོལ་རྒྱུན་གྱི་བོད་ཡིག་སློབ་སྟངས།
ད་ཕྱི་དྲོའི་གནས་སྐབས་ཀྱི་བརྗོད་བྱ་གཙོ་བོ་དེ་ཅི་རེད་ཟེར་ན། ཁོང་རྣམ་
པའི་འཆར་གཞི་ལ་སྲོལ་རྒྱུན་གྱི་བོད་ཡིག་སློབ་སྟངས་ཟེར་རྒྱུ་དེ་རེད། དེ་
ཡིན་དུས་ངས་དེའི་ཐོག་ནས་ཚིག་ཀ་གཅིག་གཉིས་ཤིག་ཐམས་ཅད་ལ་ཞུས་
ན་བསམ། སྲོལ་རྒྱུན་གྱི་བོད་ཡིག་སློབ་སྟངས་འདི་ལ། གྲྭ་ས་སོ་སོའི་བོད་
ཡིག་སློབ་སྟངས་ཡིན་ནའང་འདྲ། དགོན་པ་སོ་སོ་ཡིན་ནའང་འདྲ་མང་པོ་
ཡོད་རེད། སྤྱི་བཏང་སྲོལ་རྒྱུན་གྱི་བོད་ཡིག་སློབ་སྟངས་ཞེས་པ་འདི་ལ་གཙོ་
བོ་དགོན་པ་དང་། གྲྭ་སའི་བོད་ཡིག་སློབ་སྟངས་ཤིག་རེད། གང་ཡིན་ཟེར་
ན། ང་ཚོའི་སྲོལ་རྒྱུན་གྱི་སློབ་གྲྭ་ནི་གཙོ་བོ་དགོན་པ་དང་གྲྭ་ས་ཁག་རེད་
ཡོད་ཅིང་། གནའ་བོའི་དགོན་པ་དང་གྲྭ་ས་ཁག་གི་སློབ་སྦྱོང་བྱེད་ལུགས་ནི་
ང་ཚོའི་སྲོལ་རྒྱུན་གྱི་བོད་ཡིག་སློབ་སྟངས་ཡིན། སྲོལ་རྒྱུན་གྱི་བོད་ཡིག་སློབ་
སྟངས་ཞེས་པ་འདི་ལའང་ཞིབ་ཆའི་ཐོག་ནས་བཤད་ན། གྲྭ་ས་སོ་སོའི་བོད་
ཡིག་སློབ་སྟངས་སོགས་འདྲ་མིན་མང་པོ་ཞིག་ཡོད། ཡིན་ནའང་ངས་དེ་
རིང་མདོར་བསྡུས་ཤིག་བཤད། དེ་ཅི་འདྲ་ཞིག་རེད་ཟེར་ན། ང་ཚོའི་སྲོལ་
རྒྱུན་གྱི་ཐོག་ནས་བོད་ཡིག་ཐོག་མར་སློབ་སྟངས་ཀྱི་དབང་དུ་བྱས་ན། ད་
ནང་ཡང་ཞུས་ཡོད། སྲོལ་རྒྱུན་བོད་ཡིག་སློབ་སྟངས་ཀྱིས་བྱིས་པ་ཆུང་ཆུང་
ལོ་དྲུག་དང་། ལོ་བདུན། ལོ་བརྒྱད་ལོན་པའི་གནས་སྐབས་སུ་ཀློག་པ་དང་
ཐ་སྙད་ཀྱི་ཐོག་ལ་གཙོ་བོ་བྱེད་པ་དང་། ད་དུང་བློ་ལ་འཛིན་རྒྱུ་ཡང་གཙོ་བོ་
བྱེད་པ་རེད། བློ་ལ་འཛིན་རྒྱུ་དེའི་ཐོག་ནས་ངས་ད་ནང་ཡང་ཚང་མ་ལ་ཞུས་
པ་ཡིན། ང་ཚོའི་སློབ་གྲྭའི་ནང་དུ་སློབ་དེབ་ཀྱི་ཐོག་ལ་ཡོད་པ་དེ་རྒྱུགས་
ཤིག་སྤྲོད་དགོས་ན་ཧ་ལམ་རྒྱུགས་འཕྲོད་ནའང་། སྲོལ་རྒྱུན་གྱི་གཞུང་ངོ་
མ་ཞིག་ལ་བལྟ་དགོས་ན་གོ་བ་ལེན་མི་ཤེས་ཤིང་། བློ་ལ་མི་འགྲོ་བ། གཞུང་
ཞིག་གི་མགོ་ཤེས་ནའང་རྔ་མ་མི་ཤེས། རྔ་མ་ཤེས་ནའང་མགོ་མི་ཤེས་པའི་
དེའི་རིགས་ཀྱི་སློབ་མ་ཧ་ཅང་མང་། དེར་མ་ཟད་སློབ་གྲྭ་ཐོན་ཡོད་ནའང་
ཀློག་མི་དག་པ་དེ་འདྲ་ཡང་མང་པོ་འདུག ཡིན་ནའང་དེ་ནི་མི་སྒེར་གཅིག་
གཉིས་ཤིག་གི་གནད་དོན་ཡིན་རྒྱུ་རེད་མ་གཏོགས་དོན་དག་ཆེན་པོ་ཞིག་
དང་ཡོངས་ཁྱབ་ཅིག་མ་རེད། འོ་ན་ཡོངས་ཁྱབ་དེ་ཅི་ཞིག་རེད་ཟེར་ན། བློ་
འཛིན་ཐད་ནས་ཅུང་ཟད་ཞན་པོ་རེད། ང་ཚོའི་སྲོལ་རྒྱུན་གྱི་ཐོག་ནས་དཔེ་
ཞིག་བཞག་ནས་བཤད་ན། སྲོལ་རྒྱུན་གྱི་གྲྭ་ས་དང་དགོན་པ་དེ་ཚོའི་ནང་ལ་
གྲྭ་གསུམ་ཟེར་བ་ཞིག་ཡོད། ཡིག་གྲྭ་དང་། བཤད་གྲྭ། སྒོམ་གྲྭ་གསུམ་རེད།།
དེའི་ནང་ནས་བཤད་གྲྭ་དང་སྒོམ་གྲྭ་ལ་དེ་རིང་ང་ཚོར་འབྲེལ་བ་ཅང་མེད་
པས་མི་བཤད། སྐབས་སུ་བབས་པར་བཤད་རྒྱུ་གཙོ་བོ་དེ་ཡིག་གྲྭ་ཞེས་པ་
འདི་ཡིན། ཡིག་གྲྭ་ཞེས་པ་ནི་ཡི་གེ་སློབ་སའམ་ཀློག་སློབ་སའི་སློབ་གྲྭ་སྟེ། དེ་
ལ་ང་ཚོའི་སྲོལ་རྒྱུན་གྱི་ཐོག་ནས་ཡིག་གྲྭ་ཞེས་བརྗོད་ཀྱི་ཡོད། སྲོལ་རྒྱུན་གྱི་
ཡིག་གྲྭའི་ནང་གི་ཐོག་མའི་བྱ་བ་དེ་གང་རེད་ཟེར་ན། སློབ་མ་ཞིག་ཡིན་ན་
ཀློག་གི་སྐབས་ནས་མ་མཐར་ཡང་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་
ཀའི་རྩ་བ་དང་། སུམ་རྟགས་གཉིས་ཀྱི་ཐོག་ལ་དགོན་པ་དང་གྲྭ་ས་རང་རང་
སོ་སོར་བསྡུས་སྡོམ་འདྲ་མིན་མང་པོ་ཡོད་ནའང་། ཕྱོགས་གཅིག་གི་དབང་
དུ་བྱས་ནས་བཤད་ན། དཔེར་ན། ལེགས་བཤད་ལྗོན་དབང་དང༌། རྟགས་
འཇུག་གི་དཀའ་གནད་གསལ་བའི་མེ་ལོང་ལྟ་བུའི་སུམ་རྟགས་ཀྱི་སྐོར་ནས་
དེ་ཚོ་དང་། དག་ཡིག་གི་སྐོར་ནས་ཡིན་ན་ས་པཎ་གྱི་དག་པར་བྱེད་པའི་
སྡེབ་སྦྱོར་དང་། དག་ཡིག་མཁས་པ་དགའ་སྐྱེད་ལྟ་བུ་སྟེ། མ་མཐར་ཡང་དེ་
འདྲ་རེ་བློར་མ་སོང་ན་རྩ་བ་ནས་ཐབས་མེད་པ་ཞིག་རེད། དེ་ནས་དེའི་ཐོག་
ལ་གྲངས་རིག་པ་དང་སྐར་རྩིས་ཀྱི་སྐོར་ནས་ཡིན་ན། ས་ཕྱོགས་སོ་སོ་ནས་
སྔོན་གྱི་མཁས་པ་རྣམས་ཀྱིས་གསུངས་པའི་སྐར་རྩིས་ཀྱི་སྐོར་མང་པོ་ཡོད།
དཔེར་ན་ཁམས་ཕྱོགས་སུ་ཡིན་ན་འཇུ་མི་ཕམ་གྱི་སྐར་རྩིས་ཀྱི་སྔོན་འགྲོ་ལྟ་
བུ་དང་། སྡེབ་སྦྱོར་ལ་མཚོན་ན་སྡེབ་སྦྱོར་རིན་ཆེན་རྒྱ་མཚོའི་ཆུ་ཐིག་འདྲ་
འདྲ། དེ་བཞིན་སྙན་ངག་གི་སྐོར་ཡིན་ནའང་གང་ལ་གང་མཚམས་རེ་བློ་ལ་
མེད་ན་ཐབས་མེད་ཅིང་། མ་མཐའི་དམའ་ཚད་ངོ་མ་དེ་དེ་འདྲ་ཞིག་རེད།
དེ་ནས་གལ་ཏེ་ནང་དོན་རིག་པ་སློབ་པའི་དབང་དུ་བྱས་ན། གཞུང་བཀའ་
པོད་ལྔ་ལ་སོགས་པ་མང་པོ་བློ་ལ་འཛིན་དགོས་ཀྱང་། དེ་ནི་བཤད་གྲྭ་ལས་
ཡིག་གྲྭ་ལ་འབྲེལ་བ་མེད་རེ་ཞིག་ཕར་བཞག་སྟེ་མི་བཤད་རྒྱུ་བྱེད། ད་གཙོ་
བོ་ཡིག་གྲྭའི་ནང་གི་སུམ་རྟགས་དག་གསུམ་དང་རྩིས་སྙན་སྡེབ་གསུམ་གྱི་
སྐོར་འདི་ཚོ་མ་ཎི་བཏོན་པ་ལྟ་བུ་བློ་ལ་གཞིར་བཞག་བྱེད་དགོས་ཀྱི་ཡོད།
དེ་ནས་ཐ་སྙད་ཤེས་ཚར་དུས་སུམ་རྟགས་དག་གསུམ་གྱི་གཞུང་འཁྲིད་པའི་
གནས་སྐབས་ན། ང་ཚོའི་དེང་སང་གི་སློབ་དེབ་ལྟར་ལོ་རིམ་དང་པོའི་ནང་
ལ་སུམ་རྟགས་ཤོ་ལོ་ཀ་གཅིག་དང་། ལོ་རིམ་གཉིས་པའི་ནང་ལ་སུམ་རྟགས་
ཤོ་ལོ་ཀ་གཅིག་ཁྲིད་པ་ལྟ་བུ་མ་ཡིན་པར། དཔེར་ན། སུམ་ཅུ་པ་ལྟ་བུ་ཡིན་
ན་མགོ་ནས་མཇུག་གི་བར་དུ་ཚང་མ་ཆ་ཚང་བ་ཞིག་འཁྲིད་ཀྱི་ཡོད། ཆ་ཚད་
ཁྲིད་རྒྱུ་དེ་ལ་དགེ་མཚན་ཡོད། གཞུང་འདི་ཚོ་མགོ་ནས་མཇུག་གི་བར་དུ་
མཐར་ཆགས་སུ་འབྲེལ་ནས་ཡོད་ཅིང་། མགོ་དང་མཇུག་གི་དོན་ཕན་ཚུན་
སྡེབ་ནས་གོ་བ་ལེན་དགོས་པ་དང་། ཤོ་ལོ་ཀ་གཅིག་གི་དོན་ཤོ་ལོ་ཀ་གཞན་
གཅིག་ལ་སྦྲེལ་ནས་གོ་བ་ལེན་དགོས་པ་ལྟ་བུ་དེ་འདྲའི་འབྲེལ་བ་ཅན་ཞིག་
རེད། དེ་ཡིན་དུས་གཞུང་འདི་ཚོ་མགོ་ནས་མཇུག་གི་བར་མཐར་ཆགས་
སུ་ཁྲིད་ན། མགོ་ནས་མཇུག་གི་བར་དུ་གོ་ལེན་ལུགས་ཆ་ཚང་ཡག་པོ་ཞིག་
ཡོང་ཐུབ་ཀྱི་ཡོད། དེས་ན་སུམ་ཅུ་པ་ཡིན་ནའང་འདྲ། རྟགས་ཀྱི་འཇུག་པ་
ཡིན་ནའང་འདྲ། སྙན་ངག་ཡིན་ནའང་འདྲ། གང་ཡིན་ནའང་གཞུང་ཆ་ཚང་
མཐར་ཆགས་སུ་འཁྲིད་རྒྱུ་དེ་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་ཞིག་རེད། གཞུང་
དང་པོ་འཁྲིད་པའི་གནས་སྐབས་སུ་འཛིན་གྲྭ་དང་པོ་དེ་འདྲ་ཡིན་ན་ཚིག་
དོན་རྐྱང་པ་ཙམ་ཞིག་འཁྲིད་རྒྱུ་དང་། དེ་ནས་རིམ་པ་ཅུང་ཟད་མཐོན་པོ་
ཡིན་ན་དེའི་ཐོག་ལ་མཐའ་དཔྱད་བྱེད། དེའི་ཐོག་སློབ་གྲྭའི་ནང་ལ་ང་ཚོ་གྲྭ་
སའི་རྩོད་པ་དེ་འདྲ་ཡོད་མ་རེད་དེ་རྩོད་པ་འདྲ་བྱེད། དེ་འདྲ་བྱས་ནས་ཡོང་
བ་དེ་ང་ཚོ་སྲོལ་རྒྱུན་གྱི་བོད་ཡིག་སློབ་སྟངས་རེད། སྲོལ་རྒྱུན་གྱི་བོད་ཡིག་
སློབ་སྟངས་འདི་ཐ་སྙད་ཐམས་ཅད་གཅིག་གྱུར་གྱི་ཐོག་ནས་འགྲོ་གི་ཡོད།
དེ་ད་ནང་ཡང་བཤད་པ་ཡིན་ལ་དེ་ནི་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་ཞིག་
རེད། མི་རིགས་ཀྱི་སྐད་ཡིག་གཅིག་གྱུར་ཟེར་བ་དེ་ཤིན་ཏུ་ནས་ཀྱང་དཀའ་
མོ་རེད། རྒྱུ་ཡིས་ལོ་རབས་ལྔ་བཅུ་པ་ནས་སྐད་ཡིག་གཅིག་གྱུར་བྱེད་དགོས་
ཞེས་ཁ་འབོད་བྱས་ཤིང་། དེ་བསྒྲུབས་ནས་ཡོང་བ་རེད་ལ། ད་ལྟའི་བར་དུ་
མི་ལོ་བཞི་བཅུ་ལྔ་བཅུའི་རིང་ལ་བྱ་བ་དེ་བསྒྲུབ་པ་རེད། དེ་འདྲ་ཡིན་དུས་
ད་ལྟ་རྒྱའི་གྲོང་ཁྱེར་རྣམས་ཀྱི་ནང་ལ་ཡོད་པའི་གྲོང་ཁྱེར་གྱི་མི་ཞིག་ཡིན་ན།
རྒྱ་ནག་གི་སྤྱི་སྐད་དེ་ཉན་མི་ཤེས་མཁན་གཅིག་ཀྱང་མེད། བཤད་དགོས་ན་
རྒན་འཁོགས་གཅིག་རེ་གཉིས་རེ་མ་གཏོགས་པ་ལོ་ཆུང་དེ་ཚོས་གང་ཞིག་
བཤད་དགོས་ནའང་བཤད་ཤེས་པ་ཆགས་ཡོད། ཉན་དགོས་ན་ཐམས་ཅད་
ཀྱིས་ཉན་ཤེས་པ་དེ་འདྲ་ཞིག་རེད། རྒྱ་ནག་གི་གྲོང་གསེབ་ལ་ཡིན་ན་སྤྱི་སྐད་
ཉན་མི་ཤེས་མཁན་དཀོན པོ་རེད་མོད། ཡིན་ནའང་། ད་དུང་ཡག་པོ་ཉན་མི་
ཤེས་མཁན་གཅིག་རེ་གཉིས་རེ་ཡོད། གྲོང་གསེབ་ལ་སྤྱི་སྐད་བཤད་མི་ཤེས་
མཁན་ནི་ཤིན་ཏུ་ནས་ཀྱང་མང་པོ་རེད། དེ་ནས་རྒྱ་ནག་གིས་ལྔ་བཞིའི་ལས་
འགུལ་ནས་བཟུང་སྟེ་ཡིག་སྐད་དང་ཁ་སྐད་གཉིས་གཅིག་པ་བྱས་བཞག་པ་
རེད། ཡིག་སྐད་ཟེར་བ་ཞིག་དང་ཁ་སྐད་ཟེར་བ་ཞིག་ཐ་དད་དུ་མེད་པར་
བྱས་ཏེ་ལོ་མང་པོ་ཞིག་གི་རིང་ལ་འབད་པ་བྱས་པས་ད་ལྟ་འདི་འདྲ་ཞིག་ཏུ་
གྱུར་པ་རེད། ང་ཚོ་བོད་ཀྱི་དབང་དུ་བྱས་ན། ལོ་སྟོང་ཕྲག་གཅིག་དང་སུམ་
བརྒྱ་བཞི་བརྒྱའི་ཡར་མར་དེ་འདྲ་ཞིག་གི་རིང་ལ། བསྟན་བཅོས་ཀྱི་ཐོག་
ནས་ང་ཚོའི་སྐད་ཡིག་དེ་གཅིག་གྱུར་ཧ་ལས་པ་བྱུང་ཡོད། དེ་ད་ནང་སྔ་དྲོར་
རྣམ་པ་ཐམས་ཅད་ལ་ཞུས་པ་ལྟ་བུ་རེད། དེས་ན། ད་ལྟ་ང་ཚོའི་སྐད་ཡིག་
འདི་བསྟན་བཅོས་ཀྱིས་གསར་དུ་གཅིག་གྱུར་བྱེད་མི་དགོས། ཐམས་ཅད་
གཅིག་གྱུར་བྱས་ཤིང་གཅིག་པ་བྱས་ནས་བཞག་ཡོད། ད་ལྟ་དགོས་པ་དེ་
གང་རེད་ཟེར་ན། དེ་རྒྱུན་འཛིན་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཡིན་ནའང་། ང་
ཚོའི་སློབ་དེབ་ནང་ལ་བསྟན་བཅོས་ཀྱི་ཡོད་མ་རེད། བསྟན་བཅོས་ཀྱི་སྐད་
དེ་མི་འདུག སློབ་དེབ་ཀྱི་ནང་ལ་ཡོད་པའི་ཐ་སྙད་ཐམས་ཅད་སྒྱུར་བ་པོ་ལོ་
ཙཱ་བ་རྣམས་ཀྱིས་བཟོས་པའི་ཐ་སྙད་གསར་པ་རེད་ལ། ཐ་སྙད་གསར་པ་
དེ་ཚོ་ཡང་གཅིག་གྱུར་མ་ཡིན་པར་སོ་སོ་རང་གིས་ཅི་འདྲར་བསྒྱུར་བསམ་
ན་ཕལ་ཆེ་བ་དེ་འདྲར་བསྒྱུར་ཡོང་བ་ཞིག་རེད། དེ་འདྲ་བྱས་ཏེ་བསྒྱུར་བ་
ཡིན་ན། ད་ཁམས་ཕྱོགས་ཀྱི་ལོ་ཙཱ་བས་བསྒྱུར་བ་ཞིག་ཡིན་ན། ཨ་མདོའི་
ཕྱོགས་ཀྱིས་ཡག་པོ་མི་གོ་བ་དང་། ཨ་མདོའི་ཕྱོགས་ཀྱི་ལོ་ཙཱ་བས་བསྒྱུར་
བ་ཞིག་ཡིན་ན་དབུས་གཙང་ཕྱོགས་ཀྱིས་ཧ་མི་གོ་བར་འདྲ་འདྲ། ཨ་མདོའི་
ལོ་ཙཱ་བས་བསྒྱུར་བ་ཞིག་ཡིན་ནའང་ཨ་མདོའི་ནང་ནས་གཅིག་གིས་ཅི་
བཤད་པ་གཅིག་གིས་ཧ་མི་གོ་བ་ལྟ་བུ། ད་ཐ་སྙད་ཐམས་ཅད་དེ་འདྲ་ཞིག་
ཏུ་གྱུར་ཡོད། བསྟན་བཅོས་ཀྱི་ནང་ལ་ཡོད་པའི་བསྟན་བཅོས་ཀྱི་སྐད་ཟེར་
བ་འདི་ཆོས་ཀྱི་དོན་དག་གཅིག་པུ་མ་རེད། ཐ་སྙད་ཀྱི་དོན་དག་རེད། ཆོས་
ཀྱི་དོན་དག་བཀའ་འགྱུར་དང་བསྟན་འགྱུར་ནང་ལའང་ཡོད་ལ། སྲོལ་རྒྱུན་
གྱི་རིག་གནས་གཞན་པའི་ནང་ལའང་ཡོད། བསྟན་བཅོས་ཀྱི་སྐད་ཟེར་བ་
འདི་ཚོ་དངོས་ཡོད་ཀྱི་འཚོ་བའི་ནང་ལའང་བཀོལ་ཆོག་པ་རྐྱང་རྐྱང་རེད།
དེ་འདྲ་ཡིན་དུས། སློབ་གྲྭའི་ནང་ལ་ཡིན་ན་གཙོ་བོ་བསྟན་བཅོས་ཀྱི་སྐུད་
ལ་ཆ་འཇོག་བྱེད་དགོས། གལ་ཏེ་བསྟན་བཅོས་ཀྱི་སྐད་ལ་ཆ་འཇོག་མ་བྱས་
པར་རང་རང་སོ་སོའི་ཁ་སྐད་རྐྱང་རྐྱང་བྲིས་ན། སྔོན་ཆད་སྐད་ཡིག་གཅིག་
གྱུར་བྱས་ཚར་བ་དེ་ཕར་གཏོར་ནས་དགེ་མཚན་ཅི་ཡང་མེད་པར་འགྱུར་
འགྲོ། དེས་ན། དེའི་ཐོག་ལ་ཅུང་ཟད་གཟབ་གཟབ་བྱེད་དགོས། དེ་དོན་དག་
གཉིས་པ་རེད། དོན་ཚན་གསུམ་པ་དེ་ད་ནང་ཞུས་ཡོད་མང་པོ་ཞུས་མ་ཞུས་
མི་འདུག འདིའི་ཐོག་ལ་ང་ཚོའི་སྲོལ་རྒྱུན་གྱི་ཐོག་ནས་གཙོ་བོ་ཀློག་སློབ་
པ་དང་དུས་མཚུངས་བསམ་བློའི་སློབ་གསོ་དེའང་དེ་དང་མཉམ་དུ་འགྲོ་གི་
ཡོད། དེ་འདྲ་ཡིན་དུས། ང་ཚོ་བོད་ལ་འཇིག་རྟེན་སྐོར་གྱི་བསྟན་བཅོས་ཤིན་
ཏུ་མང་པོ་ཡོད་ཅིང་། ཁ་སང་དེ་རིང་དེ་ཚོ་ག་ས་ག་ལ་འཁྲིད་ཀྱི་ཡོད། དེ་ཚོ་
སློབ་དེབ་ཀྱི་ཐོག་ལ་བཞག་སྟེ་སློབ་གྲྭའི་ནང་དུ་ཁྲིད་ན། སློབ་མ་ཐམས་ཅད་
ཀྱི་བསམ་བློ་གཏོང་ལུགས་ལ་ཕན་ཐོགས་ཤིན་ཏུ་ཆེན་པོ་ཡོང་རྒྱུ་རེད། དེའི་
ཐོག་ནས་བསམ་བློ་གཏོང་ལུགས་དེ་ཡག་པོ་རེད་སོང་ན། དེ་ནས་སློབ་མ་
ཐམས་ཅད་རྗེས་སུ་སྤྱི་ཚོགས་ཀྱི་ཐོག་ལ་ཐོན་པའི་སྐབས་སུ་སྤྱི་ཚོགས་ལ་
ཕན་ཐོགས་ཡོད་པའི་མི་དེ་འདྲ་ཞིག་ཏུ་འགྱུར་འགྲོ། དེས་ན་དགེ་རྒན་རྣམ་
པ་ཐམས་ཅད་ཀྱིས་དེའི་ཐོག་ལ་མཉམ་འཇོག་བྱེད་དགོས་ཀྱི་འདུག ད་དེ་
ཙམ་ཞིག་གིས་ཆོག་པར་གྱིས། གཞན་པ་དེའི་ཐོག་ལ་མང་པོ་བཤད་རྒྱུ་མིན།
(འདིའི་མན་ཆོད་ནས་མཇུག་བསྡུའི་བཀའ་སློབ་བར་དུ་བོད་སྐད་ཡིག་གི་ཉེན་ཁ་དང་
ཉེན་ཁ་ལས་སྐྱོབ་ཐབས་སྐོར་དམ་པ་འདིའི་གསུང་རྩོམ་< འཛམ་གླིང་སྐད་ཡིག་གི་སྐྱེ་
འཆིའི་ལོ་རྒྱུས་བསྡུས་པ་ལུག་ལུག་རྫི་རྒན་པོའི་ཀི་སྒྲ་> དང་དེའི་འཆད་ཁྲིད་ཟེར་སྡེར་
ཡོད་པ་དེ་དག་དང་ཚིག་དོན་གང་གི་ཆ་ནས་གཉིས་སུ་མི་འདུག་པས་གསུང་རྩོམ་དེ་དང་
ཟེར་སྡེར་དེ་རྣམས་ཡུལ་ཕྱོགས་ཀུན་ལ་ས་ཁྱབ་རྡོ་ཁྱབ་རེད་འདུག་པས་སླར་ཡང་དེབ་
གཟུགས་འདིའི་ནང་དུ་བསྐྱར་བསྐྲུན་བྱས་ཀྱང་དགོས་གལ་ཆེར་མི་འདུག་སྙམ་སྟེ་བཀོད་
མེད་པས་རྒྱ་ཆེན་ཀློག་པ་པོ་རྣམས་ལ་དགོངས་སེལ་སྙིང་ནས་ཞུ།)
མཇུག་བསྡུ་བ།
མཇུག་ཏུ་ཐམས་ཅད་ཀྱི་ནང་ནས་ཁོལ་དུ་ཕྱུང་སྟེ་སྐད་ཆ་བཤད་རྒྱུ་གཅིག་
ཡོད། དེ་གང་ཡིན་ཟེར་ན། ཐམས་ཅད་ཀྱིས་སྲོལ་རྒྱུན་གྱི་རིག་གནས་འདི་ལ་
མཐོང་ཆེན་བྱེད་དགོས་ཟེར་རྒྱུ་དེ་ཡིན། དེ་ངའི་བསམ་ཚུལ་ཡིན་ཡང་། ང་མི་
གཅིག་གི་བསམ་ཚུལ་མིན། མཁས་པ་མང་པོས་སྲོལ་རྒྱུན་གྱི་རིག་གནས་
འདི་ལ་མཐོང་ཆེན་བྱེད་དགོས་གསུངས་ཀྱི་ཡོད། དེང་རབས་ཀྱི་རིག་གནས་
ཀྱང་མཁོ་ལ། སྲོལ་རྒྱུན་གྱི་རིག་གནས་ཀྱང་མཁོ། ཁ་སང་དེ་རིང་སྲོལ་རྒྱུན་
གྱི་རིག་གནས་རྩ་བ་ནས་མི་མཁོ་ཟེར་བ་འདི་སེམས་ཐག་ཆོད་པོའི་སྒོ་ནས་
ནོར་བ་ཡིན་པར་བཤད་ཆོག སྲོལ་རྒྱུན་གྱི་རིག་གནས་ཡོངས་རྫོགས་རྩ་བ་
ནས་མི་དགོས་ཟེར་བ་འདི་ནོར་བ་ཡིན། དེ་ནོར་བ་ཡིན་པའི་རྒྱུ་མཚན་ཅི་
རེད་ཟེར་ན། དེ་ལ་རྒྱུ་མཚན་མང་པོ་བཤད་རྒྱུ་ཡོད། ངས་ད་ནང་བཤད་
ཡོད་པ་དེ་ཚོ་རེད། མཁས་པ་ཨིན་དབྱིན་སི་ཐན་(Einstein)གྱིས། མདོར་
ན་མི་རྣམས་ཀྱི་བསམ་པ་དང་ཀུན་སྤྱོད་བཟང་པོ་ཡོད་དོ་ཅོག་དེ་གང་
ལས་བྱུང་བ་ཡིན་ཟེར་ན་ཆོས་ཀྱི་ནང་ནས་བྱུང་བ་རེད་ཟེར་འདུག ཆོས་
མ་གཏོགས་གཞན་པ་འབྱུང་ས་མེད་ཅེས་གསུངས་ཡོད། ཚན་རིག་གི་ལག་
རྩལ་དང་དངོས་ཁམས་རིག་པའི་ནང་ནས་བསམ་བློ་དེ་ཨེ་འབྱུང་། འབྱུང་
གི་མ་རེད། གྲངས་རིག་པའི་ནང་ནས་བསམ་བློ་དེ་ཨེ་འབྱུང་། འབྱུང་གི་མ་
རེད། རྫས་འགྱུར་རིག་པའི་ནང་ནས་བསམ་བློ་དེ་ཨེ་འབྱུང་། འབྱུང་གི་མ་
རེད། འོ་ན་གང་ནས་འབྱུང་གི་རེད་ཟེར་ན། ངས་གོང་དུ་བཤད་པ་དེ་ཡིན་
མཁས་པ་ཨིན་དབྱིན་སི་ཐན་གྱི་སྐད་ཆ་ངོ་མ་རེད། ཁོང་གིས་དེ་འདྲ་ཞིག་
གསུངས་འདུག ཡིན་ནའང་། ང་ཚོས་ཆོས་ཟེར་ནའང་ཆོག་མ་ཟེར་ནའང་
ཆོག སྲོལ་རྒྱུན་གྱི་རིག་གནས་ཟེར་ནའང་ཆོག གང་ལྟར་ཚེ་ཕྱི་མ་ཕར་ཟུར་
དུ་ཞོག ཚེ་འདི་གཅིག་པུའི་དབང་དུ་བྱས་ནའང་། སྤྱི་ཚོགས་ཡར་རྒྱས་
འགྲོ་སྤྱད་དང་། འགྲོ་བ་མིའི་རིགས་སྤྱི་དང་། ཆུང་ས་ནས་ང་ཚོ་བོད་མི་
རིགས་ལ་བསམ་བློ་བཏང་ན། བདེ་སྐྱིད་འབྱུང་སྤྱད་ཀྱི་རྩ་བའི་དོན་གནད་
ཅིག་སྲོལ་རྒྱུན་རིག་གནས་ཀྱི་ནང་དུ་ཡོད། སྲོལ་རྒྱུན་གྱི་རིག་གནས་རིལ་
པོ་ཕར་གཡུགས་ཞོག་དང་། དེ་ནས་ང་ཚོའི་དཔལ་འབྱོར་གང་འདྲ་ཡར་
རྒྱས་སོང་བ་ཡིན་ནའང་། ངས་གོང་དུ་བཤད་པ་དེ་རེད། ནུབ་ཕྱོགས་དང་
ཡོ་རོབ་ཀྱི་དཔལ་འབྱོར་དེ་འདྲ་ཞིག་ཡར་རྒྱས་འགྲོ་དགོས་ན། ལོ་ག་ཚད་
འགོར་གྱི་རེད། གལ་ཏེ་དེ་འདྲ་ཞིག་ཡར་རྒྱས་སོང་བ་ཡིན་ནའང་། ཡོ་རོབ་
ཀྱིས་ཅི་ཟེར་གྱི་འདུག རིན་ཐང་གི་ལྟ་བ་འདི་ལ་ཅུང་ཟད་ཅིག་འགྱུར་བ་
འགྲོ་གི་ཡོད་རེད། དེས་ན་སྲོལ་རྒྱུན་གྱི་རིག་གནས་འདི་ཉིད་འདོར་མི་ཉན།
ཡིན་ནའང་། སྲོལ་རྒྱུན་གྱི་རིག་གནས་འདིའི་ནང་དུ་ཁ་སང་དེ་རིང་གི་དུས་
རབས་དང་། ཟས་སྤྱོད་གང་གི་ཐད་ནས་ཡིན་ནའང་ཅུང་ཟད་ཅུང་ཟད་མི་
མཐུན་པ་འདྲ་ཡོད་ན། དེང་རབས་དང་མི་མཐུན་པ་དག་གནས་སྐབས་རིང་
ང་ཚོས་མཚམས་དེར་བཞག་ན་ཆོག་གི་རེད་ཡིན་ནའང་། སྲོལ་རྒྱུན་གྱི་རིག་
པ་ཐམས་ཅད་འདོར་དགོས་ཟེར་རྒྱུ་འདི་དངོས་གནས་དྲང་གནས་ཉེན་ཁ་
ཅན་གྱི་སྐད་ཆ་ཞིག་རེད། ང་ཚོ་ཡོངས་རྫོགས་ཀྱིས་སྲོལ་རྒྱུན་གྱི་རིག་པ་
འདི་དོར་བའི་དབང་དུ་བྱས་ན། མི་རིགས་ཤིག་ཚུར་མཉམ་དུ་བསྡམས་ཏེ་
བཅིངས་ནས་ཡོད་པའི་འཆིང་ཐག་དེ་གྲི་ཡིས་བཅད་པ་དང་འདྲ་འདྲ་རེད།
དེ་ནི་གོང་དུ་བཤད་མ་ཐག་པའི་ཚན་རིག་གི་སྡོམ་ཚིག་རེད་མ་གཏོགས་
ངས་བཤད་པ་ཞིག་མ་རེད། དེ་འདྲ་ཡིན་དུས། སྲོལ་རྒྱུན་གྱི་རིག་གནས་འདི་
གལ་ཆེན་པོ་ཞིག་རེད། མི་རིགས་གཞན་པ་འགས་སྲོལ་རྒྱུན་གྱི་རིག་གནས་
དེ་མར་འཕངས་ཏེ་དེ་མ་འགྲིག་ནས་ད་ཚུར་ལེན་གྱི་ཡོད་པ་ཨེ་རིག་གི ད་
ཚོས་དེར་བལྟ་དགོས། ང་ཚོ་ལ་སྲོལ་རྒྱུན་གྱི་རིག་གནས་འདི་དགོས། ཡིན་
ནའང་། སྲོལ་རྒྱུན་གྱི་རིག་གནས་ཤ་སྟག་མ་གཏོགས་གཞན་མི་དགོས་ཟེར་
གྱི་མེད། དེང་རབས་ཀྱི་རིག་གནས་ཀྱང་དགོས། ང་ཚོ་ཐམས་ཅད་ཀྱིས་ཡིག་
སྒྱུར་ལ་ནུས་པ་བསྐྱེད་དགོས་ཞེས་བཤད་པ་དེ། དེང་རབས་ཀྱི་རིག་གནས་
དགོས་ནས་བཤད་པ་རེད་མ་གཏོགས། དེ་མི་དགོས་ན། ཡི་གེ་དེ་དག་བོད་
ཡིག་ཏུ་མ་བསྒྱུར། མེད་ན་དགའ་ཞེས་བཤད་རྒྱུ་རེད། འོན་ཀྱང་། དེ་འདྲ་
བཤད་ཀྱི་མེད། དེང་རབས་ཀྱི་རིག་པ་དག་ངེས་པར་དུ་ཡོད་དགོས་ལ། ཡིན་
གཅིག་མིན་གཅིག་དེང་རབས་ཀྱི་རིག་པ་དེ་ཉིད་སྲོལ་རྒྱུན་གྱི་རིག་གནས་
དང་ཟུང་དུ་སྦྲེལ་དགོས། ང་ཚོས་ནུབ་ཕྱོགས་ཀྱི་ཟེར་ལུགས་འགའ་རེ་ཁྱེར་
ཡོང་ནས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཐོག་ལ་སྦྱར་ན་ར་མགོར་ལུག་སྦྱར་
ལོག་གི་ཡོད། དེ་བལྟ་དགོས་རེད། ཆོས་ཞེས་པའི་མིང་གཅིག་མ་གཅིག་
མེད། སྲོལ་རྒྱུན་གྱི་རིག་གནས་ཞེས་པའི་མིང་གཅིག་མ་གཅིག་མེད། དོན་
དག་ཐ་དད་སོ་སོ་ཡིན། དེ་འདྲ་ཡིན་དུས་ནུབ་ཕྱོགས་ཀྱི་སྡོམ་ཚིག་གཅིག་
གཉིས་རེ་ཁྱེར་ཡོང་ནས་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ཐོག་ལ་བཞག་
ན་ར་མགོ་ལུག་སྦྱར་ཡིན། མི་ཤེས་པ་དག་གིས་འཇོག་པ་རེད་མ་གཏོགས།
ཤེས་མཁན་ཞིག་གིས་དེ་ལྟར་འཇོག་ཡང་མི་འཇོག དེས་ན། དགེ་རྒན་རྣམ་
པ་ཡིན་ནའང་། སྲོལ་རྒྱུན་གྱི་རིག་པ་ཡོངས་རྫོགས་ལ་སྐྱོན་དང་ནོར་འཁྲུལ་
དུ་བལྟས་ཏེ་མཐོང་ཆུང་དང་བརྙས་བཅོས་བྱས་ན། ང་ཚོའི་མི་རིགས་འདི་
སའི་གོ་ལའི་ཐོག་ནས་མེད་པར་ཆགས་རྒྱུའི་མགོ་རྩོམ་པ་རེད། དེ་ངས་
བཤད་པ་ཞིག་མིན། རྒྱལ་སྤྱིའི་ཐོག་གི་ཆེད་ལས་མཁས་པ་རྣམས་ཀྱིས་ཞིབ་
འཇུག་བྱས་ཏེ། ནམ་ཞིག་ན་རང་གི་སྲོལ་རྒྱུན་གྱི་རིག་པ་དང་ཆོས་ལུགས་
ལ་མཐོང་ཆུང་བྱས་ཡོང་བ་ཡིན་ན། དེའི་ཉིན་ནས་རང་གི་སྐད་རིགས་དེ་
ཉིད་མེད་པར་ཆགས་པའི་མགོ་བཟུང་བ་རེད་ཅེས་བཤད་པ་དེ་ངས་ཟེར་བ་
མ་རེད། དེ་འདྲ་ཡིན་དུས། ང་ཚོའི་སྲོལ་རྒྱུན་རིག་པའི་ནང་དུ་དེང་སང་གི་
དུས་རབས་དང་མཐུན་ཞིང་། འགྲོ་བ་མིའི་རིགས་དང་སེམས་ཅན་ཐམས་
ཅད་ལ་ཕན་ཐོགས་ཡོད་པའི་ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་ནང་དུ་དངོས་
གནས་དྲང་གནས་དུས་ལས་བརྒལ་བའི་བསམ་བློ་ཡོད་རེད། རིན་ཐང་ཆེ་
བའི་བསམ་བློ་དེ་འདྲ་ཡོད་དུས་ང་ཚོས་དེ་ལ་ལྟ་དགོས་རེད། དེ་རིང་འདི་ན་
ཡོད་པའི་དགེ་རྒན་རྣམ་པའི་ནང་སྲོལ་རྒྱུན་གྱི་རིག་པ་ལ་ཧ་ཅང་ཞིབ་འཇུག་
བྱས་ཤིང་བྱང་ཞིང་ཆུད་བསྡད་ཡོད་པ་དེ་འདྲའང་མང་པོ་ཡོད། ཡང་སྲོལ་
རྒྱུན་གྱི་རིག་པ་ཤེས་ཤེས་ཟེར་ནའང༌། མ་མཐའི་མཇུག་ནས་སུམ་རྟགས་
དག་གསུམ་ཁ་ཤས་རེད་མ་གཏོགས་མི་ཤེས་མཁན། དཔེར་ན། སྟག་གི་སྤུ་
ཉག་མ་ཞིག་བཟུང་ནས་ངས་སྟག་བཟུང་མྱོང་ཟེར་བ་འདྲ་བོ་ཆགས་བསྡད་
ཡོད་པ་དེ་འདྲའང་ཁ་ཤས་ཡོད་རྒྱུ་རེད། དེས་ན་སྲོལ་རྒྱུན་རིག་གནས་འདི་
ལ་གཏིང་ཟབ་པོས་ཞིབ་འཇུག་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ངས་དེ་རིང་
དགེ་རྒན་རྣམ་པ་ལ་ཆོས་ཉམས་སུ་ལེན་དགོས། སྒོམ་རྒྱོབས་ཟེར་གྱི་མེད།
སྲོལ་རྒྱུན་གྱི་རིག་གནས་ལ་ཞིབ་འཇུག་བྱེད་དགོས་ཟེར་གྱི་ཡོད། སྲོལ་རྒྱུན་
གྱི་རིག་གནས་འདི་ལ་ཞིབ་འཇུག་ཡང་དག་པ་ཞིག་མ་བྱས་པར། ཕྱི་ཕྱོགས་
ཤིག་ནས་རྩ་བ་ནས་མི་ཤེས་མཁན་ཤ་སྟག་གིས་གཅིག་རེད་གཅིག་མ་རེད་
ཅེས་བཤད་བསྡད་ན་དེ་ཉེན་ཁ་ཆེན་པོ་རེད། མི་རིགས་འདི་ལ་ཉེན་ཁ་
དང་། སྐད་རིགས་འདི་ལ་ཉེན་ཁ། དེ་ནས་ཐམས་ཅད་ལ་ཉེན་ཁ་ནས་ཉེན་
ཁར་འགྱུར་འགྲོ། དེས་ན་སྲོལ་རྒྱུན་གྱི་རིག་གནས་འདི་ལ་བསྟུན་དགོས།
སྲོལ་རྒྱུན་གྱི་རིག་གནས་འདིའི་ནང་དུ་ང་ཚོའི་སྤྱི་ཚོགས་ལ་མཁོ་བ་མང་
པོ་ཞིག་ཡོད། དེ་ང་ཚོས་རྩལ་འདོན་བྱས་ཏེ་དེའི་ཐོག་ལ་ཁ་སང་དེ་རིང་
གི་ཚན་རིག་ལག་རྩལ་དང་དེང་རབས་ཀྱི་རིག་པ་དག་ཟུང་འབྲེལ་བྱས་ན།
མིང་དོན་མཚུངས་པའི་ཡར་རྒྱས་འགྲོ་གི་རེད་ཅེས་བཤད་ནའང་ཆོག དེས་
ན་དགེ་རྒན་རྣམ་པས་འདི་ཚོ་ལ་བསམ་བློ་གཏོང་རོགས་གྱིས། ངས་དེ་རིང་
དགེ་རྒན་རྣམ་པ་ལ་འདི་ཞུ་དགོས་སྤྱད་ཀྱི་རྩ་བ་ནི། དགེ་རྒན་ནི་ང་ཚོའི་མ་
འོངས་པའི་རེ་བ་འཆའ་སའི་མི་རབས་རྗེས་མ་འདི་ཚོ་བཟང་པོ་བྱས་ནའང་
འདྲ། ངན་པ་བྱས་ནའང་འདྲ། ལེགས་པའི་ལམ་དུ་འཁྲིད་ནའང་འདྲ། ལོག་
པའི་ལམ་དུ་བསྒྱུར་ནའང་འདྲ། རྩ་བ་དགེ་རྒན་གཅིག་པུ་རེད། དེའི་དབང་
དུ་བྱས་ནས་ངས་དེ་རིང་ཁྱེད་རྣམ་པར་སྐད་ཆ་འདི་བཤད་པའི་རྒྱུ་མཚན་
ཡང་དེ་ཡིན། དེ་འདྲ་ཡིན་དུས། དགེ་རྣམ་པ་ཐམས་ཅད་ཀྱིས་འདི་ཚོ་ལ་
ཞིབ་ཏུ་བསམ་བློ་ཐོངས། སྲོལ་རྒྱུན་གྱི་རིག་པ་འདི་ལ་ཞིབ་འཇུག་གྱིས།
ངས་གོང་དུ་བཤད་པ་དེ་ད་དུང་ཡང་ཟེར་བྱེད། ནུབ་ཕྱོགས་པས་སྡོམ་ཚིག་
མང་པོ་བཀོད་ཡོད། ཆོས་ཀྱི་ཐོག་ལ་སྡོམ་ཚིག་མང་པོ་བཀོད་ཡོད། ཆབ་
སྲིད་ཀྱི་ཐོག་ནས་བཤད་ཡོད་ལ། དཔལ་འབྱོར་རིག་པའི་ཐད་ནས་བཤད་
ཡོད། མཚན་ཉིད་རིག་པའི་ཐད་ནས་ཀྱང་བཤད་ཡོད། སོ་སོས་ལྟ་སྟངས་
མི་འདྲ་བའི་ཐོག་ནས་བཤད་ལུགས་མང་པོ་བཤད་ཡོད། ཡིན་ནའང་། ཁོང་
ཚོའི་སྲོལ་རྒྱུན་རིག་པ་དེས་ང་ཚོ་ཤར་ཕྱོགས་ཀྱི་སྲོལ་རྒྱུན་རིག་པ་དང་།
དེའི་ནང་ནས་ཀྱང་ང་ཚོ་བོད་ཀྱི་སྲོལ་རྒྱུན་རིག་པ་ལ་ཚུར་འགེབས་ཐུབ་ཀྱི་
རེད་དམ་ཟེར་ན། འགེབས་ཐུབ་ཀྱི་མ་རེད། དེས་འགེབས་ཐུབ་སྣང་སྐྱེས་
ན། ང་ཚོས་རང་གི་རིག་གནས་ཀྱི་གདིང་དང་ཕུགས་མ་གོ་བ་རེད། དེ་འདྲ་
ཞིག་ཡིན་དུས། བོད་པ་ཞིག་ཡིན་ན་ཐོག་མར་བོད་ཀྱི་རིག་གནས་ཀྱི་ཕུགས་
ཤེས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་ཤེས་ཚར་ནས་བཟུང་ཁ་སང་དེ་རིང་
དཔལ་འབྱོར་གྱི་སྐོར་ཡིན་ནའང་འདྲ། ཤེས་རིག་འདྲ་མིན་དབྱར་ཁའི་སྤང་
ལ་ཤ་མོ་བརྡོལ་བ་འདྲ་བ་ཤེས་རིག་དེ་འདྲ་ཞིག་མང་གི་རེད། དེང་རབས་
ཀྱི་རིག་གནས་འདི་ཚོ་དབྱེ་བ་དེ་འདྲ་ཞིག་ཞིབ་ཀྱི་རེད། ཡིག་ཆ་དེ་འདྲ་
ཞིག་མང་ནའང་། ང་ཚོ་ལ་གཅིག་ཀྱང་ཡོད་པ་མ་རེད། ཁ་ཤས་ཀྱིས་ང་ཚོ་ལ་
དེང་རབས་ཀྱི་རིག་པ་ལོས་ཡོད། བཟོ་རིག་པ་ཡོད། ཚན་རིག་ཟེར་ན་བཟོ་
རིག་པ་རེད། དེ་འདྲ་རེ་ཟེར་ནས་སྡོད་པ་མ་གཏོགས་གཞན་ཅི་ཡང་མེད།
དེ་ཡིན་དུས་འདི་ཚོ་ཐམས་ཅད་ལ་ཞིབ་ཏུ་བསམ་བློ་གཏོང་ནས། ཕྱོགས་
གཅིག་ནས་སྲོལ་རྒྱུན་གྱི་རིག་པ་འདི་ལ་མཐོང་ཆེན་བྱས་ཏེ། དེང་རབས་ཀྱི་
རིག་གནས་ཐམས་ཅད་ལའང་ཞིབ་ཀྱིས་བསམ་བློ་བཏང་ན། དངོས་གནས་
དྲང་གནས་ང་ཚོ་མ་འོངས་པ་ལ་ཡར་རྒྱས་འགྲོ་ཐུབ་ཀྱི་རེད།
སྲོལ་རྒྱུན་གྱི་རིག་པ་འདི་དེ་འདྲའི་གོ་མི་ཆོད་པ་ཞིག་དང༌། དོན་
མི་ཐོན་པ་ཞིག རིན་ཐང་མེད་པ་ཞིག་ཡིན་ན། ངས་ད་ནང་བཤད་པ་དེ་རེད།
ནོར་ཝེར་གྱི་བྱ་དགའ་ཐོབ་མཁན་དེ་འདྲའི་མང་པོ་ཞིག་གིས། འགྲོ་བ་མིའི་
རིགས་མུ་མཐུད་དེ་འཚོ་གནས་བྱེད་དགོས་ན་ཁུང་ཙེའི་རིག་པ་ལ་བརྟེན་
དགོས་ཞེས་ཅིའི་ཕྱིར་བཤད་པ་རེད། ནོར་ཝེར་གྱི་བྱ་དགའ་ཐོབ་མཁན་
ཟེར་ན། ང་ཚོས་ས་ཆུང་ཆུང་ཞིག་ནས་གཅིག་ཡིན་ཟེར་བ་ཙམ་ཞིག་མ་
རེད།
འཛམ་བུ་གླིང་གི་མཁས་པ་སྐད་གྲགས་ཅན་རྐྱང་རྐྱང་རེད། ཁོང་
ཚོ་གསོ་རིག་དང་མཚན་ཉིད་རིག་པ། ཚན་རིག་སོགས་རིག་པ་གང་གི་ཐོག་
ནས་ཀྱང་རྩེ་མོར་ཐོན་བསྡད་ཡོད་པ་ཤ་སྟག་རེད་མ་གཏོགས་པར་། མི་རང་
འགར་བ་ཞིག་ལ་བྱ་དགའ་དེ་ཐོབ་ཀྱི་མེད། དེ་ལྟ་བུའི་མི་མང་པོ་ཞིག་གིས་
ཁ་ཕྱིར་འཁོར་ནས་སྲོལ་རྒྱུན་རིག་པ་ལ་བསྙབས་ཡོང་བའི་རྒྱུ་མཚན་གང་ལ་
ཐུག་ཡོད། ང་ཚོས་སྲོལ་རྒྱུན་གྱི་རིག་པ་མ་དོར་བའི་གོང་གི་ད་ལྟ་ནས་གནའ་
དེང་ཟུང་འབྲེལ་བྱས་ན་དགའ་རྒྱུ་རེད་མ་གཏོགས། སྲོལ་རྒྱུན་གྱི་རིག་པ་
འདི་མར་དོར་དོར་ནས་སང་ནང་ཞིག་ལ་སྡུག་ཐུག་སྟེ་ཁ་ཕྱིར་འཁོར་ནས་
ད་སྲོལ་རྒྱུན་གྱི་རིག་པས་གཅིག་བྱེད་ཀྱི་ཡིན་ཟེར་ན། དེ་དུས་ཐམས་ཅད་
བརླགས་ཚར་བ་རེད།བརླགས་ཚར་དུས་སྲོལ་རྒྱུན་གྱི་རིག་པ་གང་ཞིག་ནས་
འབྱུང་གི་རེད། འབྱུང་ས་མེད། དེ་འདྲ་ཞིག་རེད། སྲོལ་རྒྱུན་གྱི་རིག་པ་འདི་
ཚོའི་ནང་ལ་ཡོད་པའི་བསམ་བློ་འདི་ཚོ་ནི་དངོས་གནས་དྲང་གནས་རིན་
ཐང་བྲལ་བའི་བསམ་བློ་དེ་འདྲ་ཞིག་རེད། རིན་ཐང་དང་བྲལ་བའི་བསམ་
བློ་ཞིག་རེད། དེ་འདྲ་ཡིན་ན་འདི་ཚོ་ནུས་པ་ཡར་སྤེལ་ན། བོད་ཀྱི་ནང་དུ་
ཡིན་ནའང་དངོས་གནས་དྲང་གནས་ང་ཚོའི་སློབ་གྲྭའི་ནང་དུ་སྲོལ་རྒྱུན་གྱི་
རིག་པ་གཞན་ཕན་གྱི་བསམ་བློ་དང་། རང་དོན་མེད་པའི་སྤྱི་ཕན་གྱི་བསམ་
བློ་འདི་དག་རྩལ་འདོན་བྱས། ཁྱབ་བརྡར་བཏང་། བསམ་བློ་འདི་ཚོའི་ནུས་
པ་དར་སྤེལ་བཏང་ཡོང་ན། དེ་རིང་ང་ཚོས་ཡི་གེ་རྒྱུ་ཆ་གཅིག་གཉིས་ཤིག་
འཚོལ་དགོས་ཀྱང་། ཡར་མར་གང་དུ་བཙལ་དགོས་ཀྱང་འཚོལ་ས་མེད་པ་
དེ་འདྲ་ཞིག་གཏན་ནས་ཡིན་རྒྱུ་མ་རེད། དེ་འདྲ་ཡིན་དུས། སྲོལ་རྒྱུན་གྱི་རིག་
པ་འདི་ལ་རིན་ཐང་ཡོད། ཡིན་ནའང་། སྲོལ་རྒྱུན་གྱི་རིག་པ་འདི་གཅིག་པུ་
ཀུན་ཤེས་ཡིན། ཀུན་བཤད་ཡིན། ཀུན་ནུས་ཡིན། འདི་མ་གཏོགས་རིག་པ་
གཞན་མི་དགོས་ཟེར་གྱི་མེད། རིག་པ་སོ་སོར་ནུས་པ་རེ་རེ་ཡོད་ཅིང་། ནུས་
པ་རེ་རེས་འགྲོ་བ་མི་རིགས་ཀྱི་སྡུག་བསྔལ་རེ་རེ་བསལ་བ་རེད། བདེ་བ་རེ་
རེ་བསྐྲུན་པ་རེད། འདོད་པ་རེ་རེ་བསྒྲུབ་པ་རེད། དེ་འདྲ་ཡིན་དུས། སྲོལ་
རྒྱུན་དང་དེང་རབས་ཀྱི་རིག་གནས་འདི་གཉིས་དོ་མཉམ་ཟུང་འབྲེལ་ཞིག་
ཡོང་ཐུབ་རྒྱུ་འདི་ནི། མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དེ་རེད། ད་
ནས་བཟུང་ལོ་བརྒྱ་གཉིས་བརྒྱ་ཕར་ཆེར་ལོ་བརྒྱ་ཡི་རྗེས་སུ་ང་ཚོ་ཡོད་ཀྱི་
མ་རེད་མ་གཏོགས་སྲོལ་རྒྱུན་རིག་གནས་འདིའི་རིན་ཐང་མངོན་གྱི་རེད།
དེ་རིང་ལས་ཀྱང་དེའི་སྐབས་སུ་རིག་གནས་འདིའི་རིན་ཐང་ལྷག་ཏུ་མངོན་
རྒྱུ་རེད། དེའི་སྐབས་སུ་འཛམ་བུ་གླིང་གི་མི་ཡོངས་སུ་རྫོགས་པའི་འཕེལ་
རྒྱས་ཀྱི་ཁ་ཕྱོགས་དེ། མི་བྱེད་ཐབས་མེད་ཀྱི་སྒོ་ནས་སྲོལ་རྒྱུན་གྱི་རིག་པའི་
ཁ་ཕྱོགས་ལ་འགྲོ་རྒྱུ་རེད། དེ་ཅི་ཟེར་བ་རེད། འཛམ་བུ་གླིང་གི་མི་ཡོངས་
རྫོགས་ཆོས་པ་བྱེད་རྒྱུ་རེད་དམ་ཟེར་ན། མ་རེད། སྲོལ་རྒྱུན་རིག་གནས་
ཀྱི་ནང་དུ་བཤད་པའི་བསམ་བློ་མང་ཆེ་བ་དེ་མེད་ན། མི་དང་མིའི་བར་དུ་
སེམས་ཁུར་བྱེད་རྒྱུ། ཕན་སེམས་བྱེད་རྒྱུ། ཁོར་ཡུག་གཏོར་བརླག་གཏོང་
བ་ལ་འདོད་ཆུང་ཆོག་ཤེས་བྱེད་རྒྱུ་སོགས་ཡོད་ཀྱི་མ་རེད། ཁ་སང་དེ་རིང་
འདོད་ཆུང་ཆོག་ཤེས་ཞེས་པའི་ཡིག་འབྲུ་བཞི་པོ་དེ་བཤད་བཞག་ན། ཐམས་
ཅད་ཀྱིས་དེ་ནི་རྗེས་ལུས་སུ་འགྲོ་སྤྱད་ཅིག་རེད་ཟེར་ནའང་། དངོས་གནས་
དྲང་གནས་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་ཅུ་བའི་རྩ་དོན་ཚད་གཞི་འདི་
ཡིན་པ་རེད། འདི་ཚོ་མེད་པ་ནས་བཟུང་ཁ་སང་དེ་རིང་ལ་ལྟོས་དང་། ཨ་མི་
རི་ཀའི་ཧ་ཅང་སྐད་གྲགས་ཅན་གྱི་དུས་དེབ་ཅིག་ལ་<གོ་ལ་ཧྲིལ་པོའི་ཚན་
རིག> ཅེས་པ་ཞིག་ཡོད་རེད། དུས་དེབ་ཅིག་རེད། དེའི་ཐོག་ཏུ་ཁ་རྩང་དེ་
རིང་གི་གནས་ཚུལ་གྱི་དབང་དུ་བྱས་ཏེ་འགྲོ་བ་མི་རིགས་ཀྱི་བདེ་སྐྱིད་སྒྲུབ་
ལུགས་དོན་ཚན་ཁག་ཅིག་གི་ཐོག་ནས་བཤད་ཡོད་རེད། དེ་ཅི་ཞིག་བཤད་
ཡོད་ཟེར་ན། བདེ་སྐྱིད་སྒྲུབ་ལུགས་ལ་སྒོར་མོ་ཇེ་མང་དུ་གཏོང་དགོས་ཟེར་
མི་འདུག ཁང་པ་ཇེ་བཟང་དུ་གཏོང་དགོས་ཟེར་མི་འདུག རླངས་འཁོར་ཇེ་
བཟང་དུ་གཏོང་དགོས་ཞེས་བཤད་མེད། དེའི་ནང་དུ་འདོན་ཆུང་ཆོག་ཤེས་
དོན་ཚན་ལྔ་རྩིས་འདུག ལྔ་པོ་དེ་འདོད་ཆུང་ཆོག་ཤེས་ནང་ནས་གྱེས་སོང་
བ་ཤ་སྟག་རེད། དེ་དག་ནི་ཚན་རིག་གི་སྡོམ་ཚིག་ཅིག་རེད་མ་གཏོགས་ཆོས་
བཤད་ཀྱི་ཡོད་མ་རེད། དེ་འདྲ་ཡིན་དུས་ང་ཚོ་ལ་མཚོན་ན་དེ་ཚོ་སྔ་ནས་
ཡོད་ལ་ད་ལྟ་ཡང་ཡོད་པ་རེད། ནུབ་ཕྱོགས་ཀྱིས་བློ་སྒོ་འབྱེད་པའི་འགུལ་
སྐྱོད་ནས་བཟུང་དུས་རབས་ཉི་ཤུ་རྩ་གཅིག་ལ་མ་ཐོན་བར་གྱི་ལོ་བརྒྱ་
ཕྲག་མང་པོ་ཞིག་གི་རིང་ལ་སོང་སོང་ནས། ད་ཁ་ཕྱིར་འཁོར་ཡོང་དུས་ང་
ཚོའི་སྲོལ་རྒྱུན་གྱི་རིག་པའི་ནང་ལ་ཡོད་པའི་ཚིག་འབྲུ་བཞི་པོ་དེའི་ཐོག་ལ་
སླེབས་ཡོད། དེའི་རྒྱུ་མཚན་ཅི་རེད། བསམ་བློ་ཐོངས་དང་། འཛམ་གླིང་གི་
<གོ་ལ་ཧྲིལ་པོའི་ཚན་རིག> ཟེར་བའི་དུས་དེབ་ཀྱི་ཐོག་ལ་ཧ་ཅང་ཚད་
མཐོ་བའི་ཚན་རིག་ཞིབ་འཇུག་གི་དཔྱད་རྩོམ་མ་གཏོགས་བཀོད་ཀྱི་ཡོད་
མ་རེད། སྲོལ་རྒྱུན་གྱི་རིག་པ་འདི་དེ་འདྲའི་རིན་ཐང་མེད་པ་ཞིག་ཡིན་ན།
དེའི་ཐོག་ལ་སླེབ་རྒྱུ་ཨེ་རེད། ད་དེའི་ཐོག་ལ་བཤད་རྒྱུ་མང་པོ་ཡོད་ནའང་།
དུས་ཚོད་ཀྱང་ཐོན་འགྲོ་གི་འདུག་ལ་བཤད་ཚེ་ཡང་མི་འདུག
མདོར་བསྡུས་ན། སྲོལ་རྒྱུན་གྱི་རིག་པ་ཧྲིལ་པོ་འདོར་དགོས། ཚོང་
མ་རྗེས་ལུས་རེད་ཟེར་བ་འདི་ནོར་བ་རེད། དེ་ནོར་བར་ཡིན་པ་ལོ་རྒྱུས་
ཀྱིས་ར་སྤྲོད་བྱས་ཡོད། དངོས་ཡོད་ཀྱི་འཚོ་བས་ར་སྤྲོད་བྱས་ཡོད། དེ་དང་
འདྲ་བར་དུས་རབས་གསར་པའི་ཚན་རིག་གིས་ར་སྤྲོད་བྱེད་ཀྱི་ཡོད། དེས་
ན། ང་ཚོ་འཕེལ་རྒྱས་འགྲོ་དགོས་ན། སྲོལ་རྒྱུན་དང་དེང་རབས་ཀྱི་རིག་
གནས་འདི་གཉིས་པོ་ཟུང་འབྲེལ་བྱས་ཏེ་འཕེལ་རྒྱས་བཏང་བ་ཡིན་ན། བདེ་
ཐང་དང་ལྡན་པའི་འཕེལ་རྒྱས་འགྲོ་བ་རེད། འཕེལ་རྒྱས་འགྲོ་དགོས་པ་རེད།
བདེ་ཐང་དང་ལྡན་པའི་འཕེལ་རྒྱས་འགྲོ་དགོས་པ་རེད་མ་གཏོགས། བདེ་
ཐད་མ་ཡིན་པའི་འཕེལ་རྒྱས་ཤིག་སོང་ན། མིང་ལ་འཕེལ་རྒྱས་ཞེས་མིང་
གཉིས་བཏགས་ཀྱང་དོན་ལ་དེ་ནི་འཕེལ་རྒྱས་མིན། དེ་འདྲ་ཡིན་དུས། དེ་
རྣམ་པ་ཐམས་ཅད་ཀྱིས་སེམས་ལ་འཛིན་རོགས་གྱིས། མཇུག་མཐར་ངས་
ཁྱེད་རྣམ་པ་ཐམས་ཅད་ལ་ཞུ་རྒྱུ་དེ་ཡིན། དེ་རིང་ངས་སྐད་ཆ་མང་པོ་བཤད་
པ་རེད། དེའི་ནང་ནས་ཕྱི་དྲོ་བཤད་པ་དེ་ཚོ་འཛམ་གླིང་རྒྱལ་སྤྱིའི་ཐོག་གི་
ཆེད་ལས་མཁས་པ་རྣམས་ཀྱི་སྡོམ་ཚིག་དང་། དེའི་ཐོག་ལ་རང་གི་ལྟ་ཚུལ་
ཉུང་ཤས་ཤིག་བཤད་ཡོད། དེ་མ་གཏོགས་གཞན་པ་ཅང་མེད། དེ་ཡིན་དུས་
དེའི་ཐོག་ལ་ནོར་བ་ཆེན་པོ་ཞིག་ཡོང་དོན་མེད་བསམས་ཡོད། དེ་ནས་སྔ་
དྲོ་བཤད་པ་དེ་དགེ་རྒན་ཞིག་ཡིན་ན་བསམ་པ་དང་སྦྱོར་བ་ཅི་འདྲ་ཞིག་
བྱེད་དགོས་པ་དེ་རེད། དེ་སྤྱིར་བཏང་སུ་ཡིན་ནའང་གོ་གི སྲོལ་རྒྱུན་གྱི་རིག་
པའི་ནང་ལ་ཡོད་རེད། ཡིན་ནའང་། ངས་སྐབས་སུ་བབ་པར་འདི་དང་འདི་
དགོས་ཀྱི་འདུག་སྙམ་པ་དེ་ཚོ་ཚུར་ཕྱོགས་བསྡུས་བྱས་ནས་བཤད་པ་ཡིན།
དེའི་ནང་དུ་མ་འགྲིག་པ་དང་མ་རེད་པ་དེ་འདྲ་ཡོད་ན། གཞན་གང་གིས་
ཀྱང་ཚབ་བྱེད་ཀྱི་མ་རེད། ང་རང་གི་བསམ་ཚུལ་གྱི་ཚབ་བྱེད་རྒྱུ་མ་གཏོགས་
པ་དེས་གཞན་གང་ཡང་མཚོན་གྱི་མ་རེད། དེ་འདྲ་ཡིན་དུས། མ་འདང་བ་
དང་མ་ཤེས་ས་ཡོད་ན་ཐམས་ཅད་རང་གི་སློབ་སྦྱོང་བྱེད་རྒྱུ་དང་། འཛམ་
གླིང་སྤྱིའི་གནས་ཚུལ་ལ་རྒྱུས་ལོན་བྱེད་རྒྱུ། སྲོལ་རྒྱུན་གྱི་རིག་གནས་ལ་རྒྱུས་
ལོན་བྱེད་རྒྱུ་དེ་ཚོས་མ་འདང་བའི་སྟོབས་ཀྱིས་བྱུང་བ་ཞིག་རེད། དེས་ན་
ངས་བཤད་པའི་སྐད་ཆའི་ནང་དུ་མ་འགྲིག་པ་དང་མ་འདང་བ་ཡོད་པ་ཡིན་
ན། ཆེད་ལས་མཁས་པ་རྣམ་པ་ཚོ་དང་། མགོ་ཁྲིད་རྣམ་པ་ཚོ། དགེ་རྒན་རྣམ་
པ་ཚོ་ཐམས་ཅད་ཀྱིས་ཡོ་བསྲང་དང་ལེགས་བཅོས་བྱེད་པའི་རེ་བ་ཡོད། དེ་
མ་ཡིན་པ། དེའི་ནང་དུ་ལེགས་པའི་ཆ་དང་དོན་གྱི་ཐོག་ནས་དེ་འདྲ་རེད་
བསམ་པ་འདྲ་ཡོད་ན། དགེ་རྒན་རྣམ་པ་ཐམས་ཅད་ཡིན་ནའང་བརྒྱ་ཆ་
བརྒྱ་ལག་ལེན་ཐུབ་དཀའ་མོ་རེད། འདི་དགོས་ཀྱི་རེད། དེ་དགོས་ཀྱི་རེད།
ཟེར་ནས་བཤད་བསྡད་ན་སུ་ཡིན་ནའང་བཤད་ཤེས་ཀྱི་རེད། རང་ཉིད་སོང་
སྟེ་བསྒྲུབ་དགོས་ན་དཀའ་མོ་རེད། ཡིན་ནའང་། ཆེ་ས་ནས་བཤད་ན། འགྲོ་
བ་མིའི་རིགས་ཀྱི་བདེ་སྐྱིད་ལ་བསམ་བློ་བཏང་། ཆུང་ས་ནས་བཤད་ན།
མི་རིགས་ཀྱི་རིག་གནས་དང་། མི་རིགས་ཀྱི་ཡར་རྒྱས་ལ་བསམ་བློ་བཏང་
ནས་རང་རང་སོ་སོས་ནུས་པ་ཅུང་ཟད་རེ་འདོན་སྤེལ་ཨེ་ཐུབ་མི་ཐུབ་བལྟ་
རོགས་ཞུ་རྒྱུ་དེ་ངས་ཐམས་ཅད་པོ་ལ་ཞུས་པའི་རེ་བ་ཡིན། དེ་ལས་ལོགས་
སུ་གཞན་པ་ཅང་མེད། ཐམས་ཅད་ལ་བཀྲ་ཤིས་བདེ་ལེགས་ཞུ།།
མཇུག་གི་གསལ་བཤད།
མཁའ་མཉམ་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ།
སྙིགས་དུས་འགྲོ་བའི་དེད་དཔོན་ངེས་དོན་མཁས་པའི་ཁྱུ་མཆོག་རིས་མེད་
བསྟན་པའི་མངའ་བདག་གངས་ལྗོངས་སྨྲ་བའི་དབང་ཕྱུག་མཁན་ཆེན་ཚུལ་
ཁྲིམས་བློ་གྲོས་མཆོག་གིས་མགོན་མེད་པའི་འགྲོ་བ་རྣམས་ཐུགས་བརྩེས་
བདག་གིར་མཛད་པའི་བསླབ་བྱ་དང་། སློབ་སྟོན་གྱི་ཞལ་གསུང་འདི་དག་
ཀུན་གྱིས་གོ་ཐབས་ལ་འབུངས་ན་འགྲོ་བ་བདེ་བའི་མཐུན་རྐྱེན་དུ་ངེས་
ཕྱིར་དམ་པ་འདིའི་ཐུགས་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བ་ནི། ཁོང་གི་
ཉམས་པ་མེད་པའི་ཐུགས་སྟོབས་དང་འབྲེལ་བའི་ཟོལ་མེད་ཀྱི་ལྷག་བསམ་
ལས་རྟོགས་ཐུབ། དེའི་ཕྱིར་ཁོ་བོས་བོད་ཡིག་ཤེས་མཁན་ཡོངས་ཀྱི་གོ་
རྟོགས་ཐུབ་པའི་ཆེད་དུ་ཡིག་ཐོག་ཏུ་ཕབ་པ་ཡིན། བཀའ་སློབ་འདི་ཉིད་ཡི་
གེར་ཕབ་པའི་སྤོབས་པ་རྙེད་དོན་ནི། མཁྱེན་བརྩེའི་གཏིང་མཐའ་སུས་ཀྱང་
གཞལ་བར་དཀའ་བའི་མཁན་ཆེན་དམ་པ་ཡིད་བཞིན་ནོར་བུ་མཆོག་དང་།
མགོན་དེའི་འཕྲིན་ལས་ཀྱི་ཁ་ལོ་བ་མཁས་དབང་དམ་པ་འདི་ཉིད་དང་། དུས་
ཀྱི་མཐའ་འདིར་ཆོས་པའི་མིག་དཔེ་གཅིག་པུར་གྱུར་པའི་རྒྱལ་སྲས་སྨྲ་བའི་
ཉི་མ་བཤེས་གཉེན་ཆེན་པོ་འཆི་མེད་རིག་འཛིན་སོགས་ཀྱི་མདུན་ནས་ལོ་ངོ་
བདུན་ལྷག་ཙམ་འཆད་ཁྲིད་རྒྱུན་མར་ཉན་པའི་སྐལ་བཟང་ཐོབ་པས་དམ་པ་
འདིའི་གསུང་སྐད་ལ་རྒྱུས་མངའ་གང་འཚམ་བྱུང་བ་དང་། མ་ཟད་བརྡ་སྤྲོད་
པའི་གཞུང་ལའང་སྦྱངས་པ་མི་དམན་པ་བྱས་པའི་དབང་གིས་ཞལ་གསུང་
འདི་ཉིད་ཡིག་ཐོག་ཏུ་ཕབ་ནའང་དེ་ཙམ་ངོ་གནོང་དགོས་པ་མི་འདུག་སྙམ་
ནས་ལྷག་བསམ་བཟང་པོས་མཚམས་སྦྱར་ཏེ་རབ་གནས་ཆུ་འབྲུག་ལོའི་ས་
ག་ཟླ་བའི་ཚེས་༡༩ འམ་ཕྱི་ལོ་༢་༡༢ ཕྱི་ཟླ་༦ པའི་ཚེས་༨ ནས་འགོ་
བརྩམས་ཏེ་ཕྱི་ལོ་༢་༡༢ ལོའི་ཕྱི་ཟླ་༧ པ་བར་དུ་ཡི་གེར་རིམ་གྱིས་ཕབ་
སྟེ་ཡི་གེར་ཕབ་རིམ་བཞིན་འཛམ་གླིང་ཡུལ་ཕྱོགས་ཀུན་ལ་ཁྱབ་རྒྱ་ཆེ་བའི་
དྲ་ལམ་འདྲ་མིན་ཁག་ཅིག་གི་ནང་དུ་བཀའ་སློབ་འདི་ཉིད་སྨྱུག་མིང་འདྲ་
མིན་བཀོལ་ཏེ་རིམ་འགོད་བྱས་ཡོད། འདི་འདྲ་བའི་སློབ་གསོའི་རིགས་བོད་
རིགས་ཡོངས་ལ་གོ་རྟོགས་སྤེལ་རྒྱུ་ནི་ཁ་ཚ་དགོས་གཏུགས་དང་། ནད་ཐོག་
གི་སྨན་དང་དུས་ཐོག་གི་ཆར་པ་ལྟ་བུ་ཡིན་པས་བོད་མི་རིགས་དང་རིག་
གནས་ལ་ལྷག་བསམ་དང་ཤ་ཞེན་ཆེ་བའི་སྤུན་ཟླ་སུ་ཡིན་ཡང་བཀའ་སློབ་
འདི་དག་ཡུལ་ཕྱོགས་ཀུན་ལ་ཁྱབ་བསྒྲགས་དང་དྲིལ་བསྒྲགས་བྱེད་རྒྱུ་ནི་མ་
བཀལ་ཕྲག་ཏུ་བབས་པའི་འགན་འཁྲི་ཡོད། འདིའི་རིགས་པར་སྐྲུན་དང་
བརྒྱུད་སྐུར་གང་ཐུབ་མཛད་པའི་རེ་སྐུལ་དང་འབྲེལ་དེ་ལྟར་གནང་མཁན་
དག་ལ་དགའ་བས་རྗེས་སུ་ཡི་རང་དང་ལེགས་གསོལ་བསྔགས་བརྗོད་ཚད་
མེད་ཞུ་རྒྱུ་ཡིན། ལྷག་པར་དུ་བླ་རུང་ཆོས་སྡེ་ཆེན་མོ་རང་ནས་མཁས་དབང་
དམ་པ་འདིའི་རིན་བྲལ་གྱི་བཀའ་སློབ་ལ་ཞིབ་འཇུག་སྡེ་ཚན་ཞིག་ཆེད་
འཛུགས་ཀྱིས། མདོ་དབུས་ཁམས་གསུམ་གྱི་སྐད་ལ་རྒྱུས་མངའ་ཟབ་ཅིང་
མཁས་དབང་འདིའི་ཞལ་གསུང་གི་འགྲོས་ལ་རྒྱུས་མངའ་ཧ་ཅང་ཆེ་བ་དག་
གིས་ལུགས་གཉིས་བླང་དོར་སྐོར་གྱི་བཀའ་སློབ་དག་ཡིག་ཐོག་ཏུ་ཕབ་སྟེ་
འགྲེམ་སྤེལ་བྱས་ན་བོད་མི་རིགས་ཀུན་བླང་དོར་གྱི་གནས་ལ་མི་རྨོངས་པ་
ཞིག་ཡོང་ངེས་པས་དོ་གལ་ཆེ་བའི་ལས་བྱ་དེ་ཆོས་ཀྱི་མཆེད་པོ་དག་གིས་
བཏང་སྙོམས་སུ་མི་མཛད་པའི་རེ་སྐུལ་སྙིང་ནས་ཞུ།
དགེ་རྒན་གྱི་སློབ་གསོ་འདི་ཉིད་ཀྱང་ཡིག་ཐོག་ཏུ་ཕབ་ནོར་སོགས་
ནོར་འཁྲུལ་གྱི་རིགས་དུ་མ་ཡོད་ངེས་པས། ལུང་རིགས་ཀྱི་གཤོག་ཟུང་
མངའ་བའི་ཆོས་ཀྱི་མཆེད་པོ་དག་གིས་ནོར་འཁྲུལ་ཡོ་བསྲང་དང་། ལེགས་
བཅོས་གང་ལེགས་གནང་སྟེ་བསྐྱར་དུ་པར་སྐྲུན་བྱེད་པའི་རེ་སྐུལ་ཅི་བས་
ཆེ། འདི་ཉིད་དེབ་གཟུགས་སུ་པར་སྐྲུན་བྱེད་པའི་རྒྱུ་མཚན་ནི་ལེགས་གསུང་
གི་བདུད་རྩི་འདི་མ་ཐོས་པ་རྣམས་ལ་གོ་ཐབས་ཤིག་ཡོང་ན་སྙམ་པ་དང་།
ཆོས་ཀྱི་མཆེད་པོ་འགས་པར་སྐྲུན་དགོས་པའི་སྐུལ་མ་ཐེངས་མང་བྱས་པ་མ་
ཟད་མདོ་སྔགས་རིག་པའི་གནས་ལ་མཁྱེན་པ་རབ་ཏུ་ཡངས་ཤིང་། ཉམས་
རྟོགས་ཀྱིས་ཐུགས་རྒྱུད་ཕྱུག་པའི་སྟག་ལུང་མཆོག་སྤྲུལ་རིན་པོ་ཆེ་དོ་པ་
ཆོས་ཀྱི་ཉི་མས་ཀྱང་། བོད་མི་རིགས་སྤྱི་ལ་ཕན་རླབས་ཆེ་བའི་བཀའ་སློབ་
འདི་ཉིད་དེབ་གཟུགས་སུ་པར་སྐྲུན་དགོས་པའི་ལམ་སྟོན་དང་མཐུན་སྦྱོར་
རྒྱ་ཆེར་གནང་བའི་དབང་གིས་འདི་ཉིད་དེབ་གཟུགས་སུ་བསྐྲུན་པ་ཡིན་
པས། འགལ་འཁྲུལ་ནོངས་པ་གང་མཆིས་ལྷ་དང་བླ་མའི་མདུན་དུ་སྙིང་ནས་
འཆགས་སོ་བཟོད་པ་བཞེས་སུ་གསོལ། ལེགས་བྱས་འདིས་མཁན་ཆེན་སྨྲ་
བའི་ཉི་མ་འདི་ཉིད་ཀྱི་རྨད་བྱུང་མཛད་བཟང་ཕན་བདེའི་འོད་སྣང་ས་ཆེན་
འགེངས་པའི་རྒྱུ་རུ་འགྱུར་བ་དང་། མ་ཟད་མ་རྣམས་གཏིང་མཐའ་མེད་པའི་
སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་ཕྱིར་བསྐལ་པ་ཇི་སྲིད་བར་དུ་ཞབས་
པད་བརྟན་པའི་རྒྱུ་རུ་འགྱུར་བའི་སྨོན་འདུན་ཤུགས་དྲག་དང་བཅས་ཨོ་རྒྱན་
རྡོ་རྗེས་མཇུག་གཏམ་གྱི་ཚབ་ཏུ་བྲིས།
མཁན་ཆེན་འཆི་མེད་རིག་འཛིན་གྱིས།
རྣམ་དག་ཚུལ་ཁྲིམས་གཙང་མས་ཐུགས་རྒྱུད་མཛེས། །
བཅུ་ཕྲག་རིག་པའི་གནས་ལ་བློ་གྲོས་ཡངས། །
ཉམ་ཐག་འགྲོ་བའི་མགོན་གཅིག་དགེ་བའི་བཤེས། །
ལྷོ་གླིང་འཛིན་མའི་རྒྱན་དུ་འཚོ་བཞེས་གསོལ། ། །