རྒྱ་ནག་གི་ལོ་རྒྱུས།

2024 / 1 / 12

ཀྲུང་གོའི་ལོ་རྒྱུས་ཀྱི་འཕེལ་རིམ་དེ་ཧ་ལམ་ལོ་ངོ་ཁྲི་170ཡི་གོང་གི་ཡོན་མོའུ་མིའི་དུས་སྐབས་སུ་ཁུངས་འདེད་བྱས་ཆོག་ཅིང་།1840ལོའི་ཉལ་ཐའི་དམག་འཁྲུག་གོང་དང་ཀྲུང་གོའི་གདོད་མའི་སྤྱི་ཚོགས་དང་།བྲན་གཡོག་སྤྱི་ཚོགས།བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་བཅས་ཀྱི་ལོ་རྒྱུས་རེད། 1840ལོའི་ཉལ་ཐའི་དམག་འཁྲུག་ལངས་པ་ནས་བཟུང་ཀྲུང་གོ་ཉེ་རབས་ཀྱི་ལོ་རྒྱུས་ཀྱི་དུས་རིམ་དུ་སླེབས་པ་དེ་ཡང་ཀྲུང་གོའི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་ཀྱི་ལོ་རྒྱུས་ཤིག་རེད།

ཉེ་རབས་ཀྱི་ལོ་རྒྱུས་ཀྱི་དུས་རིམ་གཉིས་པོ་ནི་སྔ་རྗེས་ཀྱི་དུས་རིམ་གཉིས་ཡིན་པ་དང་།སོ་སོར་1840ལོའི་ཉལ་ཐའི་དམག་འཁྲུག་ནས་1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་བར་དང་།དེ་བཞིན་1919ལོའི་ལྔ་བཞིའི་ལས་འགུལ་ནས་1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་བར་བཅས་རེད། དུས་རིམ་འདིའི་ལོ་རྒྱུས་ཀྱི་དོན་རྐྱེན་གཙོ་བོ་དང་།མི་སྣ།ཤུགས་རྐྱེན་བཅས་དང་དེ་བཞིན་ཆབ་སྲིད་དང་།དཔལ་འབྱོར།རིག་གནས།དམག་དོན།སྤྱི་ཚོགས་བཅས་འཕེལ་རྒྱས་བྱུང་བ་ཚང་མས་ཀྲུང་གོར་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད།

1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་འབད་འཐབ་ལྷོད་མེད་བྱས་ནས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་།སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན།བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཕྱོགས་བཞིའི་ཐད་ཀྱི་གྲུབ་འབྲས་རླབས་པོ་ཆེ་གསར་སྐྲུན་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ལྡོག་ཐབས་མེད་པ་ཞིག་ཏུ་གྱུར་པ་རེད། དུས་མཚུངས་སུ་ཀྲུང་གོའི་གུང་ཁྲན་ཏང་གིས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་།ཏང་འཛུགས།བཅིངས་འགྲོལ།འཛུགས་སྐྲུན།དམག་འཁྲུགབསྒྱུར་བཅོས།གསར་གཏོད་སོགས་ཐད་ཀྱི་གྲུབ་འབྲས་དང་བྱས་རྗེས་གཙོ་བོའང་ཀྲུང་གོའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད།