2024 / 2 / 16
༄༅། །ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་རྩ་འགྲེལ་བཞུགས་སོ། །
ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་། །
དཔལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང༌།
༈ ཤེས་བྱ་ཀུན་མཁྱེན་རོང་ཟོམ་ཆོས་བཟང་ཞབས།
༈ ཐེག་མཆོག་བསྟན་པའི་ཤིང་རྟ་ཀློང་ཆེན་པ།
༈ ལུང་རིགས་སེངྒེའི་སྒྲ་སྒྲོག་ཨ་ཛི་ཏ། །
༈ འགྲེལ་བཤད་འདི་མཛད་པ་པོ་ཁྲོ་ཤུལ་མཁན་པོ་འཇམ་དཔལ་རྡོ་རྗེ་མཆོག་ནི་ཕྱི་ལོ
༡༨༨༦ པ་སྟེ་མི་ཟད་ཅེས་པ་རབ་བྱུང་བཅོ་ལྔ་བའི་མེ་ཁྱི་ལོར་བྱང་འབྲོག་རྫ་ཆུ་ཁའི་
ནང་ཚན་ཁྲོ་ཤུལ་འོམ་བུ་གོང་མར་ཡབ་དཔའ་མཚོ་སྟོན་མོ་དང་ཡུམ་གླིང་བཟའ་ནེ་ལི་གཉིས་
ཀྱི་སྲས་སུ་འཁྲུངས། དེ་འཕྲལ་ཁུ་བོ་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚོ་ལ་ཞུས་པས་ཁོང་
གིས་ཤེར་འགྲེལ་ཀེ་ཏ་ཀ་ཞིག་དཔེ་གཅོད་མཛད་པའི་མཆོད་བརྗོད་འཕགས་མཆོག་
འཇམ་དཔལ་དགྱེས་པའི་འོད་ཟེར་ནི་ཞེས་དང་འགྲིག་པས་རྟེན་འབྲེལ་ཧ་ཅང་བཟང་
གསུངས་ནས་མཚན་ལ་འཇམ་དཔལ་རྡོ་རྗེ་ཞེས་གསོལ། ཅུང་ཟད་ནར་སོན་པ་ནས་
བཟུང་ཁུ་བོ་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་ལས་ཀློག་སློབ་པ་ནས་བཟུང་ཐུན་མོང་
རིག་གནས་སྔོན་འགྲོ་སོགས་ཞུས་ནས་ཡུན་རིང་བརྟེན། བར་ལམ་ཞེ་ཆེན་རྒྱལ་ཚབ་
རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་མཉེས་པ་གསུམ་གྱིས་བརྟེན་ཏེ་མདོ་སྒྱུ་སེམས་
གསུམ་སོགས་སྔ་འགྱུར་བཀའ་གཏེར་གྱི་དབང་ལུང་ཡོངས་རྫོགས་གསན། གཞན་
ཡང་རྫ་སྟོད་དགེ་གོང་རི་ཁྲོད་དུ་བྱོན་ནས་མཁན་ཆེན་ཀུན་བཟང་དཔལ་ལྡན་ལས་
གཞུང་བཀའ་པོད་ཁག་དང་རྒྱུད་སྡེ་བཅས་མང་དུ་གསན། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ཉེ་
གནས་བླ་མ་འོད་གསལ་མཇལ་དུ་ཕྱིན་པས་ཁོང་གིས་ཆོས་འབྲེལ་དང་བླ་མ་མི་ཕམ་
རིན་པོ་ཆེའི་ཚེམས་ཤིག་གནང་ནས་ཐུགས་དགྱེས་ཚུལ་དཔེ་མེད་མཛད། འཇམ་
དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་མདུན་དུ་བྱོན་ནས་དབང་དང་གདམས་ངག་
ཞུས། ཁོང་གིས་རྡོར་དྲིལ་སོགས་གནང་ནས་ངེས་ཤེས་སྒྲོན་མེ་ལ་འགྲེལ་བ་ཞིག་
རྩོམ་དགོས་ཞེས་བཀའ་སྤྱི་བོར་ཕེབས་ནས་གཞུང་འདི་བརྩམས་ཤིང་། གཞན་ཞེ་ཆེན་
རབ་འབྱམས་པ་སྣང་མཛད་གྲུབ་པའི་རྡོ་རྗེ། ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་
སོགས་རིས་མེད་སྐྱེས་ཆེན་དུ་མ་བསྟེན་ཅིང་། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་
བཤད་གྲྭའི་མཁན་པོར་ལོ་ཤས་བཞུགས། ཕར་ཆེར་རང་དགོན་རྔ་ཡབ་བྲག་ཆེན་
དགོན་དུ་བཞུགས་ནས་སྒྲུབ་པ་སྙིང་པོར་མཛད་ཅིང་། སློབ་ཚོགས་རྣམས་ལ་གཞུང་བཤད་
རྒྱུན་མར་མཛད། མང་ཚོགས་ལ་སྨྱུང་གནས་དང་བདེ་ཆེན་ཞིང་ཁྲིད་སོགས་གསུངས་ནས་
འབྲེལ་ཚད་དོན་ལྡན་དུ་མཛད། དགུང་གྲང་དྲུག་ཅུ་རེ་དགུ་པ་རབ་བྱུང་བཅོ་ལྔ་པའི་ས་
ཁྱི་ལོར་ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔ་ལ་མངོན་པར་རྫོགས་པར་སངས་རྒྱས་པའི་རྟགས་
རྒྱུད་ལས་ཇི་ལྟར་བྱུང་བ་བཞིན་མངོན་ཏུ་གྱུར་ནས་དགོངས་པ་གཞི་དབྱིངས་སུ་བསྡུ་
བར་མཛད་དོ། ། །
དཀར་ཆག
ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་བཞུགས་སོ།། ༡
ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་རྣམ་བཤད་
འོད་ཟེར་དྲི་མེད། ༤༤
འགྲེལ་བའི་མཆོད་པར་བརྗོད་པ་དང་
བརྩམས་པར་དམ་བཅའ་བ། ༤༤
ལེ་ཚན་དང་པོ།
ཐོག་མར་དགེ་བ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་
གླེང་སློང་བ། ༤༥
༡ དོན་དང་ལྡན་པའི་བསྟན་བཅོས་ཀྱི་མཚན། ༤༥
༢ མཚན་དེ་ལྡན་གྱི་བསྟན་བཅོས་འདི་ཇི་ལྟར་གླེང་བསླངས་པ། ༤༥
ལེ་ཚན་གཉིས་པ།
བར་དུ་དགེ་བ་བརྩམ་བྱ་རྒྱལ་སྲིད་ཀྱི་གྲངས་དང་ལྡན་པའི་བསྟན་
བཅོས་ཀྱི་ལུས་ཕུན་སུམ་ཚོགས་པ།དང་པོ། ༤༩
སྟོང་བ་ཉིད་ཀྱི་ལྟ་བའི་རྣམ་བཞག་སྤྱིར་བཤདཔ། ༤༩
༡ དངོས། ༤༩
ཀ སྦྱིར་དགག་པ་གཉིས་ཀྱི་རྣམ་བཞག་དེ་
འཇིག་རྟེན་ན་གྲགས་ཚུལ། ༤༩
ཁ བྱེ་བྲག་རང་ལུགས་ཀྱི་སྟོང་པ་ཉིད་
གཏན་ལ་འབེབ་ཚུལ། ༦༡
ག གཞན་གྱི་སྟོང་ཚུལ་བཤད་པ་དགག་པ། ༦༧
ང དེ་རང་ལ་མི་མཚུངས་པའི་ཚུལ་བཤད་པ། ༨༣
༢ ཞར་བྱུང་ཉན་རང་ལ་སྟོང་ཉིད་ཀྱི་ལྟ་བ་དེ་
རྟོགས་པ་ཡོད་མེད་དཔྱད་པ། ༨༧
གཅིག གཞན་གྱི་ལུགས་དགག་པ། ༨༧
༡ སྟོང་ཉིད་མ་རྟོགས་པར་འདོད་པ་དགག་པ། ༨༧
༢ རྟོགས་པར་འདོད་པ་དགག་པ། ༩༠
༣ མཐའ་བཞིའི་ཅི་རིགས་སྟོང་པར་རྟོགས་པ་དགག་པ།་༩༣
གཉིས རང་གི་ལུགས་བཞག་པ། ༩༤
༡ དཔལ་ལྡན་ཟླ་བའི་དགོངས་པ་བཤད་པ། ༩༥
༢ ཀུན་མཁྱེན་ཆེན་པོའི་རང་བཞེད་འགོད་པ།་༩༦
༣ དེ་གཉིས་ཀ་བཞིན་དུ་རང་ལུགས་དཔེའི་སྒོ་ནས་བཤད་པ། ༩༨
གསུམ། དེ་ལ་དོགས་པ་སྤང་བ། ༡༠༦
༡ རིན་ཆེན་ཕྲེང་བའི་ལུང་གི་དགོངས་པ་
རང་ལུགས་དང་མཐུན་ཚུལ་བཤད་པ། ༡༠༦
༢ འདིའི་དོན་གཞན་གྱིས་ཞེ་འདོད་ལྟར་མིན་པར་
ཟླ་གྲགས་ཀྱི་དགོངས་འགྲེལ་ལྟར་བཤད་པ། ༡༠༧
༣ དེའི་དོན་རིགས་པས་བསྒྲུབ་པ། ༡༡༠
ཀ གནས་སྐབས་དུ་མར་ཤེས་པས་
ངར་འཛིན་ལྡོག་ཚུལ། ༡༡༠
ཁ མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་དུ་ཡོད་པ། ༡༡༡
ག དེ་གཞན་གྱིས་ལུགས་ལ་མི་འགྲུབ་པ།
ང རང་གི་ལུགས་ལ་འཐད་པ་དང་བཅས་ཚུལ།གཉིས་པ། ལྟ་བ་གསུམ་གྱི་ཁྱད་པར་
བྱེ་བྲག་ཏུ་བཤད་པ།་༡༡༢
༡ བདེན་གཉིས་ཟུང་འཇུག་རོ་མཉམ་དུ་རྟོགས་པའི་
རང་རིག་ལྟ་བའི་ལྟ་བ་བཤད་པ།ཀ དངོས
དང་པོ། ༡༡༢
ལྟ་བའི་དངོས་གཞི་དེ་སྐྱོང་བ་འཛིན་བཅས་དང་། ༡༡༤
འཛིན་མེད་གང་ཡིན། ༡༡༤
ཀ དྲི་ལན་གྱི་སྒོ་ནས་དཔྱད་གཞི་སློང་བ། ༡༡༤
ཁ དེའི་དོན་རྒྱས་པར་བཤད་པ། ༡༡༤
༡ རིག་པ་སྤྱི་བླུགས་སུ་ངོ་སྤྲད་ཅིང་འཇོག་པ་མན་ངག་གི་ལུགས་ལྟར་
ཇི་བཞིན་པ་རྟོགས་ན་སྤྲོས་པ་ཅིག་ཆར་
ཆོད་པས་འཛིན་མེད་ཡང་དག ༡༡༥
ཀ རིག་པ་སྤྱི་བླུགས་སུ་ངོ་སྤྲད་ཅིང་འཇོག་པ་མན་ངག་གི་
ལུགས་ལྟར་ཇི་བཞིན་པ་རྟོགས་ན་སྤྲོས་པ་
ཅིག་ཆར་ཆོད་པས་འཛིན་མེད་ཡང་དག ༡༡༥
ཁ དེ་ལྟར་མ་རྟོགས་པས་ཐོས་བསམ་ལྟ་བའི་ལུགས་ལྟར་
འཛིན་སྟངས་དང་བཅས་ཏེ་སྤྲོས་པ་རིམ་གྱིས་བཅད་ནས་
དངོས་གཞི་འཛིན་མེད་དུ་བསྒོམས་པ། ༡༢༦
༡ ལས་དང་པོ་པས་འཛིན་སྟངས་དང་བཅས་ཏེ་
སྤྲོས་པ་རིམ་གྱིས་གཅོད་པ། ༡༣༠
༢ སྤྲོས་པ་དང་བྲལ་ཚེ་དངོས་གཞི་
འཛིན་མེད་ཀྱི་དོན་བསྒོམ་པ། ༡༣༢
ག དེ་གཉིས་རྒྱུ་མཚན་དང་བཅས་པའི་
སྒོ་ནས་དོན་བསྡུས་པ།གཉིས་པ། ༡༣༦
དཔྱད་པ་དང་འཇོག་པ་གང་འཐད། ༡ ༣༦
༡ དྲི་བ། ༡༣༦
༢ དེའི་དོན་རྒྱས་པར་བཤད་པ། ༡༣༦
ཀ རང་གཞན་སུའི་ལུགས་ཀྱི་ལྟ་བའི་དོན་
བསྒོམ་པ་ལ་དཔྱད་འཇོག་ཕྱོགས་རེར་འཛིན་པ་
མི་རུང་བས་མདོར་བསྟན། ༡༣༦
ཁ དཔྱད་འཇོག་གི་སྐབས་དོན་སོ་སོར་ཤན་ཕྱེས་ཏེ་
སྔ་མ་གཉིས་པོའི་གོ་དོན་གྱི་རྣམ་བཞག་
རྒྱས་པར་བཤད་པ། ༡༣༧
གཅིག ཐུན་མོང་པ་སྤྱིར་བསྟན་པ། ༡ ༣༨
༡ འཇོག་སྒོམ་ཕལ་གྱིས་ཞི་གནས་ཙམ་འགྲུབ་ཀྱང་
སྒྲིབ་པ་མི་སྤོང་པ། ༡༣༨
༢ སྒྲིབ་པ་སྤོང་བྱེད་ཀྱི་གཉེན་པོ་ཆོས་རྣམས་ཀྱི་རང་བཞིན་
ཤེས་པའི་ལྷག་མཐོང་དགོས་ཚུལ། ༡༣༨
གཉིས ཐུན་མིན་གྱི་རང་ལུགས་ཕྱེ་སྟེ་བཤད་པ། ༡༤༠
༡ དབང་པོ་རྣོན་པོའམ་ལས་འཕྲོ་སད་པས་ལྟ་བ་ཇི་བཞིན་
རྟོགས་ན་དཔྱད་མི་དགོས་པ། ༡༤༡
༢ དེ་ལྟར་རྟོགས་མི་ནུས་པས་རིམ་བཞིན་དཔྱད་
འཇོག་གི་ཉམས་སུ་ལེན་པ། ༡༤༡
ཀ གང་ལ་དཔྱད་འཇོག་བྱེད་པའི་གཞི་
གཏན་ལ་དབབ་པ། ༡༤༡
ཁ དེ་ལ་དཔྱད་འཇོག་ཇི་ལྟར་བྱེད་པའི་
སྐབས་སོ་སོར་བསྟན་པ། ༡༤༦
ག དཔྱད་འཇོག་གཉིས་པོ་རྣམ་ཤེས་དང་
ཡེ་ཤེས་ཀྱི་རྒྱུ་མཚན་ལ་བརྟེན་པ། ༡༥༡
ང རྣམ་ཤེས་ལས་འདས་པའི་ཡེ་ཤེས་རྗེན་པར་
སྟོན་པ་ཐིག་ལེ་མཆོག་གསང་རྫོགས་པ་ཆེན་པོ་
ཐེག་པའི་རྩེ་མོར་བསྒྲུབ་པ།༡༥༤
གསུམ་པ དེ་གཉིས་ཀ་ཐུན་མོང་དུ་ས ས བ ས
དོན་བསྡུ་བ་དང་གསུམ།ཁ ཐེག་པ་ལྟ་བའི་ཁྱད་པར་གྱི་འཇོག་པ་ལ་
བདེན་པ་གཉིས་གང་གཙོ་དཔྱད་པ།༡ དྲི་བ །༢ དེའི་དོན་རྒྱས་པར་བཤད་པ།གཅིག བདེན་གཉིསགང་རུང་རེ་ལགཙོཆེ་ཆུང་དུ་འདོད་པའི་
གཞན་གྱི་ལུགས་དགག་པ།༡ དོན་དམ་གཙོ་ཆེར་འདོད་པ་དགག་པ།༢ ཀུན་རྫོབ་གཙོ་ཆེར་འདོད་པ་དགག་པ།གཉིས བདེན་གཉིས་དབྱེར་མེད་ལ་གཙོ་ཆེ་ཆུང་མེད་པའི་
རང་ལུགས་གཞག་པ།༡༧༤
༡ གཞི་བདེན་གཉིས་ཟུང་འཇུག་ཏུ་གཏན་ལ་ཕབ་པ།j༧༥
༢ རིགས་དང་དབང་པོའི་ཁྱད་པར་གྱིས་
་གནས་ལུགས་ཀྱི་དོན་དེ་ཇི་བཞིན་འཇལ་༌ ་
ནུས་མ་ནུས་ཀྱི་ལམ་ལ་ཁྱད་པར་ཡོད་པ།༡༨༡
༣ སྐུ་གཉིས་ཟུང་འཇུག་གི་འབྲས་བུ་ཐོབ་པར་
ས
དོན་བསྡུ་བ༢ རང་སྣང་ལྷར་དག་ཚུལ་གྱི་རིམ་པས་
ཆོས་ཅན་ལྟ་བའི་ལྟ་བ་བཤད་པ།༡༩༡
དང་པོ ཐུན་མོང་གི་བལྟ་བྱ་གང་ཡིན་དྲི་བ།
གཉིས་པ དེའི་དོན་རྒྱས་པར་བཤད་པ།ཀ ཆོས་ཅན་ཁྱད་པར་བ་ཐུན་མོང་གི་བལྟ་བྱར་འདོད་པའི་
་
་གཞན་ལུགས་དགག་པ། ཁ རང་ལུགས་ཀྱི་བལྟ་བྱ་སྣང་སྟོང་རིས་སུ་མ ་
་མ་ཆད་པའི་གཞི་བསྟན་པ།༡༩༧
ག རིས་ཆད་ཀྱི་སྟོང་སྣང་གང་རུང་བལྟ་བྱར་མི་རུང་བ་དང་།༢༡༠
ང རང་ལུགས་ཐུན་མོང་གི་བལྟ་བྱ་ངོས་ཟིན་པའི་དགོས་པ་བཤད་པ།༢༡༤
༣ དེ་རང་བཞིན་མཉམ་ཉིད་དུ་ཤེས་པའི་ཆོས་ཉིད་ལྟ་བའི་
ལྟ་བ་བཤད་པ་དང་གསུམ་ལས།༡ དྲི་བ།IL
༢༣༧
༢ དེའི་དོན་རྒྱས་བཤད།༢༢ར
ཀ ཕྱོགས་གཅིག་ཁས་ལེན་མེད་པར་འདོད་པ་
སྔ་རབས་པའི་ལུགས་དགག་པ།ཡུས་
ཁ ཁས་ལེན་ཡོད་མེད་ཀྱི་ཤན་ཕྱེས་ཏེ་སྨྲ་བའི་
རང་ལུགས་ཀྱི་ཁུང་བཤད་པ།༡༢༩
ག མཐའ་གཅིག་ཏུ་ཁས་ལེན་ཡོད་པར་འདོད་པའི་
གཞན་ལུགས་དགག་པ།ང རང་ལུགས་ཀྱི་ཕུག་བཞིན་དུ་སོ་སོར་ཤན་ཕྱེས་ཏེ་
་
རྣམ་བཞག་འཇོག་ཚུལ། ༢༣༤
༡ རྣམ་གྲངས་མ་ཡིན་པའི་དོན་དམ་རྩལ་དུ་འདོན་པ་
དབུ་མ་ཆེན་པོ་ཐལ་འགྱུར་བའི་གྲུབ་མཐའ་བཤད་པ།༢ རྣམ་གྲངས་པའི་དོན་དམ་རྩལ་དུ་འདོན་པ་འཇུག་པ་
བདེ་བ་རང་རྒྱུད་པའི་ལུགས་བཤད་པ།༣ དེ་གཉིས་ཀ་ལ་མཉམ་རྗེས་ཀྱི་ཆ་ཡོད་པའི་སྒོ་ནས་
ཟད༢།༡
ཆུ་བོ་གཅིག་འདྲེས་སུ་སྦྱར་བ།༤ དབུ་ཕྱག་རྫོགས་གསུམ་གྱི་ཁྱད་པར་བཤད་པ།
གཅིག ལམ་ཉམས་སུ་ལེན་ཚུལ་གྱི་ཁྱད་པར།
གཉིས གཞི་གཏན་ལ་འབེབ་ཚུལ་གྱི་ཁྱད་པར།་
གསུམ དེ་དག་གི་དོན་བསྡུ་བ།བ༢༧༣
ལེ་ཚན་གསུམ་པ།
ཐ་མར་དགེ་བ་མཇུག་ཡོངས་སུ་རྫོགས་པའི་
ཤིས་པ་བཟང་པོ།༢༧༥
༡ དེ་ལྟར་རྒྱས་པར་བཀྲོལ་བ་ལ་དྲི་བ་པོ་གུས་ཞུམ་ཀྱི་རྒྱུ་མཚན༢ ཟབ་རྒྱས་ཀྱི་དོན་བསླངས་ཏེ་བཤད་པ་ལ་ཡི་རངས་ཀྱིས་
བསྔགས་བརྗོད་བྱས་ཚུལ།
༣ དེའི་ཚེ་བཀྲོལ་བ་པོས་སླར་ཡང་དོན་བསྡུས་ནས་གདམས་པ༢༨༠
༤ དྲི་ལན་གཉིས་ངོས་བཟུང་ནས་གཞུང་དོན་གསུང་ཚུལ།
འགྲེལ་བའི་མཇུག་བྱང༌།
འོད་ཟེར་དྲི་མེད་ཅེས་བྱ་བ་
༄༅། །ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་རྣམ་བཤད་
ག
བཞུགས་སོ། །
ོཁྲོ་ཤུལ་མཁན་པོ་འཇམ་དཔལ་རྡོ་རྗེས་མཛད།
་༄༅། །ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་
བཞུགས་སོ།།
༄༅། །གང་ཡིད་ཐེ་ཚོམ་དྲྭ་བའི་སྦུབས་འཐུམས་པ། །འབྱེད་བྱེད་འཇམ་དཔལ་རྡོ་
རྗེའི་མར་མེ་ནི། །སྙིང་ལ་ངེས་ཤེས་ཟབ་མོའི་ཚུལ་འཇུག་པ། །ལམ་བཟང་མཐོང་བའི་
མིག་དེར་བདག་ཀྱང་དད། །ཀྱེ་མ་ཟབ་མོའི་གནས་ལུགས་ལ། །སྦྱོར་བྱེད་ངེས་ཤེས་
རིན་པོ་ཆེ། །ཁྱོད་མེད་པས་ན་སྲིད་པ་འདི། །སྒྱུ་མའི་རྒྱར་ནི་འཐུམས་ཤིང་རྨོངས། །
གཞི་ལམ་འབྲས་བུའི་ཆོས་རྣམས་ལ། །ངེས་པས་ཡིད་ཆེས་འདྲོང་བ་དང་། །ཐོས་པས་
དད་པར་བྱེད་པ་གཉིས། །ལམ་དང་དེ་ཡི་གཟུགས་བརྙན་བཞིན། །རྨད་བྱུང་ཆོས་ཀྱི་
ཟླ་བའི་གྲགས་པ་ནི། །ལེགས་བཤད་གསུང་གི་འོད་དང་ཆབ་ཅིག་པར། །ཐུབ་བསྟན་
ལྷ་ལམ་ཡངས་པོར་ཤར་བ་ཡིས། །ཐེ་ཚོམ་མུན་པ་ཐིབ་པོ་རྣམ་པར་འཇོམས། །ཐ་སྙད་
དཔྱོད་པའི་ཚད་མ་ཡིས། །བླང་དོར་འཇུག་ལྡོག་མི་ནོར་ཞིང༌། །ཁྱད་པར་བསྟན་དང་
སྟོན་པ་ལ། །ཡིད་ཆེས་རྙེད་པའི་སྒོ་གཅིག་པུ། །ཚད་མའི་གཞུང་དང་གནས་ལུགས་དོན། །
གཏན་འབེབས་དོན་དམ་རིག་ཤེས་ཀྱི། །ཚད་མ་དྲི་མེད་གསལ་བྱེད་པ། །ཐེག་མཆོག་
དབུ་མ་རྣམ་པ་གཉིས། །ལེགས་པར་སྦྱངས་པའི་བློ་མིག་ཟུང་། །བགྲད་དེ་སྟོན་པས་
བསྟན་པའི་ལམ། །དེར་ནི་གཞན་དྲིང་མི་འཇོག་པར། །ཡང་དག་ཞུགས་པ་དེ་ལ་བསྔགས།།
དེ་ལྟར་སེམས་པའི་དྲང་སྲོང་ལ། །ཐོལ་བྱུང་སྡོམ་བུ་པ་ཞིག་གིས། །རྟོག་གེའི་བརྒལ་
བརྟག་བྱ་བའི་ཕྱིར། །དྲི་བ་བདུན་པོ་འདི་ལྟར་དྲིས། །གཞན་གྱི་རྗེས་སུ་ཟློས་ལ་མཁས་
པས་ཅི། །རང་གི་རྣམ་པར་དཔྱོད་པ་བག་ཕོབ་ལ། །དྲིས་པའི་ལན་འདི་ཉེ་བར་ལྡོན་
མཛོད་དང་། །ནང་གི་རྣམ་དཔྱོད་མཐོང་བ་བཞིན་དུ་གསལ། །མང་ཐོས་སྣ་ཞགས་རིང་
དུ་བརྐྱང་ན་ཡང་། །ཁྲོན་པའི་ཆུ་ལྟར་ཟབ་པའི་ཆོས་ཀྱི་ཆུ། །མ་མྱོང་ད་རུང་མཁས་པའི་
གྲགས་པ་ལ། །རེ་བ་རིགས་ངན་བཙུན་མོར་ཆགས་དང་འདྲ། །ལྟ་བ་དགག་གཉིས་
གང་ལྟར་སྨྲ། །ཉན་རང་བདག་མེད་གཉིས་རྟོགས་སམ། །མཉམ་བཞག་འཛིན་སྟངས་
ཡོད་དམ་མེད། །དཔྱད་ནས་བསྒོམ་མམ་བཞག་ནས་བསྒོམ། བདེན་པ་གཉིས་ལས་
གང་ཞིག་གཙོ། །མི་གཅིག་མཐུན་སྣང་བལྟ་བྱ་གང༌། །དབུ་མར་ཁས་ལེན་ཡོད་དམ་
མེད། །དེ་སྐད་སྟོང་ཉིད་ལས་བརྩམས་པའི། །ཟབ་མོའི་དྲི་བ་བདུན་པོ་འདིར། །ལུང་
དང་འགལ་བ་མེད་བཞིན་དུ། །རིགས་པས་གྲུབ་པའི་ལན་ཐོངས་ཤིག །རྟོག་གེའི་
ཚིག་ཕྲེང་ཚེར་མའི་མདུང༌། །འབུམ་གྱིས་བསྣུན་ཀྱང་མི་ཕིག་པ། །ཆེ་རྣམས་རྨོངས་པའི་
དཀའ་གནད་ལ། །སྨྲ་བའི་ལྗགས་རིང་གློག་བཞིན་སྐྱོངས། །དེ་ལྟར་བློ་གྲོས་ཀྱིས་བསྐུལ་
ངག་གི་རླུང་། །ཆུང་ངུར་གཡོས་པ་དེས་ཀྱང་དྲང་སྲོང་སྙིང་། །དུས་མཐའི་རླུང་གིས་རི་
བཞིན་བསྒུལ་གྱུར་ནས། །མི་སྨྲའི་བརྟུལ་ཞུགས་དར་གཅིག་བཟུང་བའི་མཐར། །ཀྱེ་
མ་བརྒྱ་ཕྲག་དཀའ་བའི་ཁུར་བརྟེན་ཅིང་། །ཡང་དང་ཡང་དཔྱད་བློ་གྲོས་རྣོན་པོའི་མེ། །
བརྒྱུད་མར་ཆེས་ཆེར་སྦྱར་བ་དེས་ཀྱང་འདི། །སྐྱོན་བྲལ་ཁམས་སུ་བསྒྲུབ་པར་མི་ནུས་
ན། །ལྷན་སྐྱེས་སྤོབས་པའི་བློ་ནུས་ཞན་གྱུར་ཅིང་། །ཡུན་རིང་སྦྱངས་པའི་ཁུར་ཀྱང་མ་
བཟུང་བ། །དམན་པ་བདག་གིས་སྨྲ་བ་ག་ལ་ཞེས། །འཇམ་པའི་དབྱངས་ལ་གདུང་བའི་
ཤུགས་ཀྱིས་བོས། །དེ་ཚེ་དེ་ཡི་མཐུ་ལས་ཡིན་སྙམ་པའི། །ཡིད་ལ་ཐོ་རངས་དུས་ཀྱི་
སྣང་བ་ལྟར། །སྤོབས་པའི་གོ་སྐབས་ཅུང་ཟད་ཐོབ་པའི་མོད། །ལེགས་གསུང་དོན་
བཞིན་རིགས་པས་དཔྱད་དེ་སྨྲས། །དགེ་ལྡན་ལྟ་བ་མེད་དགག་ཟེར། །གཞན་རྣམས་
མ་ཡིན་དགག་ཏུ་སྨྲ། །སྔ་འགྱུར་རིང་ལུགས་གང་ཞེ་ན། །ཟུང་འཇུག་ཡེ་ཤེས་ཆེན་པོའི་
ངོར། །མེད་ཅེས་དགག་བྱ་བཀག་ཤུལ་གྱི། །མེད་རྐྱང་དང་ནི་མ་ཡིན་ཞེས། །བཀག་
ཤུལ་ཆོས་གཞན་ཅི་ཞིག་འཕེན། །དེ་གཉིས་བློ་ཡིས་བརྟག་པ་ཙམ། །དོན་ལ་གཉིས་
ཀར་ཁས་མི་ལེན། །དགག་སྒྲུབ་གཉིས་དང་བྲལ་བ་ཡི། །བློ་འདས་གདོད་མའི་ཆོས་
ཉིད་ཡིན། །སྟོང་ཚུལ་ཁོ་ནར་བསམས་ནས་ནི། །དྲི་ན་མེད་དགག་ཉིད་ཡིན་ཏེ། །འཕགས་
ཡུལ་དཔལ་ལྡན་ཟླ་བ་དང༌། །བོད་ན་རོང་ཟོམ་ཆོས་བཟང་གཉིས། །དགོངས་པ་
གཅིག་དང་དབྱངས་གཅིག་གིས། །ཀ་དག་སྟོང་པ་ཆེན་པོ་བསྒྲུབས། །ཆོས་འདི་ཀ་ནས་
དག་པའམ། །གདོད་ནས་རང་བཞིན་མེད་པའི་ཕྱིར། །བདེན་པ་གཉིས་ཆར་མ་སྐྱེས་
པས། །མེད་ཅེས་བརྗོད་ལ་ཅི་ཞིག་ཚོམ། །ཀ་བ་ཀ་ནས་དག་པ་ཡི། །ཤུལ་ན་མི་སྟོང་
ཅུང་ཟད་མེད། །ཀ་བ་མེད་ཅེས་མ་བཀག་ན། །ཀ་བ་མིན་ཞེས་ཅི་ཞིག་ཡིན། །ཀ་བ་
ཁེགས་པའི་སྟོང་པ་དང༌། །ཤུལ་ན་ལུས་པའི་སྣང་བ་གཉིས། །སྟོང་དང་མི་སྟོང་ཟུང་
འཇུག་ཏུ། །མི་རུང་སྲད་བུ་སྒྲིམ་པ་བཞིན། །ཀ་བ་ཀ་བས་མི་སྟོང་དང་། །ཆོས་ཉིད་ཀ་
བས་སྟོང་ངོ་ཞེས། །སྟོང་གཞི་བཞག་ནས་གཞན་སྟོང་པ། །ཚིག་དང་དོན་གྱི་གཞན་
སྟོང་གཉིས། །ཨེ་མ་དེས་དེ་མ་སྟོངས་ན། །སྟོང་གཞི་མི་སྟོང་ལྷག་མར་ལུས། །གཟུགས་
ནི་གཟུགས་ཀྱིས་སྟོང་ངོ་ཞེས། །ལུང་དོན་རིགས་པར་བཅས་པས་འགལ། །ཀ་བ་ཀ་
བའི་བདེན་གྲུབ་གཉིས། །གཅིག་ན་གཅིག་ཁེག་གཅིག་ཀྱང་ཁེག །གཞན་ན་ཀ་བ་མ་
ཡིན་པའི། །བདེན་གྲུབ་ཁེག་ཀྱང་ཀ་བ་ནི། །གང་གིས་མི་སྟོང་དཔྱད་བཟོད་འགྱུར། །
བདེན་གྲུབ་ཡོད་མ་མྱོང་བའི་ཕྱིར། །གཅིག་དང་ཐ་དད་མི་དགོས་ན། །བདེན་གྲུབ་མེད་
ཀྱང་སོ་སྐྱེའི་ངོར། །བུམ་པ་བདེན་པར་འཛིན་པའི་ཕྱིར། །མི་སྟོང་བུམ་པའི་ཕ་རོལ་ན།།
བདེན་པར་གྲུབ་རྒྱུ་སུ་ཞིག་ཡིན། །དགག་བྱའི་སྣང་ཚུལ་ངེས་སོ་ལོ། །བདེན་གྲུབ་སོགས་
ཀྱི་ཁྱད་པར་གང་། །དགག་བྱར་སྦྱར་ནས་སྟོན་པ་ནི། །རང་རྒྱུད་གཞུང་ལ་གྲགས་མོད་
ཀྱང༌། །དོན་དམ་དཔྱོད་པའི་དབང་དུ་ན། །དེ་སྦྱར་བ་ལ་དགོས་པ་ཅི། །སྟོང་ནི་ཀུན་
རྫོབ་ཙམ་དུ་ཡང་། །ཀ་བ་མེད་པ་ལྟར་སེམས་ནས། །ཚིག་འཁྲིའི་དོགས་པས་འདི་བྱས་
ཀྱང་། །ཚིག་འཁྲིའི་འགལ་བ་འདི་ལ་ཆེ། །ཀུན་རྫོབ་ཙམ་དུ་ཀ་བ་ནི། །ཡོད་ཅེས་བྱས་
པས་མི་ཆོག་པར། །དེས་དེ་མི་སྟོང་ཅི་ལ་ཟེར། །དེ་གཉིས་དོན་གཅིག་ཡིན་ཟེར་ན། །
མ་ཡིན་ཀ་བ་ཡོད་ཅེས་དང་། །ཀ་བར་ཀ་བ་ཡོད་ཅེས་པ། །མི་མཚུངས་ཕྱི་མ་རྟེན་བརྟེན་
པར། །དོན་གྱི་ཁས་བླངས་སོང་བ་བཞིན། །དོན་དམ་ཀ་བ་མི་དམིགས་ན། །ཀ་བ་ཀ་
བས་མི་སྟོང་ཅི། །ཀུན་རྫོབ་ཀ་བ་ཀ་བས་ཞེས། །ལན་གཉིས་བརྗོད་པ་བརྡའ་ལ་རྨོངས། །
རང་ནི་རང་གིས་མི་སྟོང་ན། །རང་ཡོད་བཞིན་དུ་གཞན་གྱིས་སྟོང་། །དགག་བྱ་གཞན་
དུ་མེད་གྱུར་ན། །རང་གིས་མི་སྟོང་ཁས་ལེན་འགལ། །སྤྱིར་ན་གཞན་གྱིས་སྟོང་པ་དེས།།
སྟོང་གོ་ངེས་པར་མི་ཆོད་དེ། །རྟ་ལ་བ་ལང་མ་གྲུབ་ཀྱང་། །རྟ་དེ་སྟོང་པར་ག་ལ་ངེས། །
རྟ་མཐོང་དེ་ཡིས་བ་ལང་ལ། །ཅི་ཞིག་ཕན་ཏེ་ཅི་ཞིག་གནོད། །དེ་ཕྱིར་མི་སྟོང་མྱང་
འདས་དང་། །འཁོར་བའང་ཆོས་དང་ཆོས་ཉིད་དུ། །མི་རུང་སྣང་སྟོང་ཟུང་འཇུག་དང་། །
སྲིད་ཞི་མཉམ་ཉིད་འདི་ལ་མེད། །ཆུ་ཟླ་ཟླ་བ་མིན་ནོ་ཞེས། །གནམ་ཟླས་སྟོང་དང་ཆུ་
ཟླ་རང་། །སྣང་དེ་ཟུང་འཇུག་ཡིན་ན་ཀོ །ཟུང་འཇུག་རྟོགས་པ་སུས་ཀྱང་སླ། །བ་ལང་
རྟ་མིན་ཀུན་གྱིས་ཤེས། །བ་ལང་སྣང་བར་མངོན་སུམ་མཐོང་། །དེ་རྟོགས་ངོ་མཚར་
ཆེའོ་ཞེས། །བདག་ཉིད་ཆེན་པོ་ཇི་སྟེ་གསུངས། །དེས་ན་རང་གི་ལུགས་ལ་ནི། །ཆུ་ཟླ་
བརྟགས་ན་ཆུ་ཟླ་ཉིད། །ཅུང་ཟད་མི་རྙེད་མེད་བཞིན་དུ། །ཆུ་ཟླ་སྣང་བར་མངོན་སུམ་
ཚེ། །མེད་དགག་ཡིན་ཀྱང་སྣང་རུང་བ། །སྟོང་དང་ཡོད་པ་སོ་སྐྱེའི་བློར། །འགལ་ཡང་
འདིར་ནི་མངོན་སུམ་དུ། །ཟུང་འཇུག་འདི་ལ་རྨད་བྱུང་ཞེས། །ངོ་མཚར་ཚིག་གིས་མཁས་
རྣམས་བསྔགས། །སྟོང་པའི་ངོས་ནས་གཞལ་བ་ན། །མི་སྟོང་ཅུང་ཟད་ཡོད་མིན་ཕྱིར། །
མེད་ཅེས་མཐའ་གཅིག་སྒྱུར་གཏུབ་ཀྱང༌། །མེད་དེའི་མེད་ཚུགས་མ་ཤོར་བཞིན། །
སྣང་བ་འགག་མེད་ཉིད་དུ་ཤར། །སྣང་དེའི་སྣང་ཚུགས་མ་ཤོར་བཞིན། །གཞི་མེད་
སྟོང་པ་ཆེན་པོར་གནས། །དེ་ལ་འདི་སྟོང་འདིས་སྟོང་དང༌། །འདི་སྣང་འདི་སྟོང་དབྱེ་
བ་ཞིག །ནམ་ཡང་རྙེད་པ་མེད་པ་ལ། །ཁོ་ཐག་ནང་ནས་ཆོད་པའི་ཚེ། །དོན་ཚོལ་མཁན་
པོ་དོན་མེད་པས། །ཡིད་ཆད་སྐྱེ་བ་མེད་ཀྱི་རྟིང་། །ཡིད་བདེ་ཐོབ་པ་ངོ་མཚར་ཆེ། །
༈ འགའ་ཞིག་ཉན་རང་དགྲ་བཅོམ་པས། །ཆོས་ཀྱི་བདག་མེད་མ་རྟོགས་ཟེར། །ཕུང་
པོར་ང་ཙམ་འཛིན་པའི་བདག །མ་ཁེག་དེ་སྲིད་དེའི་ནུས་པའི། །ཉོན་མོངས་སྤོང་བ་
མེད་པ་དང༌། །བདག་དེའང་ཕུང་པོ་ལ་བརྟེན་ནས། །བརྟགས་ཙམ་ངར་འཛིན་ལྷན་
སྐྱེས་ཀྱི། །ཡུལ་ཡིན་དེ་དང་བུམ་སོགས་ལ། །སྟོང་གཞིའི་དབྱེ་བ་མ་གཏོགས་པ། །
སྟོང་ཚུལ་ཁྱད་པར་འགའ་མེད་དེ། །ཆོས་དང་གང་ཟག་སོ་སོར་ཡང་། །རང་བཞིན་
གྲུབ་པས་སྟོང་ཕྱིར་རོ། །དེ་ལྟར་ལུང་དང་རིགས་པས་ཀྱང་། །མངོན་སུམ་གྲུབ་ལས་
བརྒལ་ནས་སུ། །ཉན་རང་ཆོས་བདག་མ་རྟོགས་ཞེས། །སྨྲ་བ་དམ་བཅའ་ཙམ་དུ་ཟད། །
དེ་ལ་ཁ་ཅིག་ཐལ་ཆེས་ནས། །ཐེག་གསུམ་མཐོང་ལམ་གཅིག་པ་དང༌། །རྟོགས་པ་
མཐོ་དམན་མེད་པར་འདོད། །ཤེར་ཕྱིན་སྔགས་སོགས་མདོ་རྒྱུད་གཞུང་། །ཀུན་ཀྱང་
དྲང་བའི་དོན་དུ་འགྲེལ། །དེ་ལ་དམན་ལམ་སྔོན་སོང་བའི། །ཐེག་ཆེན་མཐོང་ལམ་
ཐོབ་སོགས་ཚེ། །སྤང་བྱ་ཅུང་ཟད་མེད་སོགས་སྐྱོན། །རིགས་པས་གནོད་པ་ཟློག་མེད་
འབབ། །གཞན་ཡང་རྟོགས་བྱ་རྟོགས་གྱུར་ཀྱང་། །སྤྱང་བྱ་སྤོང་བར་གྲོགས་དགོས་ཟེར། །
མ་རྟོགས་རྟོགས་པར་ཁས་བླང་འགལ། །རྟོགས་ན་སྤང་བྱ་མི་སྤོང་འགལ། །ཉི་མ་ཤར་
ཡང་མུན་པའི་དཔུང་། །འཇོམས་པ་གཞན་ལ་ལྟོས་པ་མཚར། །ཁ་ཅིག་ཉན་རང་རང་
རྒྱུད་ཀྱི། །ཕུང་པོ་ལྔ་པོ་སྟོང་རྟོགས་ཀྱང་། །ཆོས་གཞན་བདག་མེད་མི་རྟོགས་ཟེར། །
ཕུང་པོ་ལྔ་པོ་སྟོང་རྟོགས་ན། །འདུས་མ་བྱས་ཙམ་མ་གཏོགས་པའི། །མ་རྟོགས་དངོས་
གཞན་ཅི་ཞིག་ཡོད། །དེས་ན་རང་ལུགས་གང་ཡིན་ན། །དཔལ་ལྡན་ཟླ་བའི་རང་འགྲེལ་
ལས། །ཉོན་མོངས་སྤངས་ཕྱིར་ཉན་རང་ལ། །རྒྱལ་བས་གང་ཟག་བདག་མེད་དང༌། །
ཤེས་སྒྲིབ་སྤངས་ཕྱིར་རྒྱལ་སྲས་ལ། །ཆོས་བདག་མེད་པ་རྫོགས་པར་བསྟན། །འོ་ན་
ཉན་རང་གཉིས་པོ་ལ། །སྟོང་ཉིད་རྟོགས་པ་ཡོད་དོ་ཞེས། །སྨྲས་པ་ཇི་ལྟར་ཡིན་ཞེ་ན། །
ཉན་རང་དེ་དག་ཀུན་ཉོན་ཙམ། །སྤངས་ཕྱིར་གང་ཟག་མེད་སྒོམ་གྱི། །ཆོས་ཀྱི་བདག་
མེད་རྫོགས་པར་ནི། །སྒོམ་པ་མེད་ཅེས་གསུངས་པ་བཞིན། །ཀློང་ཆེན་རབ་འབྱམས་
ཞལ་སྔ་ནས། །སྔོན་གྱི་སློབ་དཔོན་ཐམས་ཅད་ནི། །ཡོད་དང་མེད་ཅེས་རྩོད་ན་ཡང་། །
རང་བཞེད་སྔོན་གྱི་ཉན་རང་ལ། །ཅི་རིགས་སྣང་ཡང་དགྲ་བཅོམ་པ། །འཐོབ་ལ་ཕུང་
པོར་འཛིན་པའི་བདག །སྟོང་པར་མ་རྟོགས་ཐར་མིན་པས། །དེ་ཙམ་རྟོགས་པ་ཡོད་ན་
ཡང་། །བདག་མེད་རྫོགས་པར་རྟོགས་པ་མེད། །ཡུངས་འབྲུ་སྲིན་གྱིས་ཟོས་པ་ཡི། །
ནང་གི་མཁའ་བཞིན་ཉན་རང་གི །བདག་མེད་ཆུང་ངུར་གསུང་པ་སྟེ། །དེ་ཕྱིར་དམན་
ལ་དགག་པའི་སྒྲས། །ཆོས་བདག་མ་རྟོགས་ཅེས་བཞེད་གསུང་། །འདི་ནི་ཕུལ་བྱུང་ལེགས་
བཤད་དེ། །འདི་དང་མཚུངས་པ་གཞན་མ་མཆིས། །དཔེར་ན་རྒྱ་མཚོ་ཆེན་པོའི་ཆུ། །
ཧུབ་གང་བཏུང་ཡང་རྒྱ་མཚོ་ནི། །མ་བཏུང་ཞེས་སུ་མི་རུང་ལྟར། །ཆོས་ཀྱི་བྱེ་བྲག་ང་
ཙམ་པོ། །བདག་མེད་མཐོང་ཕྱིར་སྟོང་མཐོང་འདོད། །ཧུབ་གཅིག་འཐུང་པས་རྒྱ་མཚོའི་ཆུ།།
རྫོགས་པར་ཁོང་དུ་མ་སོང་ལྟར། །མཐའ་དག་ཤེས་བྱའི་རང་བཞིན་ཀུན། །སྟོང་པར་
རྟོགས་པ་མེད་པའི་ཕྱིར། །བདག་མེད་རྫོགས་པར་མ་མཐོང་འདོད། །གལ་ཏེ་ཆོས་
གཅིག་སྟོང་མཐོང་ན། །ཐམས་ཅད་མི་མཐོང་ཅི་ཞེ་ན། །དེ་གས་ལུང་རིགས་མན་ངག་
གིས། །བརྟགས་ན་དེ་ལྟར་མཐོང་མོད་ཀྱི། །རེ་ཞིག་ཉན་ཐོས་རིགས་ཅན་རྣམས། །
གང་ཟག་མེད་ཙམ་ཁོ་ན་ལ། །ཞེན་པས་མཐོའི་གཞན་རྟོགས་དཀའ་སྟེ། །བུམ་པ་བརྟགས་
པར་འདོད་རྣམས་ཀྱང༌། །རྡུལ་ཕྲན་རྫས་སུ་འདོད་པ་བཞིན། །གལ་ཏེ་བུམ་པ་བཏགས་
པར་ནི། །རྟོགས་པའི་བློ་དེས་རྡུལ་ལ་ཡང༌། །དཔྱད་ན་རྟོགས་པར་རིགས་མོད་ཀྱི། །
རེ་ཞིག་མ་རྟོགས་དེ་བཞིན་ནོ། །རགས་པའི་གཞི་དང་ཆ་མེད་རྡུལ། །འགལ་བར་སྣང་
ཡང་དེ་དག་ལ། །རེ་ཞིག་ལུང་དང་མན་ངག་གིས། །དབེན་ཕྱིར་མི་འགལ་གྲུབ་མཐའ་
སྒྲུབ། །དེ་བཞིན་སེམས་ཙམ་དག་གིས་ཀྱང༌། །གཟུང་བ་མེད་ན་འཛིན་པ་ཡང་། །ཅི་
ཕྱིར་མི་རྟོགས་རང་རྒྱུད་དེ། །དོན་དམ་བདེན་མེད་རིག་པ་དེས། །ཐ་སྙད་དུ་ཡང་རང་
མཚན་གྱིས། །གྲུབ་པ་མེད་པར་ཅིས་མ་རྟོགས། །དེས་ན་ཐམས་ཅད་ཐལ་འགྱུར་བ། །
འབའ་ཞིག་ཉིད་དུ་ཁྱོད་ལ་ཐལ། །ཉན་རང་ཐེག་པ་ཆེན་པོ་ལ། །སྐུར་ཞིང་སྨོད་པའང་
ག་ལ་སྲིད། །དེས་ན་གཅིག་གི་རང་བཞིན་ཉིད། །ཀུན་ལ་མཉམ་ཉིད་ཡིན་ན་ཡང་། །
ཕྱི་དང་ནང་གི་རྐྱེན་གྱི་ཚོགས། །མ་ཚངས་དེ་སྲིད་རྟོགས་པ་བུལ། །སྤྱིར་ན་དབང་རྣོན་
རང་སྟོབས་ཀྱིས། །རྟོགས་པ་ཡོད་ཀྱི་རྟུལ་པོ་ཡིས། །རང་གི་དེ་མ་ཐག་ཏུ་ཡང་། །ངེས་
པར་རྟོགས་པའི་ཁྱབ་པ་མེད། །ནམ་ཞིག་ཅིས་ཀྱང་རྟོགས་ངེས་ཏེ། །བསྐལ་པ་སྟོང་
ཕྲག་བཅུ་ཡི་མཐར། །འགོག་པའི་དབྱིངས་ལས་དགྲ་བཅོམ་པ། །ལྡང་སྟེ་ཐེག་ཆེན་
འཇུག་པར་གསུངས། །ཚུལ་བཞིན་ཐེག་ཆེན་ཞུགས་པས་ཀྱང་། །གྲངས་མེད་བསྐལ་
པར་གོམས་དགོས་ན། །ཉན་ཐོས་ཞི་བདེ་དོན་གཉེར་བས། །བསྐལ་པ་སྟོང་ཕྲག་དེ་
ཙམ་ལ། །བདག་མེད་མཐའ་དག་མ་རྟོགས་པའི། །གནས་སྐབས་མི་སྲིད་ཅི་ལ་འགྱུར། །
ས་ཐོབ་རྣམས་ལའང་ཆོས་ཀྱི་དབྱིངས། །ཇེ་བས་ཇེ་གསལ་རྫོགས་མིན་ནམ། །ཚོགས་
བསགས་གྲོགས་དང་རིག་པའི་སྒོ། །མཐའ་ཡས་ཚུལ་དང་བྱང་སེམས་ཀྱི། །སྤྱོད་པ་
ཡོངས་བསྔོའི་རྐྱེན་ཚང་ན། །ངེས་པར་རྫོགས་པར་རྟོགས་འགྱུར་ཏེ། །ཐབས་ལ་མཁས་
པའི་རྐྱེན་ཚང་བས། །སྔགས་ཀྱི་མྱུར་དུ་རྟོགས་པ་བཞིན། །རྟག་བདག་སྤངས་ཀྱང་
ལྷན་སྐྱེས་ཀྱི། །ངར་འཛིན་ཕུང་པོར་བརྟེན་ནས་འཇུག །དེ་ཕྱིར་ཕུང་པོར་འཛིན་ཡོད་པ། །
དེ་སྲིད་ངར་འཛིན་ཡོད་གསུང་དོན། །གདགས་གཞི་ཕུང་པོ་ཡོད་གྱུར་ཅིང་། །དེར་འཛིན་
སེམས་པ་ཡོད་ཇི་སྲིད། །བདག་ཏུ་གདགས་པའི་རྒྱུ་ཚང་བས། །འབྲས་བུ་བདག་འཛིན་
མི་ལྡོག་གསུང་། །གང་ཕྱིར་རྟག་བདག་སྤངས་ཀྱང་ནི། །གདགས་གཞིར་བརྟེན་ནས་
བཏགས་པའི་བདག །ལྷན་སྐྱེས་ཞེན་ཡུལ་མ་བཀག་ཕྱིར། །ངར་འཛིན་སྐྱེ་ལ་གེགས་
མེད་ཉིད། །དེ་ཕྱིར་ཉོན་མོངས་སྤང་བ་ལ། །ཕུང་སོགས་སྟོང་པར་རྟོགས་དགོས་ཞེས། །
འཆད་པ་ལུང་འདིའི་དོན་མིན་ཏེ། །འདི་དོན་འདི་བཞིན་ཟླ་བས་བཀྲལ། །བཏགས་
པའི་ང་ཙམ་ཤེས་གྱུར་ན། །ངར་འཛིན་ལྡོག་ལ་དེས་ཆོག་སྟེ། །ཐག་པ་མེད་པར་མ་ཤེས་
ཀྱང༌། །སྦྲུལ་འཛིན་སྦྲུལ་མེད་མཐོང་བས་ལྡོག །མཐར་ནི་ངེས་པར་རྟོགས་དགོས་ཏེ། །
ཆོས་ཀུན་དེ་ཉིད་གཅིག་ཡིན་ཅིང་། །དེ་ཉིད་མཐོང་བའི་ཚུལ་གཅིག་པས། །མཐར་
ཐུག་ཐེག་གཅིག་འགྲུབ་པ་ཡི། །རིགས་པ་ཀླུ་སྒྲུབ་ཡབ་སྲས་སྨྲ། །གལ་ཏེ་ཁྱོད་ཀྱི་ལུགས་
ལྟར་ན། །དེ་ཉིད་ཉན་རང་མཐོང་ཟིན་པས། །རིགས་པ་དེ་ཡིས་ཐེག་གཅིག་ཏུ། །ཅི་
ཞིག་འགྲུབ་སྟེ་དམ་བཅའ་ཙམ། །འདིར་ནི་ཟུང་འཇུག་ཡེ་ཤེས་གང༌། །མཐར་ཐུག་
གཟིགས་པ་དེ་ཁོ་ན། །དེ་བཞིན་ཉིད་གཅིག་དེ་ཡིན་ཏེ། །འཕགས་ཀུན་དེ་ལ་གཞོལ་
ཞིང་འབབ། །དེས་ན་ཚུལ་འདི་ལེགས་རྟོགས་ནི། །ཀླུ་སྒྲུབ་ལུགས་དང་བྱམས་པའི་
གཞུང་། །ཕན་ཚུན་བུ་རམ་སྦྲང་རྩི་བཞིན། །ལྷན་ཅིག་ཡི་གས་བདེར་འཇུ་ཡི། །གཞན་
དུ་མི་འཕྲོད་ཟས་བཞིན་དུ། །ཁོང་ན་མི་བདེའི་སྐྱོན་གྱུར་ཚེ། །ལུང་རིགས་གཙགས་བུ་
རྣོན་པོ་བརྒྱུ། །གདེངས་ཤིང་འདེབས་ལ་ཡིད་གཏིང་སྡར། །།
༈ ལྟ་བའི་དངོས་གཞི་སྐྱོང་བའི་དུས། །ཁ་ཅིག་ཅིར་ཡང་མི་འཛིན་ཟེར། །ཅིར་ཡང་མི་འཛིན་
ཞེས་པའི་དོན། །ལེགས་པར་རྟོགས་དང་ལོག་རྟོག་གཉིས། །དང་པོ་མཐའ་བཞིའི་སྤྲོས་བྲལ་
ཏེ༑ །འཕགས་པའི་ཡེ་ཤེས་ཀྱི་མདུན་ན། །གང་ཡང་གནས་པ་མེད་མཐོང་བས། །འཛིན་སྟངས་
ངང་གིས་ཞིག་པ་སྟེ། །སྟོང་གསལ་མཁའ་ལ་ལྟ་དང་མཚུངས། །གཉིས་པ་དྲན་མེད་ཧ་
ཤང་ལུགས། །མ་དཔྱད་ཙེ་ནེར་བཞག་པ་ཡིས། །ལྷག་མཐོང་གསལ་བའི་ཆ་མེད་པར། །
མཚོ་གཏིང་རྡོ་བཞིན་ཐ་མལ་གནས། །དཔེར་ན་ཅི་ཡང་མེད་ཅེས་པ། །དབུ་མས་མེད་
པར་མཐོང་བ་དང་། །གཟུགས་མེད་མེད་པར་མོས་པ་ལྟར། །ཚིག་ཙམ་མཚུངས་པ་འདི་
དག་ཀྱང་། །དོན་ལ་མི་མཚུངས་གནམ་ས་བཞིན། །དེ་ལྟར་མཐའ་བཞི་སྤྲོས་བྲལ་ལ། །
མཐའི་བཞི་གང་དུའང་མི་འཛིན་ན། །མཐའ་བཞི་ལས་འདས་འཛིན་སྟངས་ཤིག །
མེད་པས་འཛིན་སྟངས་མེད་པར་འདོད། །གལ་ཏེ་འཛིན་སྟངས་མེད་ཅེས་པས། །བླུན་
པོ་ཁ་ཅིག་དང་པོ་ནས། །ཅིར་མི་འཛིན་པར་ལྷོད་དོ་ལོ། །འགྲོ་ཀུན་ཐ་མལ་ཀློད་ཆེས་
པས། །ཁམས་གསུམ་འཁོར་བར་གཏན་འཁྱམས་ན། །ད་དུང་བཀླགས་ཏེ་བསྐུལ་མི་
དགོས། །གལ་ཏེ་དེ་དག་མི་ཤེས་བཞིན། །བདག་ཅག་རང་ངོ་ཤེས་ཟེར་ན། །དོན་དམ་
རང་ངོ་ཤེས་པ་ལ། །བདེན་སྟོང་ཕུ་ཐག་ཆོད་པ་དགོས། །འཁྲུལ་སྣང་བདག་དང་གཞན་
ནོ་ཞེས། །སུས་ཀྱང་ཤེས་ལ་སྒོམ་ཅི་དགོས། །གལ་ཏེ་སེམས་ལ་མདོག་དབྱིབས་དང་། །
བྱུང་གནས་འགྲོ་ས་བརྟག་པའི་ཚེ། །མ་མཐོང་སྟོང་བར་རྟོགས་ཤེ་ན། །ཆོས་ཚུལ་ཤིན་
ཏུ་ཟབ་པ་སྟེ། །འདི་ལའང་གོལ་ས་ཤིན་ཏུ་ཆེ། །སེམས་ནི་གཟུགས་ཅན་མ་ཡིན་པས། །
སུས་ཀྱང་མདོག་སོགས་མཐོང་མི་སྲིད། །མ་མཐོང་ཙམ་ལ་སྟོང་པ་ཉིད། །ངོ་འཕྲོད་སྙམ་
ན་ཤིན་ཏུ་གོལ། །ལན་བརྒྱར་བརྟག་ཀྱང་མི་ཡི་མགོར། །ཕྱུགས་ཀྱི་རྭ་ཅོ་མཐོང་མི་སྲིད། །
དེ་མ་མཐོང་བས་དེ་སྟོང་པར། །རྟོགས་སོ་ཞེ་ན་སུས་ཀྱང་སླ། །དེས་ན་རིགས་པའི་དཔྱད་
པ་དེས། །གནས་ལུགས་ཐིག་པོ་ཞིག་མཐོང་ན། །སེམས་དེ་སྒྱུ་མ་ལྟ་བུ་ལ། །ངོ་བོ་བདེན་
མེད་གཏིང་ནས་རིག །དེ་ཚེ་ཐད་ཀའི་ནམ་མཁའ་ལ། །བལྟས་པ་བཞིན་དུ་རང་གི་
སེམས། །འགྱུ་བཞིན་པ་ཡང་སྟོང་པ་ཡི། །ངེས་ཤེས་ཁོ་ཐག་ཆོད་པ་དགོས། །ཡང་ནི་
ཁྱོད་ཀྱི་སེམས་དེ་ནི། །མེད་པ་མཁའ་འདྲ་ཞིག་འདུག་གམ། །སྣ་ཚོགས་ཤེས་པ་གང་
ཡིན་ཟེར། །སྐད་ཅིག་མི་སྡོད་གཡོ་བའི་སེམས། །སུ་ལའང་ཡོད་ཕྱིར་ཤེས་པ་ཞིག །
འདུག་པར་སུས་ཀྱང་ངེས་པར་སྨྲ། །དེ་ནས་ཡོད་པ་མ་ཡིན་ལ། །མེད་པའང་མིན་པའི་
སེམས་དེ་ནི། །འོད་གསལ་ཆོས་སྐུ་ཡིན་ནོ་ཟེར། །དེས་ཀྱང་ངོ་འཕྲོད་རློམ་པོ་བཅས། །
ཐོས་པ་མང་པོ་མ་བྱས་ཀྱང་། །གཅིག་ཤེས་ཀུན་གྲོལ་ཤེས་སོ་ལོ། །རྫོ་གས་ཆེན་ཡོད་
མིན་མེད་མིན་ནི། །མཐའ་བཞིའི་སྤྲོས་དང་བྲལ་བ་ཡིན། །ཁྱོད་ཀྱི་འདི་ནི་ལེགས་
བརྟགས་ན། །ཡོད་པར་སྨྲ་རུ་མི་བཏུབ་ཅིང༌། །མེད་པར་ཡང་ནི་སྨྲར་མེད་པ། །དོན་དུ་
ཡོད་མེད་གཉིས་ཡིན་ནམ། །ཡང་ན་གཉིས་ཀ་མིན་པའི་མུ། །གང་རུང་ཞིག་ལས་མ་
འདས་པར། །སེམས་དེ་ཡོད་མིན་མེད་མིན་གྱི། །གཞི་རུ་ཞེ་ལ་བརྣག་ཀྱིན་གདའ། །དེ་
ནི་བསམ་མི་ཁྱབ་པའི་བདག །དེ་དང་མིང་གི་རྣམ་གྲངས་ལས། །དོན་ལ་འདོད་ཚུལ་
ཁྱད་པར་མེད། །སེམས་དང་དེ་ལས་གཞན་གྱི་ཆོས། །ཀུན་ཀྱང་བདེན་མེད་ངེས་པའི་
སྟེང༌། །སྣང་བ་རྟེན་འབྱུང་དུ་ཤར་བས། །ཡིན་མིན་བསམ་བརྗོད་ལས་འདས་པ། །
མཐའ་བཞིའི་སྤྲོས་དང་བྲལ་བའི་གནད། །གཏད་མེད་ཟང་མ་ཐལ་བྱུང་ངོ༌། །འདི་ནི་
ཡིན་མིན་གཉིས་བྲལ་ཞེས། །བློ་ཡི་མདུན་ན་འབེན་བཞིན་གནས། །བདག་གཞན་
དངོས་འཛིན་འདིར་བརྟེན་ནས། །སྲིད་པའི་ཆུ་བོ་བརྒྱུད་མར་འཇུག །འདི་དག་ཟློག་
པའི་གཉེན་པོ་ནི། །བདག་མེད་པ་ཡི་འཛིན་སྟངས་ཡིན། །དེ་ཡང་མེད་ཚུལ་མ་ཤེས་
པར། །མེད་པར་མོས་པས་མི་ཕན་ཏེ། །ཐག་ཁྲར་སྦྲུལ་དུ་འཁྲུལ་པ་ལ། །སྦྲུལ་མེད་སྙམ་
པས་མི་ཕན་ཀྱང་། །མེད་ཚུལ་མཐོང་ན་སྤངས་པ་བཞིན། །དེ་ཕྱིར་དཔྱད་པས་རྟོགས་
བྱས་ནས། །དཔྱད་ཙམ་ཉིད་དུ་མི་བཞག་པར། །ཐོག་མེད་དངོས་ཞེན་གོམས་ཆེས་པས། །
ཡང་ཡང་འཛིན་སྟངས་བཅས་ཏེ་བསྒོམ། །བདག་མེད་གོམས་པས་བདག་ལྟ་བ། །དྲུང་
ནས་འབྱིན་ཕྱིར་འདི་དགོས་ཞེས། །དོན་གཟིགས་དུ་མས་ནན་ཏན་བསྒྲུབས། །དང་
པོའི་ལས་ཅན་འཇུག་པའི་སྒོ། །གོལ་འཆུག་མེད་པ་འདི་ཡིན་ན། །དང་པོ་ནས་དེ་སྤོང་
ཞེས་པ། །བདུད་ཀྱི་གསང་ཚིག་བཀྱེ་བ་ཡིན། །འཛིན་སྟངས་དེས་དྲངས་བདེན་སྟོང་ལ། །
ངེས་ཤེས་མཆོག་ཏུ་འདྲོངས་པའི་ཚེ། །ད་གདོད་མེད་འཛིན་ཙམ་པོ་ནི། །གནས་ལུགས་
མཐར་ཐུག་མ་ཡིན་པས། །སྒྲོ་འདོགས་སོ་གཉིས་བྲལ་བ་ཡི། །སྤྲོས་བྲལ་སྟོང་པ་ཆེན་
པོ་བསྒོམ། །བདེན་སྟོང་ཕུ་ཐག་ཆོད་གྱུར་ནས། །སྟོང་པ་རྟེན་འབྱུང་ཤར་བ་ཡི། །སྣང་
སྟོང་ཅིར་ཡང་མི་འཛིན་ལ། །མེ་ཡི་ཁ་ནས་དག་པའི་གསེར། །ཇི་བཞིན་ཡིད་ཆེས་རུང་
མོད་ཀྱི། །གཞན་དུ་ཆེས་ཆེར་ཟབ་པའི་གནད། །འཕགས་བོད་མཁས་གྲུབ་ཆེ་རྣམས་
ཀྱིས། །ཡུན་རིང་འབད་དེ་རྟོགས་པའི་དོན། །ཀྱེ་མ་བླུན་པོས་ཡུད་ཙམ་ལ། །རྟོགས་པར་
སྨྲ་ལ་ཐེ་ཚོམ་གཡོ། །དངོས་གཞི་སྣང་སྲིད་འཁོར་འདས་ཀུན། །ཡོད་མེད་ལས་འདས་
དོན་གྱི་གཤིས། །ཡོད་མེད་ཅིར་ཡང་མ་གྲུབ་ན། །ཕྱོགས་རེར་འཛིན་པ་སྤྲོས་དང་བཅས། །
དེ་ཕྱིར་རིགས་པས་རྣམ་དཔྱད་ཚེ། །ཅིར་ཡང་གྲུབ་པ་མ་མཐོང་བས། །ཅིར་ཡང་འཛིན་
པ་ག་ལ་སྐྱེ། །འོན་ཀྱང་མཐའ་བཞིའི་སྤྲོས་བྲལ་ཚུལ། །དཔྱད་པས་དྲངས་བའི་ངེས་
ཤེས་ལས། །རང་བྱུང་འོད་གསལ་ཤེས་རབ་ཀྱི། །ལྷག་མཐོང་མར་མེ་བཞིན་དུ་གསལ། །
ཞེ་
དེ་དང་རྣམ་པ་འགལ་བ་ཡི། །མཐའ་བཞིའི་བློ་ངན་མུན་པའི་སྨག །དྲུང་འབྱིན་གཉེན་
པོ་འདི་ཡིན་པས། །ནམ་བསྒོམ་ངེས་ཤེས་སྐྱེ་བ་དགོས། །མཐའ་བཞིའི་སྤྲོས་པ་ཅིག་
ཅར་དུ། །ཁེག་པ་བློ་འདས་གཉུག་མའི་དབྱིངས། །སོ་སོའི་སྐྱེ་བོའི་ས་ཉིད་ན། །ཅར་
ཕོག་ཚུལ་གྱིས་མཐོང་དཀའ་བས། །མཐའ་བཞིའི་སྤྲོས་པ་རེས་འཇོག་ཏུ། །འགོག་པ་
ཐོས་བསམ་ལྟ་བའི་ལུགས། །དེ་ལ་ཇི་ཙམ་གོམས་པ་བཞིན། །ངེས་ཤེས་ཇེ་བས་ཇེ་གསལ་
ནས། །ཕྱིན་ལོག་སྒྲོ་འདོགས་བསྒྲུབ་བྱས་པའི། །བློ་གྲོས་ཡར་ཟླ་ལྟ་བུར་འཕེལ། །ཅིར་
ཡང་མི་འཛིན་ལྟ་ངན་ལ། །དངོས་པོ་ཅིར་ཡང་མ་གྲུབ་པའི། །ངེས་ཤེས་སྐྱེ་བ་ག་ལ་ཡོད། །
དེས་ན་སྒྲིབ་པ་སྤོང་མི་ནུས། །དེ་ཕྱིར་འདི་གཉིས་ཁྱད་པར་ཡང་། །དུ་བའི་རྟགས་ལས་
མེ་བཞིན་དུ། །སྤང་རྟོགས་བོག་སྐྱེད་ཚུལ་ལས་ཤེས། །གང་ཕྱིར་བླུན་བསྒོམ་ཐ་མལ་པ། །
སྤངས་དང་རྟོགས་པའི་རྒྱུ་མིན་ལ། །ཡོན་ཏན་སྐྱེ་བའི་གེགས་ཡིན་ཕྱིར། །རྒྱ་ཇ་ཚགས་
ལ་དྲངས་པ་བཞིན། །ལུང་རྟོགས་འགྲིབ་ཅིང་ཉོན་མོངས་འཕེལ། །ཁྱད་པར་རྒྱུ་འབྲས་
ཡིད་ཆེས་ཆུང་། །ཡང་དག་ལྟ་བའི་མིག་ལྡན་ན། །སྔར་མེད་ལུང་དང་ཉམས་རྟོགས་འབར།།
སྟོང་མཐོང་དེ་ཡི་ཡོན་ཏན་ལས། །རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་ལ། །ཡིད་ཆེས་ཉོན་
མོངས་ཆུང་བར་འགྱུར། །དཔྱད་པས་ངེས་ཤེས་དྲངས་པའི་ངང་། །རྩེ་གཅིག་བཞག་པའི་
ཏིང་འཛིན་ལ། །མ་མཐོང་མཐོང་བ་དམ་པའི་དོན། །མཐོང་དོན་ཕྱོགས་སུ་མ་ལྷུང་བས། །
ཅིར་ཡང་བཟུང་བ་མེད་མོད་ཀྱི། །ལྐུགས་པས་བུ་རམ་མྱོང་བ་ལྟར། །ཡིད་ཆེས་གོམས་
པའི་རྣལ་འབྱོར་ལ། །སྐྱེ་ཡི་དཔྱད་པ་ཁོ་ན་མིན། །
། ཐེག་མཆོག་ལྟ་བ་བསྒོམ་པ་ལ། །དཔྱད་དང་འཇོག་པ་གང་འཐད་ན། །ལ་ལས་མི་
དཔྱད་བཞག་སྟེ་བསྒོམས། །དཔྱད་པས་དོན་ལ་བསྒྲིབས་པས་ན། །མ་དཔྱད་སྦོམ་པོར་
ཞོག་དང་ཟེར། །ལ་ལས་དཔྱད་པ་ཁོ་ན་བྱེད། །དཔྱད་པ་དང་བྲལ་བསྒོམ་པ་ནི། །གཉིད་
དུ་སོང་ལྟར་མི་ཕན་པས། །ནམ་ཡང་དཔྱད་པ་དགོས་སོ་ཟེར། །སྒོམ་པ་དཔྱད་འཇོག་
མཐའ་གཅིག་ཏུ། །ཕྱོགས་རེར་འཛིན་པ་མི་རུང་སྟེ། །མ་དཔྱད་པ་ཡི་འཇོག་སྒོམ་ཕལ། །
ཞི་གནས་ཙམ་ཞིག་འགྲུབ་སྲིད་ཀྱང་། །བསྒོམས་པས་ངེས་ཤེས་མི་སྐྱེ་བས། །ཐར་ལམ་
མིག་གཅིག་ངེས་ཤེས་ཉིད། །སྤངས་ནས་སྒྲིབ་པ་བསལ་མི་ནུས། །ཆོས་ཀྱི་རང་བཞིན་
མ་ཤེས་ན། །ཅི་ཞིག་བསྒོམས་ཏེ་ཐ་མལ་གྱི། །རྣམ་རྟོག་བསྒོམས་པས་ཅི་ལ་ཕན། །
མིག་མེད་ལམ་དུ་ཞུགས་པ་བཞིན། །ཐོག་མེད་འཁྲུལ་བའི་བག་ཆགས་ཀྱིས། །རང་
བཞིན་ལོག་པར་ཞེན་གྱུར་པ། །ཐབས་ཚུལ་རིགས་པ་བརྒྱ་དག་གིས། །འབད་དེ་མ་
བརྟག་རྟོགས་པར་དཀའ། །གང་ཕྱིར་འཁྲུལ་སྣང་ཞེན་པ་དང་། །ཡང་དག་དོན་མཐོང་
འགལ་བས་ན། །ཆེས་གོམས་སྲིད་པའི་སྨག་རུམ་འདིར། །དེ་ཉིད་སྣང་བ་རྙེད་པར་
དཀའ། །སྔོན་ནས་སྦྱངས་པའི་ལས་ཀྱི་འཕྲོ། །སྨིན་དང་བླ་མའི་བྱིན་རླབས་ལས། །
བྱུང་གནས་འགྲོ་འོང་ཙམ་བརྟགས་པས། །བདེན་སྟོང་ངེས་པ་སྲིད་མོད་ཀྱི། །དེ་འདྲ་
བརྒྱ་ལམ་རེས་འགའ་སྟེ། །ཀུན་གྱིས་དེ་ལྟར་རྟོགས་མི་ནུས། །ཀ་དག་གདར་ཤ་ཆོད་
པ་ལ། །ཐལ་འགྱུར་ལྟ་བ་མཐར་ཕྱིན་དགོས། །སྤྲོས་བྲལ་ཙམ་གྱི་ཆ་ནས་ནི། །དེ་གཉིས་
ཁྱད་པར་མེད་དོ་གསུང༌། །སྟོང་པར་ཞེན་པ་བཟློག་ཕྱིར་དུ། །སྔགས་ལས་བདེ་བ་ཆེན་
པོ་བསྟན། །བདེ་སྟོང་གཉིས་སུ་མེད་པའི་དབྱིངས། །ཡུལ་དང་ཡུལ་ཅན་བྲལ་བ་ཡི། །
ཚུལ་གྱིས་ཉམས་སུ་མྱོང་བར་བྱེད། །སྣང་དང་གསལ་དང་རིག་པ་གསུམ། །བདེ་བ་དེ་
ཡི་རྣམ་གྲངས་ཡིན། །སྣང་ཆ་གཟུགས་ཀྱི་སྐུ་འདིས་ནི། །སྲིད་པ་ཇི་སྲིད་ཕན་བདེ་ཡིས། །
འགྲོ་ཀུན་སྐྱོབ་པར་མཛད་པས་ན། །མཐར་ཐུག་སྙིང་རྗེའི་རང་བཞིན་ཉིད། །དེ་ཕྱིར་
རང་བཞིན་ཉིད་ཀྱིས་ཀྱང་། །སྲིད་ཞིར་མི་གནས་ཡེ་ཤེས་ཆེ། །གཞི་ལ་ཇི་ལྟར་བཞུགས་
པ་ལྟར། །བདེ་སྟོང་ལམ་གྱི་ཨེ་ཝཾ་གྱིས། །བསྒྲུབས་པས་ཚེ་འདི་ཉིད་ལ་ཡང་། །ཟུང་
འཇུག་འབྲས་བུ་མངོན་དུ་འགྱུར། །གཞི་ལམ་འབྲས་གསུམ་དོན་དུ་ན། །མི་ཕྱེད་རྡོ་རྗེའི་
ཐེག་པ་ཡི། །འབྲས་བུ་བཞི་པའི་དབང་གི་ལམ། །རིག་སྟོང་རང་བྱུང་ཡེ་ཤེས་ཉིད། །
ཁོ་ན་རྩལ་དུ་བཏོན་གྱུར་པ། །འོད་གསལ་རྡོ་རྗེ་རྩེ་མོའི་ལུགས། །མཐར་ཐུག་ཐེག་པའི་
སྐྱེལ་སོ་ཡིན། །ཇི་སྲིད་ངེས་ཤེས་མ་སྐྱེས་པར། །ཐབས་དང་དཔྱད་པས་ངེས་ཤེས་དྲང༌། །
ངེས་ཤེས་སྐྱེས་ན་དེའི་ངང་དུ། །ངེས་ཤེས་ཉིད་དང་མ་བྲལ་བསྒོམས། །ངེས་ཤེས་མར་
མེ་ལྟ་བུའི་རྒྱུན། །ཡང་དག་མིན་རྟོག་སྣུབ་བྱེད་པ། །དེ་ལ་རྟག་ཏུ་ནན་ཏན་བྱ། །བྲལ་
ན་སླར་ཡང་དཔྱད་པས་དྲངས། །དང་པོར་དཔྱད་པ་གལ་ཆེ་སྟེ། །དཔྱད་པ་བཟང་པོས་
མ་དྲངས་ན། །ངེས་ཤེས་བཟང་པོ་ག་ལ་སྐྱེ། །ངེས་ཤེས་བཟང་པོ་མ་སྐྱེས་ན། །སྒྲོ་འདོགས་
ངན་པ་ག་ལ་ནུབ། །སྒྲོ་འདོགས་ངན་པ་མ་ནུབ་ན། །ལས་རླུང་ངན་པ་ག་ལ་འགག །
ལས་རླུང་ངན་པ་མ་འགག་ན། །འཁོར་བ་ངན་པ་ག་ལ་སྤོང་། །འཁོར་བ་ངན་པ་མ་སྤང་
ན༑ ༑སྡུག་བསྔལ་ངན་པ་ཅི་ལ་འཛད། །འཁོར་དང་མྱ་ངན་འདས་པ་ལ། །དོན་དུ་བཟང་
ངན་ཡོད་མ་ཡིན། །བཟང་ངན་མེད་པར་མཉམ་ཉིད་དུ། །རྟོགས་པ་ངེས་ཤེས་བཟང་པོ་
ཡིན། །ངེས་ཤེས་བཟང་པོས་འཁོར་བ་འདི། །སྤངས་ནས་མྱང་འདས་མ་བསྒྲུབས་པས། །
འགལ་བ་ལྟར་སྣང་ཚིག་གི་དོན། །མི་འགལ་ལམ་གྱི་གལ་མདོ་སྟེ། །ལྟ་སྤྱོད་མན་ངག་
གནད་གསང་འདི། །དཔྱད་དེ་དོན་གྱི་རོ་མྱོངས་ཤིག །བར་དུ་དཔྱད་འཇོག་སྤེལ་དགོས་ཏེ།།
དཔྱད་ན་ངེས་ཤེས་སྐྱེ་འགྱུར་ཞིང༌། །མ་དཔྱད་ཐ་མལ་ཞེན་གྱུར་ཚེ། །དཔྱད་ཅིང་དཔྱད་
ཅིང་ངེས་ཤེས་དྲངས། །ངེས་ཤེས་སྐྱེས་ན་དེ་གའི་ངང༌། །མ་ཡེངས་རྩེ་གཅིག་ཉིད་དུ་
བསྒོམས། །ངེས་ཤེས་དང་ནི་སྒྲོ་འདོགས་ཡིད། །ཕན་ཚུན་འགལ་བ་ཉིད་ཀྱི་ཕྱིར། །
དཔྱད་པས་སྒྲོ་འདོགས་སུན་བྱུང་བས། །ངེས་ཤེས་གོང་ནས་གོང་དུ་སྤེལ། །ཐ་མར་དཔྱད་
པས་མ་དྲངས་ཀྱང༌། །ངེས་ཤེས་ངང་གིས་སྐྱེ་བ་ན། །དེ་གའི་ངང་དུ་འཇོག་པ་ལས། །
དཔྱད་པས་གྲུབ་ཟིན་བསྒྲུབ་ཅི་དགོས། །ཐག་པར་སྦྲུལ་མེད་རྟོགས་པ་ན། །ངེས་ཤེས་
དེ་གས་སྤྲུལ་འཛིན་ལྡོག །ད་རུང་སྤྲུལ་ནི་མེད་དོ་ཞེས། །ཡང་ཡང་དཔྱད་ཟེར་བླུན་མིན་
ནམ། །འཕགས་ལམ་རྟོགས་པ་མངོན་གྱུར་ཚེ། །ད་རུང་དཔྱད་པས་མི་བསྒོམས་ཏེ། །
མངོན་སུམ་རྟོགས་ལ་རྒྱུ་མཚན་གྱི། །ཡིད་དཔྱོད་སྦྱོར་བ་ཅི་ཞིག་དགོས། །གལ་ཏེ་དཔྱད་
པ་དང་བྲལ་ཚེ། །དོན་མཐོང་རྟོགས་པ་མི་འགྲུབ་ན། །འཕགས་དང་རྒྱལ་བའི་ཡེ་ཤེས་
དང༌། །འཇིག་རྟེན་གནོད་མེད་ཤེས་པ་ཡིས། །བཟུང་རྣམས་ཁྱོད་ལ་ཕྱིན་ཅི་ལོག །ཉིད་
དུ་ཐལ་ཏེ་དེ་དག་ནི། །རྟོགས་ཟིན་ཡིད་ཕྱིར་དེ་དག་ལ། །རང་དུས་དཔྱད་པ་མེད་པའི་
ཕྱིར། །མཐའ་བཞིའི་སྤྲོས་དང་བྲལ་བ་ཡི། །ངེས་ཤེས་ཁྱད་པར་ཅན་གྱི་ངོར། །འདི་དང་
འདིའོ་སྙམ་པ་ཡི། །དམིགས་གཏད་དཔྱོད་པ་སྐབས་མི་ཐོབ། །གང་ཚེ་དཔྱོད་པའི་མཚན་
འཛིན་དེས། །དར་གྱི་སྲིན་བུ་ཇི་བཞིན་དུ། །རྟོགས་པ་དེ་ཡིས་དེ་བཅིངས་ནས། །ཡང་
དག་དོན་ཇི་བཞིན་མི་མཐོང་། །ངེས་ཤེས་ཁྱད་པར་ཅན་འདིས་ནི། །ཡིན་ལུགས་སྒྲིབ་
པའི་སྨག་བསལ་ཚེ། །གཉུག་མ་དོན་གྱི་འོད་གསལ་དང་། །དེ་ཉིད་མ་ནོར་མཐོང་བ་
གང༌། །སོ་སོ་རང་གི་ཡེ་ཤེས་ཏེ། །སེམས་བྱུང་ཤེས་རབ་ག་ལ་ཡིན། །ཤེས་རབ་ཡུལ་
ནི་འདིའོ་ཞེས། །རྣམ་པར་འབྱེད་ཅིང་དེར་རྟོག་ལ། །གང་ཕྱིར་ཡུལ་དང་ཡུལ་ཅན་དང་། །
སྣང་སྟོང་རེ་རེ་གང་དུའང༌། །མི་དམིགས་མཉམ་པའི་ཡེ་ཤེས་འདི། །སེམས་དང་སེམས་
ལས་བྱུང་བ་ཡི། །མཚན་ཉིད་ཅན་དུ་གནས་མ་ཡིན། །དེ་ཕྱིར་དཔྱད་པས་དྲང་བ་ཡི། །
ངེས་ཤེས་མཆོག་ལ་མཉམ་བཞག་པའི། །ཤེས་རབ་དྲི་མ་མེད་པའི་རྒྱུས། །འབྲས་བུ་
ཟུང་འཇུག་ཡེ་ཤེས་ཐོབ། །ལྟ་བ་གཏན་ལ་ཕབ་པ་དང་། །ངེས་པའི་གྲུབ་མཐའ་སྒྲུབ་
བྱེད་པ། །ཤན་འབྱེད་སོ་སོར་རྟོགས་པ་ཡི། །ཤེས་རབ་དྲི་མེད་ཚད་མ་ཡིན། །དེས་དྲངས་
པ་ཡི་ངེས་ཤེས་ཀྱི། །ལམ་ནས་ཡིན་ལུགས་གཤིས་ཕེབ་པའི། །མཉམ་བཞག་ཡེ་ཤེས་
གང་ཡིན་པ། །ཐེག་ཆེན་ལམ་གྱི་དངོས་གཞི་དེ། །འདི་དང་ལྡན་ནི་ཟུང་འཇུག་གི །གོ་
འཕང་ཚེ་འདིར་སྟེར་བའི་ཕྱིར། །ཐེག་པ་ཡིན་ལ་ཆེན་པོའང་ཡིན། །རྒྱུད་སྡེ་བཞི་ཡི་ལུགས་
ལྟར་ན། །བླ་མེད་ཚིག་དབང་ལམ་འདི་ནི། །ཡེ་ཤེས་མཐར་ཐུག་ཡིན་མོད་ཀྱི། །ལོགས་
སུ་ཐེག་པར་མ་བཞག་ཀྱང༌། །དཔེར་ན་མཉམ་ཉིད་ཡེ་ཤེས་སྐུ། །རྩལ་དུ་བཏོན་ནས་
འཆད་པ་ཡི། །དཔལ་ལྡན་དུས་ཀྱི་འཁོར་ལོ་ལ། །རྒྱུད་ཀྱི་མཐར་ཐུག་བཞེད་པ་བཞིན། །
བླ་མེད་རྒྱུད་སྡེའི་ནང་ནས་ཀྱང་། །དབང་བཞིའི་ལམ་གྱི་ཡེ་ཤེས་གང་། །རྩལ་དུ་བཏོན་
ནས་འཆེད་པ་འདི། །རྒྱུད་སྡེ་ཀུན་གྱི་དགོངས་པའི་མཐིལ། །ལན་གྲངས་བཅུ་དྲུག་བཞུས་
པའི་གསེར། །ཤིན་ཏུ་དག་པ་དེ་བཞིན་དུ། །ཐེག་གཞན་གྲུབ་མཐས་དཔྱད་པ་ཡིས། །
ཇེ་བས་ཇེ་དག་འདིར་མཐར་ཕྱིན། །དེ་ཕྱིར་ཤེས་རབ་དྲི་མེད་ཀྱིས། །ཚད་མས་འདི་དོན་
གྲུབ་པའི་ཚུལ། །རྒྱུད་དང་དགོངས་པ་འགྲེལ་ཀུན་དང༌། །ཆོས་བཟང་རིགས་པས་རྣམ་
དཔྱད་ལ། །བསམ་ན་བདུད་ཀྱི་ཡུལ་ལས་འདས། །མི་འཕྲོག་ཤེས་རབ་སྨིན་པར་བྱེད། །
འོན་ཀྱང་ལྟ་བའི་དངོས་གཞི་ནི། །སྣང་སྟོང་ཕྱོགས་རེར་འཛིན་པ་སོགས། །སེམས་དང་
སེམས་བྱུང་སྤྱོད་ཡུལ་དུ། །འདི་དོན་སྟོན་པར་བྱེད་པ་ནི། །བརྗོད་མིན་བརྗོད་བྱར་བྱས་
པའི་ཕྱིར། །མཁས་པའི་དགོངས་པ་ཉིད་དང་འགལ། །གང་ཕྱིར་ཨ་ཏི་ཡོ་ག་ནི། །སྣ་
སྟོང་བསམ་གྱིས་མི་ཁྱབ་པའི། །ཡེ་ཤེས་ཡིན་སླད་མ་དག་པའི། །སེམས་ལས་འདས་
པ་ཁོ་ནའི་ཕྱིར། །འདི་ལ་ཀ་དག་སྟོང་པའི་ཆ། །གཏན་འབེབས་ཁྲེགས་ཆོད་ལྟ་བ་དང་། །
ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི། །རང་བཞིན་གཏན་ལ་འབེབས་པ་ལོ། །ནང་གསལ་གཞོན་
ནུ་བུམ་པའི་སྐུར། །ཡིད་ཆེས་འོད་གསལ་ཐོད་རྒལ་གཉིས།།གཉིས་ཀའང་སོ་སོར་
དབྱེར་མེད་དེ། །ཀ་དག་ལྷུན་གྲུབ་ཟུང་འཇུག་གི །ཡེ་ཤེས་ཆེན་པོ་ཁོ་ན་ཡིན། །རྒྱུད་སྡེ་
གཞན་ན་མི་ཤིགས་པའི། །ཡེ་ཤེས་ཏི་ལི་ཀ་ཞེས་པ། །འདི་དང་མིང་གི་རྣམ་གྲངས་ཙམ། །
འདིར་ནི་ཤིན་ཏུ་གསལ་བོར་བསྟན། །རྫོགས་ཆེན་སེམས་སྡེའི་མན་ངག་རེར། །མཁས་
གྲུབ་སོ་སོའི་ཉམས་བཞེས་པས། །ཕྱག་ཆེན་ལམ་འབྲས་ཞི་བྱེད་དང་། །ཟུང་འཇུག་དབུ་
མ་ཆེན་པོ་སོགས། །མཚན་གྱི་རྣམ་གྲངས་སོ་སོར་གྲགས། །དོན་ལ་སེམས་ལས་འདས་
པ་ཡི། །ཡེ་ཤེས་ཡིན་ཕྱིར་ཀུན་ཀྱང་མཉམ། །སངས་རྒྱས་གྲུབ་ཐོབ་དགོངས་པ་ནི། །
གཅིག་ཅེས་མཁས་ཀུན་མགྲིན་གཅིག་སྨྲ། །ལ་ལས་རང་ལུགས་རྫོགས་པ་ཆེ། །ཕྱག་
ཆེན་སོགས་ལས་འཕགས་སོ་ཟེར། །མ་རྟོགས་ལམ་གྱི་ཐ་སྙད་མེད། །རྟོགས་ན་དགོངས་
པ་གཅིག་པ་ལ། །རིགས་པས་འཐད་པའི་དབྱེ་བ་མེད། །དེ་བཞིན་བླ་མེད་རྒྱུད་ཀུན་གྱི། །
བཞི་བའི་དབང་གི་ཡེ་ཤེས་ཀུན། །རྫོགས་པ་ཆེན་པོ་དབྱེ་བ་མེད། །འོན་ཀྱང་དེ་དག་
ཐམས་ཅད་ཀྱི། །འབྱུང་གནས་རྫོགས་ཆེན་རྒྱུད་སྡེ་ལ། །སེམས་ཀློང་མན་ངག་སྡེས་ཕྱེ་
བའི། །ཟབ་རྒྱས་ཁྱད་པར་འཕགས་པའི་གནད། །མན་ངག་ཐོར་བུའི་ཉམས་ལེན་པ། །
གཞན་ལ་མ་གྲགས་མང་ཡོད་པར། །ཁྱད་ཆོས་ཡིན་ཞེས་སྨྲ་ཅི་དགོས། །དེ་ལ་རྫོགས་
ཆེན་མཐར་ཐུག་པ། །ཟབ་ཞི་འོད་གསལ་འདུས་མ་བྱས། །སངས་རྒྱས་ཡེ་ཤེས་ཡིན་ན་
ཡང༌། །འདིར་ནི་གནས་སྐབས་ལམ་དག་ཏུ། །ཡེ་ཤེས་དེ་དང་རྗེས་མཐུན་པ། །དཔེ་
དང་དོན་གྱི་ཟུང་འཇུག་རྣམས། །རི་མོར་བྲིས་པའི་ཟླ་བ་དང་། །ཆུ་ཟླ་ནམ་མཁའི་ཟླ་
བ་བཞིན། །རིམ་པས་གཅིག་གིས་གཅིག་འདྲེན་པས། །རང་བྱུང་ཟག་མེད་ཡེ་ཤེས་གང་།།
རང་གི་བློ་ནུས་དང་བསྟུན་ཏེ། །ཉམས་སུ་ལེན་པ་ཡོད་ཉིད་ཕྱིར། །དཔེར་ན་འཕགས་
ལམ་ཡེ་ཤེས་གང་། །ཐོབ་ཕྱིར་རྗེས་མཐུན་བསྒོམ་པ་བཞིན། །ཆོས་ཉིད་ཟུང་འཇུག་ཡེ་
ཤེས་ཆེ། །མངོན་སུམ་གཏན་ལ་ཕེབ་པ་ན། །ཡིད་དཔྱོད་འཛིན་པའི་ལྟ་བ་ཀུན། །ངེས་
པར་ནུབ་ནས་སྤྲོས་བྲལ་མཐོང་། །དེ་ཕྱིར་སྐབས་ཤན་མ་ཕྱེད་པར། །འཛིན་སྟངས་ཡོད་
མེད་ཕྱོགས་གཅིག་ཏུ། །སྨྲ་ལ་སྐྱོན་དང་ལེགས་ཆ་སྟེ། །ཟླ་བའི་འཕེལ་འགྲིབ་བཞིན་དུ་
གནས། །འདི་ནི་ངེས་པའི་ལུང་བཞིན་དུ། །རིགས་པའི་ཚུལ་གྱིས་གྲུབ་པ་ཡིན། །
༈ བདེན་པ་གཉིས་ལས་གང་གཙོ་ན། །ཁ་ཅིག་དོན་དམ་གཙོ་ཆེར་འདོད། །ཀུན་རྫོབ་
འཁྲུལ་པའི་སྣང་བ་ཞེས། །སྤང་བྱར་རྟོགས་ཤིང་དོན་དམ་པ། །མ་འཁྲུལ་ཡིན་པས་དོན་
དམ་དེར། །ལྟ་བ་རྣམ་དག་ཡིན་ནོ་ཟེར། །ཀུན་རྫོབ་མ་འཁྲུལ་བདེན་གྱུར་ན། །དོན་
དམ་སྟོང་པར་མི་རུང་ཕྱིར། །དེ་སྐད་དུ་ནི་གསུངས་མོད་ཀྱི། །ཀུན་རྫོབ་སྤངས་པའི་ཕ་
རོལ་ན། །དོན་དམ་འགའ་ཡང་མི་འགྲུབ་སྟེ། །དེ་གཉིས་ཐབས་དང་ཐབས་བྱུང་ཉིད། །
བརྟག་བྱའི་དངོས་ལ་མ་བརྟེན་པར། །དེ་ཡི་དངོས་མེད་ཡོད་མིན་ཏེ། །དེས་ན་དངོས་
དང་དངོས་མེད་པ། །གཉིས་ཀ་རྟེན་འབྲེལ་ཙམ་དུ་མཚུངས། །གལ་ཏེ་སྟོང་པར་ཞེན་
པ་དེས། །སྣང་བ་རྣམ་པར་བཅད་གྱུར་ན། །སྟོང་པ་རྟེན་འབྱུང་དུ་ཤར་བའི། །ཀླུ་སྒྲུབ་
ལུགས་བཟང་རྙོག་མར་བྱས། །སྟོང་མཐོང་དེ་ཡི་ལམ་གོམས་ནས། །སྟོང་དབྱིངས་འབའ་
ཞིག་རྟོགས་ན་ནི། །འཕགས་པའི་མཉམ་བཞག་སྟོང་པ་ཉིད། །དངོས་པོའི་འཇིག་རྒྱུར་
ཁྱོད་ལའང་ཐལ། །དེ་ཕྱིར་གདོད་ནས་སྟོང་ན་ཡང་། །སྟོང་སྣང་རིས་སུ་མ་ཆད་པས། །
སྟོང་པ་ཁོ་ན་གཙོ་ཆེ་ཞེས། །འཛིན་པ་མཐར་ཐུག་དོན་མི་མཁས། །ལ་ལས་དོན་དམ་
སྙིང་མ་པ་ཕལ་ཆེར་མཆན། ཕར་བཅད་ནས། །ཀུན་རྫོབ་ཙམ་གྱི་ངོས་ནས་ནི། །རྒྱུད་སྡེའི་ལྟ་
བ་མཐོ་དམན་བྱེད། །དོན་དམ་སྟོང་པས་མ་ཟིན་པའི། །ཀུན་རྫོབ་རང་ཉིད་ལྟ་བ་ཡི། །
མཐོ་དམན་བྱེད་ཆོས་སུ་མི་འཐད། །དོན་དམ་གདེང་དང་མི་ལྡན་པར། །ཀུན་རྫོབ་ལྷ་
རུ་བསྒོམ་པ་ཙམ། །མོས་པ་ཙམ་ཡིན་ལྟ་བ་མིན། །མུ་སྟེགས་རིག་སྔགས་འགའ་ཞིག་
ཀྱང་། །བཟླ་ཚེ་རང་ཉིད་གཞན་དུ་མོས། །ལ་ལས་ཀུན་རྫོབ་གལ་ཆེ་སྟེ། །བདེན་གཉིས་
ཟུང་དུ་འཇུག་དགོས་ཟེར། །ཡང་ཡང་ཀུན་རྫོབ་ཕྱོགས་ལ་བསྔགས། །ཟུང་འཇུག་ལྟ་
བ་སྐྱོང་དུས་ན། །ཟུང་འཇུག་དོར་ནས་མེད་རྐྱང་འཛིན། །བཤད་པ་བཟང་པོ་མ་ཡི་རྗེས། །
ཉམས་ལེན་བུ་ཆུང་སློབ་མ་ནུས། །དེས་ན་སྔ་འགྱུར་རིང་ལུགས་འདིར། །གཞི་ལམ་འབྲས་
བུའི་ཆོས་སྐད་ལ། །རྟག་དང་མི་རྟག་བདེན་གཉིས་སོགས། །རྒྱ་ཆད་ཕྱོགས་ལྷུང་བྲལ་
བ་ཡི། །ཟུང་འཇུག་ཁོ་ནའི་གྲུབ་མཐའ་སྐྱོང་། །ཀུན་རྫོབ་དང་ནི་དོན་དམ་པ། །ཡ་བྲལ་
རེ་རེའི་སྟེང་དུ་ནི། །གཞི་ལམ་འབྲས་བུ་བཞག་མི་ནུས། །གཞི་ལམ་འབྲས་བུ་གསུམ་
ཆར་དུའང་། །འདི་སྤང་འདི་བླང་དབྱེ་བ་མེད། །ཀུན་རྫོབ་སྤངས་པའི་ཕ་རོལ་ན། །དོན་
དམ་མེད་ལ་དོན་དམ་པ། །སྤངས་པའི་ཀུན་རྫོབ་གཞན་མེད་ཉིད། །གང་སྣང་སྟོང་པས་
ཁྱབ་པ་དང༌། །གང་སྟོང་སྣང་བས་ཁྱབ་པ་སྟེ། །སྣང་ན་མི་སྟོང་མི་སྲིད་ཅིང་། །སྟོང་དེའང་
མ་སྣང་མི་གྲུབ་ཕྱིར། །དངོས་དང་དངོས་མེད་གཉིས་པོ་ཡང་། །སྟོང་གཞིར་བྱས་ནས་
སྟོང་དགོས་ཕྱིར། །སྣང་ཀུན་བཏགས་པ་ཙམ་ཞིག་ལ། །སྟོང་པའོང་བློ་ཡིས་བཏགས་
པ་ཙམ། །རིག་པས་དཔྱད་པས་ངེས་ཤེས་ལ། །འདི་གཉིས་ཐབས་དང་ཐབས་བྱུང་སྟེ། །
གཅིག་ཡོད་ན་ནི་གཅིག་མེད་པ། །མི་སྲིད་འདུ་འབྲལ་མེད་པར་གནས། །དེ་ཕྱིར་སྣང་
དང་སྟོང་པ་དག །སོ་སོའི་ཆར་ནི་ཤེས་ན་ཡང་། །དོན་དུ་ནམ་ཡང་དབྱེ་བ་མེད། །དེ་
ཕྱིར་ཟུང་འཇུག་ཅེས་བརྗོད་དོ། །གནས་ལུགས་མཐོང་བའི་ངེས་ཤེས་ནི། །གང་མཐར་
ལྟུང་བ་མེད་ཕྱིར་རོ། །ཡང་དག་དཔྱོད་པའི་ཤེས་རབ་ངོར། །སྣང་དང་སྟོང་པ་འདི་གཉིས་
པོ༑ ༑ཡོད་མཉམ་མེད་མཉམ་ངོ་བོ་གཅིག །ལྡོག་པ་ཐ་དད་དབྱེ་བར་འདོད། །དེ་ཡང་
དང་པོའི་ལས་ཅན་ལ། །དགག་བྱ་འགོག་བྱེད་ལྟ་བུར་སྣང་། །དེ་ཚེ་གཅིག་ཏུ་འདྲེས་པ་
མེད། །ནམ་ཞིག་སྟོང་པའི་རང་བཞིན་ནི། །སྣང་བར་འཆར་ལ་ཡིད་ཆེས་ཐོབ། །དེ་ཡང་
གདོད་ནས་སྟོང་པ་དང་། །སྣང་བ་འདི་དག་སྟོང་པ་ཡིས། །སྟོང་བཞིན་སྣང་ལ་སྣང་
བཞིན་དུ། །སྟོང་མཐོང་ངེས་ཤེས་སྐྱེ་བ་ཉིད། །འདི་ནི་མདོ་རྒྱུད་མན་ངག་གི །ལམ་ཟབ་
ཀུན་གྱི་རྩ་བ་སྟེ། །ཐོས་བསམ་སྒྲོ་འདོགས་ཆོད་པའི་དོན། །ཡང་དག་ལྟ་བ་འཁྲུལ་མེད་
ཡིན། །གནད་དེ་ཇེ་བས་ཇེ་ཟབ་ཏུ། །རྟོགས་པས་ཀུན་རྫོབ་སྣང་བ་ཡང་། །རང་མཚན་
ཞེན་པ་རིམ་སྤོང་བས། །རྒྱུད་སྡེའི་ཐེག་རིམ་དེ་ལྟར་སྣང་། །ཡིད་ཀྱིས་མོས་བསྒོམ་ཙམ་
ཞིག་དང༌། །སྣོད་བཅུད་ལྷར་སྣང་ངེས་ཤེས་ཀྱིས། །ལྟ་བ་གདེངས་སུ་གྱུར་པ་གཉིས། །
མཚུངས་པའི་གོ་སྐབས་མི་སྲིད་དེ། །དབུ་མས་ཆོས་རྣམས་བདེན་སྟོང་དུ། །ངེས་པ་གང་
དེ་ལྟ་ཡིན་ལ། །བྲམ་ཟེའི་ནད་ལ་སྔགས་འདེབས་ཚེ། །ནད་མེད་མོས་པ་ལྟ་མིན་བཞིན། །
དོན་དམ་གནས་ལུགས་རྟོགས་པ་ཡིས། །ཀུན་རྫོབ་ལྷ་རུ་ཡིད་ཆེས་ཀྱི། །གཞན་དུ་འཁྲུལ་
པའི་སྣང་ཚུལ་ལ། །གནས་ནས་ལྷ་རུ་ཇི་ལྟར་འགྲུབ། །གཟུང་འཛིན་འཁྲུལ་སྣང་འདི་
མིན་པའི། །འཁོར་བ་ཞེས་བྱ་གཞན་དུ་མེད། །དེ་སྤོང་ལམ་གྱི་དབྱེ་བ་རྣམས། །དོན་
དམ་ཁོ་ནའི་ངོས་ནས་མིན། །དོན་དམ་ཚུལ་གཅིག་ཉིད་ཡིན་ཕྱིར། །ཆོས་ཅན་ཀུན་རྫོབ་
སྣང་བའི་ཆ། །དོན་དམ་གཤིས་སུ་མཐོང་གོམས་ཀྱི། །བློ་ནུས་ལ་བརྟེན་བྱ་བ་དང་། །
ཆ་མཉམ་རྣལ་འབྱོར་བླ་མེད་བསྟན། །དེས་ན་བདེན་གཉིས་སོ་སོ་ཡིས། །རྒྱུད་སྡེའི་མཐོ་
དམན་མི་འབྱེད་ཀྱང་། །བདེན་གཉིས་ཟུང་དུ་འཇུག་པ་ལ། །ཅི་ཙམ་ཡིད་ཆེས་ཐོབ་པ་
བཞིན། །ཉམས་ལེན་དེ་ཡི་རྗེས་སུ་འབྲང་། །དེ་ཕྱིར་བླ་མེད་རྡོ་རྗེའི་ཐེག །ཚེ་གཅིག་
གྲོལ་བ་སྟེར་བའི་ལམ། །མ་ནོར་ཇི་བཞིན་ཉམས་ལེན་ན། །མི་གཅིག་འགྲོ་བས་ཐ་དད་
པར། །མཐོང་བའི་ཆུ་ཡིས་དཔེ་བཞིན་དུ། །དག་པའི་གཟིགས་པ་ལ་བརྟེན་ནས། །སྣང་
སྲིད་གཞིར་བཞེངས་དཀྱིལ་འཁོར་དུ། །སུ་ཞིག་ཡིད་མི་ཆེས་པར་འགྱུར། །གལ་ཏེ་དེ་
ལྟར་མ་ཤེས་ནས། །འཁོར་བའི་རང་བཞིན་མ་དག་པ། །འདོད་བཞིན་ལྷ་རུ་བསྒོམས་
པས་ཀྱང་། །ངན་སྐྱུགས་བུམ་པར་དྲི་བཟང་གིས། །བྱུགས་པ་དང་འདྲར་སེམས་པ་དེས། །
ཀྱེ་མ་མཉམ་ཉིད་རྡོ་རྗེའི་ཐེག །སྒོམ་པ་རི་མོའི་མར་མེ་བཞིན། །སྣང་ཚུལ་མ་དག་པར་
སྣང་ཡང་། །དེ་ནི་འཁྲུལ་པས་གྲུབ་པའི་མཐའ། །གནས་ཚུལ་ཡང་དག་གཟིགས་པའི་
དོན། །མི་ཕྱེད་རྡོ་རྗེ་གྲུབ་མཐར་སྨྲ། །སྣོད་བཅུད་དག་པའི་རྟེན་འརྟེན་པར། །མིན་ནོ་
སྙམ་དུ་ལྟ་བཞིན་དུ། །ཡིན་ནོ་སྙམ་པའི་སྒོམ་པ་གང་། །འགལ་འདུའི་རང་རྟགས་ངོམས་
པ་ལ། །ལམ་དེ་ལམ་གྱི་གཟིགས་བརྙན་ཉིད། །སོལ་བ་བཀྲུས་པས་མི་དཀར་བཞིན། །
མིན་ཀྱང་ཡིན་སྙམ་བཅོས་སྒོམ་གྱིས། །འབྲས་བུ་ཐོབ་པར་འགྱུར་ན་ནི། །བདེན་སྟོང་
ངེས་ཤེས་མེད་བཞིན་དུ། །མུ་སྟེགས་ཉི་མ་པ་རྣམས་ཀྱིས། །སྣང་བ་སྤངས་པས་སྟོང་པ་
སོགས། །བསྒོམས་པས་ཉོན་མོངས་སྤོང་བར་འགྱུར། །བྱ་སྤྱོད་བློ་མེད་རྒྱུད་སྡེ་ལ། །ལྟ་
བའི་མཐོ་དམན་མེད་གྱུར་ན། །སྣང་སྲིད་དག་མཉམ་རྟོགས་པ་ཡི། །ལྟ་བ་གདེངས་སུ་
གྱུར་བཞིན་དུ། །བདག་དང་ལྷ་ལ་བཟང་ངན་དང༌། །གཙང་དང་མི་གཙང་སོ་སོར་ནི། །
མ་མཐོང་བཞིན་དུ་དབྱེ་བ་ནི། །རང་གིས་རང་ལ་གནོད་པར་ཟད། །ཡང་ན་རྒྱུད་སྡེ་འོག་
མ་བཞིན། །བླང་དོར་ཉིད་དུ་ཞེན་བཞིན་དུ། །བླ་མེད་སྦྱོར་སྒྲོལ་ཤ་ཆང་སོགས། །བླང་
དོར་མཉམ་པ་ཉིད་སྤྱོད་པ། །མ་རྟོགས་ཐོ་ཅོའི་སྤྱོད་པ་ཞེས། །སྨད་པར་གྱུར་པ་དེ་མིན་
ནམ། །ཇི་ལྟར་ཇི་ལྟར་གནས་ལུགས་དོན། །མཐོང་བའི་ངེས་ཤེས་ལྟ་བར་བརྗོད། །ལྟ་
བས་ཇི་ལྟར་ཐག་བཅད་པ། །དེ་བཞིན་སྒོམ་དང་སྤྱོད་པས་སྐྱོང་། །ཐེག་པ་ལྟ་བའི་མཐོ་
དམན་གྱིས། །འབྱེད་ཕྱིར་དགུར་མ་ངེས་ཤེ་ན། །ནང་པའི་གྲུབ་མཐའ་དམའ་ཤོས་ནས། །
མཐར་ཕྱིན་རྡོ་རྗེ་རྩེ་མོའི་བར། །སྡེ་ཚན་དགུ་ཡི་གྲངས་སུ་ནི། །འཇོག་པའི་རྒྱུ་མཚན་
ཡོད་ཕྱིར་ཏེ། །ཐེག་པ་མཐོ་དམན་མང་ཡོད་ཀྱང་། །གསུམ་སོགས་དགོས་པས་བཞག་
བཞིན་ནོ། །དེས་ན་ནང་གི་ཡེ་ཤེས་སྟོབས། །ཇི་ལྟ་ཇི་ལྟར་སྟོབས་འཕེལ་བ། །དེ་ལྟ་དེ་
ལྟར་སྣོད་བཅུད་རྣམས། །དག་དང་མ་དག་སོ་སོར་མཐོང་། །དེ་ཕྱིར་སྣང་སྟོང་དབྱེར་
མེད་གཞི། །བདེན་གཉིས་དབྱེར་མེད་ཚུལ་གྱིས་རྟོགས། །ལམ་དེ་ཇི་བཞིན་གོམས་པ་
ལས། །སྐུ་གཉིས་ཟུང་འཇུག་ཡེ་ཤེས་ཐོབ། །་
༈ ཆུ་གཅིག་འགྲོ་བ་སོ་སོ་ལ། །མི་གཅིག་དངོས་པོར་སྣང་བའི་ཚེ། །ལ་ལས་ཐུན་མོངས་
བལྟ་བྱ་དེ། །ཆུ་ཡིན་དེ་མཐོང་ཡུལ་ཅན་རྣམས། །ཀུན་ཀྱང་ཚད་མ་ཡིན་ཞེས་ཟེར། །ཆུ་
ལ་རང་བཞིན་འགའ་ཡོད་ན། །ཚད་མ་ཚད་མིན་མི་སྲིད་ཅིང་། །སོ་སོའི་ཡུལ་སྣང་ཐུན་
མིན་ན། །ཀ་བུམ་མཐོང་བའི་བློ་བཞིན་དུ། །ཐུན་མོང་བལྟ་བྱ་མི་སྲིད་འགྱུར། །ལ་ལས་
རླན་གཤེར་ཙམ་ཡིན་ཟེར། །ཐུན་མོང་སོ་སོར་རླན་གཤེར་ཙམ། །མ་ལོག་ཡོད་ན་རླན་
གཤེར་ལ། །མི་གཅིག་མཐོང་སྣང་མང་བྱུང་ཞིང༌། །གཅིག་མཐོང་གཅིག་ལ་མེད་པ་ཡི། །
ཆུ་དང་རྣག་སོགས་གཞི་དེ་གང་། །གཞན་ཡང་ནམ་མཁའ་མཐའ་ཡས་པར། །རློན་གཤེར་
གཞི་རུ་ག་ལ་འགྱུར། །རླན་གཤེར་ཆུ་དང་གཅིག་ཡིན་ན། །རྣག་སོགས་ཉིད་དུ་སྣང་མི་
རུང་། །ཆུ་ལ་སོགས་ལས་ཐ་དད་དུ། །རླན་གཤེར་ཅི་ཡང་དམིགས་པ་མིན། །མི་གཅིག་
མཐོང་སྣང་སོ་སོ་ལ། །ཐུན་མོང་བལྟ་བྱ་མི་སྲིད་ཅིང་། །ཐུན་མོང་མཐུན་པའི་དངོས་པོ་
ལ༑ ༑སོ་སོར་སྣང་བ་མི་སྲིད་ཕྱིར། །ལྟོས་ནས་བཞག་པ་ཙམ་ཞིག་ལས། །དཔྱད་པའི་
གཞི་ཞིག་ཁས་ལེན་ན། །གནས་ལུགས་ཡིན་པར་གྲུབ་དགོས་པས། །གང་ལྟར་བརྟགས་
ཀྱང་མི་འཐད་ཉིད། །ཐུན་མོང་ལྟ་བྱ་མེད་གྱུར་ན། །སེམས་ཙམ་བཞིན་དུ་ཡུལ་མེད་
པར། །ཤེས་ཉིད་ཡུལ་དུ་ཁས་ལེན་དགོས། །དེ་ནི་འཐད་པ་མ་ཡིན་ཏེ། །ཡུལ་མེད་བཞིན་
དུ་འཛིན་པ་ཡང་། །དོན་ལ་མེད་པར་འདྲ་བ་ལ། །གཟུང་འཛིན་གཉིས་པོའང་ཀུན་རྫོབ་
ཏུ༑ ༑སྣང་བར་མཉམ་ཕྱིར་གང་སྣང་བ། །དེ་ལ་བརྟགས་ནས་གཟུང་འཛིན་གཉིས། །
པས
ཡོད་མེད་ཕྱེ་བ་མི་འཐད་དེ། །ཡུལ་སྣང་ཡོད་ཀྱང་རྫུན་པ་ལྟར། །འཛིན་པ་སྣང་ཡང་མ་
གྲུབ་ཕྱིར། །སྣང་ཙམ་ཐུན་མོངས་བལྟ་བྱ་ནི། །མཐུན་པར་སྣང་དང་མི་སྣང་གཞིར། །
ཡོད་པར་གྲུབ་ཕྱིར་དེ་མེད་པར། །མི་རུང་ཟློས་གར་མཐོང་སོགས་བཞིན། །ཡོད་ཙམ་
འདི་ལས་མ་གཏོགས་པའི། །ཡོད་པ་གཞན་ནས་མི་སྲིད་པས། །འདི་མེད་ན་ནི་སྣང་བ་
ཀུན། །མི་སྣང་ནམ་མཁའ་ལྟ་བུར་འགྱུར། །ཕྱི་དང་ནང་གི་རྐྱེན་གྱི་ནི། །དོན་དངོས་
ཇི་བཞིན་མི་མཐོང་བ། །སྒྱུ་མའི་སྔགས་ཀྱིས་ཤིང་བུ་ལ། །རྟ་དང་གླང་པོར་སྣང་བ་བཞིན། །
དེ་ཕྱིར་ཐུན་མོངས་བལྟ་བྱ་ནི། །འདི་ཞེས་ངེས་པར་བཞག་མི་རུང་། །དེས་ན་རང་གི་ལུགས་
ལ་ནི། །སྣང་སྟོང་རིས་སུ་མ་ཆད་པའི། །གཞི་ཉིད་ཅིར་ཡང་མ་གྲུབ་པ། །གང་སྣང་ཀུན་ལ་མཉམ་
པའི་ཕྱིར། །དངོས་གཅིག་སྣ་ཚོགས་པར་ཡང་སྣང་། །གང་ལ་སྣང་སྟོང་རུང་བ་ན། །དེ་ལ་ཐམས་
ཅད་རུང་བར་འགྱུར། །གང་ལ་སྣང་སྟོང་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། །འོ་ན་ཚད་
མ་ཚད་མིན་གྱི། །རྣམ་དབྱེའང་འཐད་པ་མེད་ཅེ་ན། །གང་སྣང་དེ་ཉིད་གཞན་ཉིད་དུ། །
མ་སྣང་དེ་ཕྱིར་ཚུལ་མཐོང་དེས། །གཞལ་བྱ་མི་གྲུབ་མ་ཡིན་ཏེ། །གང་ཕྱིར་དངོས་ཀུན་
རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་པ། །གཅིག་དང་ཐ་དད་བྱར་རུང་བའི། །
ཚད་མ་གྲུབ་པ་ཉིད་ཀྱི་ཕྱིར། །དེ་ཕྱིར་ལྟོས་ཏེ་ཚད་མ་ཉིད། །གྲུབ་ཀྱི་རང་དབང་ཆོས་
རྣམས་ནི། །ཚད་མས་གྲུབ་པ་མ་ཡིན་ཏེ། །གྲུབ་ན་གནས་ལུགས་ཉིད་དུ་ཐལ། །ཆུ་གཅིག་
པོ་ཡང་རང་འཛིན་གྱིས། །ཚད་མས་གྲུབ་ཀྱང་ལྟོས་མེད་དུ། །རང་དབང་ཁོ་ནས་གྲུབ་
མིན་ཏེ། །དོན་དམ་དཔྱོད་པས་མི་གྲུབ་ཅིང་། ཡི་དྭགས་ངོར་ཡང་གྲུབ་མི་འགྱུར། །རང་
འཛིན་ཡུལ་ལ་མངོན་སུམ་དང༌། །རྗེས་དཔག་ཚད་མས་ངེས་པ་ན། །དེ་ཡུལ་འཇུག་ལྡོག་
མི་བསླུའི་ཕྱིར། །ཚད་མ་དོན་མེད་མ་ཡིན་ནོ། །དཔེར་ན་ཆུ་གཅིག་ལ་ཞེས་པ། །མི་ཡི་
མཐོང་བ་ལ་ལྟོས་ནས། །བཞག་སྟེ་ལྷ་ལ་ལྟོས་ན་ནི། །བདུད་རྩི་གཅིག་ལ་བལྟ་གཞིར་
འཛིན། །ཆུ་ལ་རྣག་ཆུ་བདུད་རྩི་རུ། །མཐོང་ཚེ་གསུམ་ཀ་ཚོགས་མིན་ལ། །དེ་གསུམ་
ཏུ། །མཐོང་བ་ཚད་མས་སྒྲུབ་
མི་ནུས། །མཐོང་དོན་གསུམ་ཀ་མེད་འགྱུར་བས། །མི་མཐོང་ཆུ་འདི་ཆུ་མིན་ན། །གཞན
ཞིག་ཆུ་རུ་མི་འཐད་པས། །ཆུ་ཞེས་བྱ་བ་གཏན་མེད་འགྱུར། །དེ་ལྟའི་ལུགས་ལའང་ཚད་
མ་ཡི། །རྣམ་བཞག་འཐད་པར་མི་འགྱུར་རོ། །དེ་ཕྱིར་འཕྲལ་གྱི་འཁྲུལ་རྒྱུ་ཡིས། །མ་
བསླད་དབང་པོའི་ཡུལ་དེ་ཉིད། །ཚད་མ་ཡིན་པར་བསྒྲུབ་དགོས་ཏེ། །ཆུ་དང་སྨིག་རྒྱུར་
ཆུར་སྣང་བཞིན། །དེས་ན་གནས་སྐབས་ཡི་དྭགས་ཉིད། །ལས་ཀྱི་སྒྲིབ་པས་ཆུ་གཙང་
མ༑ ༑་རྣག་ཏུ་སྣང་ཡང་སྐྱོན་སེལ་ན། །ད་གདོད་ཆུ་རུ་སྣང་བའི་ཕྱིར། །ལྟོས་ནས་མིས་
མཐོང་ཚད་མ་དང་། །གཞན་པ་རྐྱེན་གྱིས་བསྒྱུར་བའི་ཕྱིར། །རེ་ཞིག་ཆུ་ནི་ཚད་མར་
བསྒྲུབ། །མཐར་ཐུག་རིགས་པས་དཔྱད་པས་ན། །དེ་ཀུན་བག་ཆགས་སྣང་བ་སྟེ། །གཞན་
དུ་ཆུ་ཉིད་དག་པ་ཡི། །ཞིང་དང་སྐུ་ཡང་སྣང་བའི་ཕྱིར། །མི་ཡིས་མཐོང་པ་དེ་ཁོ་ན། །
མཐའ་གཅིག་ཚད་མར་རུང་མ་ཡིན། །དེས་ན་སྒྲིབ་རྐྱེན་ཇེ་དག་པས། །མཐོང་བ་འོག་
མ་ལ་ལྟོས་ནས། །གོང་མ་གོང་མ་ཚད་མ་རུ། །ཁས་བླང་བ་ནི་འཐད་པ་ཉིད། །མཐར་
ཐུག་དེ་ཁོ་ན་ཉིད་ནི། །གཅིག་ལས་མེད་ཕྱིར་དེ་ཁོ་ན། །མཐོང་བའི་ཚད་མའང་གཅིག་
ཡིན་ཏེ། །ཚད་མ་གཉིས་པ་མི་སྲིད་དོ། །གནས་ལུགས་བདེན་གཅིག་ཟུང་འཇུག་སྟེ། །
ཚད་མ་རང་བྱུང་ཡེ་ཤེས་ཉིད། །སྤང་བྱ་མ་རིག་གཅིག་པུ་ལས། །མེད་ཕྱིར་རིག་དང་མ་
རིག་ཙམ། །དེ་ཕྱིར་ཚད་མའི་ཚུལ་འདི་ཡིས། །སྣང་ཀུན་རང་བཞིན་ལྷར་སྒྲུབ་པ། །སྔ་
འགྱུར་རིང་ལུགས་ཁོ་ན་སྟེ། །ཀུན་མཁྱེན་རོང་ཟོམ་པཎྜིཏའི། །ལེགས་བཤད་སེང་གེའི་
ང་རོ་ཡིན། །གཞན་ན་ལུགས་འདི་ཚུལ་བཞིན་དུ། །སྨྲ་བ་མེད་པས་འདི་ཡི་ཐད། །གང་
ལྟར་ཁས་བླང་འགལ་བར་མཐོང༌། །དེ་ལ་ཐུན་མོངས་བལྟ་བྱ་དེ། །སྣང་སྟོང་རེ་རེ་མི་
རུང་སྟེ། །གལ་ཏེ་སྟོང་པ་ཙམ་ཡིན་ན། །འགྲོ་བ་སུ་ཡང་རུང་ལ་ཡང་། །མཁའ་ཡང་བུམ་
པར་སྣང་འགྱུར་ཞིང་། །བུམ་པ་མཁའ་ལྟར་སྣང་མི་འགྱུར། །སྣང་བ་དང་བྲལ་སྟོང་པ་
ཙམ། །བལྟ་བྱར་རུང་ན་ཅི་མི་སྣང་། །དངོས་རྣམས་རྟག་ཏུ་ཡོད་པའམ་། །མེད་པར་ཐལ་
ཏེ་རྒྱུ་མེད་ལ། །ཇི་སྐད་བརྗོད་ཀུན་འདི་ལ་མཚུངས། །སྟོང་པའི་གནས་སྐབས་ཡིན་
བཞིན་དུ། །སྣང་མེད་དེ་གཉིས་འགལ་བའི་ཕྱིར། །མ་སྟོང་པ་ཞིག་ཡོད་ན་ནི། །སྟོང་ཙམ་
སྣང་གཞིར་བཞག་དང་འགལ། །འོ་ན་ཁྱོད་ཀྱི་གོང་དུ་ནི། །སྟོང་སྣང་མི་འགལ་ཅི་ཞེ་ན། །
འདིར་ནི་མཐོང་དོན་ཐ་སྙད་པའི། །ཚད་མའི་རྣམ་བཞག་སྐབས་ཡིན་པས། །དེའི་ངོར་
ཡོད་མེད་འགལ་བ་སྟེ། །དངོས་གཅིག་སྟེང་གི་བདེན་པ་གཉིས། །མི་འགལ་ཡེ་ཤེས་ཡུལ་
ཡིན་ཕྱིར། །གལ་ཏེ་སྟོང་པ་དང་བྲལ་བའི། །སྣང་ཙམ་སྣང་གཞིར་མི་རུང་སྟེ། །སྣང་དེ་
གང་ལྟར་སྣང་བ་ཡིན། །འདི་ཞེས་རིས་སུ་མ་ཆད་པའི། །སྣང་བ་བསམ་པར་མི་ནུས་
ཕྱིར། །སྣང་གཞིར་འགྲུབ་པ་མ་ཡིན་ཏེ། །ཤེས་བྱེད་ཚད་མས་མ་མཐོང་བཞིན། །ཡོད་
ཅེས་དམ་བཅའ་ཙམ་དུ་ཟད། །གང་སྣང་རིས་སུ་ཆད་གྱུར་ན། །དེ་ལས་གཞན་དུ་སྣང་
མི་རུང་། །མི་སྟོང་སྣང་བ་ཡིན་ཕྱིར་ཡང་། །དེ་ཉིད་རིགས་པས་དཔྱད་བཟོད་འགྱུར། །
ཆུ་རྣག་བདུད་རྩི་སོགས་ཀྱི་གཞི། །དེ་གསུམ་གང་ཡིན་ཀྱང་འགལ་ཏེ། །གལ་ཏེ་ཆུ་དེ་
རྣག་ཡིན་ན། །ཆུ་རུ་སྣང་བ་ཇི་ལྟར་འགྱུར། །གལ་ཏེ་རྣག་མིན་ཆུ་ཡིན་ན། །རྣག་སོགས་
གཞན་དུ་ཅི་ལ་སྣང༌། །ཡི་དྭགས་ཡུལ་དུ་སྣང་དེ་ཡང༌། །ཆུ་ཡིན་ཞེ་ན་རྣག་སྣང་ཡང་། །
མེད་པར་ཁས་བླང་ཉིད་དུ་ཐལ། །གང་ཕྱིར་རང་ལ་སྣང་དེ་ལས། །སྣང་གཞི་ལོགས་སུ་
ཡོད་མིན་ཏེ། །ཡོད་ན་ཐ་དད་དུ་འགྱུར་ཕྱིར། །ཀ་བུམ་གཅིག་གཞི་གཅིག་མིན་བཞིན། །
དེས་ན་སྣང་སྟོང་ཟུང་འཇུག་གམ། །བདེན་སྟོང་སྣང་བ་ཙམ་ཞིག་དེ། །རྒྱ་ཆད་ཕྱོགས་
ལྷུང་བྲལ་བ་ཡི། །ཟུང་འཇུག་རོ་མཉམ་ཆེན་པོ་རུ། །ཆོས་ཀུན་གདོད་ནས་མཉམ་པའི་
ཕྱིར། །མཉམ་ཉིད་རྫོགས་པ་ཆེན་པོ་རུ །གྲུབ་དོན་གཏན་ལ་ཕབ་བྱས་ནས། །ཚུལ་དེ་
གོམས་པའི་ལམ་གྱི་སྐབས། །དག་པའི་གཟིགས་པ་ལ་བརྟེན་ནས། །མ་དག་སྣང་བ་
རང་གྲོལ་བའི། །སྣང་སྲིད་དག་པའི་ཆོས་སྐུ་ཞེས། །ཡིད་ཆེས་རྡོ་རྗེའི་ལུང་དོན་འབྱོར། །
དེས་ན་སྒྱུ་འཕྲུལ་དྲྭ་བ་ལས། །ཕུང་ལྔ་སྒྱུ་མ་ལྟ་བུ་ཡི། །སྣང་བ་རིས་སུ་མ་ཆད་པ། །དེ་
ཉིད་དག་པའི་ལྷ་སྣང་ཞེས། །དགོངས་པའི་དོན་ལ་ཡིད་ཆེས་ཉིད། །འདི་ལྟར་རྣག་འཛིན་
ལས་ཟློག་ཚེ། །འཁྲུལ་པར་རྟོགས་ཤིང་དེ་གོམས་པས། །དེ་ལ་ཆུ་རུ་སྣང་བ་ཉིད། །
དག་པའི་རྒྱལ་སྲས་ཆེན་པོ་ཡིས། །ཆུ་ཡི་རྡུལ་རེར་གྲངས་མེད་ཞིང་། །མཐོང་ཞིང་ཆུ་དེ་
མཱ་མ་ཀིར། །མངོན་སུམ་སྣང་བ་ཉིད་དུ་འགྱུར། །མཐར་ཐུག་སྒྲིབ་གཉིས་སྤང་བའི་སར། །
ཟུང་འཇུག་རོ་མཉམ་ཆེན་པོར་གཟིགས། །དེ་ཕྱིར་དག་པའི་གཟིགས་པ་ནི། །སྒྲིབ་པ་
མ་ལུས་སྤངས་པའི་ཕྱིར། །དངོས་པོའི་གནས་ཚུལ་མ་ནོར་བ། །དེ་ཡིས་མཐོང་བ་ཁོ་ན་
ལས། །གཞན་དུ་ཡོད་པ་མ་ཡིན་ན། །དེ་ཉིད་མཐར་ཐུག་ཚད་མ་རུ། །བཟུང་སྟེ་འདི་
ཀུན་གདོད་ནས་ཀྱང༌། །དག་པའི་ཆོས་སྐུར་གནས་སོ་ཞེས། །དམ་བཅའ་གྲུབ་པའི་རྩེ་
པ
མོ་རུ། །རིགས་པའི་མིག་ལྡན་རྣམས་ལ་གྲུབ། །དེ་ལྟ་ན་ཡང་ཐེག་པ་དེ། །ངོ་མཚར་འོད་
ཟེར་སྟོང་མངའ་བས། །དམན་པའི་ཡིད་ཅན་འབྱུང་པོའི་བྱ། །ཕལ་ཆེར་ལོང་བ་ལྟ་བུར་
གྱུར། །དེ་ལ་མཐར་ཐུག་མཉམ་ཉིད་དབྱིངས། །ལྷ་སྣང་ཁོ་ནར་སྣང་ངོ་ཞེས། །ཕྱོགས་
གཅིག་སྒྲུབ་པར་མི་ནུས་ཀྱང་། །རང་བཞིན་གདོད་ནས་དག་པ་ཡི། །དབྱིངས་དང་སྣང་
ཆ་ཡེ་ཤེས་སྐུ། །འདུ་འབྲལ་མེད་ཕྱིར་སྣང་བའི་ཆ། །གདོད་ནས་ལྷ་རུ་དག་པ་ལ། །
གནས་ལུགས་དཔྱད་པས་ཀྱང་མི་གནོད། །གང་ཕྱིར་སྒྲིབ་གཉིས་སྤངས་པ་ཡི། །སྣང་
སྟོང་ཟུང་འཇུག་དབྱིངས་དེ་ནི། །མཐར་ཐུག་དེ་ཁོ་ན་ཉིད་ཡིན། །དེ་ལས་གཞན་དུ་གང་
ལྟར་དུ། །རྟོགས་ཀྱང་མཐར་ཐུག་དོན་མིན་ཏེ། །སྒྲིབ་གཉིས་ཟད་པར་མ་སྤངས་པས། །
གནས་སྣང་རྣམ་ཀུན་མི་མཐུན་ཕྱིར། །གནས་སྐབས་ལམ་གྱི་སྣང་བ་ལ། །མིག་སྐྱོན་
དག་པའི་རབ་རིབ་བཞིན། །ཡུལ་ཅན་དྲི་མས་དག་པ་ལས། །ཡུལ་ཀྱང་དེ་བཞིན་དག་
མཐོང་སྟེ། །ཡུལ་ཅན་དག་ཀྱང་ལོགས་ཤིག་ན། །ཡུལ་དེ་མ་དག་མེད་པའི་ཕྱིར། །དེ་
ལྟ་ན་ཡང་གང་ཟག་གཅིག །འཚང་རྒྱ་དེ་ཚེ་མ་དག་དངོས། །གཞན་ལ་མི་སྣང་མི་འགྱུར་
ཏེ༑ ༑རང་སྣང་སྒྲིབ་པས་རང་བསྒྲིབས་ཕྱིར། །དེས་ན་ཡུལ་དང་ཡུལ་ཅན་རྣམས། །
རང་བཞིན་གདོད་ནས་དག་ན་ཡང་། །གློ་བུར་དྲི་མས་བསྒྲིབས་པའི་ཕྱིར། །དྲི་མ་སྦྱང་
ལ་འབད་པར་བྱ། །སྦྱང་བྱའི་དྲི་མ་རྣམས་ཀྱང་ནི། །རང་གི་ངོ་བོས་དག་པ་ལས། །ལོགས་
ཤིག་མ་དག་པ་མིན་པས། །རང་བཞིན་འོད་གསལ་མཉམ་པ་ཉིད། །དེ་ལྟར་སྣང་ཚུལ་
སྣ་ཚོགས་པ། །མ་རྟོགས་དུས་ན་སོ་སོར་འཛིན། །བྱིས་པ་གང་ལ་སེམས་ཆགས་པ། །
དེ་ནི་བྱིས་པ་རྨོངས་པ་སྟེ། །རྨོངས་པ་དེ་ཡིས་འཆིང་བར་བྱེད། །རྟོགས་ན་ཀུན་ཀྱང་རོ་
མཉམ་གྱི། །ངང་དུ་འབྲས་བུའི་བཙན་ས་ཟིན། །དུས་གསུམ་དུས་མེད་གཉུག་མའི་ཀློང་། །
རང་བྱུང་ཡེ་ཤེས་རྒྱལ་བར་འགྱུར། །དག་མཉམ་ཆེན་པོ་ཁས་ལེན་པའི། །ཚུལ་འདི་ལེགས་
པར་གྲུབ་པ་སྟེ། །སྣང་སྟོང་ཅིར་ཡང་མ་གྲུབ་པས། །ཅིར་ཡང་རུང་ལ་ཅིར་ཡང་སྣང་། །
དེ་ལས་གཞན་དུ་གང་བཏགས་པ། །ཅིར་ཡང་མི་རུང་ཅིར་མི་སྣང་། །ཚུལ་འདིའི་ཡིད་
ཆེས་རྙེད་པའི་སྒོ། །སྟོང་དང་རྟེན་འབྱུང་ལམ་ཡིན་ཏེ། །སྣང་སྟོང་འདི་ལ་ངེས་ཤེས་ན། །
བྲི་གང་བྲལ་བའི་དཀྱིལ་འཁོར་དུ། །སྲིད་པ་སྟོང་དང་མི་སྟོང་སོགས། །ཆོས་ཉིད་བསམ་
གྱིས་མི་ཁྱབ་ལ། །ཟབ་མོའི་བཟོད་པ་ཁོང་ནས་སྐྱེ། །རྡུལ་གཅིག་ཁྱོན་ལ་རྡུལ་སྙེད་ཞིང་། །
མཐོང་ཞིང་སྐད་ཅིག་ཡུན་ལ་ཡང་། །བསྐལ་པར་སྣང་སྟེ་དངོས་པོ་རྣམས། །བདེན་སྟོང་
སྒྱུ་མའི་ངེས་ཤེས་ཀྱིས། །སངས་རྒྱས་སྤྱོད་ཡུལ་ཉིད་ལ་འཇུག །དེ་ཕྱིར་རང་སྣང་རིས་
མེད་དང་། །རྒྱ་ཆད་ཕྱོགས་ལྷུང་བྲལ་བ་དང༌། །གཞི་དབྱིངས་བསམ་གྱིས་མི་ཁྱབ་དང་། །
ཆོས་ཉིད་ཅིར་ཡང་མ་གྲུབ་དང་། །སྣང་སྟོང་ཟུང་དུ་འཇུག་པ་སོགས། །གྲུབ་མཐའི་ཆོས་
སྐད་ཙམ་འདིའི་དོན། །ལོ་བརྒྱར་བསྒྲིམས་ཏེ་བསམ་བྱས་ཀྱང་། །སྔོན་གོམས་སྨིན་པའི་
རྒྱུ་མེད་ན། །བློ་ཆེན་སྦྱངས་པ་མི་དམན་མོད། །ཐུགས་སུ་ཆུད་པ་མ་ཡིན་ནོ། །དེ་ཕྱིར་
གྲུབ་མཐའ་མཐའ་དག་གི །གཏིང་ཕུག་གང་དུ་གཞོལ་བ་ཡི། །བརྒྱ་ཕྲག་ཆོས་ཀྱི་ལེགས་
བཤད་ཀླུང་། །འབབ་པའི་མཚོ་ཆེན་འདི་རྨད་བྱུང་། །སྣང་ཚུལ་གཞན་རྣམས་མ་ངེས་
ཤིང་། །འགྱུར་བ་དག་དང་བཅས་ཏེ་སྣང་། །མཐར་ཐུག་ཟུང་འཇུག་ཡེ་ཤེས་ནི། །བསླུ་
མེད་དོན་གཟིགས་འགྱུར་བ་མེད། །
༈ སྤྲོས་བྲལ་དབུ་མ་ཆེན་པོ་ལ། །ཁས་ལེན་ཡོད་མེད་དཔྱད་པའི་ཚེ། །སྔ་རབས་པ་རྣམས་
མགྲིན་གཅིག་ཏུ། །དབུ་མའི་རང་ལུགས་ཡིན་མིན་དང་། །ཡོད་མེད་ལ་སོགས་ཅིར་ཡང་ནི། །མེད་
ཕྱིར་ཁས་ལེན་མེད་པར་འདོད། །རང་གཞུང་རྣམས་ལས་ལམ་འབྲས་དང་། །རྟེན་འབྱུང་གྲུབ་
མཐའི་རྣམ་བཞག་ཀུན། །ཁས་བླང་རང་ལུགས་ཡོད་བཞིན་དུ། །ཐ་སྙད་ཐམས་ཅད་གཞན་
ངོ་ལ། །སྐྱེལ་བ་ཚིག་དོན་གཉིས་ཀར་འགལ། །ཀློང་ཆེན་རབ་འབྱམས་འདི་སྐད་དུ། །དབུ་མར་
ཁས་ལེན་ཡོད་མེད་ལ། །སྔ་རབས་པ་རྣམས་ཕྱོགས་རེར་འཛིན། །ལུགས་རེར་སྐྱོན་ཡོན་གཉིས་
རེ་གནས། །དེས་ན་རང་གིས་བཞེད་པ་ལ། །དོན་དམ་གནས་ལུགས་གཞལ་བའི་ཚེ། །
གཤིས་ལ་ཅིར་ཡང་མ་གྲུབ་ལྟར། །ཁས་ཀྱང་ཅི་ཞིག་ལེན་པར་བྱེད། །དེ་ཕྱིར་གྲུབ་མཐའ་
གནས་ལུགས་ཀྱི། །ཁས་ལེན་ཡིན་ཕྱིར་རྩོད་སོགས་ཚེ། །གཤིས་བཞིན་ཁས་ལེན་ཅི་
ཡང་མེད། །རྗེས་ཐོབ་ལམ་འབྲས་གྲུབ་པའི་མཐའ། །ཇི་ལྟ་ཇི་སྙེད་རྣམ་བཞག་རྣམས། །
མ་འདྲེས་སོ་སོར་ཁས་ལེན་འདོད། །ཕྱིན་ཆད་ཚུལ་འདི་སྨྲ་ཤེས་ན། །ཁོ་བོའི་ལེགས་
བཤད་མཐུ་ཡིན་གསུངས། །དེར་བརྟེན་གངས་ཅན་མཁས་པ་འགས། །རང་ལུགས་ཁས་
ལེན་ཡོད་པའི་ཕྱོགས། །ཁོ་ན་ཡང་ཡང་ཆེས་ཆེར་བསྒྲུབས། །དེ་ཡང་སྐབས་ཤན་མ་
ཕྱེས་ན། །གཤིས་དོན་ཅིར་ཡང་མ་གྲུབ་ཕྱིར། །མཐའ་གཅིག་ཁས་ལེན་ཡོད་པའང་དཀའོ།།
དབུ་མ་རང་གི་ལུགས་ཞེས་པ། །དབུ་མའི་གྲུབ་མཐར་མཐར་ཐུག་དོན། །ཇི་ལྟར་གཞལ་
ཉིད་ཡིན་དགོས་ཏེ། །དེ་ལས་གཞན་པ་རང་ལུགས་མིན། །ཅི་སླད་དབུ་མ་རང་གིས་ནི། །
གཞལ་ན་དེ་མ་གྲུབ་ཕྱིར་རོ། །དེས་ན་དེས་ཁས་བླངས་ཡིན་ན། །རང་དབང་དཔྱད་ནས་
ཁས་བླང་བར། །རིགས་པས་འཕུལ་ནུས་ཉིད་ཀྱི་ཕྱིར། །ཁས་བླངས་པ་དེ་དོན་དམ་པར། །
གྲུབ་ཅིང་དཔྱད་བཟོད་ཉིད་དུ་འགྱུར། །རང་ལུགས་ཁས་ལེན་མ་ཡིན་ན། །རང་ལ་ཁས་
ལེན་ཡོད་པ་འགལ། །རང་ལ་དཔྱད་དང་མ་དཔྱད་པའི། །ཁས་ལེན་གཉིས་ནི་ཡོད་གྱུར་
ཅིང༌། །གཉིས་ཀ་ངེས་པར་བདེན་གྱུར་ན། །རང་ལུགས་ཞེས་པ་དེ་གཉིས་པོ། །རེ་རེ་
ཡིན་ནམ་གཉིས་ཀ་ཡིན། །རེ་རེ་ཡིན་ན་གཅིག་ཤོས་འགལ། །ཡོད་པ་ཁས་བླངས་མ་
ཡིན་ལ། །མེད་པར་ཁས་ནི་བླངས་གྱུར་ན། །ཡོད་ཅེས་བྱ་བའི་ཁས་ལེན་ནི། །ཀུན་རྫོབ་
ཏུ་ཡང་མི་རུང་སྟེ། །མེད་པ་ཁོ་ན་ཁས་བླང་ཕྱིར། །གཉིས་ཀར་རང་གི་ཁས་བླངས་ན། །
དཔྱད་མི་བཟོད་པ་བསལ་ནས་སུ། །རིགས་པས་གནོད་མེད་ཁས་ལེན་པ། །མིན་ཕྱིར་
གཉིས་ཀ་དཔྱད་བཟོད་འགྱུར། །དེ་ལྟ་ན་ཡང་དེ་གཉིས་པོ། །ཚོགས་པ་སྲིད་པ་མ་ཡིན་
ཏེ༑ ༑ཚོགས་ན་དཔྱད་པས་རྟོགས་ན་ཡང་། །མ་དཔྱད་དུས་བཞིན་ཡོད་རྟོགས་ཉིད། །
ཡོད་ཕྱིར་དཔྱད་པས་ཅི་ཞིག་གནས། །ཀུན་རྫོབ་དཔྱད་གྲུབ་རིགས་མ་ཡིན། །དགག་
བྱ་བཅད་པའི་མེད་དགག་ལས། །ལྷག་པའི་གནས་ལུགས་མེད་གྱུར་ན། །འཛིན་སྟངས་
དེ་ལ་སྣང་བའི་ཆ། །སྐབས་མི་ཐོབ་ཕྱིར་མཐའ་གཅིག་ཏུ། །ལྟ་སྒོམ་སྤྱོད་པའི་སྐབས་
ཀུན་ཀྱང༌། །མེད་པར་ལྟ་བའི་ཡིད་ཅན་དུ། །ཅི་ཕྱིར་མི་འགྱུར་གནས་ལུགས་དང༌། །
རྗེས་མཐུན་ནམ་ཡང་གོམས་དགོས་ཕྱིར། །དེས་ན་ཀུན་མཁྱེན་བཞེད་པ་བཞིན། །རང་
ལུགས་འདི་ལྟར་ཤེས་པར་བྱ། །དབུ་མ་མཚན་ཉིད་པ་ཡིན་ན། །ཟུང་འཇུག་དབུ་མ་ཆེན་
པོའམ། །སྤྲོས་བྲལ་དབུ་མ་ཡིན་དགོས་ཏེ། །འཕགས་པའི་མཉམ་བཞག་ཡེ་ཤེས་དང༌། །
རྗེས་སུ་མཐུན་པར་གཏན་ཕབས་ནས། །ཡོད་མེད་ལ་སོགས་མཐའ་རྣམས་ཀུན། །ཉེར་
ཞིའི་རང་བཞིན་ཡིན་ཕྱིར་རོ། །སྟོང་པ་འབའ་ཞིག་ཡུལ་བྱེད་པའི། །ལམ་དེ་བདེན་གཉིས་
ཕྱོགས་གཅིག་ལ། །ལྟུང་ཕྱིར་ཉི་ཚེའི་ལྟ་བ་དེ། །ཟུང་འཇུག་དང་ནི་སྤྲོས་བྲལ་མིན། །
ཟུང་འཇུག་ཡོད་དང་མེད་པའམ། །སྣང་དང་སྟོང་པ་མཉམ་ཉིད་ཀྱང༌། །འདི་ནི་དོན་དམ་
སྟོང་པའི་དབྱིངས། །འབའ་ཞིག་ཡུལ་ཅན་ཡིན་ཕྱིར་རོ། །སྤྲོས་པ་ཡོད་མེད་ལ་སོགས་
པའི། །དམིགས་པའི་རྣམ་པ་ཐམས་ཅད་དེ། །འདི་ནི་མེད་པའི་སྤྲོས་པ་དང་། །མ་བྲལ་
དེ་ལ་དམིགས་པའི་ཕྱིར། །དེས་ན་དབུ་མ་ཆེན་པོའི་ངོར། །ཁས་ལེན་ཅི་ཡང་ཡོད་མིན་
ཏེ༑ ༑དེ་ཡིས་སྣང་སྟོང་མཉམ་ཉིད་དུ། །རྟོགས་སླད་ཡོད་མེད་ཡིན་མིན་སོགས། །དགག་
སྒྲུབ་སྤྲོས་ཀུན་བྲལ་བས་ན། །གནས་ལུགས་དོན་བཞིན་ཆོས་ཀུན་ཀྱང༌། །ཁས་བླང་
རིགས་པས་མི་གྲུབ་ཕྱིར། །གང་དུ་ཁས་ནི་ལེན་མི་བྱེད། །དེ་ལྟར་གནས་ལུགས་མཐར་
ཐུག་དོན། །ཁས་ལེན་མེད་ཀྱང་སྣང་ཚུལ་ལ། །ཐ་སྙད་བདེན་གཉིས་སོ་སོར་ཡང་། །
ཁས་བླང་ཡོད་དེ་དེ་གཉིས་ཀྱང་། །བདེན་གཉིས་དབྱེར་མེད་གནས་ལུགས་ལ། །ལྟོས་
ན་སོ་སོའི་སྣང་ཚུལ་ཙམ། །དབྱེར་མེད་དོན་མཐོང་ཡེ་ཤེས་ལ། །ལྟོས་ན་ཚད་མ་གཉིས་
པོ་ཡང་། །ཉི་ཚེའི་གནས་ཡིན་དེ་གཅིག་གིས། །བདེན་གཉིས་འཛིན་པ་མི་སྲིད་ཕྱིར། །
དེས་ན་ཐ་སྙད་དོན་དམ་གྱི། །ཚད་མ་གཉིས་པོ་ཤེས་རབ་སྟེ། །བུམ་སོགས་དེ་གཉིས་
ཀྱིས་གཞལ་ན། །ངོ་བོ་གཉིས་ནི་རྙེད་ན་ཡང་། །གཅིག་ཚེ་གཅིག་ནི་ཡོད་མིན་པས། །
སོ་སྐྱེའི་བློ་ལ་བདེན་པ་གཉིས། །རེས་འཇོག་ཚུལ་ལས་མི་སྣང་ཕྱིར། །སོ་སོ་གཞལ་བའི་
ཁས་ལེན་གཉིས། །ཡོད་པ་ཉིད་དུ་གྲུབ་པ་ཡིན། །འོ་ན་ཁས་ལེན་ཡོད་མེད་དང་། །བདེན་
གཉིས་ཁས་ལེན་ནང་འགལ་ཚུལ། །གོང་དུ་གཞན་ལ་ཇི་བརྗོད་པ། །རང་ལའང་མཚུངས་
པར་ཐལ་ཞེ་ན། །ངེད་ཀྱིས་ཁྱད་པར་ཕྱེས་ནས་སུ། །ཤན་འབྱེད་ལམ་གྱི་དབུ་མ་དང༌། །
དངོས་གཞི་མཉམ་བཞག་དབུ་མ་གཉིས། །རགས་དང་ཕྲ་བའམ་རྒྱུ་འབྲས་སམ། །རྣམ་
ངེས་ཤེས་རིན་
ཤེས་ཡེ་ཤེས་གནས་སྐབས་ཀྱི། །དབུ་མ་ཆེ་ཆུང་ཁྱད་ཕྱེས་ནས། །བཤད་ཕྱིར་སྐྱོན་དེ་
ག་ལ་འཇུག །དེས་ན་དབུ་མ་ཆེན་པོ་ལ། །ཁས་ལེན་མེད་པ་རང་གི་ལུགས། །མཐར་
ཐུག་དེ་ཡིན་རྗེས་ཐོབ་ལ། །བདེན་གཉིས་སོ་སོར་སྣང་བའི་ཚེ། །བདེན་གཉིས་སོ་སོའི་
ཚད་མ་ཡིས། །གཞལ་བའི་དགག་སྒྲུབ་ཐམས་ཅད་ཀྱང༌། །ལོག་རྟོག་རེ་རེ་དགག་པའི་
ཆེད། །ཡིན་གྱི་གཤིས་ལ་དགག་སྒྲུབ་ཏུ། །ཁས་བླང་གང་ཡང་མེད་པའི་ཕྱིར། །གཤིས་
ལ་བདེན་པ་གཉིས་པོ་ཡང་། །རིས་སུ་ཆད་པ་ཡོད་མེད་པས། །ཁས་ལེན་གཉིས་པོ་གང་
ལྟར་ཡང་། །བདེན་པར་གྲུབ་པ་མེད་པའི་ཕྱིར། །གཉིས་ཀར་ཡང་ནི་ཁས་བླངས་ཀྱང་། །
སྣང་ཚུལ་ཙམ་གྱི་དབང་ཕྱིར་དང༌། །གནས་སྐབས་གཉིས་ཀ་སོ་སོ་ན། །བདེན་དེ་འགལ་
བ་མེད་པའི་ཕྱིར། །དཔྱད་བཟོད་ལ་སོགས་སྐྱོན་མི་འབབ། །དངོས་པོའང་དཔྱད་པར་
མི་བཟོད་དེ། །དངོས་མེད་ཀྱང་ནི་དཔྱད་མི་བཟོད། །མཐར་ཐུག་གཉིས་ཀ་མཚུངས་པ་
ལ༑ ༑གནས་སྐབས་ལྟོས་ཏེ་བཏགས་པ་ཙམ། །མ་བརྟགས་གྲགས་པས་ཡོད་ཙམ་དེ། །
སྣང་ཚུལ་ཡིན་གྱིས་གནས་ཚུལ་མིན། །བདེན་མེད་དཔྱོད་པའི་རིག་ཤེས་ཀྱིས། །མཐོང་
བ་གནས་ཚུལ་དོན་དམ་འདོད། །དེ་ཡང་ཀུན་རྫོབ་ལ་ལྟོས་པའི། །དོན་དམ་ཡིན་གྱི་མཐར་
ཐུག་ལ། །ལྟོས་ན་དོན་དམ་རྣམ་གྲོངས་ཙམ། །གནས་སྣང་ཕན་ཚན་འགལ་བ་ན། །
བདེན་གཉིས་ཐ་དད་སྐྱོན་བཞི་འབབ། །གནས་སྣང་ཕན་ཚུན་གཞན་མིན་ན། །བདེན་
གཉིས་གཅིག་པའི་སྐྱོན་བཞིས་གནོད། །ཚུལ་དེས་སངས་རྒྱས་སེམས་ཅན་ཀྱང་། །གནས་
ཚུལ་སྣང་ཚུལ་ཙམ་ཡིན་གྱི། །རྒྱུ་འབྲས་ཉིད་དུ་འདོད་པ་ནི། །ཐེག་པ་ཆུང་ངུར་ཤེས་
པར་བྱ། །གནས་སྣང་གཅིག་དང་ཐ་དད་དུ། །ཁས་བླངས་མེད་ཕྱིར་སེམས་ཅན་ནི། །
སངས་རྒྱས་ཡིན་ན་སྣང་རུང་དང་། །ལམ་དང་སྒྲུབ་པ་དོན་མེད་དང༌། །རྒྱུ་ལ་འབྲས་
གནས་ཁས་ལེན་སོགས། །རིགས་པས་གནོད་པ་རྣམ་ཀུན་མེད། །གནས་ཚུལ་གང་ཡིན་
སྒྲིབ་པ་ཡིས། །བསྒྲིབས་ཕྱིར་ཉེ་བར་མི་སྣང་བས། །ལམ་ལ་འབད་པར་བྱེད་པ་ནི། །
རང་གཞན་གཉིས་ཀས་འདོད་པ་ཉིད། །བདེན་གཉིས་འགལ་བ་མེད་པའི་ཕྱིར། །ཡོད་
དང་མེད་ཅེས་ལྟ་བ་ཡི། །ཁས་ལེན་གཉིས་པོའང་ཇི་ལྟར་འགལ། །ཕན་ཚུན་གཅིག་པའང་
མིན་པའི་ཕྱིར། །ཁས་བླང་གཉིས་ཀྱི་རྣམ་པར་བཞག །དེ་ཕྱིར་ཇི་སྲིད་བདེན་པ་གཉིས། །
སོ་སོར་སྣང་བ་དང་བཅས་པའི། །སེམས་ཀྱི་འཇུག་པ་ཡོད་ཀྱི་བར། །དེ་གཉིས་རྣམ་ཀུན་
སྟོབས་མཚུངས་པས། །མཐའ་གཅིག་ཁས་ལེན་ཡོད་མིན་ཏེ། །མེད་ཅེས་བདེན་སྟོང་ངེས་
པ་དང་། །ཡོད་ཅེས་སྣང་ཆ་ངེས་པ་གཉིས། །རེས་འཇོག་ཚད་མ་གཉིས་ཀྱིས་ནི། །གཞལ་
ཚེ་སོ་སོས་རྙེད་དོན་ནམ། །མཐོང་དོན་བདེན་པ་གཉིས་ཞེས་བརྗོད། །དེ་གཉིས་གཅིག་
དང་ཐ་དད་པ། །མིན་ཕྱིར་དེ་གཉིས་མཐའ་གཅིག་ཏུ། །གཅིག་སྤང་གཅིག་ནི་བཟུང་མི་
རུང༌། །དེ་གཉིས་ལ་དཔྱོད་ཤེས་རབ་ཀྱིས། །ཁས་ལེན་སོ་སོར་ཕྱེ་སྟེ་དཔེར། །མཐར་
ཐུག་ཆོས་སྐུ་འཐོབ་པའི་ཚེ། །སེམས་དང་སེམས་བྱུང་མ་ལུས་པ། །ཐ་སྙད་དབང་དུ་འགག་
ཅེས་བྱ། །དམ་པའི་དོན་དུ་འགག་པའང་མེད། །མདོ་དང་བསྟན་བཅོས་གཞུང་ཀུན་ན། །
དགག་སྒྲུབ་རྣམ་པ་ཇི་སྙེད་པ། །ལ་ལ་དོན་དམ་ཁས་ལེན་ཏེ། །ལ་ལ་ཀུན་རྫོབ་དབང་
དུ་གསུངས། །དོན་དམ་ཁོ་ནའི་དབང་དུ་ན། །ལམ་དང་སངས་རྒྱས་སེམས་ཅན་སོགས། །
མེད་ཅེས་སྨྲ་བར་རུང་མོད་ཀྱི། །ཀུན་རྫོབ་ཉིད་ལ་ལྟོས་མེད་དུ། །དེ་གཅིག་ཁོ་ནར་མི་
འགྱུར་ཏེ། །མེད་ཀྱང་འཁོར་འདས་སྣང་ཆ་ཀུན། །སྣང་བར་མངོན་སུམ་གྲུབ་པའི་ཕྱིར། །
ཐ་སྙད་ཚད་མའི་དབང་བྱས་ནས། །ལམ་དང་སངས་རྒྱས་སེམས་ཅན་སོགས། །ཡོད་
ཅེས་བརྗོད་པར་རིགས་མོད་ཀྱི། །དོན་དམ་ཉིད་ལ་ལྟོས་མེད་དུ། །དེ་གཅིག་ཁོ་ནར་མི་
འགྱུར་ཏེ། །ཡོད་ཀྱང་དེ་ལྟར་མ་གྲུབ་པར། །དཔྱད་པ་ཚད་མས་ངེས་པའི་ཕྱིར། །དེས་
ན་དེ་གཉིས་ནམ་དུ་ཡང་། །གཅིག་མེད་གཅིག་ཡོད་སྲིད་མ་ཡིན། །གཉིས་ཀ་སྟོབས་
མཚུངས་བདེན་གྱུར་ཚེ། །དངོས་པོ་མི་སྟོང་འགྱུར་ཞེ་ན། །གཉིས་ཀའང་རང་བཞིན་མ་
གྲུབ་དང༌། །ཡུལ་གཉིས་དོན་གྱིས་ཐ་དད་པ། །མ་ཡིན་སྣང་བ་དེའི་ངོ་བོ། །སྟོང་ཕྱིར་
མི་སྟོང་ག་ལ་ཡིན། །གཉིས་ཀ་མཚུངས་པར་སྣང་དེའི་ཕྱིར། །སྟོང་པར་གྲུབ་སྟེ་སྣང་
མེད་ན། །སྟོང་པའང་ཅི་ཡིས་ཤེས་པར་འགྱུར། །དེས་ན་གཉིས་ཀ་མི་འགལ་བར། །
ཕན་ཚུན་རྒྱུ་འབྲོས་སུ་འཆར་ཞིང༌། །གཅིག་ཡོད་གཅིག་ལ་ངེས་ཤེས་ན། །ནམ་ཡང་འདུ་
འབྲལ་མེད་པའམ། །གང་ལ་གང་གིས་མ་ཁྱབ་པ། །མེད་ཕྱིར་གང་ལྟར་གཞལ་ཀྱང་
བདེན། །སྣང་བ་སྟོང་པར་ཤེས་པ་ཡིས། །སྣང་བ་བདེན་པ་མེད་པར་རྟོགས། །སྟོང་པ་
སྣང་བར་ཤེས་ན་ཡང་། །སྟོང་པ་བདེན་པར་ཡོད་མི་རྟོགས། །དེ་ཕྱིར་འདུ་འབྲལ་མེད་
མཐོང་ཚེ། །བདེན་པར་ནམ་ཡང་སླར་མི་ལྡོག །གང་སྣང་དེ་ཡི་གནས་ལུགས་ནི། །སྟོང་
པ་ཡིན་ཕྱིར་འདུ་འབྲལ་མེད། །སྣང་བ་སྤང་བའི་ཕ་རོལ་ཏུ། །སྟོང་པ་ཡན་གར་མི་འགྲུབ་
ཕྱིར། །དེས་ན་ཇི་སྲིད་རེས་འཇོག་གིས། །བདེན་གཉིས་བསྒོམ་པ་ཤེས་རབ་སྟེ། །གཉིས་
སྣང་འཁོར་བའི་སྐབས་འདི་ན། །སེམས་དང་སེམས་བྱུང་གཡོ་བ་ཡིས། །ཡེ་ཤེས་ཉེ་བར་
མི་སྣང་ཕྱིར། །དཔྱད་པའི་ཤེས་རབ་དྲི་མེད་གཉིས། །སྤང་བླང་མེད་པར་གཟུང་བྱ་སྟེ། །
གང་ཚེ་གཅིག་མ་ཚང་གྱུར་ན། །དེ་གཉིས་ལས་བྱུང་ཟུང་འཇུག་གི །ཡེ་ཤེས་ངེས་པར་
མི་སྐྱེ་སྟེ། །གཙུབས་ཤིང་བཙུབས་སྟན་གང་རུང་དང་། །བྲལ་བའི་མེ་ནི་འབྱུང་མིན་བཞིན། །
དེས་ན་ཐབས་དང་སྟོང་པ་ཉིད། །ཡ་བྲལ་ཡང་དག་ལམ་མིན་ཞེས། །རྒྱལ་དང་བརྒྱུད་
འཛིན་གྱིས་གསུངས་ཕྱིར། །རྒྱུ་གཉིས་འདི་སྲུང་ཡེ་ཤེས་ཆེ། །སྐྱེ་བའི་ཐབས་གཞན་མི་
སྲིད་དེ། །ཡེ་ཤེས་རང་གི་ངོ་བོ་ནི། །བསམ་བརྗོད་འདས་ཕྱིར་བརྡའ་ཐབས་དང་། །ཚིག་
ཙམ་དག་གིས་མཚོན་པ་ལས། །དངོས་སུ་བསྟན་པར་མི་ནུས་པས། །སྔགས་སུ་ཚིག་
དབང་ཞེས་གསུངས་ཏེ། །རྡོ་རྗེ་སྙིང་པོའི་རྒྱུད་སོགས་སུ། །ཚིག་དང་ཐབས་ཀྱི་སྒོ་ནས་
བསྟན། །འཇིག་རྟེན་འདས་པའི་ཡེ་ཤེས་ཏེ། །དེལྟར་གཞན་ལ་མ་ལྟོས་པར། །གཟུང་
བར་ནུས་པ་མ་ཡིན་པའི། །བདེན་གཉིས་ལམ་གྱི་དབུ་མ་བསྟན། །བདེན་གཉིས་ཚུལ་
གྱིས་དཔྱད་པའི་འབྲས། །ཟུང་འཇུག་ཉིད་དུ་གྲུབ་ནུས་པ། །དེས་ན་བདེན་གཉིས་གཏན་
འབེབས་ཚེ། །སྣང་སྟོང་དགག་བྱ་འགོག་བྱེད་ཀྱི། །ཚུལ་དུ་རེས་འཇོག་ལྟ་བུར་བསྟན། །
དེ་འབྲས་ཟུང་འཇུག་ཡེ་ཤེས་ཉིད། །རྒྱུད་སྡེར་རྣམ་གྲངས་དུ་མས་བསྟན། །དེས་ན་དབུ་
མའི་ལུགས་ཐམས་ཅད། །བདེན་གཉིས་ཚུལ་གྱིས་རྣམ་པར་བཞག །བདེན་པ་གཉིས་
ལ་མ་བརྟེན་པར། །ཟུང་འཇུག་ཁོང་དུ་ཆུད་མི་འགྱུར། །རྒྱལ་བས་ཇི་སྙེད་གསུངས་པ་
ཡང༌། །བདེན་པ་གཉིས་ལ་ཡང་དག་བརྟེན། །དེ་ཕྱིར་བདེན་གཉིས་སོ་སོ་ཡི། །ཁས་
ལེན་དང་བཅས་དབུ་མ་དེ། །འབྲས་མིང་རྒྱུ་ལ་བཏགས་པ་ཡི། །རེས་འཇོག་དབུ་མ་ཆུང་
ངུ་ཡིན། །ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །དགག་བྱ་བཅད་པའི་མེད་དགག་ཙམ། །དེ་
ལ་ལྟོས་ན་མེད་ཅེས་པའི། །ཁས་ལེན་ཀྱང་ནི་ཡོད་པ་ཡིན། །རྒྱུའམ་ལམ་གྱི་དབུ་མ་དེས།།
བདེན་གཉིས་ཇི་ལྟར་ཁས་བླངས་པ། །གཉིས་ཀ་རང་གི་ལུགས་ཡིན་གྱི། །དོན་དམ་རང་
ལུགས་བྱས་ནས་སུ། །ཀུན་རྫོབ་གཞན་ངོར་སྐྱེལ་བ་མིན། །ཡིན་ན་རང་ལུགས་དོན་
དམ་པ། །རྐྱང་རྐྱང་པོ་རུ་གྱུར་ནས་ཀྱང༌། །གཞི་ལམ་འབྲས་བུའི་སྣང་བ་ཀུན། །འཁྲུལ་
པ་སྤང་བྱ་ཁོ་ན་ཞེས། །སྐུར་པ་འདེབས་ཤིང་མཐར་ཕྱིན་ཚེ། །སྒྲིབ་བྲལ་དབྱིངས་སྟོང་
འབའ་ཞིག་ཙམ། །ལྷག་མར་ལུས་ནས་མཁྱེན་གཉིས་སོགས། །མེད་འདོད་ཉན་རང་
རང་ལམ་གྱི། །ལྷག་མེད་མྱང་འདས་འདོད་ཇི་བཞིན། །འདིར་ཡང་མར་མེ་རྒྱུན་ཆད་དང་། །
དོན་ཁྱད་མེད་ཕྱིར་ཟུང་འཇུག་དབྱིངས། །མེད་པར་སྐུར་འདེབས་ནམ་མཁའ་དང། །འདྲ་
བའི་ཡིད་ཅན་ཤཱཀྱ་ཡི། །བསྟན་པའི་རྐུན་པོ་དམ་པའི་ཆོས། །འཇིག་པའི་སྐྱེས་བུར་རྒྱལ་
བས་གསུངས། །རིགས་པས་ཀྱང་ནི་དེ་འདྲའི་ལུགས། །ཡོད་ལ་མེད་པར་སྐུར་བའི་ཚུལ། །
ཡིན་པར་ངེས་ཤེས་རྡོ་རྗེའི་མེས། །ལྟ་ངན་རི་བོ་བརླག་པར་ནུས།།དེས་ན་དབུ་མའི་
གཞུང་ཀུན་ཏུ། །ཤེས་རབ་རྒྱུ་ཡི་དབུ་མ་ཉིད། །རིགས་པས་དཔྱད་ཅིང་མ་གྲུབ་པར། །
འབྲས་བུ་ཟུང་འཇུག་མི་གྲུབ་ཕྱིར། །བདེན་པ་གཉིས་ཀྱི་ཚུལ་དུ་ནི། །རིག་པས་གཏན་
ལ་ཕབ་ན་ཡང་། །འབྲས་བུ་བདེན་པ་དབྱེར་མེད་དུ། །གྲུབ་པ་རྒྱུ་འབྲས་ཐེག་པའི་བཅུད། །
དེ་ཕྱིར་ཡེ་ཤེས་དེ་དག་ནི། །རེས་འཇོག་ཚུལ་གྱིས་མཐའ་གཉིས་ལ། །མི་གནས་བློ་ལས་
འདས་པའི་ཕྱིར། །དབུ་མ་ཡིན་ལ་ཆེན་པོའང་ཡིན། །ཇི་སྲིད་རེས་འཇོག་ཚུལ་གྱིས་ནི། །
ཡེ་ཤེས་དེ་ལ་མ་རེག་པར། །རྒྱལ་བ་ཀུན་གྱི་དགོངས་པའི་མཐིལ། །མཐར་ཐུག་དབུ་
མ་ཆེན་པོ་མིན། །གཙུབས་ཤིང་གཙུབས་པའི་མེ་བཞིན་དུ། །བདེན་གཉིས་ཤེས་རབ་
དྲི་མེད་ཀྱིས། །དྲངས་པ་ཟུང་འཇུག་ཡེ་ཤེས་ཆེ། །ཡོད་མེད་ཡིན་མིན་ལ་སོགས་པ། །
མཐའ་བཞིའི་སྤྲོས་ཀུན་ཉེར་ཞི་བའི། །འཕགས་པའི་མཉམ་བཞག་ཡེ་ཤེས་ཉིད། །ཟུང་
འཇུག་འབྲས་བུའི་དབུ་མར་བཞག །བདེན་གཉིས་ཕྱོགས་སུ་མ་ལྷུང་བ། །དེ་ལ་རྗེས་
ཐོབ་ཤེས་རབ་ཀྱིས། །སྣང་སྟོང་ཟུང་དུ་འཇུག་པ་ཞེས། །བརྡའ་ཙམ་སྒོ་ནས་བཞག་མོད་
ཀྱི༑ ༑མཉམ་བཞག་ཡེ་ཤེས་ཆེན་པོའི་ངོར། །སྣང་དང་སྟོང་དང་ཟུང་འཇུག་གི །ངོ་བོར་
དམིགས་སུ་ཡོད་མ་ཡིན། །སྣང་བ་ཐ་སྙད་ཚད་མའི་ཡུལ། །སྟོང་པ་དོན་དམ་དཔྱོད་པའི་
ཡུལ། །ཟུང་འཇུག་དེ་གཉིས་འདྲེས་པའི་ཆ། །དེ་རྣམས་སྒྲ་རྟོག་ཡུལ་ཡིན་ཕྱིར། །དེ་ལས་
འདས་པའི་མཉམ་བཞག་ནི། །སོ་སོ་རང་གི་ཡེ་ཤེས་ཙམ། །སྣང་བཅས་སྣང་མེད་ལ་
སོགས་ཀྱང༌། །དེ་བཞིན་རིག་པས་མི་འགྲུབ་བོ། །དེས་ན་ཇི་སྲིད་རེས་འཇོག་གི །བདེན་
གཉིས་བསྒོམ་པ་ཤེས་རབ་སྟེ། །ནམ་ཞིག་རེས་འཇོག་མེད་པར་ཡང་། །ཟུང་འཇུག་ཡེ་
ཤེས་ཐོབ་པའི་ཚེ། །ཕུང་པོ་དགག་བྱ་རྣམ་དཔྱོད་ཀྱིས། །བཅད་པའི་མེད་དགག་སྟོང་
རྐྱང་ལས། །འདས་ཏེ་འགོག་དང་དགག་བྱ་ཡི། །ཚུལ་དུ་སོ་སོར་མི་སྣང་བ། །སྣང་ཆ་
ཐབས་ཀྱི་རྣམ་པ་དང༌། །ལྡན་པ་རྣམ་ཀུན་མཆོག་ལྡན་གྱི། །སྟོང་ཉིད་སྤྲོས་བྲལ་ཆེན་པོ་
དང་། །ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་སོགས། །མཚན་གྱི་རྣམ་གྲངས་མང་མངའ་བ། །སེམས་
འདས་ཡེ་ཤེས་ཡིན་པའི་ཕྱིར། །རྟོག་པ་གཞན་གྱིས་བསམ་མི་ཁྱབ། །དེ་ནི་སྒྲ་རྟོག་ཡུལ་
མིན་ཕྱིར། །མེད་དགག་མ་ཡིན་དགག་སོགས་དང་། །ཐ་དད་དང་ནི་སྣང་སྟོང་སོགས། །
རིས་སུ་ཆད་པ་མེད་པ་སྟེ། །རྒྱ་ཆད་ཕྱོགས་ལྷུང་བྲལ་བས་ན། །ཁས་ལེན་ཡོད་མེད་ལས་
འདས་ཀྱང༌། །ཨེ་ཝཾ་ཟུང་དུ་ཞུགས་པ་ཡི། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །དེ་ལྟར་
ཁས་ལེན་ལས་འདས་པའི། །སྒྲོ་སྐུར་དང་བྲལ་དམ་པའི་དོན། །དབྱིངས་རིག་འདུ་འབྲལ་
མེད་པའི་ཚུལ། །འདི་ཞེས་མཚོན་བརྗོད་མེད་པར་འདོད། །འོན་ཀྱང་བསམ་མིན་བྱེད་
པོ་ལྟར། །སུ་ཡིས་རྟོགས་མེད་མ་ཡིན་ཏེ། །དྲི་མེད་རིགས་པས་དཔྱད་པ་ཡིས། །རབ་དྲང་
སོ་སོ་རང་རིག་པའི། །རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱི། །ངེས་ཤེས་ཆོས་ཀྱི་མར་མེ་ནི། །
ཐེ་ཚོམ་སླག་དང་བྲལ་བ་དག །མངོན་སུམ་སྣང་བ་ཡོད་ཕྱིར་རོ། །མདོ་ལམ་ཐབས་དང་
ཤེས་རབ་གཉིས། །གཅིག་ལ་གཅིག་གིས་རྩིས་ཟིན་པར། །བྱེད་ཀྱི་འདིར་ནི་ཐབས་ཤེས་
ཉིད། །འདུ་འབྲལ་མེད་པར་རྟོགས་གོམས་ཉིད། །སྤྲོས་བྲལ་དབུ་མ་ཆེན་པོ་དང་། །
འོད་གསལ་རྫོགས་པ་ཆེན་པོ་གཉིས། །དོན་གཅིག་མིང་གི་རྣམ་གྲངས་ཏེ། །དེ་ལས་ལྷག་
པའི་ལྟ་བ་མེད། །གང་ཕྱིར་སྣང་སྟོང་རེས་འཇོག་ཏུ། །འཛིན་མེད་མཐའ་བཞིའི་སྤྲོས་པ་
དང། །བྲལ་ཕྱིར་དེ་ལས་གཞན་གྱུར་ན། །སྤྲོས་དང་བཅས་པ་ཉིད་ཕྱིར་རོ། །འོན་ཀྱང་
མདོ་ལས་ཟུང་འཇུག་དོན། །དཔྱད་པས་གཏན་ལ་ཕབ་པ་ཉིད། །སྔགས་སུ་རང་གི་རིག་
དབྱིངས་སུ། །ཐད་ཀར་མྱོང་བས་གྲུབ་པ་ཡིན། །དེ་ཕྱིར་དབུ་མ་ཞེས་པ་ཡང་། །བདེན་
གཉིས་སོ་སོར་དཔྱོད་པ་ཡི། །ཤེས་རབ་ལམ་གྱི་དབུ་མ་དང་། །དེས་དྲངོས་བདེན་གཉིས་
རོ་གཅིག་པའི། །ཟུང་འཇུག་འབྲས་བུའི་དབུ་མ་གཉིས། །རྒྱུ་འབྲས་མདོ་སྔགས་ལྟ་བ་
སྟེ༑ ༑སྔ་མ་ཤེས་རབ་ཆ་ཡིན་ལ། །ཕྱི་མ་ཡེ་ཤེས་ཁོ་ན་ཡིན། །དེ་ཕྱིར་ཕྱི་མ་འདི་ལ་ནི། །
ཆེན་པོའི་སྒྲ་ཡིས་ཁྱད་དུ་བསྔགས། །གནས་ལུགས་ལ་ཡང་དེ་བཞིན་དུ། །དངོས་པོ་སྟོང་
པའི་གནས་ལུགས་དང༌། །བདེན་གཉིས་དབྱེར་མེད་གནས་ལུགས་གཉིས། །མིང་གཅིག་
ན་ཡང་དོན་ལ་ནི། །ཁྱད་པར་གནམ་ས་བཞིན་དུ་མཆིས། །དེ་བཞིན་ཆོས་ཉིད་ཆོས་དབྱིངས་
དང༌། །སྟོང་ཉིད་སྤྲོས་བྲལ་འགོག་པའི་མཐའ། །དོན་དམ་ལ་སོགས་སྨྲ་མཚུངས་ཀྱང༌། །
མཐར་ཐུག་དང་ནི་ཉི་ཚེ་བའི། །ཁྱད་པར་ཆེ་ཕྱིར་སྐབས་སོ་སོར། །ཕྱེ་ནས་མ་ནོར་བཤད་
བྱ་སྟེ། །སེནྡྷ་པ་ཡི་སྒྲ་བཞིན་ནོ། །དེ་ལྟར་ཟབ་མོའི་དྲི་བ་བདུན། །ཟབ་རྒྱས་དོན་ཅན་
ཚིག་རྣམས་ཀྱིས། །བཀྲོལ་ཚེ་དྲི་བ་པོ་དེ་ཡང་། །གུས་བཅས་ངག་གིས་འདི་སྐད་དུ། །
ཀྱེ་མ་ཁྲོན་པའི་ཆུ་ལ་རུས་སྦལ་བཞིན། །གཞན་གཞུང་ཆོས་ཀྱི་རྒྱ་མཚོ་ཆེན་པོའི་འཇིངས། །
མ་མཐོང་རང་བཞེད་ཁྲོན་པས་དྲེགས་པའི་རོ། །མྱང་ལྡན་བདག་ཅག་ཁེངས་པ་གཏམ་
འདིས་བསྙིལ། །རོང་ཀློང་ཞེས་གྲགས་འཇམ་དཔལ་དགྱེས་པའི་གར། །འཕགས་མཆོག་
ཐུགས་ཀྱི་རྒྱ་མཚོ་ཆེན་པོ་ན། །སྣ་ཚོགས་ནོར་བུའི་ཆོས་མཛོད་མང་མངའ་བ། །དེ་སྤངས་
གཞན་ལུགས་འཆིང་བུར་རེ་རྣམས་འཁྲུལ། །ཆོས་བཟང་རིགས་པས་རྣམ་དཔྱད་བསམ་
པ་ཅན། །རྟག་ཏུ་བདུད་ཀྱི་བར་ཆད་བྱེད་པ་མེད། །དེ་ཕྱིར་རིག་ལམ་སེང་གེའི་སྒྲ་བོ་ཆེ། །
བསྒྲགས་པས་མཚོ་སྐྱེས་བསྟན་པའི་རང་ལུགས་ཀྱི། །ཁྱད་པར་མཆོག་ལ་ཡིད་ཆེས་རྙེད་
གྱུར་ཅིང་། །ཕྱོགས་རེས་དྲེགས་པའི་གཞན་ཕྱོགས་སུན་འབྱིན་པ། །མི་འཕྲོག་ཤེས་རབ་
རལ་གྲིའི་ཡུ་བ་ལ། །བརྟེན་པའི་གོ་སྐབས་གཞན་ལ་སྦྱིན་པར་མཛོད། །ཆོས་ཚུལ་ཐོས་
པ་བདུད་རྩིའི་མཚོ་འདྲ་ལ། །ཟབ་མོའི་དོན་གང་དེ་ཡི་ནོར་བུ་བཞིན། །དེ་དག་གང་ན་
གནས་ཀྱང་བླང་བྱ་སྟེ། །ལྟར་སྣང་གང་ཟག་རྗེས་སུ་འབྲང་མི་བྱ། །མང་ཐོས་མང་དུ་སྨྲ་
བས་ཀྱང་མིན་ལ། །སྐྱེས་སྦྱང་ཟབ་ཟབ་ལྟར་སྣང་དཔྱད་པས་ཀྱང་། །མི་ཕིགས་ཟབ་
དོན་ས་འོག་གཏེར་འདྲ་བ། །གང་གིས་འདི་འཛིན་བློ་ལྡན་ཉིད་དུ་ཤེས། །བློ་གཏེར་འབུམ་
ཕྲག་ནོར་བུའི་སྣོད་ཉིད་དུ། །བདག་བློ་ཟབ་ཡངས་རྒྱ་མཚོ་ཆེར་བསྒྲུབས་པའི། །གདམས་
པའི་ལེགས་བྱས་སློང་བའི་དུས་རིག་ནས། །ཀླུ་དབང་དཔལ་གྱི་རྒྱ་མཚོར་དགའ་བཞིན་
འཐུངས། །གང་ལས་བབས་པའི་ལེགས་བཤད་ཆུ་ཀླུང་གིས། །རྣམ་དཔྱོད་བློ་ཡི་རྒྱ་མཚོ་
ཁྱོན་ཡངས་པར། །ངེས་རྟོགས་དེ་ཡི་འབྱུང་གནས་ཀླུ་དབང་ནི། །རིག་འཛིན་བརྒྱུད་པའི་
ཞལ་ལུང་ཉིད་དུ་རྟོགས། །མཁའ་མཐའི་ཧུབ་གྱིས་འདྲེན་ཅིང་ཟོས་པའི་བཅུད། །སྙིང་
ལ་ཀུན་ཕན་བདུད་རྩིའི་དཔྱིད་ཉིད་དུ། །ལེན་པའི་མཐུ་ཆེན་བློ་ལ་ཐོབ་མཛད་པའི། །
ངོ་མཚར་ཆོས་ཀྱི་མར་མེ་གསལ་བར་མཛོད། །དེ་སྐད་ཟེར་ཞིང་གུས་བཏུད་ཚེ། །དྲང་
སྲོང་དེ་ཡིས་དེ་ལ་ཡང་། །ཟབ་མིན་ཟབ་རྒྱས་སུ་བསྒྲུབས་པ། །གོང་གི་དོན་བསྡུས་འདི་
ལྟར་གདམས། །ཆོས་མཆོག་སེང་གེའི་འོ་མ་ནི། །བློ་གྲོས་སྣོད་བཟང་ཁོ་ནས་འཛིན། །
གཞན་དུ་འབད་ཀྱང་མི་གནས་ལྟར། །འདི་ཤོངས་སྣོད་ནི་འདི་ཡིན་ནོ། །ཨ་ནི་མ་སྐྱེས་
ཆོས་ཀྱི་སྒོ། །ར་ནི་རྡུལ་དང་བྲལ་བའི་སྒོ། །པ་ནི་དོན་དམ་སྣང་བའི་སྒོ། །ཙ་ནི་འཆི་
འཕོ་སྐྱེ་བ་མེད། །ན་ནི་མིང་དང་བྲལ་བ་ཉིད། །དྷཱིཙྪནི་བློ་གྲོས་ཟབ་མོའི་སྒོ། །སྒོ་དྲུག་
དེ་དག་རེ་རེ་ཡང་། །བདེན་གཉིས་ཚུལ་གྱིས་དམིགས་ནས་སུ། །སྒྱུ་མའི་ཏིང་འཛིན་
བསྒྲུབས་བྱས་ན། །མཐའ་མེད་རྒྱ་མཚོ་ཆེན་པོའི་ཆུ། །ཧུབ་ཀྱིས་ལྟོ་བ་འདྲེན་ནུས་པའི། །
སྙིང་གའི་ནོར་བུ་དྲི་མེད་ལ། །གཟུངས་སྤོབས་བློ་ཡི་དཔལ་དུ་འབར། །མཐའ་བཞིའི་
སྤྲོས་པ་ཁེགས་པའི་ངེས་ཤེས་ཀྱི། །ལམ་ནས་ཡིན་ལུགས་གཤིས་སུ་སོན་པ་ཡི། །བློ་
ལས་འདས་པ་འོད་གསལ་གཉུག་མའི་དབྱིངས། །འཇམ་དཔལ་རྫོགས་པ་ཆེན་པོའི་ངང་
དུ་ཞོག །མཐའ་བྲལ་ལྟ་བའི་རྒྱལ་པོ་ཡངས་པའི་ཀློང་། །མཉམ་པར་བཞག་པའི་བདེན་
དོན་མཐོང་བ་ལས། །མཐའ་བཞིའི་བློ་ངན་མུན་པའི་སྣང་བ་ཀུན། །ངང་གིས་འགགས་
པའི་འོད་གསལ་ཉི་མ་འཆར། །གཟུར་གནས་དཔྱོད་པ་དྲང་སྲོང་སྟེ། །ཐོལ་བྱུང་རྟོག་
པ་ལྡོམ་བུ་བ། །དེ་དེས་དྲིས་ལན་ཚུལ་གྱིས་ནི། །དཀའ་གནས་རྒྱལ་སྲིད་གྲངས་ལྡན་
བཤད། །བློ་ཆུང་རྟོག་གེ་བདག་འདྲ་ཡིས། །ཤིན་ཏུ་ཟབ་ཅིང་བརླིང་བའི་དོན། །བློ་ཆེན་
འཕགས་པའི་ཐུགས་ནས་ཀྱང་། །བླངས་པ་བཞིན་དུ་འདི་ན་བཀོད། །དེ་སྐད་སྨྲས་པའི་
ལེགས་བཤད་ཆོས་ཀྱི་ཆར། །རྒྱལ་སྲས་བྱེ་བས་བགྲོད་ཅིང་དགའ་བཞིན་གྱིས། །མཉན་
པས་དོན་ཆེན་ཐོབ་པར་སེམས་པ་ཡིས། །དྲིས་ལ་ཡི་རངས་བདུད་རྩིའི་གོ་སྐབས་དབྱེ། །
དེ་ཕྱིར་དེ་བས་དེ་ལྟར་ཡང་དང་ཡང་། །ཟབ་རྒྱས་དོན་སེམས་དུ་མའི་དོན་དུ་ཡང་། །
ཡིད་ཀྱི་མེ་ལོང་ངོས་ལ་ཇི་ཤར་བཞིན། །རྩེད་འཇོའི་རོལ་པས་དྷིམིང་ཅན་གྱིས་སྤེལ། །
བདེ་གཤེགས་ཆོས་ཚུལ་ཟབ་མོ་ནམ་མཁའི་མཐའ། །རྣམ་པ་ཀུན་ཏུ་བརྗོད་པར་མི་ནུས་
ཀྱང་། །ངེས་ཤེས་རིན་པོ་ཆེ་ཡི་སྒྲོན་མེ་འདིར། །བརྟེན་ན་ཐེག་མཆོག་ལམ་བཟང་རྙེད་
པར་ནུས། །མངྒ་ལཾ།། །། ་
༄༅། །ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་རྣམ་བཤད་
འོད་ཟེར་དྲི་མེད་ཅེས་བྱ་བ་བཞུགས་སོ། །
་
་
ན་མོ་བྷུདྡྷ་དྷརྨཱ་སང་གྷཱ་ཡ། བསྐལ་མང་ཚོགས་གཉིས་རྒྱ་མཚོ་བསྲུབས་ལས་ཐོན། །རྣམ་
མང་སྐུ་གསུམ་དཀྱིལ་འཁོར་ཡོངས་གང་བའི། །ལྷ་མིའི་སྟོན་པ་སྐལ་བཟང་ཀུ་མུད་གཉེན། །
ཐུབ་དབང་སྨྲ་བའི་ཟླ་བ་ལ་ཕྱག་འཚལ། །སྲས་བཅས་རྒྱལ་ཀུན་མཁྱེན་པའི་གཏེར་
ཆེན་བཅུད། །མཚམས་སྤྲིན་མདངས་འཛིན་མཚན་དཔེའི་དཔལ་འབར་བ། །སྙིང་གི་
ཉི་མ་རྒྱལ་སྲས་འཇམ་པའི་དབྱངས། །བདག་བློའི་པདྨའི་ཟེའུ་འབྲུར་སྨིན་པར་མཛོད། །
གང་གི་རང་བཞིན་མི་ཕམ་མགོན་དང་འཇམ་པའི་དབྱངས་སོགས་རོལ་བའི་གར། །
ལུང་རིགས་གད་རྒྱང་སེངྒེའི་སྒྲ་སྒྲོགས་རྒོལ་བའི་ཕྱོགས་ལས་རྣམ་པར་རྒྱལ། །མདོ་རྒྱུད་
རྒྱ་མཚོའི་གནད་འགགས་ཟབ་དོན་ནོར་བུའི་མཛོད་ཀྱི་སྒོ་འཕར་ཕྱེས། །རྒྱུ་མཚན་བཞི་
ཡི་མཚན་དོན་ལྡན་པ་འཇམ་མགོན་བླ་མའི་ཞབས་ལ་འདུད། །གང་གི་དགོངས་ཟབ་ལྷ་
ལམ་ཡངས་པར་གསལ་བའི་མཁྱེན་རབ་ཁྱིམས་ཀྱི་མེ། །གཟི་བརྗིད་སྣུམ་པོས་རྗེས་སུ་
འཁྱུད་ནས་བདག་བློས་གེ་སར་རབ་རྒྱས་ནས། །ཚུལ་གནས་ཐོས་བསམ་བསྒོམ་པའི་
ཡོན་ཏན་ཀུན་ཏུ་བཀྲ་བའི་མདངས་དང་ལྡན། །འཆད་རྩོད་རྩོམ་པའི་སྦྲང་རྩིའི་གཏམས་
པས་བསྟན་དང་འགྲོ་བའི་དོན་བྱེད་ཤོག །ཆོས་བཟང་རིགས་པ་དྲི་མེད་འོད་ཟེར་གྱི། །
དགོངས་པ་བློ་གྲོས་དྲི་མེད་མི་ཕམ་པས། །བསླངས་བ་ཆོས་སློབ་དྲི་མེད་འོད་ཟེར་གྱི། །
རྣམ་བཤད་གོ་བ་དྲི་མེད་རྙེད་སླད་བྲི། །དེ་ཡང་འདིར་སངས་རྒྱས་ཐུགས་རྗེ་ཅན་འཇིག་
རྟེན་གྱི་ཁམས་སུ་བྱོན་ནས་རྒྱུ་དང་འབྲས་བུའི་ཐེག་པ་ཇི་སྙེད་ཅིག་གསུངས་པ་དེ་ཐམས་
ཅད་རྒྱ་གར་འཕགས་པའི་ཡུལ་ནས་གངས་ཅན་བོད་དུ་བསྟན་པ་རིམ་གྱིས་དར་བ་ལས།
འགྱུར་སྔ་ཕྱི་གཉིས་བྱུང་བ་ལ་གསར་རྙིང་གཉིས་སུ་གྲགས་པ་ལས་འདིར་མདོ་སྔགས་
ཟབ་རྒྱས་ཀྱི་དོན་ཐམས་ཅད་ལ་གསང་ཆེན་རྙིང་མས་ཇི་ལྟར་བཤད་ཅིང་བསྒྲུབ་པའི་ལྟ་
སྒོམ་སོགས་ཀྱི་དགོངས་སྤྱོད་ཟབ་མོའི་གནད་དྲི་ལན་གྱི་སྒོ་ནས་སྟོན་པའི་མན་ངག་གི་
བསྟན་བཅོས་འདི་འཆད་པ་ལ། ཐོག་མར་དགེ་བ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་
གླེང་སློང་བ་དང་། བར་དུ་དགེ་བ་བརྩམ་བྱ་རྒྱལ་སྲིད་ཀྱི་གྲངས་དང་ལྡན་པའི་བསྟན་
བཅོས་ཀྱི་ལུས་ཕུན་སུམ་ཚོགས་པ། ཐ་མར་དགེ་བ་མཇུག་ཡོངས་སུ་རྫོགས་པའི་ཤིས་
པ་བཟང་པོ་དང་གསུམ་ལས། དང་པོ་ལ། དོན་དང་ལྡན་པའི་བསྟན་བཅོས་ཀྱི་མཚན་
དང་། མཚན་དེ་ལྡན་གྱི་བསྟན་བཅོས་འདི་ཇི་ལྟར་གླེང་བསླངས་པ་གཉིས་ལས། དང་
པོ་ནི། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་བཞུགས་སོ། །ཞེས་པ་སྟེ། འདིར་མདོ་སྔགས་ཟབ་
རྒྱས་ཀྱི་དོན་ཤིན་ཏུ་རྟོགས་པར་དཀའ་བའི་གནས་རྣམས་ལ་ཐོས་བསམ་བསྒོམ་པའི་
ཤེས་རབ་གསུམ་གྱི་སྒོ་ནས་ངེས་པའི་ཤེས་པ་ཐེ་ཚོམ་དང་བྲལ་བ་སྐྱེས་ན་མ་རིག་པའི་མུན་
པ་སེལ་བ་ནི། དཔེར་ན་རིན་པོ་ཆེ་མེ་ཤེལ་དང་ཆུ་ཤེལ་སོགས་ཀྱི་སྒྲོན་མེས་འཇིག་རྟེན་
མུན་པ་སེལ་བ་བཞིན་ནོ་ཞེས་དཔེའི་སྒོ་ནས་མཚན་དུ་བཏགས་པ་དང་། དགོས་པ་ནི་
སྤྱི་ལྟར་རོ། །གཉིས་པ་ལ། རྒྱལ་བའི་བསྟན་པ་ཟབ་རྒྱས་ཀྱི་གནས་ལ་ཇི་ལྟར་འཇུག་
ཚུལ་དང༌། དེའི་དོན་སྟོན་པའི་དཀའ་གནས་ཀྱི་དྲི་བ་བྱས་ཚུལ་གཉིས་ལས། དང་པོ་ལ།
ཚད་མ་གཉིས་ཀྱི་དྲངས་པའི་ངེས་ཤེས་ཀྱི་ཕན་ཡོན་དང༌། ངེས་ཤེས་དེའི་སྒོ་ཚད་མའི་
དགོས་པ་བཤད་པ་གཉིས་ལས། དང་པོ་ལ། ངེས་ཤེས་འདི་ལམ་ཡང་དག་གསལ་བྱེད་
ཡིན་པས་འདི་ལ་འཇུག་འདོད་ཀྱི་དད་པ་བསྐྱེད་པ། འདི་དང་བྲལ་བའི་སྐྱོན་བསྟན་པ།
དེ་གཉིས་ཀྱི་རྒྱུ་མཚན་དཔེ་ཡིས་བཤད་པ་དང་གསུམ་ལས། དང་པོ་ནི། གང་ཡིད་སོགས་
ཀྱི་བསྟན་ཏེ། དེ་ཡང་གྲུབ་པའི་མཐའ་ལ་ཞུགས་ནས་ཐར་པའི་ལམ་དོན་དུ་གཉེར་བའི་
སློབ་པ་པོ་གང་ཞིག་གིས་ཤིན་ཏུ་ཕྲ་ཞིང་རྟོགས་པར་དཀའ་བའི་ཟབ་རྒྱས་ཀྱི་དོན་བཟང་
པོ་ལ་རྣམ་པར་དཔྱོད་པའི་ཡིད་གཡོ་བའི་ཚེ་ཐེག་པ་མཐོ་དམན་གྱི་དབང་གིས་བརྗོད་
བྱ་བདེན་པ་གཉིས་ཀྱི་གནས་ལུགས་ཇེ་བས་ཇེ་ཟབ་ཏུ་སོང་བ་ལ་དེ་བཞིན་ཏུ་དཔྱོད་པའི་
བློ་ནུས་མེད་ཕན་ཆོད་ཕྱོགས་རིས་འགྲིགས་ཀྱང་ཕྱོགས་རིས་མི་འགྲིགས་པ་སོགས་ཀྱི་
དབང་གིས་ཡིན་ནམ་མིན་སྙམ་པའི་བློ་རྩེ་གཉིས་སུ་སོང་བ་ནི། མ་རིག་པའི་དབང་གིས་
ཐེ་ཚོམ་སྐྱེ་བ་སྟེ། མངོན་པ་མཛོད་ལས། རྨོངས་ལས་ཐེ་ཚོམ་དེ་ལས་ནི། ཞེས་གསུངས་
པ་ལྟར་ཤིན་ཏུ་འཐིབ་པོ་དང་ལྡན་པའི་སྒྲིབ་པའི་དྲྭ་བ་འཐུག་པོས་སྒྲུབས་སུ་འཐུམས་
པ་རྣམས་ལ། མ་འདྲེས་པའི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་ལ་ཅུང་ཟད་ཀྱང་འཁྲུགས་པའམ་
ནོར་བ་མེད་པར་འབྱེད་པར་བྱེད་པ་དེ་ནི་འཕགས་མཆོག་འཇམ་དཔལ་རྡོ་རྗེའི་མཁྱེན་
རབ་དྲི་མ་མེད་པ་སོ་སོ་ཡང་དག་རིག་པ་བཞིའི་འོད་འབར་བའི་མར་མེ་ཡིན་ལ། དེ་ནི་
སྐབས་འདིར་གཞུང་རྩོམ་པ་པོ་ལ། ལམ་བཟང་གསལ་བར་བྱེད་པའི་མཁྱེན་རབ་ཀྱི་
ཚུལ་དུ་ཞུགས་པ་ཡིན་པར་མ་ཟད། དེས་བརྩམ་པའི་གཞུང་འདིས་སྐལ་པ་དང་ལྡན་པ་
འགའ་ཡིས་སྙིང་ལ་གཞུང་འདི་ལྟ་བུ་ཐོས་སོགས་ཀྱིས་ངེས་ཤེས་ཟབ་མོ་སུས་ཀྱང་མི་
འཕྲོག་པའི་ཤེས་རབ་ཆོས་རྣམ་པར་འབྱེད་པའི་ཚུལ་དུ་ཡང་འཇུག་པར་འགྱུར་བ་ཡིན་
པས། རྒྱུད་བླ་མར། ཇི་ལྟར་ཉི་མ་རྟོག་མེད་པར། །རང་འོད་ཅིག་ཅར་སྤྲོས་པ་ཡིས། །
པདྨ་རྒྱས་པར་བྱེད་པ་དང༌། །གཞན་དག་སྨིན་པར་བྱེད་པ་ལྟར། །དེ་བཞིན་དེ་བཞིན་
གཤེགས་པ་ཡི། །ཉི་མ་དམ་ཆོས་འོད་ཟེར་དག །གདུལ་བྱའི་སྐྱེ་བོའི་པདྨ་ལ། །རྣམ་
པར་རྟོགས་པ་མེད་པར་འཇུག །ཞེས་སོ། །དེ་འདྲའི་ཤེས་རབ་འདི་ནི་ཐར་འདོད་དམག་
གི་ལམ་བཟང་པོ་མཐོང་བའི་འདྲེན་བྱེད་མིག་ལྟ་བུ་ཡིན་ཅིང་། དེས་ན་གཞན་གྱི་དྲིང་
ལ་མི་འཇོག་པའི་ངེས་ཤེས་དེ་ཉིད་གནས་ལུགས་རིག་པའི་ལྟ་བ་ཡང་དག་དང་། འཇམ་
པའི་དབྱངས་ཀྱི་མཁྱེན་རབ་ཀྱང་ཡིན་པས་དེར་བསྟན་བཅོས་རྩོམ་པ་པོ་བདག་ཀྱང་དད་
ཅེས་མཆོད་པར་བརྗོད་དོ། །གཉིས་པ་ནི། ཀྱེ་མ་སོགས། དེ་ལྟར་འཇིག་རྟེན་རྨོངས་པའི་
དབང་གིས་ལམ་ཡང་དག་མ་རྙེད་པས་ཀྱེ་མ་ཞེས། མདོ་རྒྱུད་ཟབ་མོའི་བརྗོད་བྱ་བདེན་
གཉིས་དབྱེར་མེད་གྱི་གནས་ལུགས་ཡང་དག་པ་ལ། རང་རྒྱུད་ལྟ་སྒོམ་གྱིས་སྦྱོར་བར་
བྱེད་པའི་སྒོ་ཚད་མའི་དྲངས་པའི་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་ཁྱོད་མེད་པས་ན། བློ་
དང་ལྡན་པ་སོགས་ཀྱིས་ཀྱང་ཇི་བཞིན་པའི་ལམ་འདི་སྐྱོན་མེད་པ་ཞིག་རྟོགས་པར་དཀའ་
ན༑ ལྷག་པའི་ལྷའི་བྱིན་གྱིས་མ་བརླབས་པ་དང་། རང་ཉིད་ཀྱང་ཇི་ལྟ་ཇི་སྙེད་ཀྱི་གནས་
ལ་དཔྱོད་པའི་བློ་སྟོབས་ཞན་པ་རྣམས་ཀྱིས་རྟོགས་པར་དཀའ་བ་སྨོས་ཅི་དགོས་ཀྱི། དེས་
ན་སྲིད་པ་འདི་ན་ལམ་ལ་འཇུག་འདོད་ཀྱི་བློ་ཙམ་ཡོད་པ་རྣམས་ཀྱང་ཐོག་མེད་ནས་གོམས་
པའི་འཁྲུལ་བ་ཉ་རྒྱ་ལྟ་བུས་བཅིངས་ཀྱང་
། འཆིང་བྱེད་མཁན་པོ་གཞན་བདེན་པར་གྲུབ་
པ་ཞིག་གིས་བཅིངས་བ་མ་ཡིན་པར། རང་ཉིད་ཐེ་ཚོམ་སྒྱུ་མ་ལྟ་བུའི་རྒྱུར་འཐུམ་ཞིང་
རྨོངས་པ་དེས་ཕྱིར། གཞུང་འདི་ལྟ་བུ་ལ་བརྟེན་ནས་ཟབ་མོའི་གནས་ལུགས་ལ་ཐེ་ཚོམ་
གྱི་རྒྱ་ཁྲོལ་ཞིང་ཡང་དག་པའི་ཚད་མའི་ལམ་ནས་ངེས་ཤེས་བསྐྱེད་པར་བྱའོ། །གསུམ་
པ་ནི། གཞི་ལམ་སོགས། དེ་ཡང་སྤྱིར་ཐེག་པ་དམན་པས་ཤེས་བྱ་གཞི་ལྔ་སོགས་དང་།
ལམ་བདེན་བཞི་རྟེན་འབྲེལ་སོགས་དང་འབྲས་བུ་ཟུང་བཞི་ཡ་བརྒྱད་དུ་འདོད་པ་སོགས་
ཀྱི་གཞི་ལམ་འབྲས་གསུམ་དང་། ཐེག་ཆེན་པས་སྤྱི་ཙམ་དུ་གཞི་བདེན་གཉིས་ཟུང་འཇུག་
དང༌། ལམ་ཚོགས་གཉིས་དང་ཐབས་ཤེས་ཟུང་འབྲེལ། འབྲས་བུ་སྐུ་གཉིས་ཟུང་འཇུག་
ཏུ་འདོད་པས་དེ་འདྲའི་གཞི་ལམ་འབྲས་བུའི་ཆོས་དེ་རྣམས་ལ་ཚད་མས་སྒྲོ་འདོགས་
བསལ་ནས་ངེས་པས་ཡིད་ཆེས་འདྲོངས་སྟེ་བསྒོམས་པས་ཉམས་སུ་ལེན་པ་དང་། ལམ་
ཡང་དག་པ་ཡིན་ཀྱང་དེས་དོན་མ་ངེས་པར་ཐོས་པས་དད་པ་བསྐྱེད་ནས་གོམས་པར་
བྱེད་པ་སྟེ། དེ་ལྟར་གཉིས་པོ་དེ་ནི་ཕན་ཚུན་ལྟོས་ན་སྔ་མ་ལམ་ཡང་དག་ལ་ཞུགས་པ་
དང༌། ཕྱི་མ་ལམ་དེ་ཡི་གཟུགས་བརྙན་ཙམ་ཡིན་པས་དེ་གཉིས་ཀྱི་སྒྲོ་འདོགས་དང་ཐེ་
ཚོམ་སེལ་མི་སེལ་གྱི་ཁྱད་པར་ནི། དཔེར་ན་མར་མེ་དངོས་ཀྱིས་མུན་པ་སེལ་ཀྱང་དེས་
གཟུགས་བརྙན་གྱིས་མི་སེལ་བ་བཞིན་ནོ། ། །
གཉིས་པ་ལ། ཤིང་རྟ་ཆེན་པོ་རྣམ་པ་གཉིས་འཇིག་རྟེན་དུ་བྱོན་ནས་ཟབ་རྒྱས་ཀྱི་གནས་
གསལ་བར་བྱས་ཚུལ་དང་། དེ་གཉིས་ཀྱི་ཇི་ལྟར་ལམ་སྲོལ་ཕྱེས་པའི་ཚད་མ་གཉིས་ནི་
ཆོས་ཅན་དང་ཆོས་ཉིད་ཀྱི་གནས་འཇལ་བྱེད་ཡིན་པ། དེ་བཞིན་དུ་ཞུགས་པའི་གཟུར་
གནས་གང་ཟག་གི་བསྔགས་པ་བཤད་པ་དང་གསུམ་ལས། །དང་པོ་ནི། རྨད་བྱུང་ཆོས་
ཁྲོ་ཤུལ་མཁན་པོ་
སོགས། དེ་ལྟར་སློབ་དཔོན་སྔ་མ་ནི་དཔལ་ཧེ་རུ་ཀས་ཕྱོགས་ཐམས་ཅད་ལས་རྣམས་
པར་རྒྱལ་བའི་དངོས་གྲུབ་བརྩལ་ནས་མཁས་བཙུན་བཟང་པོའི་རྣམ་ཐར་སུས་ཀྱང་འགྲན་
ཟླ་མེད་པའི་ངོ་མཚར་རྨད་དུ་བྱུང་བ་དང་ལྡན་པ་དཔལ་ཆོས་ཀྱི་གྲགས་པ་ཞེས་མཚན་
སྙན་སྲིད་ཞིའི་ཁོངས་སུ་ཁྱབ་པ་དེ་དང་། དེ་བཞིན་དུ་དཔལ་ལྡན་ཟླ་བ་གྲགས་པ་ནི་མུ་
སྟེགས་ཀྱི་རྒོལ་བ་མང་པོ་ཚར་བཅད་ཅིང་བྲམ་ཟེ་དང་ཁྱིམ་བདག་མང་པོ་བསྟན་པ་ལ་
བཅུག་ནས་ཆོས་གཞི་ཆེན་པོ་མང་དུ་བཏབ་པ་དང་། རི་མོ་བྲིས་པའི་བ་ལས་འོ་མ་འཇོ་
བ་སོགས་དང་རྩིགས་པ་དང་ཀ་བ་ལ་ཐོགས་མེད་དུ་བྱོན་པ་སོགས་ངོ་མཚར་པའི་མཁས་
ཤིང་གྲུབ་པའི་ཡོན་ཏན་བསམ་གྱིས་མ་ཁྱབ་པ་མངའ་བ་དེ་འདྲེའི་སློབ་དཔོན་དེ་གཉིས་
ཀྱི་ལེགས་བཤད། ཚད་མ་དང་དབུ་མའི་སྐོར་སོགས་འཇིག་རྟེན་རྨོངས་པའི་མུན་པ་
སེལ་བའི་གསུང་གི་འོད་དང་ཆབ་གཅིག་པར། ཐུབ་པའི་བསྟན་པ་འཁོར་ལོ་བར་ཐ་
གཉིས་སོགས་ཟབ་ཅིང་རྒྱ་ཆེ་བའི་ལྷ་ལམ་ཡངས་པོར་ཤར་བ་དེ་ཡིས། ཐེག་པ་ཆེན་
པོའི་ཟབ་རྒྱས་ཀྱི་བཀའ་དང་དགོངས་འགྲེལ་གྱི་གནས་ཐམས་ཅད་ལ་ཐེ་ཚོམ་གྱི་མུན་
པ་ཐིབ་པོ་རྣམ་པར་འཇོམས་པར་མཛད་ནས་བདེན་གཉིས་ཀྱི་གནས་ལ་ལྟ་བའི་ཚད་
མའི་མིག་གསལ་བར་མཛད་དོ། །གཉིས་པ་ནི། ཐ་སྙད་དཔྱོད་སོགས། དེ་ཡང་ཆོས་
ཀྱི་གྲགས་པའི་དགོངས་དོན་བཞིན་དུ་ཐ་སྙད་ཀུན་རྫོབ་བདེན་པ་རྣམ་པར་དཔྱོད་པའི་ཚད་མ་
ཡིས། རྒྱུ་དགེ་སྡིག་སོགས་ཀྱི་བླང་དོར་དང་ཕྱི་ནང་གི་གྲུབ་མཐའ་སོགས་ཀྱི་དགག་སྒྲུབ་
དང་འཇུག་ལྡོག་ཐམས་ཅད་མི་ནོར་ཞིང་སོ་སོར་དམིགས་འབྱེད་དགོས་ཏེ། རྣམ་འགྲེལ་
ལས། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཡོད་མེད་ཉིད་དུ་དཔྱོད་རྣམས་ཀྱིས། །དེ་
།
ནི་བླང་དོར་འབྲས་ཅན་བས། །སྐྱེས་བུ་ཐམས་ཅད་འཇུག་པ་ཡིན། །ཅེས་གསུངས། ཁྱད་
པར་དུ་བསྟན་པ་ཡང་དག་པའི་འཇུག་ངོགས་སུ་དངོས་སྟོབས་རིགས་པས་གཏན་ལ་
འབེབས་པ་དང་། སྟོན་པ་གཞན་ལས་ཁྱད་པར་དུ་གྱུར་པ་ཚད་མའི་སྐྱེས་བུར་བསྒྲུབ་
པ་ལ་ཐེ་ཚོམ་མེད་པར་ཡིད་ཆེས་ཁྱད་པར་ཅན་རྙེད་པའི་སྒོ་གཅིག་པུ་ནི་སྡེ་བདུན་མདོ་
དང་བཅས་པའི་ཚད་མའི་གཞུང་རྣམས་ཡིན་ཏེ། ཡང་རྣམ་འགྲེལ་ལས། བདེན་པ་བཞི་
ལ་བརྟན་པ་དང་། བདེ་དང་ང་དང་ངའི་ཞེས་སོགས། །ཡང་དག་མིན་པ་རྣམས་བཅུ་དྲུག །
སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད། །དེ་ཉིད་ལ་ནི་དེ་ལགལ་དོན། །དེ་ཉིད་རྣམ་པ་རྗེས་
རྟོགས་ཅན། །ལེགས་བསྒོམ་ཡང་དག་ལྟ་བ་ཡིས། །སྲེད་པ་རྗེས་འབྲངས་བཅས་འཇོམས་
བྱེད། །ཅེས་དང་། ཚད་མ་མདོ་ལས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། སྟོན་པ་
བདེ་གཤེགས་སྐྱོབས་ལ་ཕྱག་འཚལ་ལོ། །ཅེས་པའི་དོན་བཞིན་དུ་བསམ་སོགས་ལུགས་
འབྱུང་ལམ་བཞིན་བཤད་པ་དང་། སྐྱོབས་སོགས་ལུགས་ལྡོག་ཤེས་བྱེད་དུ་བཤད་པ་
སོགས་ཀྱིས་བསྟན་དང་སྟོན་པ་ཚད་མར་བསྒྲུབ་པ་ནི། དོན་གནས་ཀྱི་ཡོན་ཏན་ཡོད་པ་
ལ་ཡོད་པ་བཞིན་རིགས་ལམ་གྱིས་བསྟན་པ་སྟེ། ཁྱད་པར་འཕགས་བསྟོད་ལས། བདག་
ནི་སྟོན་པ་གཞན་སྤང་ནས། །བཅོམ་ལྡན་ཁྱོད་ལ་སྐྱབས་མཆི་བ། །དེ་ཅིའི་སླད་དུ་ཞེ་ན་
ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །ཞེས་གསུངས་པ་བཞིན་ནོ། །ཡང་དེ་བཞིན་
དུ་རབ་ཏུ་མི་གནས་པའི་དབུ་མ་ཆེན་པོ་གནས་ལུགས་སྤྲོས་དང་བྲལ་བའི་དོན་གཏན་ལ་
འབེབ་པ་ལ། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་གཞལ་དོན་ལྟར་དོན་དམ་མཐར་
ཐུག་པ་དཔྱོད་པའི་རིགས་ཤེས་ཀྱི་ཚད་མ་དྲི་མེད་རྩལ་དུ་བཏོན་ནས་འཇིག་རྟེན་དུ་དབུ་
མ་ཐལ་འགྱུར་བའི་རྣམ་བཞག་གསལ་བར་བྱེད་པ་ནི་དཔལ་ལྡན་ཟླ་བའི་དགོངས་པ་
ཟབ་མོ་མཚན་ཉིད་ཐེག་པའི་ནང་ནས་ལྟ་བ་མཆོག་དུ་གྱུར་པ་དབུ་མ་སྟེ། ཟླ་བའི་ཞབས་
ཀྱིས། གཞན་ལས་སྐྱེ་བ་དགག་པ་བཤད་པ་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ལྟ་བ་ཁོ་
ན་ལ་གནས་པས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་འཕགས་པ་རྣམས་ཀྱི་གཟིགས་པ་ཁས་
བླང་ནས་ཡིན་ནོ། །ཞེས་གསུངས།
དེ་ལྟ་ན་རྒྱ་ཆེ་བ་ཐབས་ཀྱི་ཆ་འཇལ་བར་བྱེད་པ་དང་། ཟབ་མོ་རྣམ་པར་འབྱེད་པའི་ཤེས་
རབ་སྟོན་པའི་གཞུང་རྣམ་པ་གཉིས་སོ། སྐབས་འདིར་བདེན་པ་གཉིས་སུ་དབྱེ་གཞི་ནི་
ཀུན་བྱང་གི་ཆོས་ཐམས་ཅད་ཡིན་ལ་དེས་དབྱེ་བ་ལ་གནས་ལུསག་དོན་དམ་ལ་དཔྱོད་
པའི་ཚད་མའི་དབང་དུ་བྱས་པའི་བདེན་པ་གཉིས་སུ་དབྱེ་བ་དང་། སྣང་ཚུལ་ལ་དཔྱོད་
པ་ཀུན་ཏུ་ཐ་སྙད་པའི་ཚད་མའི་དབང་དུ་བྱས་པའི་བདེན་པ་གཉིས་སུ་དབྱེ་བ་སྟེ། དེ་
གཉིས་ནི་དོན་དམ་པར་གཅིག་དང་ཐ་དད་ཀྱི་སྤྲོས་པའི་མཚན་པ་གང་དུ་འང་ཁས་བླང་
དུ་མེད་པ་སྣང་སྟོང་ཟུང་འཇུག་མཉམ་པ་ཆེན་པོའི་དབྱིངས་ཡིན་པར་མཚུངས་ནའང་། ཐ་
སྙད་དུ་བདེན་གཉིས་འཇོག་ཚུལ་སྔ་མ་ནི་སྣང་ཆ་དང་སྟོང་ཆ་ལ་འཇོག་པས་ངོ་བོ་གཅིག་
ལ་ལྡོག་པ་ཐ་དད་དང༌། ཕྱི་མ་ནི་གཅིག་པ་བཀག་པའི་ཐ་དད་དུ་ཁས་ལེན་ཅིང་། དེ་
ཡང་སྔ་མའི་བདེན་པ་གཉིས་པོ་ཚད་མ་སོ་སོའི་གང་ལྟར་གཞལ་ཀྱང་མི་བསླུ་བའི་ཕྱིར།
ཡུལ་ཤེས་བྱའི་ཡིན་ལུགས་ལ་བདེན་རྫུན་གྱི་ཁྱད་པར་མེད་ཅིང་སྟོང་པ་དེ་རྟེན་འབྲེལ་
གྱི་རང་བཞིན་དུ་འཆར་ཞིང་། རྟེན་འབྲེལ་གྱི་སྣང་བ་ཐམས་ཅད་ཆོས་ཉིད་སྟོང་པར་མཉམ་
ཞིང་དག་པའི་ཕྱིར་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་འདི་གཉིས་རྩིས་ཆེ་ཆུང་དང་
བཟང་ངན་མེད་པར་མགོ་སྙོམས་སུ་སྦྱོར་དགོས་པའི་ཕྱིར། འཁོར་འདས་གཉིས་ཀྱི་སྣང་
ཆ་ཐམས་ཅད་སྟོང་པར་མཉམ་པ་ལ་ཁྱད་པར་མེད་ཅིང་སྟོང་ཆ་འཁོར་འདས་གཉིས་སུ་
འཆར་བ་ལའང་འདྲ་བའི་ཕྱིར་སྣང་སྟོང་གཉིས་ཡུལ་རང་གི་སྡོད་ལུགས་ཡིན་པས་དེ་གཉིས་
ལ་བསླུ་མི་བསླུའི་ཁྱད་པར་མེད་དོ། །དེ་ཡང་རང་ལུགས་ཀྱི་ཐེག་པ་གོང་མ་ཐམས་ཅད་
ཀྱི་གཞི་གཏན་ལ་འབེབས་པ་ཕལ་ཆེར་བདེན་གཉིས་འཇོག་ཚུལ་འདི་ཁོ་ནའི་གཞལ་
དགོས་པའི་ཕྱིར་དྲི་བ་བར་མ་གསུམ་གཙོ་ཆེར་ཆོས་ཀྱི་གྲགས་པའི་ཚད་མས་འཇལ་ཞིང་།
ཡང་བདེན་གཉིས་འཇོག་ཚུལ་ཕྱི་མའི་སྐབས་སུ་གནས་ཚུལ་དང་སྣང་ཚུལ་མཐུན་པར་
གྱུར་པའི་ཡུལ་དང་ཡུལ་ཅན་གཉིས་ཀ་དོན་དམ་དང་། གནས་སྣང་མི་མཐུན་པའི་ཡུལ་
དང་ཡུལ་ཅན་གཉིས་ཀ་ཀུན་རྫོབ་ཏུ་བཞག་པ་ནི། ཐ་སྙད་དུ་བསླུ་མི་བསླུའི་དབང་གིས་
དེ་ལྟར་འཇོག་པ་སྟེ། འདིར་མ་ཟད་བཏགས་པ་ཙམ་དུ་གྲུབ་མཐའ་འོག་མ་དང་འཇིག་
རྟེན་པ་ལའང་དེའི་ཚུལ་གྱི་ཡང་དག་དང་ལོག་པའི་དོན་དམ་ཀུན་རྫོབ་ཀྱི་ཁྱད་པར་ཡོད་
དེ༑ དཔེར་ན་འཇིག་རྟེན་པ་ལ་ཟླ་བ་གཉིས་སྣང་དང་ཟླ་བ་གཅིག་གི་སྣང་བ་བཞིན་དང་།
བྱེ་མདོའི་བཅོམ་གཞིག་རུང་མི་རུང་དང་སྤྱི་མཚན་དང་རང་མཚན་སོགས་ཐམས་ཅད་
ཐ་སྙད་ཀྱི་འཇུག་ཡུལ་དངོས་ཡིན་མིན་གྱི་ཁྱད་པར་ལ་མཛད་དོ། །འདིར་དངོས་ཀྱི་དབང་
དུ་བྱས་ན་གནས་སྣང་མཐུན་པའི་ཡུལ་ཅན་ཡེ་ཤེས་དང་། ཡེ་ཤེས་དེས་ཡུལ་དུ་འཁོར་
འདས་ཀྱི་ཆོས་ཐམས་ཅད་གནས་སྣང་མཐུན་པར་གཟིགས་པའི་ཕྱིར་འཁོར་བའི་ཆོས་
ཐམས་ཅད་ཀྱང་དོན་དམ་དུ་འཇོག་ན་མྱ་ངན་ལས་འདས་པའི་སྣང་བ་རྣམས་སྨོས་ཅི་
དགོས་ཏེ་དེ་ཐམས་ཅད་དག་མཉམ་དུ་གཟིགས་པའི་ཕྱིར། གནས་སྣང་མི་མཐུན་པའི་
ཡུལ་ཅན་དང་དེའི་ཡུལ་དུ་གྱུར་པའི་འཁོར་འདས་ཀྱི་སྣང་ཚུལ་ཇི་སྙེད་ཅིག་འཆར་བ་
རྣམས་ནི་ཀུན་རྫོབ་སྟེ། བློ་འདིས་ནི་སྐུ་དང་ཡེ་ཤེས་སོགས་སུ་གཞལ་བ་ཡང་སྣང་ཚུལ་
ཙམ་གྱི་ཀུན་རྫོབ་ཡིན་ན་འཁོར་བའི་ཆོས་སྨོས་ཅི་དགོས། དེ་ལྟར་བདེན་པ་དེ་གཉིས་
ནི་ཕན་ཚུན་ལྟོས་ན་མི་བསླུ་བ་དང་བསླུ་བ་ཅན་ལ་བྱེད་པར་གསུངས་ཤིང་། དཔལ་ལྡན་
ཟླ་བའི་ཚད་མ་གཉིས་པོས་འཇོག་ཚུལ་འདིས་ནི་དྲི་བ་སྔ་མ་གཉིས་དང་ཕྱི་མ་གཉིས་
གཙོ་ཆེར་འཇལ་དགོས་སོ། །
གསུམ་པ་ནི། ལེགས་པར་སྦྱངས་སོགས། དེ་ལྟ་བུའི་དབུ་ཚད་སོགས་ཟབ་རྒྱས་ཀྱི་གཞུང་
ལུགས་མང་པོའི་དོན་ལ་ཤེས་རབ་གསུམ་ལེགས་པར་སྦྱངས་པའི་བློ་སྟེ་ཚད་མ་གཉིས་
པོས་མིག་ཟུང་ཇི་ལྟ་ཇི་སྙེད་ཀྱི་ཡུལ་ལ་རྣམ་པར་བསྒྱུད་དེ་གཞལ་ན། སྟོན་པས་གདུལ་
བྱ་རྣམས་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བཟང་རྒྱུ་དང་འབྲས་བུའི་ཐེག་པ་
གསལ་བར་བསྟན་པའི་དོན་དེ་ཉིད་ཤིང་རྟ་ཆེན་པོ་ཀླུ་ཐོག་རྣམ་གཉིས་ཀྱིས་ཟབ་
པ་དང་རྒྱ་ཆེ་བའི་ཆ་གཉིས་ཀྱི་ལམ་སྲོལ་སོ་སོར་བཏོད་པ་དེར་ནི་གཞན་གྱི་དྲིང་ལ་མི་
འཇོག་པར་ཤེས་རབ་ཀྱི་སྣང་བ་ཡང་དག་པའི་ལམ་ནས་ལེགས་པར་ཞུགས་ཏེ་འགལ་
མེད་ཟུང་གཅིག་ཏུ་ཆུད་པ་དེ་ལ་བསྔགས་པ་སྟེ་དཔེར་ན་དཔལ་རོང་ཟོམ་ཆེན་པོ་བཞིན་ནོ། །
གཉིས་པ་ལ། དྲི་བ་དང༌། ལན་འདེབས་ཚུལ་གཉིས་ལས། དང་པོ་ལ། དྲི་བ་དྲིས་ཚུལ་
གྱི་རྣམ་བཞག་དང་། ལན་ཡང་དག་ཐེབ་པའི་ཡོན་ཏན། ལྟར་སྣང་མང་ཉོབ་སྤྲོས་པའི་
སྐྱོན། དྲི་རྒྱུའི་དོན་གྱི་རྣམ་གྲངས། ལུང་རིགས་ཀྱིས་གྲུབ་པའི་ལན་འདེབས་པར་བསྐུལ་
བ་དང་ལྔ་ལས། དང་པོ་ནི། དེ་ལྟར་སེམས་སོགས། དེ་ལྟར་དངོས་སྟོབས་རིགས་པས་
ལམ་བཟང་གསལ་བར་བྱས་ནས་བོད་ན་འཐེན་ཁྱེར་ཆེ་བ་རྣམས་སེལ་ནུས་ཀྱི་ཐིག་དྲང་
པོར་བཏབ་པས་ཡ་ཡོ་གཅོད་པ་ལྟར་འགྱུར་ན་སྙམ་དུ་སེམས་པའི་དྲང་སྲོང་དེ་ལ། གློ་
བུར་ཐོལ་བྱུང་དུ་འཁྱམས་པོ་ལྡོམ་བུ་པ་ཞིག་གིས་རྟོག་གེའི་ལམ་ནས་བརྒལ་བརྟགས་
དང་དྲོད་ཉུལ་བར་བྱ་བའི་ཕྱིར་སྐབས་ཀྱི་བཤད་བྱ་ལྟ་སྒོམ་གྱི་གནད་འགགས་སུ་གྱུར་
བའི་དྲི་བ་བདུན་པོས་རྣམ་གྲངས་འོག་ཏུ་བཤད་པ་འདི་ལྟར་དྲིས་སོ། །
གཉིས་པ་ནི། གཞན་གྱི་རྗེས་སུ་སོགས། གལ་ཏེ་ཁྱོད་ལ་དྲིས་པ་དེ་རྣམས་ལ་གྲུབ་མཐའ་
གཞན་དང་། གང་ཟག་གཞན་གྱི་ཟེར་ཚོད་ཀྱི་ཚིག་ཙམ་ལད་མོ་བྱས་ཏེ་རྗེས་སུ་ཟློས་པ་
ལ་ནི་མཁས་པའི་མིང་ཅི་ཞིག་ཡོད་དེ། དཔེར་ན་འཇིག་རྟེན་པ་རྣམས་གསོ་སྦྱོང་སྦྱིན་
པ་ལྟ་བུ་ཡིན་ནོ། །འོ་ན་ཇི་ལྟར་ལན་འདེབས་སྙམ་ན། སྤྱིར་རྒྱལ་བའི་བཀའ་དང་རྒྱ་
གར་འཕགས་པའི་ལེགས་བཤད་རྣམས་དང༌། ཁྱད་པར་རོང་ཀློང་རྣམས་གཉིས་ཀྱི་
དགོངས་དོན་དྲི་མ་མེད་པའི་ལེགས་བཤད་དེ་དག་ལ་བརྟེན་ནས། ལུང་དེ་དག་དཔེ་
གཅོད་བྱས་པ་ཙམ་ཡང་མ་ཡིན་ལ། དེ་དག་གི་དོན་དང་འགལ་བ་ཡང་མ་ཡིན་པའི་བརྗོད་
བྱའི་དོན་ལ་རང་གི་རྣམ་པར་དཔྱོད་པ་ཡང་ཙབ་ཙུབ་ཏུ་མ་སོང་བར་བག་ཕོབ་ལ། ཆོས་
ཅན་དང་ཆོས་ཉིད་གནས་ལུགས་དང་སྣང་ལུགས་ཀུན་རྫོབ་དང་དོན་དམ་སོགས་གཞལ་
བྱ་རྣམས་ཤན་ཕྱེས་ཏེ་ཚད་མ་གཉིས་པོས་ཇི་ལྟར་འཇལ་བའི་ཚུལ་གྱིས་དྲིས་པའི་ལན་
འདི་རྣམས་ཉེ་བར་རམ་མྱུར་བར་ལྡོན་པར་མཛོད་ཅིག་དང་། ངག་གི་འབྲས་རྟགས་དེ་
ལས་ཁྱོད་ཀྱི་ནང་གི་རྣམ་དཔྱོད་ཀྱི་རྩལ་དེ་གཟུགས་མིག་གིས་མཐོང་བ་བཞིན་དུ་གསལ་
པོར་ངེས་ནུས་སོ། །གསུམ་པ་ནི་མང་ཐོས་སོགས། དེ་ལྟར་གཞན་གྱི་རྗེས་སུ་ཟློས་པ་
ལ་དོན་མེད་པར་མ་ཟད་རང་ལུགས་ཡིན་ཀྱང་མང་དུ་ཐོས་པ་ཆེ་བ་གླང་པོ་ཆེ་ལྟ་བུའི་
ཚིག་ཚོགས་སྣ་ཞགས་ལྟ་བུ་ཉག་ཉོག་མང་པོ་རིང་དུ་བརྐྱངས་པ་ལུང་མང་པོའི་བརྒྱན་
ཏེ་བརྗོད་ན་ཡང་། ཁྲོན་པའི་ཆུ་ཞེས་འཇིག་རྟེན་པས་དོང་ཆུ་ཁ་རུབ་ཟེར་བ་ལྟར་ཆུ་དེ་
སྣ་ཞགས་རིང་བ་ཙམ་གྱིས་མི་མྱོང་བ་དེ་བཞིན་དུ། ཟབ་མོ་ངེས་དོན་མཐར་ཐུག་པའི་
ཆོས་ཀྱི་ཆུ་དེ་མ་མྱོང་བར་ད་རུང་འཇིག་རྟེན་ན་མཁས་པར་གྲགས་པ་ལ་རེ་བ་བྱེད་པ་
ནི་དཔེར་ན་དམངས་གདོལ་སོགས་རིགས་ངན་གྱི་གང་ཟག་ཞིག་རྒྱལ་པོའི་བཙུན་མོར་
ཆུགས་ཀྱང་། དེས་འདོད་པ་སྤྱོད་པའི་དོན་ཐོབ་པ་ཡོད་མི་སྲིད་པ་དང་འདྲ་བར་མཁས་
པའི་གྲགས་པ་ཐོབ་དཀའ་འོ། །བཞི་པ་ནི། ལྟ་བ་དགག་གཉིས་སོགས། དྲི་བ་བདུན་
པོ་གང་ཞེ་ན། ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་ནི་དོན་དམ་དཔྱོད་བྱེད་ཀྱི་ཚད་མས་གཏན་
ལ་འབེབས་དགོས་ཤིང་དེས་ཡུལ་དུ་བསྒྲུབ་པ་གང་ཡང་མེད་པའི་ཕྱིར། དངོས་ཞེན་ཐམས་
ཅད་དབུ་མའི་དཔྱད་པས་དགག་དགོས་ན་དེ་མེད་པར་དགག་པ་དང་མ་ཡིན་དགག་གཉིས་
ཀྱི་གང་ལྟར་སྨྲ། ཡང་དབུ་མའི་སྐབས་སུ་ཉན་རང་དང་ཐེག་ཆེན་མཚུངས་པར་བདག་
མེད་གཉིས་ཀ་ཉན་རང་གི་རྟོགས་སམ། ཐེག་པ་ཆེ་ཆུང་ལ་རྟོགས་མ་རྟོགས་ཀྱི་ཁྱད་པ་
ཇི་ལྟར་ཡིན་དང་། ཐེག་ཆེན་གྱི་ལྟ་བ་དེ་ལ་མཉམ་བཞག་གི་སྐབས་སུ་འཛིན་སྟངས་ཡོད་
དགོས་སུམ་མེད་ན་རུང་བ་གང་ཡིན། ལྟ་བ་དེ་བསྒོམ་པ་ལ་དཔྱད་ནས་བསྒོམ་མམ་མི་
དཔྱད་པར་བཞག་ནས་བསྒོམ། ལྟ་བ་དེས་ཁྱད་པར་ལ་བདེན་པ་གཉིས་ལས་གང་ཞིག་
གཙོ་ཆེ་ཆུང་ཡོད་པ་དང་གཙོ་ཆེ་ཆུང་མེད་པ་གང་ཡིན། འགྲོ་བ་རྣམས་མི་གཅིག་པའི་
མཐོང་ཚུལ་དེ་རྣམས་ལ་ཐུན་མོང་མཐུན་པར་སྣང་བའི་བལྟ་བྱ་དེ་གང་ཡིན་དང་། མཐའ་
དང་བྲལ་བའི་དབུ་མར་ཁས་ལེན་ཡོད་དམ་མེད་ཅེས། གྲུབ་མཐའ་གཞན་ན་འདི་འདྲའི་
རིགས་ལ་དགག་བཞག་དུ་མ་ཡོད་ན་ཁྱེད་ཅག་སྔ་འགྱུར་བས་ཅི་ལྟར་འདྲེན་ཅེས་དྲིའོ། །
ལྔ་པ་ལ། བརྗོད་བྱ་ལུང་རིགས་གཉིས་ཀས་གྲུབ་པའི་ཟབ་གནད་ཁྱད་པར་ཅན་དང་།
རྗོད་བྱེད་དེ་ལྟར་སྟོན་པའི་བསྟན་བཅོས་མྱུར་དུ་རྩོམ་པར་བསྐུལ་བ་གཉིས་ལས། དང་
པོ་ནི། དེ་སྐད་སྟོང་ཉིད་སོགས། དེ་སྐད་ཟབ་མོ་དབུ་མའི་དོན་གཏན་ལ་འབེབས་པའི་
ཚེ་བརྗོད་བྱ་སྟོང་པ་ཉིད་ལས་བརྩམ་པའི་གྲུབ་མཐའི་བབས་མི་འདྲ་བ་དུ་མ་ཞིག་ཡོད་
པའི་ཕྱིར་ཟབ་མོའི་མདོ་འགགས་ཀྱི་གནད་དྲི་བ་བདུན་པོ་འདིར་རང་ལུགས་དང་མཐུན་
པར་བཀའ་དང་དགོངས་འགྲེལ་གྱི་ལུང་རྣམས་དང་འགལ་བ་མེད་བཞིན་དུ། དངོས་
སྟོབས་རིགས་པ་དྲི་མ་མེད་པས་ཡང་དག་པར་གྲུབ་པའི་ལན་ཐོངས་ཤིག་དང་དེས་ཁྱོད་
དེ
བ
ཀྱི་ཞེ་འདོད་འགྲུབ་པར་འགྱུར་རོ། །
གཉིས་པ་ནི། རྟོག་གེའི་སོགས། དེ་ལྟར་ཟབ་གནད་ཁྱད་པར་ཅན་རྟོགས་པའི་གོ་ཆ་
བཟང་པོ་ལྟ་བུའི་ལུང་རིགས་རྣམ་པར་དག་པ་དང་ལྡན་ན། དམན་པ་རྟོག་གེ་བའི་ཐལ་
ངག་གི་ཚིག་ཕྲེང་ཁ་ཚ་ཞིང་དངོས་པོ་དམན་པ་ཚེར་མའི་མདུང་རྣོན་ལྟ་བུ། ལུང་རིགས་
ལྟར་སྣང་བ་འབུམ་ཀྱིས་བསྣུན་ཀྱང་མི་ཕིག་ན་ཉུང་དུས་མི་ཕིག་པ་སྨོས་ཅི་དགོས་སྟེ།
ཚིག་གསལ་ལས། སྡེབས་ལེགས་ངག་གི་སྦྱོར་ཞིང་རྟོག་གེ་ཡིས། །རླུང་གི་མ་དཀྲུགས་
པ་དག་གསལ་བར་བྱས། །ཞེས་གསུངས་པ། དེས་ན་གཞན་པའི་གྲུབ་མཐའ་འཛིན་
པ་རྣམས་ལ་ཆེ་བར་གྲགས་པ་རྣམས་ཀྱང་ཟབ་མོའི་དྲི་བའི་གནས་འདི་དག་ལ་ཆེར་
རྨོངས་པའི་དཀའ་གནད་ཁྱད་པར་ཅན་འདི་རྣམས་ལ། དྲིས་མ་ཐག་མྱུར་དུ་སྨྲ་བའི་ལྗགས་
རིང་ཀློག་འགྱུ་བ་བཞིན་དུ་སྐྱོངས་ཤིག་ཅེས། དེ་ཡང་ཐུང་བའམ་ཉུང་བ་མ་ཡིན་པར་
ཐག་ཆོད་པའི་ལུང་རིགས་མང་པོ་དང་ཕྱི་བཤོལ་དུ་མ་སོང་པར་མྱུར་དུ་རྩོམ་པར་གྱིས་
ཞེས་པའོ། །གཉིས་པ་ལན་འདེབས་ཚུལ་གྱི་ཁྱད་པར་། ལན་འདེབས་པ་ལ་སྤྲོ་བ་སྐྱེས་
ནས་དགོངས་པར་བཞུགས་ཚུལ། སྐྱེས་སྦྱངས་ཕུན་སུམ་ཚོགས་པ་གཞན་གྱིས་ཀྱང་གནས་
འདི་དག་སྐྱོན་མང་དུ་བསྒྲུབས་མ་ནུས་པ། དེས་ཕྱིར་ཁེང་པ་བསྐྱུངས་ནས་ལྷ་ལ་གསོལ་
བ་བཏབ་ཚུལ། ལུང་བཞིན་རིགས་པས་དྲངས་པའི་ལན་སྨྲ་བའི་སློབ་པ་ཐོབ་པ་དང་
བཞི་ལས། དང་པོ་ནི། དེ་ལྟར་བློ་གྲོས་གྲོས་སོགས། དེ་ལྟར་ཐོལ་བྱུང་སྡོམ་བུ་པའི་བློ་
གྲོས་ཀྱིས་ཟབ་གནད་མྱུར་དུ་རྩོམ་པར་བསྐུལ་བའི་ངག་གི་རླུང་ཆུང་ངུར་གཡོས་པའི་
དྲི་བ་དེས་ཀྱང་། གཟུར་གནས་དྲང་སྲོང་ཆེན་པོ་དེས་སྙིང་ནི་བསྐུལ་བྱེད་དང་མི་འཚམས་
པར་དུས་མཐའི་རླུང་གི་རི་བོ་བསྐྱོད་ཅིང་བསྒུལ་བ་བཞིན་ལན་སྨྲ་བ་ལ་ཤིན་ཏུ་དགྱེས་
པའི་ངང་ཚུལ་དང་། ཤེས་རབ་ཀྱི་རྩལ་དུས་མཐའི་རླུང་ལྟ་བུ་དེས་གནད་འགག་གང་ལ་
རྨོངས་ཤིང་ཐེ་ཚོམ་པ་ཐམས་ཅད་སེལ་བར་བྱེད་པའི་ལན་ཡང་དག་ཐོགས་མེད་དུ་སྨྲ་
བའི་ཀུན་སློང་གཡོས་པ་ནི། དཔེར་ན་རི་བོ་བསྒུལ་ཞིང་བསྐྱོད་པ་ལྟར་གྱུར་ནས་མི་སྨྲ་
བའི་བྱ་བ་ངན་པ་བརྟུལ་ཏེ། སྨྲ་བའི་ཉི་མ་འཇམ་པའི་དབྱངས་དང་དབྱེར་མེད་དུ་ཞུགས་
པ་དར་གཅིག་བཟུང་བའི་མཐར་སླར་ཡང་ལྷག་པའི་ལྷ་ལ་གསོལ་བ་བཏབ་བོ། །བརྟུལ་
ཞུགས་དར་གཅིག་བཟུང་བའི་དོན་འདི་ལྟར་འཆད་པ་ནི། འོག་ཏུ། རབ་དྲངས་སོ་སོར་
རང་རིག་པའི། ཅེས་དང༌། བློ་ལས་འདས་པ་འོད་གསལ་གཉུག་མའི་དབྱིངས། །འཇམ་
དཔལ་རྫོགས་པ་ཆེན་པོའི་ངང་དུ་ཞོག །ཅེས་པ་དང་གཅིག་ཏུ་འཆད་དགོས་འདྲ་སྟེ་གཞུང་
དོན་འདི་ཤོངས་པའི་སྣོད་ནི་གཟུངས་སྤོབ་ཀྱི་སྒོ་དྲུག་པོ་འདི་ལྟར་བསྒྲུབ་པ་ཡིན་པར་
གསུངས་པས་སོ། །
གཉིས་པ་ནི། ཀྱེ་མ་སོགས། ཀྱེ་མའོ་ཞེས་ལོ་གྲངས་དུ་མ་བརྒྱ་ཕྲག་གི་བར་དུ་ཁ་ཟས་
ཡང་དང་ཡང་དུ་བཤེས་གཉེན་དུ་མ་བསྟེན་ནས་དཔྱད་པའི་བློ་གྲོས་རྣོན་པོའི་མེས་བསྲེགས་
བཅད་བརྡར་བའི་གསེར་བཞིན་བརྒྱུད་མར་ཆེས་ཆེར་སྦྱར་བ་དེས་ཀྱང་གནས་འདི་དག་
འགལ་བའི་སྐྱོན་དང་བྲལ་བའི་ཁམས་སམ་རིགས་སུ་བསྒྲུབ་པར་མི་ནུས་ན་གཞན་གྱིས་
ལྟ་ག་ལ་ནུས་ཏེ་མི་ནུས་སོ། །གསུམ་པ་ནི། ལྷན་སྐྱེས་སོགས། དེ་ལྟ་ན་ཡང་དམན་པ་
བདག་གི་སྔོན་གྱི་ས་བོན་སྨིན་པའི་ལྷན་སྐྱེས་སྤོབས་པའི་བློ་ཡི་ནུས་པ་ཞན་པར་གྱུར་ཅིང་།
ད་ལྟ་གོང་བཤད་ལྟ་བུའི་འབད་པ་དང་དཀའ་བ་བརྒྱ་ཕྲག་གི་ཡུན་རིང་སྦྱངས་པའི་ཁུར་
ཀྱང་མ་བཟུང་བ་དམན་པ་བདག་གིས་ལུང་རིགས་ཀྱི་འགལ་སྐྱོན་དང་བྲལ་བའི་ལན་
སྨྲ་བ་ག་ལ་ནུས་ཞེས་རིགས་ཀྱི་བདག་པོ་འཇམ་པའི་དབྱངས་ལ་མོས་གུས་གདུང་བའི་
ཤུགས་ཀྱིས་བོས་ཏེ་གསོལ་བ་བཏབ་བོ། །བཞི་པ་ནི། དེ་ཚེ་དེ་སོགས། དེ་ཚེ་དོན་དམ་
པར་མཉམ་པ་ཉིད་དང་ཀུན་རྫོབ་ཏུ་མོས་གུས་དྲག་པོས་གསོལ་བ་བཏབ་པའི་རྒྱུ་རྐྱེན་
གོང་འཛོམ་པ་དེ་ཡི་མཐུ་ལས་ཡིན་སྙམ་པའི་རྟགས་ནི་ཡིད་ལ་སྔོན་དང་མི་འདྲ་བའི་
རྨོངས་པའི་སྨག་དྭངས་པ་ཐོ་རངས་དུས་ཀྱི་སྣང་བ་ལྟར་ཤེས་རབ་ཀྱི་སྣང་བ་ཆེན་པོའི་
དཀའ་གནས་དྲིས་པ་རྣམས་ལ་ལན་མི་ཟད་པ་སྨྲ་བའི་སྤོབས་པའི་གོ་སྐབས་ཅུང་ཟད་
ཐོབ་པའི་འཕྲུལ་དེ་མ་ཐག ཚངས་སྤྱོད་ཡོན་ཏན་བཞི་དང་ལྡན་པའི་ལེགས་པར་གསུངས་
པའི་བཀའ་དང་དགོངས་འགྲེལ་གྱི་དོན་བཞིན་དུ་ལྟོས་བྱ་ཆོས་ཉིད་ཀྱི་རིགས་པ་གསུམ་
གྱི་སྒོ་ནས་འཐད་པ་བསྒྲུབ་པའི་ཚུལ་ཐམས་ཅད་དཔྱད་དེ་སྨྲས་སོ་ཞེས་བརྩམ་པར་དམ་
བཅས་སོ། །གཉིས་པ་བར་དུ་དགེ་བ་བརྩམ་བྱ་རྒྱལ་སྲིད་ཀྱི་གྲངས་དང་ལྡན་པའི་བསྟན་
བཅོས་ཀྱི་ལུས་ཕུན་སུམ་ཚོགས་པ་ལ། སྟོང་བ་ཉིད་ཀྱི་ལྟ་བའི་རྣམ་བཞག་སྤྱིར་བཤད་
པ་དང་། ལྟ་བ་གསུམ་གྱི་ཁྱད་པར་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ལ། དངོས་
དང་། ཞར་བྱུང་ཉན་རང་ལ་སྟོང་ཉིད་ཀྱི་ལྟ་བ་དེ་རྟོགས་པ་ཡོད་མེད་དཔྱད་པ་གཉིས་
ལས། དང་པོ་ལ། སྦྱིར་དགག་པ་གཉིས་ཀྱི་རྣམ་བཞག་དེ་འཇིག་རྟེན་ན་གྲགས་ཚུལ་
དང༌། བྱེ་བྲག་རང་ལུགས་ཀྱི་སྟོང་པ་ཉིད་གཏན་ལ་འབེབ་ཚུལ་དང༌། གཞན་གྱི་སྟོང་
ཚུལ་བཤད་པ་དགག་པ། དེ་རང་ལ་མི་མཚུངས་པའི་ཚུལ་བཤད་པ་དང་བཞི་ལས། དང་
པོ་ནི། དགེ་ལྡན་ལྟ་བ་སོགས། དེ་ཡང་སྤྲོས་བྲལ་དབུ་མའི་ལྟ་བ་ནི་གང་དུ་དངོས་ཞེན་
དང་བཅས་པའི་ཡོད་མཐའ་དང་མེད་མཐའ་སོགས་མཐར་འཛིན་གྱི་སྤྲོས་པ་ཐམས་ཅད་
མཐའ་བྲལ་དབུ་མའི་དགག་བྱར་བྱས་ནས་གཏན་ལ་འབེབས་པ་ཡིན་ཡང་། གྲུབ་མཐའ་
འོག་མའི་ལྟ་བ་ནི་རྒྱུན་དང་རགས་པ་རང་བཞིན་མེད་པའི་སྒོ་ནས་གང་ཟག་གི་བདག་
དགག་པའི་ཤུལ་དུ་ཆ་མེད་གཉིས་འཕེན་པ་དང་། སེམས་ཙམ་པས་ཀུན་བཏགས་བདག་
གཉིས་དགག་པའི་ཤུལ་དུ་གཞན་དབང་གི་རྣམ་པར་ཤེས་པ་འཕེན་པ་ཡིན་པས་དངོས་
པོ་ཞེན་པའི་འཛིན་སྟངས་ལྡོག་དཀའ་སྟེ་མ་ཡིན་དགག་ནི་དགག་བྱ་བཅད་ཤུལ་དུ་ཆོས་
གཞན་འཕེན་པ་ཡིན་ན། བཀག་ཤུལ་དུ་ཆོས་གཞན་ཞིག་དོན་དམ་ལྟ་བའི་ཡུལ་དུ་ཡོད་
ན་དེ་ལ་དངོས་ཞེན་གྱི་འཛིན་སྟངས་བཟློག་མི་ནུས་ཤིང་མི་དགོས་པའི་ཕྱིར་རོ། །དབུ་
མ་པ་ལ་ཡང་ཐལ་རང་གཉིས་པོ་མཐར་ཐུག་གི་དོན་ལ་དགོངས་པ་མཐོ་དམན་མེད་པར་
བཞེད་ཀྱང་གནས་སྐབས་རང་རྒྱུད་པའི་བདེན་གཉིས་སོ་སོར་ཞེན་པ་དེ་ཐལ་འགྱུར་བའི་
དགག་བྱ་ཡིན་ཅིང་། དེ་བཞིན་དུ་གངས་ཅན་ན་ཡང་གསར་རྙིང་གི་གྲུབ་མཐའ་འཛིན་
པ་རྣམས་ཀྱིས་ཀྱང་རང་རང་གི་ལྟ་བ་མཐའ་ཐུག་ཐལ་འགྱུར་བ་ཡིན་པར་བཞེད་པས་
དེ་དག་གི་ཐལ་འགྱུར་བའི་ལྟ་བ་དགག་གཉིས་གང་ཡིན་ན། འཇིག་རྟེན་འདིར་གྲགས་
ཚོད་ཙམ་གྱིས་དབང་དུ་བྱས་ན་བསོད་ནམས་དཔལ་གྱིས་མངོན་པར་མཐོ་བ་རི་བོ་དགེ་
ལྡན་པའི་ལྟ་བ་ནི་མེད་པར་དགག་པ་སྟེ། ཇི་ལྟར་ན་དཔེར་ན་མོ་གཤམ་བུའི་རྣམ་པ་
མ་ཤར་ན་དེ་ཤི་པའི་རྣམ་པ་ཡང་མི་འཆར་བ་བཞིན་དངོས་པོ་བདེན་གྲུབ་ཀྱི་ནམ་པར་
མ་ཤར་ན་དེས་བདེན་སྟོང་ལེགས་པར་མི་ངེས་པས་དགག་བྱ་བདེན་གྲུབ་ཀྱི་རྣམ་པ་དེ་
བཀག་པ་ནི་དགག་བྱའི་ཚད་འཛིན་ལ་མཁས་པ་ཡིན་ནོ་ཟེར་ནས་དགག་བྱ་བཅད་
ཤུལ་དུ་ཆོས་གཞན་མི་འཕེན་པར་འདོད་པ་དང༌། དེ་ལས་གཞན་པའི་གངས་ཅན་པའི་
གྲུབ་མཐའ་འཛིན་པ་རྣམས་དབུ་མའི་སྟོང་ཉིད་མ་ཡིན་དགག་ཏུ་སྨྲ་བ་སྟེ་དགག་བྱ་བཅད་
ཤུལ་དུ་ཀུན་རྫོབ་དང་དོན་དམ་གང་རུང་རེ་འཕེན་པར་འདོད་དགོས་ལ། དེ་ལས་ཀྱང་
གྲགས་ཆེ་བ་རྗེ་བཙུན་ཇོ་ནང་པ་ནི་ཀུན་རྫོབ་གློ་བུར་གྱི་སྒྲིབ་པ་བཀག་པའི་ཤུལ་ཏུ་རྟག་
བརྟན་འཕོ་འགྱུར་མེད་པའི་ཡོངས་གྲུབ་བདེ་གཤེགས་སྙིང་པོ་ངོ་བོ་མི་སྟོང་པ་ཞིག་འཕེན་
པར་འདོད་དོ། །སྤྱིར་དབུ་མས་བདེན་གྲུབ་འགོག་པའི་རྟགས་རྣམས་ནི་འབྲས་རང་མ་
དམིགས་པའི་རྟགས་གསུམ་ལས་མ་དམིགས་པའི་རྟགས་དང་། དེ་ལས་ཀྱང་རྒྱ་ཁྱབ་
རང་བཞིན་འབྲས་བུ་མ་དམིགས་པ་དང་འགལ་དམིགས་སོགས་དགག་རྟགས་གང་རུང་
རེ་ལ་སྦྱར་ཚུལ་གཞུང་སོ་སོར་ཡོད་ཅིང་། དགག་བྱ་ལའང་རིགས་པའི་དགག་བྱ་དང་
ལམ་གྱི་དགག་བྱ་གཉིས། དེ་དག་ལ་ཀུན་བཏགས་དང་ལྷན་སྐྱེས་ཀྱི་ཁྱད་པར་སོགས་
ཡོད་ཅིང་དེའི་ཕྱིར་མཁས་པ་འགའ་ཞིག་དབུ་མའི་སྐབས་སུ་ནང་བའི་གྲུབ་མཐའ་འོག་
མ་དང་ཕྱི་རོལ་བས་ཀུན་བཏགས་པ་རྣམས་མེད་དགག་དང་རྣམ་རིག་སྨྲ་བ་སོགས་དགག་
པ་མ་ཡིན་དགག་ཏུ་སྟེ་སོ་སོར་གཉིས་ཀ་སྨྲའོ། །
གཉིས་པ་རང་ལུགས་ལ། དགག་གཉིས་གང་ཡིན་དྲི་བ་དང༌། དེའི་ལན་ཤན་ཕྱེས་ཏེ་སྨྲ་
བ་གཉིས་ལས། དང་པོ་ནི། སྔ་འགྱུར་སོགས། འོ་ན་གངས་ཅན་པ་རྣམས་ཀྱི་ལྟ་བ་མེད་
དགག་དང་མ་ཡིན་དགག་གི་གཏན་ལ་འབེབ་ཚུལ་སོ་སོར་ཡོད་ན་གསང་སྔགས་སྔ་འགྱུར་
པ་རྣམས་ཀྱི་རང་ལུགས་དབུ་མའི་དགག་བྱ་དེ་གཉིས་གང་ལ་བྱེད་ཞེ་ན། གཉིས་པ་ལ།
མཉམ་བཞག་སྣང་སྟོང་ཟུང་འཇུག་གི་དོན་དགག་སྒྲུབ་ལས་འདས་པས་དགག་གཉིས་
ཀྱི་ཐ་སྙད་མེད་པ། དེ་གཏན་ལ་འབེབས་པའི་དོན་དཔྱོད་ཀྱི་ངོར་མེད་དགག་ཡིན་ཚུལ་
གཉིས་ལས། དང་པོ་ནི། ཟུང་འཇུག་ཡེ་ཤེས་སོགས། དེ་ཡང་སྔ་འགྱུར་བ་དེ་ལ་ཆོས་
ཉིད་མཉམ་པ་ཆེན་པོ་མངོན་དུ་མཛད་པའི་ཡེ་ཤེས་དེས་ངོར་ལྟོས་པའི་ཐ་སྙད་དང་། དེའི་
ངོ་བོ་སྟོང་ཚུལ་དོན་དཔྱོད་ཚད་མས་གཏན་ལ་དབབ་པའི་སྐབས་གཉིས་ཡོད་པའི་དང་
པོའི་དབང་དུ་བྱས་ཏེ་དྲི་ན། རང་བཞིན་ལྷུམ་ཞུགས་སྤྲོས་བྲལ་རྗེན་པའི་རང་ཞལ་མཇལ་
བ་དབྱིངས་རིག་ཟུང་དུ་འཇུག་པའི་རང་བྱུང་ཡེ་ཤེས་ཆེན་པོའི་ངོར་ལྟོས་ན་མེད་ཅེས་
པའི་དམ་བཅའ་ཡང་མེད་དེ་དགག་བྱ་བདེན་གྲུབ་བཀག་པའི་ཤུལ་གྱི་མེད་དགག་སྟོང་
རྐྱང་ཡང་བློ་ཡི་སྒྲོ་བཏགས་པ་ཡིན་གྱི་དངོས་པོའི་གནས་ལུགས་མ་ཡིན་ལ་གློ་བུར་གྱི་སྒྲིབ་
པ་མ་ཡིན་པར་བཀུག་པའི་ཤུལ་དུ་ཆོས་གཞན་ཡོངས་གྲུབ་ཞེས་སུ་ཅི་ཞིག་འཕེན་དེ་དོན་
དམ་པར་ཡོངས་གཅོད་དུ་ཡང་ཤེས་བྱ་ཞིག་ཡོད་པའམ་འཕེན་པར་འདོད་ན་སྟོང་ཉིད་
དངོས་པོར་འགྱུར་བས་དེ་འདྲའི་དངོས་དངོས་མེད་དེ་གཉིས་ནི་བློ་ཡིས་སམ་རྟོག་པས་
དངོས་པོའི་གནས་ལུགས་ལ་སྒྲོ་བཏགས་པ་དང་སྐུར་བ་བཏབ་པ་ཡིན་པས་དོན་མཉམ་
བཞག་རང་གི་ངོ་བོ་ལ་གཉིས་ཀར་ཁས་མི་ལེན་ཏེ། འདི་གཉིས་ནི་སྒྲོ་བསྐུར་དང་དགག་
སྒྲུབ་ཀྱི་རྟོག་པ་ཡིན་ལ། ཆོས་ཉིད་ནི་གཉིས་ཆོས་ཐམས་ཅད་དང་བྲལ་བ་གཟུང་འཛིན་
གྱི་རྣམ་པར་རྟོག་པའི་བློ་ལས་འདས་པ་གདོད་མ་གཞིའི་ཆོས་ཉིད་དགག་སྒྲུབ་བསལ་
བཞག་ལས་འདས་པ་ཡིན་ནོ། །དེ་ལྟར་ཟབ་རྒྱས་ཀྱི་གཞུང་རྣམས་ན་གནས་ལུགས་ནི་
དགག་སྒྲུབ་དང་བསལ་བཞག་མེད་པར་གསུངས་པ་རྣམས་གསང་ཆེན་རྙིང་མའི་ལུགས་
འདིར་ཇི་བཞིན་པ་ཐད་སོར་འདྲེན་ནུས་ཏེ། དེའི་རྒྱུ་མཚན་གཤིས་ལ་ཆོས་ཐམས་ཅད་
རང་བཞིན་གྱིས་གྲུབ་མ་མྱོང་བར་ངོ་བོ་སྟོང་ཉིད་ཀྱི་ཕྱིར། དེ་ལྟར་མ་རྟོགས་པའི་སྣང་
ཚུལ་ལ་སྒྲིབ་པ་གློ་བུར་པ་ལྟར་སྣང་བ་ཡང་ལམ་བསྒྲུབ་པས་རྣམ་པར་དབྱེ་བ་དང་བཅས་
པའམ་སྟོང་པའི་མཚན་ཉིད་ཅན་ཡིན་ལ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་
ནི་སྟོང་པ་རྐྱང་བ་མ་ཡིན་ཏེ། བླ་ན་མེད་པ་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་རྣམ་པར་
དབྱེ་བ་མེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། ཀུན་མཁྱེན་ཆེན་པོས། སྟོང་དང་གསལ་
དང་རིག་པའི་སྙིང་པོ་ཅན། །རྣམ་དབྱེར་མེད་པའི་ཡོན་ཏན་ཚོགས་མང་ལྡན། །ཉི་བཞིན་
ལྷུན་གྲུབ་རང་བཞིན་རྣམ་པར་དག །རྣམ་དབྱེར་བཅས་པའི་དྲི་མས་ཡེ་སྟོང་ཞིང་། །
གདོད་ནས་མ་འབག་འོང་ས
ལ་ཆས་༢༨
པོས། རྫོགས་པ་ཆེན་པོའི་ཚུལ་གྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤིན་ཏུ་མགོ་མཉམ་
པ་ཉིད་དུ་རྟོགས་ཤིང་མཐར་ཕྱིན་པར་ཁོང་དུ་ཆུད་པས། དེ་བས་ན་སྣང་བའི་དབང་གིས་
བློ་མི་རྨོངས་ཤིང་མངོན་པར་འདུ་བྱེད་པ་བསྐྱེད་མི་ནུས་ཤིང་མི་ལེན་མི་འདོར་མི་གཡོ་
མི་རྩོལ་ལོ། །དེ་ལྟར་སྒྱུ་མ་ལྟ་བུ་མཐར་ཕྱིན་པར་རྟོགས་པ་འདི་ནི་བདེན་པ་གཉིས་དབྱེར་
མེད་པར་རྟོགས་པ་མཐར་ཕྱིན་པས་གྲུབ་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལས་གཞན་
དུ་གཞི་སྟོང་པ་རྐྱང་བར་བཤད་པ་རྣམས་ལ་བླ་ན་མེད་པའི་གཟུགས་སྐུའི་ཡོན་ཏན་གྱིས་
སྟོང་ཞིང་། གཞི་མི་སྟོང་བར་བཤད་པ་རྣམས་ལ་བླ་ན་མེད་པའི་ཆོས་སྐུའི་ཡོན་ཏན་གྱིས་
སྟོང་པར་འགྱུར་རོ། །དེར་མ་ཟད་བདེན་གཉིས་ཕྱེ་ནས་དོན་དམ་པ་སྟོང་རྐྱང་ཞིག་དང་།
མི་སྟོང་བ་ཞིག་ལ་བསལ་བཞག་མེད་ཅེས་འཆད་ཀྱང་འབྲེལ་མེད་གཞན་ལ་བསལ་བཞག་
མེད་པས་གཞན་ཤེས་རྒྱུད་ལ་བསལ་བཞག་ཡོད་པ་ལ་ཅི་ཡང་མི་ཕན་པར་འགྱུར་རོ། །
གཉིས་པ་ལ། རང་བཞིན་གྱི་སྟོང་པ་དེ་འཕགས་བོད་ཀྱི་ཆེན་པོ་རྣམས་ཀྱི་དགོངས་པ་
ཡིན་པ། དོན་དཔྱོད་དེས་དགག་བྱ་ངོས་བཟུང་ནས་རང་སྟོང་ཡིན་ཚུལ་བཤད་པ་གཉིས་
ལས། དང་པོ་ནི། སྟོང་ཚུལ་ཁོ་སོགས། གཉིས་པ་ལྟར་ན་མཐའ་བཞིའི་སྐྱེ་བ་ཁེག་པའི་
སྐྱེ་མེད་སྟོང་པ་ཉིད་དུ་རྣམ་པར་དཔྱོད་པའི་ཚུལ་ཁོ་ནར་བསམ་ནས་དགག་གཉིས་གང་
ཡིན་དྲི་ན་ནི། མཐའ་ཡི་འཛིན་སྟངས་ཕྲ་མོ་ཡང་འགོག་དགོས་པའི་ཕྱིར་མེད་པར་དགག་
པ་ཉིད་ཡིན་ཏེ། ཇི་ལྟར་འཕགས་པའི་ཡུལ་གྱི་དཔལ་ལྡན་ཟླ་བ་དང༌། གངས་ཅན་བོད་
ན་རོང་ཟོམ་ཆོས་བཟང་གཉིས་ཐུགས་ཀྱི་དགོངས་པའི་དོན་གཅིག་པ་དང༌། གསུངས་
གི་དབྱངས་གཅིག་གིས་འདུས་བྱས་འདུས་མ་བྱས་དང་འཁོར་འདས་དང་བཟང་ངན་
སོགས་ཇི་ལྟར་སྣང་བ་ཐམས་ཅད་ལ་ཁྱད་པར་ཅི་ཡང་སྦྱར་མི་དགོས་པར་ཀ་དག་སྟོང་
པ་ཆེན་པོར་ལུང་རིགས་དྲི་མ་མེད་པས་བསྒྲུབས་པར་མཛད་པའི་ཕྱིར། དེའི་ཚུལ་ཡང་ཚིག་
གསལ་ལས། གལ་ཏེ་བདག་ལས་སྐྱེ་བ་མ་ཡིན་པ་ཉིད་དོ་ཞེས་ངེས་པར་བཟུང་བ་ན་
གཞན་ལས་སྐྱེའོ་ཞེས་མི་འདོད་པ་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། མེད་པར་དགག་
པ་བརྗོད་པར་འདོད་པའི་ཕྱིར་རོ། །ཞེས་དང༌། རྒྱལ་བས་ཆོས་རྣམས་དངོས་པོ་མེད་པར་
བཤད། །ཅེས་སོགས་ཚིགས་གསལ་དུ་མདོ་འདི་དྲངས་ནས། མེད་པར་དགག་པ་བརྗོད་
པར་འདོད་པས་དངོས་པོ་རང་བཞིན་མེད་པའི་དོན་ནི་རང་བཞིན་མེད་པའི་དོན་ཡིན་ནོ། །
ཞེས་གསུངས་པ་དང༌། དཔལ་རོང་ཟོམ་པ་ཆེན་པོས། དབུ་མའི་ཚུལ་ལས་ཇི་ལྟར་རྣལ་
འབྱོར་སྤྱོད་པ་རྣམས་ཀྱིས་དོན་དམ་པའི་མཚན་ཉིད་ཡོད་པ་དང་ཡིན་པར་ལྟ་བ་དེ་དག་
ནི་ཀུན་ཏུ་བརྟགས་པ་སྟེ་གཏན་མེད་དོ་ཞེས་མེད་པར་འགོགས་པར་བྱེད། མ་ཡིན་པར་
དགག་པ་སྒྲུབ་པར་བྱ་བའི་དོན་དམ་པ་ཉིད་དབུ་མའི་མི་བསྒྲུབ་བོ་ཅེས་དང༌། དེ་བས་ན་
ཤེས་བྱ་རྣམས་ལ་ཀུན་ཏུ་བརྟགས་པས་སྟོང་པས་རང་གི་མཚན་ཉིད་ཡོད་པ་དང་ཡིན་
པར་བསྒྲུབ་དུ་རུང་བ་མེད་པར་དགག་པས་བསྟན་པའི་གཞིར་གྱུར་པ་འགའང་ལྷག་
མར་མི་ལུས་སོ། །ཞེས་སོགས་གསུངས་སོ། །དེས་ན་འཇམ་མགོན་བླ་མའི་དབུ་མའི་
རྣམ་བཤད་དེ་དག་ཏུ་མེད་དགག་འབའ་ཞིག་གསུངས་པ་ལ། འགའ་ཞིག་གིས་གསར་
རྙིང་གི་གྲུབ་མཐའ་བསུ་བསྲེར་གྱུར་པའམ། ཡང་འགའ་ཞིག་སྔར་མེད་གསར་དྲན་ཡིན་
བསམ་པ་རྣམས་རང་ལུགས་ཀྱི་ཕུག་འདི་དག་མ་མཐོང་བའམ་མཐོང་ཀྱང་མ་ངེས་པར་
སོང་བས་ལན་པ་ཡིན་ནོ། །གཉིས་པ་ནི། ཆོས་འདི་ཀ་སོགས། མཐར་ཐུག་དབུ་མའི་
དགག་བྱ་དེ་ལྟར་ཡིན་པའི་རྒྱུ་མཚན་དེས་ན་ཀུན་བྱང་གི་ཆོས་འདི་དག་ཐམས་ཅད་ཀ་
ནས་དག་པའམ་གདོད་མ་ནུས་རང་བཞིན་མེད་པའི་ཕྱིར་ཏེ། དུས་ཀྱི་དབང་དུ་སྔར་
སྐྱེས་པ་ལ་ཕྱིས་མེད་པའམ་དགག་པ་ལྟ་བུ་མ་ཡིན་ཏེ་ཀ་ནས་དག་པའི་ཕྱིར་དང༌། ཡུལ་
གྱི་ཁྱད་པར་ཐ་སྙད་ཀྱི་སྐབས་སུ་ཡོད་ལ་དོན་དམ་པར་མེད་པ་ལྟ་བུ་མ་ཡིན་ཏེ་གདོད་
མ་ནས་རང་བཞིན་མེད་པའི་ཕྱིར། འཇུག་འགྲེལ་ལས། གལ་ཏེ་འགའ་ཞིག་ལ་རང་
བཞིན་ཏེ་ངོ་བོ་ཉིད་ཡོད་ན་དེ་སྐྱེ་བར་འགྱུར་བ་ཞིག་ན་རང་བཞིན་དེ་ཡང་ཡོད་པ་མ་ཡིན་
པས་ཅི་ཞིག་སྐྱེ་བར་འགྱུར། འདིས་ནི་དུས་ཐམས་ཅད་དུ་མ་སྐྱེས་པར་སྟོན་པ་ཡིན་ཏེ་སྔར་
མ་བྱུང་བ་ལས་ཕྱིས་འབྱུང་བ་མ་ཡིན་ཅིང་ཕྱིས་འབྱུང་ནས་ཀྱང་ཡང་འགྱུར་བ་ནི་མ་ཡིན་
ཏེ༑ འོ་ན་ཅི་ཞེ་ན་རང་བཞིན་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པའོ། །གདོད་ནས་
ཞེས་བྱ་བ་སྨོས་པས་དེ་དག་རྣལ་འབྱོར་བའི་ཡེ་ཤེས་ཀྱི་གནས་སྐབས་ཁོ་ནར་མ་སྐྱེས་
པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན་དེའི་གོང་རོལ་འཇིག་རྟེན་པའི་ཐ་སྙད་ཀྱི་གནས་སྐབས་
སུ་ཡང་ཆོས་དེ་དག་རང་གི་བདག་ཉིད་ཀྱིས་མ་སྐྱེས་པའོ་ཞེས་བྱ་བ་འདི་སྟོན་པར་བྱེད་
དོ། །གདོད་ཀྱི་སྒྲ་ནི་དང་པོའི་རྣམ་གྲངས་ཏེ། འཇིག་རྟེན་ཐ་སྙད་ཀྱི་གནས་སྐབས་ལ་
བརྗོད་དོ་ཞེས་བྱ་བ་ཤེས་པར་བྱའོ། །ཞེས་གསུངས་སོ། །དེས་ན་དོན་དམ་པར་མ་ཟད
ཐ་སྙད་དུ་ཡང་མ་སྐྱེས་པའི་ཕྱིར་བདེན་པ་གཉིས་ཆར་དུ་ཡང་མ་སྐྱེས་པས་ན་ཆོས་ཅན་
ཀ་བ་ལྟ་བུ་དེ་མེད་དོ་ཅེས་བརྗོད་པ་ལ་ཅི་ཞིག་ཐེ་ཚོམ་སྟེ། རིགས་པས་གྲུབ་པའི་ལམ་
བཟང་ཡིན་པ་དེས་ན་ཀ་བ་ཀ་ནས་དག་ཅིང་མཉམ་པ་ཉིད་ཀྱི་ཕྱིར་ན་དོན་དམ་པའི་དགག་
བྱ་གཞན་པ་ཞིག་བཙལ་ནས་དེ་བཀག་པའི་ཤུལ་ན་མི་སྟོང་པའི་དོན་དམ་དང་ཀུན་རྫོབ་
གང་རུང་གི་ངོ་སྐལ་ལྷག་མར་ལུས་པ་ཅུང་ཟད་མེད་པའི་ཕྱིར་རོ། །དེ་ལྟར་ཡང་མདོ་
སྡུད་པར། གང་འདིར་ཕུང་པོ་ལྔ་དག་སྒྱུ་མ་འདྲ་ཤེས་ཤིང་། །སྒྱུ་མ་གཞན་དང་ཕུང་པོ་
གཞན་དུ་མི་བྱེད་ལ། །སྣ་ཚོགས་འདུ་ཤེས་བྲལ་ཞིང་ཉེ་བར་ཞི་སྤྱོད་པ། །འདི་ནི་ཤེས་
རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །འདིར་ཤེས་བྱའི་ཆོས་ཐམས་
ཅད་རང་བཞིན་གྱིས་སྟོང་བའམ་རང་གི་ངོ་བོས་སྟོང་པ་ཡིན་པར་བཀའ་དང་བསྟན་བཅོས་
རྣམས་ནས་གསུངས་ཤིང་། དེ་བཞིན་དུ་རིགས་པ་ཡང་དག་པས་གྲུབ་པའི་ཕྱིར་གསང་
སྔགས་རྙིང་མའི་ལུགས་འདི་རང་སྟོང་ཡིན་ཀྱང་རང་སྟོང་གཞན་སྟོང་གཉིས་ཀྱི་ཟླས་ཕྱེ་
བའི་རང་སྟོང་ཀྱང་མ་ཡིན་སྟེ། འདི་གཉིས་ནི་གསང་སྔགས་གསར་མའི་གྲུབ་མཐའ་
ལས་ཕྱེ་བ་ཡིན་ལ། དེའི་ཕྱིར་གཞི་བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་སུ་འདོད་
པ་དེ་ཅུང་ཟད་མི་མཐུན་ལ། དེས་དབང་གིས་འཁོར་ལོ་བར་ཐའི་དྲང་ངེས་ཀྱི་འཇོག་ཚུལ་
དང༌། ཤིང་རྟ་ཆེན་པོ་གཉིས་ཀྱི་དགོངས་པ་ཟུང་གཅིག་ཏུ་ཆུད་མ་ཆུད་དང་ཚད་མ་གཉིས་
པོ་རྩལ་འདོན་མཉམ་མི་མཉམ་སོགས་ཁྱད་ཡོད་དོ། །འོ་ན་ཁྱོད་ཀྱིས་སྟོང་ཚུལ་ཁོ་ནར་
བསམ་ན་སོགས་འདིའི་དོན་མཐའ་བཞིར་གཅིག་ཆར་ཆོད་ཅེས་པ་མི་འཐད་དེ། མཐའ་
བཞི་གཅིག་ཅར་ཆོད་མི་སྲིད་པ་དེའི་ཕྱིར། ཐལ་རང་གཉིས་ཀའི་དང་པོ་ཆོས་ཐམས་ཅད་
སྐྱེ་མེད་སྟོང་པར་གཏན་ལ་ཕབ་ནས་དངོས་པོའི་ཡོད་མཐའ་བཅད་ནས་དེ་ནས་མཐའ་
ཕྱི་མ་རྣམ་གཅོད་པ་འདྲའོ་སྙམ་ན། དེ་ལྟར་མ་ཡིན་ཏེ། རང་རྒྱུད་པས་བདེན་གཉིས་ཕྱེས་
སྟེ༔ ཀ་བ་དོན་དམ་པར་སྟོང་པ་ཉིད་དུ་གཏན་ལ་ཕབ་ནས་དངོས་པོའི་ཡོད་མཐའ་ཆོད་
པ་ན་མཐའ་ཕྱི་མ་རྣམས་རིམ་གྱིས་གཅོད་པ་ཁྱོད་ཀྱིས་བརྗོད་པ་ལྟར་བདེན་ཀྱང་། འདིར་
ཆོས་འདི་ཀ་ནས་དག་པའམ་སོགས་ཀྱི་ཐལ་འགྱུར་བའི་སྐབས་སུ་བདེན་གཉིས་ཕྱེ་བ་
མེད་པའི་གནད་ཀྱིས་ཀ་བ་སྣང་བཞིན་པ་དེ་སྐྱེ་མེད་སྟོང་པ་ཉིད་དུ་གཏན་ལ་ཕབ་པའི་
སྣང་སྟོང་ཟུང་འཇུག་མཉམ་པ་ཉིད་དེས་དངོས་སུ་ཡོད་མེད་ཀྱི་མཐའ་གཉིས་པོ་ཆོད་པ་
ན་ཤུགས་ཀྱིས་གཉིས་ཡིན་གཉིས་མིན་གྱི་མཐའ་གཉིས་པོའང་ཆོད་དེ། ཆོས་ཉིད་སྣང་
སྟོང་ཟུང་འཇུག་ལ་གཉིས་ཡིན་གཉིས་མིན་གྱི་དམིགས་པའི་གནས་མི་རྙེད་པ་གང་ཞིག་
འཕགས་པའི་མཉམ་བཞག་གི་སྤྱོད་ཡུལ་ལྟར་གཏན་ལ་ཕབ་པའི་ཕྱིར། དེས་ན་ཐད་
ཀར་བལྟས་ན་ཐལ་རང་གཉིས་ཀའི་དངོས་པོ་རྣམས་སྟོང་པ་ཉིད་དུ་གཏན་ལ་ཕབ་པར་
འདྲ་ཡང་། དོན་གྱིས་མཐའ་བཞི་རིམ་ཅིག་ཆར་ཆོད་པ་མི་འདྲ་སྟེ་རང་རང་གི་ལུགས་
ཁས་ལེན་ཡོད་མེད་ཀྱི་འཇོག་མཚམས་སོགས་ལ་གཏུགས་ན་ཁྱོད་ཡོད་པའི་ཕྱིར་རོ། །
དེས་ན་འདི་སྐབས་འོག་ཏུ་རང་ལུགས་ཀྱི་སྐྱོན་སྤོང་བཤད་སྐབས་སུ་ཡང་། དེ་འདྲའི་
མཐའ་བྲལ་དེ་སྣང་བ་དང་སྟོང་པ་གཉིས་པོ་ཟུང་དུ་འཇུག་ཚུལ་དང་། ཟུང་འཇུག་དེ་མཐའ་
དང་བྲལ་ཚུལ་སོགས་ཐམས་ཅད་ཆུ་ཟླའི་དཔེའི་སྒོ་ནས་རྒྱས་པར་བཤད་ཀྱི་མ་གཏོགས།
སྣང་སྟོང་གི་ལྡོག་ཆ་རེ་ཚིག་གི་བརྗོད་པ་ཡོད་ཙམ་གྱི་བདེན་གཉིས་ཕྱེས་སྟེ་གཞལ་བ་
མ་ཡིན་པར་གོ་དགོས་སོ། །གསུམ་པ་གཞན་གྱི་ལུགས་དགག་པ་ལ། རང་སྟོང་གི་དགག་
བྱ་ངོས་བཟུང་བ་གཞན་སྟོང་དུ་ཐལ་བ་དང་། ཀུན་རྫོབ་དང་དོན་དམ་པ་གང་རུང་གཞན་
གྱིས་སྟོང་པ་ཐུན་མོང་དུ་དགག་པ་གཉིས་ལས། དང་པོ་ལ། ཟླ་གྲགས་ཀྱི་དགོངས་པ་
དང་འགལ་བ་དང་། རང་གི་ཁྱད་པར་སྦྱར་བ་མི་འཐད་པའི་ཚུལ་གཉིས་ལས། དང་པོ་ལ།
ཕྱོགས་སྔ་མའི་ཐལ་འགྱུར་བའི་དགག་བྱ་དྲི་བ་དང༌། དེའི་ལན་དགག་པ་གཉིས་ལས།
དང་པོ་ནི། ཀ་བ་མེད་སོགས། དོན་དཔྱོད་ཚད་མ་དེས་ཆོས་ཅན་ཀ་བ་མེད་ཅེས་མ་བཀག་
པར་ཐ་སྙད་ཀྱི་ངོ་སྐལ་དུ་འཇོག་དགོས་པར་འདོད་ན། འོ་ན་དགག་བྱ་ཀ་བ་མིན་ཏེ་ཡིན་
ན་ཐ་སྙད་ལ་བསྐུར་བ་བཏབ་པར་འགྱུར་ཞེས་རྣམ་བཞག་མཛད་པས་ན་ཀ་བ་མིན་པ་
གཞན་ཅི་ཞིག་ཡིན་ཞེས་དྲིས་པ་ན། ཀ་བ་ཀ་བས་མི་སྟོང་པར་བདེན་གྲུབ་ཀྱིས་སྟོང་པ་
དེ་ཡིན་པར་གསུངས་སོ། །
གཉིས་པ་ལ། མེད་དགག་ཟེར་ཡང་མ་ཡིན་དགག་ཏུ་འགྱུར་པ་དང་། གཞན་སྟོང་གི་རྣམ་
གྲངས་སུ་འགྱུར་པ་དང་། ལུང་རིགས་གཉིས་ཀ་དང་འགལ་བ་གསུམ་ལས། དང་པོ་ནི།
ཀ་བ་ཁེག་སོགས། ཆོས་ཅན་ཀ་བ་དེའི་སྟེང་ན་བདེན་གྲུབ་ཁེག་པའི་སྟོང་པ་ཞིག་དང་།
དགག་བྱ་བཅད་ཤུལ་ན་ལུས་པའི་སྣང་བ་ཞིག་མི་སྟོང་པར་ཡོད་པ་གཉིས་པོ་ནི་སྣང་
སྟོང་ཟུང་འཇུག་ཏུ་མི་རུང་སྟེ། ཅིག་ཤོས་སྟོང་པ་དགག་རྐྱང་བ་དང་། ཅིག་ཤོས་མི་སྟོང་
པའི་སྣང་བ་ཤུལ་དུ་འཕང་བའི་ཕྱིར་དཔེར་ན་སྲད་བུ་དཀར་ནག་གཉིས་ལྷན་དུ་བསྒྲིམ་
པ་ལ་ཟུང་འཇུག་གི་དོན་མེད་པ་བཞིན་ནོ། །དེས་ན་མེད་དགག་ཏུ་ཆེས་ཆེར་བསྒྲུབ་ཀྱང་
དོན་གྱི་ལྷུང་ས་མ་ཡིན་དགག་ཏུ་འགྱུར་བར་རིགས་པས་གྲུབ་བོ། །གཉིས་པ་ནི། ཀ་བ་
ཀ་བས་སོགས། ཡང་འདི་ལྟར་ཀ་བ་ཀ་བས་མི་སྟོང་པའི་ཀུན་རྫོབ་དེ་ལ་བདེན་གྲུབ་
ཀྱིས་སྟོང་པ་དང་། ཆོས་ཉིད་ཡོངས་གྲུབ་མི་སྟོང་པའི་དོན་དམ་པ་དེ་ལ་ཆོས་ཅན་ཀུན་
རྫོབ་ཀ་བས་སྟོང་པ་ཉིད་དོ་ཞེས་དབུ་མའི་རྣམ་པར་བཞག་པ་གཉིས་པོ་འདིས་ནི་སྟོང་
གཞི་གཞན་བདེན་པ་གཉིས་པོས་གང་རུང་རེ་བཞག་ནས་གཞན་བདེན་གྲུབ་དང་གློ་
བུར་ཀུན་རྫོབ་ཀྱིས་སྟོང་པ་ཡིན་པར་འདོད་པའི་ཕྱིར། མིང་བཏགས་མ་བཏག་གང་
ཡིན་ཀྱང་གཉིས་ཀ་ཚིག་དང་དོན་གྱི་གཞན་སྟོང་པ་གཉིས་སུ་ཐལ་བར་འགྱུར་རོ། །
བདེན་གྲུབ་ནི་བདེན་པ་གཉིས་ཀར་མ་གྲུབ་པས་ཚིག་གི་སྤྱོད་ཡུལ་ཙམ་ཡིན་པས་ཚིག་
གི་གཞན་སྟོང་དང༌། འཁོར་བ་ཀུན་རྫོབ་ཐ་སྙད་དུ་ཡོད་པས་དོན་གྱི་གཞན་སྟོང་ཞེས་
བརྗོད་པ་འདྲའོ། །གཞན་སྟོང་དུ་ཁས་མ་བླང་བས་དེར་ག་ལ་འགྱུར་སྙམ་ན། ཁྱོད་ཀྱི་
ལུགས་ལ་ཐ་སྙད་དུ་ཡོད་ཚད་དོན་དམ་པར་མི་ཁེགས་ཅིང་རང་ངོས་ནས་མི་སྟོང་ལ།
དོན་དམ་པར་བཀག་ཚད་དང་སྟོང་ཚད་ཐ་སྙད་དུ་མི་སྣང་བར་ཁས་བླང་བས་སྟོང་རྒྱུ་དང་
མི་སྟོང་རྒྱུ་གཉིས་གཞན་དུ་སོང་བས་གཞན་སྟོང་དུ་འགྱུར་ལ། ད་དུང་གཞན་སྟོང་དུ་མི་
འགྱུར་ན་གཞན་སྟོང་པའང་གཞན་སྟོང་དུ་མི་འགྱུར་རོ། །་
གསུམ་པ་ནི། ཨེ་མ་དེས་སོགས། ཁེངས་དྲག་གི་མགོ་འཕང་དང་མཉམ་བའི་ལྟ་བ་མེད་
པ་ལ་ཨེ་མ་ཞེས་ངོ་མཚར་བའི་ཚིག་གི་སྣ་དྲང་ནས། ཀ་བ་དེས་ཀ་བ་དེ་མ་སྟོང་ན་བདེན་
གྲུབ་ཐ་སྙད་དུ་མེད་པ་གཞན་གྱིས་སྟོང་པའི་གཞི་ཀ་བ་ནི་མི་སྟོང་པར་དགག་བྱ་དེས་
ལྷག་མར་ལུས་པས་ན། དེ་ལྟ་ན་སྟོང་ཉིད་བཅུ་དྲུག་ཏུ་དབྱེ་བ་སོགས་ཀྱི་སྐབས་མིག་
ནི་མིག་གིས་སྟོང་པ་དང་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་པའི་ལུང་དོན་དང་། མདོ་
ལས། འོད་སྲུང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། ཆོས་རྣམས་ནི་རང་
གི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དོ་ཞེས་སོགས་དང་། རིགས་པ་ནི། ཀ་བའི་རྒྱུ་འབྲས་ངོ་
བོ་ཉིད་གསུམ་ལ་དཔྱད་ན་མ་གྲུབ་སྟེ། ཀ་བ་ཆོས་ཅན། དངོས་པོར་མེད་དེ། བདག་
དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་སྐྱེ་བ་དང་བྲལ་བའི་ཕྱིར། དཔེར་ན་རྨི་
ལམ་བཞིན་ནོ། །དེ་བཞིན་དུ་ཆོས་ཅན་དང་བསྒྲུབ་བུ་འདྲ་བ་ལ་འབྲས་བུའི་ངོ་བོ་ཡོད་
མེད་གང་གི་སྐྱེ་བ་དང་བྲལ་བའི་ཕྱིར་དང་། ངོ་བོ་ཉིད་གཅིག་དུ་མ་དང་བྲལ་བའི་ཕྱིར་
རྒྱུ་འབྲས་ངོ་བོ་ཉིད་གསུམ་པོ་རྟེན་ཅིང་འབྲེལ་འབྱུང་ཡིན་པའི་ཕྱིར་རྣམ་ཐར་སྒོ་གསུམ་
གྱི་རང་བཞིན་ལས་གཞན་མི་སྟོང་པ་ཞིག་ཡོད་ན་རིགས་པ་དང་བཅས་པའི་དོན་ལས་
འགལ་བའི་ཕྱིར་དང་། བདེན་གྲུབ་ཙམ་ལ་རྒྱུ་འབྲས་ངོ་བོ་ཉིད་སོགས་ཀྱི་ཁྱད་པར་མེད་
པའི་ཕྱིར་རོ། །ཡང་སྣང་བ་མ་ཡིན་པའི་སྟོང་པ་ཞིག་མེད་པར་ཐལ། བདེན་པ་གཉིས་
ཆར་དུ་ཡང་མི་སྲིད་པའི་ཕྱིར། གལ་ཏེ་སྲིད་ན་སུས་ཀྱང་རྟོགས་བྱར་མི་རུང་བར་ཐལ།
ཐབས་སྣང་བ་དང་མི་འབྲེལ་བའི་ཕྱིར། གལ་ཏེ་རྟོགས་ནའང་སྤང་བྱའི་གཉེན་པོ་མི་བྱེད་
པར་ཐལ། ཐ་དད་པའི་སྟོང་ཉིད་ཡིན་པའི་ཕྱིར། དཔེར་ན་དགྲ་ལ་ཞེ་སྡང་སྐྱེས་ཚེ་ནམ་
མཁའ་སྟོང་པར་ཤེས་པས་མི་ཕན་པ་བཞིན་ནོ། །གཉིས་པ་ལ། ཚིག་ཕྱི་མའི་ཁྱད་པར་
སྦྱར་བ་མི་འཐད་པ་དང་། སྔ་མའི་ཁྱད་པར་སྦྱར་བ་མི་འཐད་པ་གཉིས། དང་པོ་ལ། གཅིག་
ཐ་དད་བརྟགས་པས་དགག་པ། དེས་སྐྱོན་སྤོང་གི་ལན་དགག་པ། དེ་འདྲའི་ཁྱད་པར་
དེ་རང་རྒྱུད་ལ་གྲགས་ཀྱང་མཐར་ཐུག་གི་དོན་ལ་མི་དགོས་པ་དང་གསུམ་ལས། དང་
པོ་ནི། ཀ་བ་ཀ་བའི་སོགས། ཡང་བདེན་གྲུབ་ཀྱིས་སྟོང་པའི་ཁྱད་པར་སྦྱར་བ་འཐད་
དོ་སྙམ་ན། གལ་ཏེ་ཀ་བ་དང་ཀ་བའི་སྟེང་གི་དགག་བྱ་བདེན་གྲུབ་གཉིས་གཅིག་
གམ་ཐ་དད་གང་ཡིན། དང་པོ་ལྟར། དགག་བྱ་དང་དགག་གཞི་གཅིག་ཡིན་ནཱ་གཅིག་
ཤོས་བདེན་གྲུབ་ཁེག་ཚེ་དེ་དང་ངོ་བོ་གཅིག་པའི་ཀ་བ་ཡང་ཁེག་རིགས་ཏེ་བདེན་གྲུབ་
དང་གཅིག་པའི་ཕྱིར། དཔེར་ན་ཀ་བ་ཚིག་ན་ཁ་དོག་ཀྱང་འགྱུར་བ་བཞིན་ནོ། །གལ་
ཏེ་མི་ཁེག་ན་གཅིག་ཡིན་པ་ཉམས་སོ། །ཡང་གཉིས་པ་ལྟར་ཀ་བ་ལས་བདེན་གྲུབ་
གཞན་ན་བདེན་གྲུབ་ཁེག་ཀྱང་ཀ་བ་ནི་དབུ་མའི་རིགས་པ་གང་གིས་བརྟག་ཀྱང་ངོ་བོ་
་
མི་སྟོང་པར་དཔྱད་བཟོད་དུ་ཐལ་བར་འགྱུར་རོ། །འདོད་ན་ཀ་བ་མི་སྟོང་པ་དོན་
དཔྱོད་ཚད་མ་དང་འགལ་ཞིང་། བདེན་གྲུབ་གཞན་གྱིས་ཀ་བ་སྟོང་པས་རང་སྟོང་དུ་
ཁས་བླང་བ་དང་འགལ་ལོ། །མཐར་བདེན་གྲུབ་ཀྱང་ཁེག་པར་མི་འགྱུར་ཏེ་དཔྱད་
བཟོད་དུ་ཡོད་པ་ལ་བདེན་གྲུབ་ཞེས་བརྗོད་པའི་ཕྱིར་རོ། །
གཉིས་པ་ལ། ལན་དང་། དེ་དགག་པ་གཉིས་ལས། དང་པོ་ནི། བདེན་གྲུབ་ཡོད་སོགས།
གལ་ཏེ་བདེན་གྲུབ་ནི་བདེན་པ་གཉིས་ཀར་མ་གྲུབ་པས་ཡོད་མ་མྱོང་བའི་ཕྱིར། ཀ་བ་
དང་གཅིག་དང་ཐ་དད་ཀྱི་བརྟགས་པ་འདི་མི་དགོས་སོ་ཞེ་ན། གཉིས་པ་ནི། བདེན་
གྲུབ་མེད་སོགས། དེ་ཡང་དཔྱད་ན་བདེན་གྲུབ་ཞེས་པ་མེད་དུ་ཆུག་ཀྱང་། སོ་སོའི་སྐྱེ་
བོ་བདག་དང་ཆོས་སུ་བདེན་པར་འཛིན་པ་རྣམས་ཀྱི་ངོར། དབུ་མའི་གཏན་ཚིགས་རྣམས་
ཀྱིས་ཆོས་ཐམས་ཅད་སྟོང་ཉིད་དུ་གཏན་ལ་འབེབ་ཚེ། སོ་སྐྱེ་དེས་བུམ་པ་སོགས་ནི་བདེན་
པར་འཛིན་པའི་ཕྱིར་ན། མི་སྟོང་པའི་བུམ་པ་དེ་ལ་སོ་སྐྱེས་ཀྱི་བློ་དོན་མཐུན་དུ་སོང་
བའི་ཕྱིར་བདེན་འཛིན་དེ་མི་བཟློག་ན། དེས་ཕ་རོལ་ཏུ་བདེན་པར་གྲུབ་རྒྱུའི་རྣམ་པ་
ཤར་ནས་དགག་བྱའི་ཚད་ལ་མཁས་བྱའི་ཡུལ་དེ་སུ་ཞིག་ཡིན། དབུ་མའི་དགག་བྱའི་
བདག་གཉིས་པོའི་སྣང་ཚུལ་དེ་བདག་འཛིན་ཅན་སུའི་སྤྱོད་ཡུལ་ཡིན། ཡན་གར་བ་དེ་
དབུ་མས་བདག་མེད་པར་གཏན་ལ་འབེབས་པ་ལ་དགོས་པ་ཅི་ཞིག་ཡོད། སྔ་རབས་
པ་སུས་ཀྱང་མ་ཐོན་པའི་དབུ་མའི་རྣམ་བཞག་ངེས་སོ་ལོ་སྟེ། དཔེར་ན་རི་བོང་གི་རྭ་
དགག་བྱར་ཁས་བླང་བ་བཞིན་ནོ། །ཡང་བུམ་པ་ཀ་བ་སོགས་ཆོས་ཅན་ཐམས་ཅད་ལ་
དཔྱད་བཟོད་མེད་པ་དེ་བདེན་མེད་མིན་ན། བདེན་འཛིན་ཅན་གྱི་སྤྱོད་ཡུལ་དུ་ཡོད་པའི་
བདེན་པར་གྲུབ་རྒྱུའི་ཆོས་ཅན་དེ་སུ་ཞིག་ཡིན། དེ་བདེན་མེད་དུ་ཇི་ལྟར་རྟོགས་ཏེ་དཔྱད་
བཟོད་དུ་མེད་པར་གཏན་ལ་ཕབ་ཀྱང་དེ་བདེན་མེད་མིན་པར་འདོད་པའི་ཕྱིར། དེས་ན་
དགག་བྱའི་རྣམ་བཞག་གམ་སྣང་ཚུལ་ངེས་སོ་ལོ། །
གསུམ་པ་ནི། བདེན་གྲུབ་སོགས། ཡང་བདེན་གྲུབ་དང་ཡང་དག་པར་གྲུབ་པ་སོགས་བདེན་
གཉིས་ལ་ཚིག་གི་ཁྱད་པར་གང་ཞིག་དགུག་བྱར་སྦྱར་ནས་སྟོན་པ་ནི་སློབ་དཔོན་ལེགས་
ལྡན་འབྱེད་སོགས་རང་རྒྱུད་པའི་གཞུང་དུ་གྲགས་མོད། འོན་ཀྱང་དོན་དམ་མཐར་ཐུག་
དཔྱོད་པའི་དབང་དུ་ན། བདེན་གྲུབ་སོགས་ཀྱི་ཁྱད་པར་དེ་སྦྱར་བ་ལ་དགོས་པ་ཅི་ཞིག་
ཡོད་དེ། དེ་ནི་མཐའ་བཞིའི་སྤྲོས་པ་ཐམས་ཅད་དང་བྲལ་བར་གཏན་ལ་འབེབས་དགོས་
ཀྱི༑ བདེན་སྟོང་རྐྱང་བས་མི་འཐུས་པའི་ཕྱིར། དེ་ལྟར་ཡང་། འཇུག་འགྲེལ་ལས། དེ་
ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་ཁྱད་པར་དུ་མ་མཛད་པར། བདག་ལས་མ་ཡིན་ཅེས་སྤྱིར་
སྐྱེ་བ་བཀག་པ་ཡིན་ནོ། །གང་ཞིག་དངོས་པོ་རྣམས་ནི་དོན་དམ་པར་བདག་ལས་སྐྱེ་བ་
མ་ཡིན་ཏེ། ཡོད་པའི་ཕྱིར། སེམས་ཅན་བཞིན་ནོ་ཞེས་ཁྱད་པར་དུ་བྱེད་པ་དེའི་དོན་དོན་
དམ་པར་ཞེས་བྱ་བའི་ཁྱད་པར་དོན་མེད་དོ་ཞེས་བསམ་པར་བྱའོ། །ཞེས་གསུངས་སོ། །
གཉིས་པ་ཚིག་སྔ་མའི་ཁྱད་པར་སྦྱར་བ་མི་འཐད་པ་ལ། ཁྱད་པར་སྦྱར་དགོས་པའི་ཞེ་
འདོད་བཞག་པ་ལ་འགལ་བ་ཡོད་ཚུལ། དེ་ལ་དྲིས་ནས་དགག་པ་གཉིས་ལས། དང་
པོ་ནི། སྟོང་ན་སོགས། ཡང་ཀ་བ་ཀ་བས་མི་སྟོང་པའི་ཁྱད་པར་སྦྱར་དགོས་སྙམ་ན། དེ་
ལྟ་ན་ཁྱེད་ཅག་གི་ཞེ་འདོད་ལ་ཀ་བ་རང་གི་ངོ་བོ་སྟོང་ན་དོན་དམ་པར་མ་ཟད་ཀུན་རྫོབ་
ཙམ་དུ་ཡང་ཀ་བ་མེད་པ་ལྟར་སེམས་ནས་བདེན་གཉིས་ཤན་མ་ཕྱེད་པའི་ཚིག་འཁྲིའི་
དོགས་པས་བྱ་རོག་ལ་ཁུ་འཁྲིག་ཞུགས་པ་ལྟ་བུའི་ཚིག་འདི་ལྟར་སྦྱར་བར་བྱས་ཀྱང་
དོགས་པ་མི་སེལ་བའི་སྟེང་དུ་སླར་ཚིག་འཁྲིའི་འགལ་བ་འདི་ལ་ཆེ་སྟེ། གསུངས་སྒྲོས་
ལས། དེའི་རྒྱུ་མཚན་ཚིག་འདི་ཀུན་རྫོབ་ཀྱི་དབང་དུ་བྱས་ཀྱང་མི་འཐད་དེ། སྐབས་སུ་
མ་བབ་པ་དང༌། དགོས་པ་མེད་པ་དང༌། རང་ཚིག་གི་འགལ་བ་དང་སྐྱོན་གསུམ་ཡོད་
པའི་ཕྱིར་རྟགས་རིམ་པ་བཞིན་གྲུབ་སྟེ། དོན་དམ་པར་མིག་ནི་མིག་གིས་སྟོང་ཚུལ་བཤད་
པའི་སྐབས་སུ། ཐ་སྙད་དུ་མིག་མིག་གིས་མི་སྟོང་པར་བཤད་པ་སྐབས་སུ་མ་བབས་པའི་
ཕྱིར་དང་། ཐ་སྙད་དུ་མིག་རང་ཉིད་རང་གི་མི་སྟོང་ལ་རྣ་བ་སོགས་ཆོས་གཞན་གྱིས་སྟོང་པ་
ལྟ་བུ་ཆོས་ཅན་ཐམས་ཅད་ལ་ཡོད་པ་འཇིག་རྟེན་དུ་གྲུབ་ཟིན་པ་སླར་བསྒྲུབ་མི་དགོས་
པའི་ཕྱིར་དང་། ཐ་སྙད་དུ་བུམ་པ་བདེན་པར་གྲུབ་པ་ཡིན་པས་བུམ་པ་བུམ་པས་མི་སྟོང་
པ་ཡིན་ན། བདེན་གྲུབ་ཐ་སྙད་དུ་མེད་ཅེས་པའི་ཁས་ལེན་ནང་འགལ་དུ་འགྱུར་རོ། །
དེ་རྣམས་ནི་ཚིག་གི་ཟུར་གཉིས་ཀ་ཐ་སྙད་ཀྱི་དབང་དུ་བྱས་པ་དང་། ཡང་ཟུར་གཉིས་
ཀ་དོན་དམ་པའི་དབང་དུ་བྱས་བའི་ངག་དེ་མི་འཐད་དེ། དེ་ཁས་བླང་ནང་འགལ་དང་།
སྟོང་ཉིད་མེད་དགག་ཏུ་ཁས་བླང་བ་ཉམས་པ་དང་། སྟོང་པ་རྟེན་འབྱུང་དུ་འཆར་བའི་
དོན་ལས་ཉམས་པའི་སྐྱོན་གསུམ་ཡོད་པའི་ཕྱིར། རྟགས་རིམ་བཞིན་གྲུབ་སྟེ། དོན་དམ་
པར་བུམ་པ་བུམ་པས་མི་སྟོང་ན་བདེན་གྲུབ་ཏུ་འགྱུར་བས། བདེན་གྲུབ་ཀྱིས་སྟོང་བའི་
ཁས་བླང་དང་འགལ་ལ། དེ་བཞིན་དུ་བུམ་པ་ཆ་དང་ཆ་ཅན་སོགས་རྡུལ་ཕྲ་རབ་ཀྱི་བར་
དཔྱད་ནས་མི་རྙེད་ན་བུམ་པ་བུམ་པས་སྟོང་པས་དེ་ལ་བདེན་པར་མ་གྲུབ་པའི་ཐ་སྙད་
བྱས་པ་ལས་གཞན་པའི་བདེན་གྲུབ་མེད་ཚུལ་བཞག་ཏུ་མེད་པའི་ཕྱིར་བུམ་པ་བུམ་པས་
མི་སྟོང་པ་དང་འགལ་ལོ། །ཡང་ཁྱོད་ཀྱིས་དོན་དཔྱོད་དེས་བདེན་གྲུབ་བཀག་པའི་ཤུལ་
དུ་བུམ་པ་འཕང་པའི་ཕྱིར། སྟོང་ཉིད་མ་ཡིན་དགག་ཏུ་འགྱུར་ལ། གལ་ཏེ་མི་འཕེན་ན་
བདེན་གྲུབ་བཀག་ཚེ་བུམ་པ་སྟོང་པར་འགྱུར་རོ། །ཡང་ངོ་བོ་མི་སྟོང་པའི་ཆོས་དེ་རྣམས་
ཆོས་གཞན་གྱིས་སྟོང་པའི་སྟོང་ཉིད་ལས་མི་འཆར་ཏེ་སྟོང་མི་སྟོང་ཕན་ཚུན་ཐ་དད་པའི་
ཕྱིར། དཔེར་ན་རི་རྭ་མེད་པ་ལས་གནག་རྭ་མི་འཆར་བཞིན་ནོ། །
གཉིས་པ་ལ། དྲི་བ་དང་། དེ་དགག་པ་གཉིས་ལས། དང་པོ་ནི། ཀུན་རྫོབ་ཙམ་སོགས།
ཁོ་ན་རེ། ངག་འདི་བདེན་གཉིས་གང་རུང་རེས་དབང་དུ་བྱས་པ་མ་ཡིན་པར་ཀ་བ་ཀ་
བས་མི་སྟོང་པ་ཀུན་རྫོབ་དང༌། བདེན་གྲུབ་ཀྱིས་སྟོང་པ་དོན་དམ་པའི་དབང་དུ་བྱས་
པ་ཡིན་པས་སྐྱོན་ཅི་ཡང་མེད་སྙམ་ན། ཚུལ་དེ་ལྟ་ན་ཀུན་རྫོབ་དུ་ཀ་བ་ཡོད་ཅེས་སྔ་
རབས་པ་རྣམས་ཀྱིས་ཞལ་བཞེས་མཛད་པ་དེ་ལྟར་བྱས་པས་ཁྱེད་ལ་མི་ཆོག་པར་ཀ་
བ་དེས་ཀ་བ་དེ་མི་སྟོང་ངོ་ཞེས་པའི་བརྡའ་གསར་བ་དེ་དོན་ཅི་ལ་བསམ་ནས་ཟེར་བ་
ཡིན། དེ་གཉིས་ཚིག་མི་གཅིག་ཀྱང་དོན་གཅིག་ལ་འབབ་པ་ཡིན་པས་གོ་ཐོབ་བདེ་
བའི་ཕྱིར་ཀ་བ་ཀ་བས་ཞེས་བརྗོད་པ་ཡིན་ཟེར་ན། གཉིས་པ་ལ། དོན་མི་གཅིག་པའི་
འགལ་བ་ཡོད་པ་དང༌། ཚིག་དོན་དེ་བདེན་པ་གཉིས་ཀར་མི་འཐད་པ། རང་སྟོང་མི་
སྟོང་གཉིས་ཀར་མི་འཐད་པ་དང་གསུམ་ལས། དང་པོ་ནི། མ་ཡིན་སོགས། གལ་ཏེ་
དོན་གཅིག་ཡིན་ན་ཚིག་ཀྱང་གཅིག་གིས་བརྗོད་རུང་གི ཚིག་གི་བརྗོད་ལུགས་མི་འདྲ་
བ་ན་སྐྱེས་བུས་ཞེ་འདོད་ཀྱི་དོན་སོ་སོར་སྟོན་པའི་ངག་ཡིན་པས་དོན་གཅིག་ཀྱང་མ་
ཡིན་ཏེ། འདི་ལྟར་སྤྱིར་ཀ་བ་ཡོད་ཅེས་པ་ནི་འཇིག་རྟེན་གྲགས་པའི་རྣམ་བཞག་མི་
བརླགས་པར་སྣང་ཚོད་གྲགས་ཚོད་ཙམ་དུ་ཁས་ལེན་པ་ཡིན་ལ། དེ་དང་ཀ་བ་ཀ་བར་
ཡོད་ཅེས་པ་གཉིས་མི་མཚུངས་ཏེ་སྔ་མ་ནི་མ་བརྟགས་མ་དཔྱད་པའི་ཐ་སྙད་ཙམ་དང་།
ཕྱི་མ་ནི་བརྟགས་ཅིང་དཔྱད་ནས་སྔ་མ་རྟེན་དང་ཕྱི་མ་དེ་ལ་བརྟེན་ཏེ་ཡོད་པ་ལྟ་བུ་ཞིག་
ཏུ་དོན་གྱི་ཁས་བླངས་སོང་དཔེར་ན་ཀ་བ་མི་རྟག་པར་ཡོད་ཅེས་པ་བཞིན་ནོ། །དེས་
ན་ཀ་བ་ཀུན་རྫོབ་ཙམ་དུ་ཡོད་པ་ནི་སྟོང་བཞིན་པའི་རང་བཞིན་རྟེན་འབྲེལ་དུ་སྣང་བ་
ཙམ་ཡིན་ལ། དེ་དང་མཚུངས་ན་ཀ་བ་སྟོང་པར་ཁས་ལེན་རིགས་ལ། མི་སྟོང་པ་དོན་
ལ་གནས་ན་དོན་གཅིག་མིན་པར་མ་ཟད་རྟོག་པས་བཏགས་པའི་མིང་རྐྱང་བཏགས་
ཡོད་ཙམ་དུ་ཁས་བླང་བ་དང་འགལ་ཞིང་། བདེན་གྲུབ་ཀྱི་སྟོང་པ་དོན་དམ་པའི་དབང་
དུ་བྱས་པ་ཟླ་གྲགས་ཀྱིས་ཁྱད་པར་སྦྱར་མི་དགོས་པ་དང་འགལ་ལ། རང་རྒྱུད་པ་དངོས་
སྨྲ་བ་ཡིན་ན་དགག་བྱ་ལ་བདེན་གྲུབ་ཀྱི་ཁྱད་པར་སྦྱར་བ་འདི་དེ་དང་མཚུངས་པར་འགྱུར་
རོ༑ ༑གཉིས་པ་ནི། དོན་དམ་ཀ་བ་སོགས། སྐྱོན་གཞན་ཡང་འདི་ལྟར་ཀ་བ་ཀ་བས་
མི་སྟོང་བ་དེ་དོན་དམ་པ་དང་ཀུན་རྫོབ་གང་གི་དབང་དུ་བྱས་པ་ཡིན། དང་པོ་ལྟར་ན་
དོན་དམ་དཔྱོད་པས་ཀ་བ་རགས་པ་ཆ་དང་ཆ་ཅན་དང་ཕྲ་བ་ཆ་མེད་ཕྱོགས་ཆ་སོགས་
ཀྱི་དཔྱད་པ་དང་གཅིག་དང་དུ་མ་གང་དུ་གྲུབ་པ་སོགས་དཔྱད་ན་ཀ་བུ་རང་གི་ངོ་བོ་ཅུང་
ཟད་ཙམ་ཡང་མི་དམིགས་ན་དེས་དབང་དུ་ན་ཆོས་ཅན་ཀ་བ་དེ་ཆོས་ཀ་བས་མི་སྟོང་
པར་ཡོད་པ་འདི་ཅི་ལ་དགོངས། ཡང་གཉིས་པ་ཀུན་རྫོབ་ཀྱི་དབང་དུ་ན་ཀ་བ་ཀ་བས་
ཞེས་གཅིག་གིས་མ་འཐུས་པར་ལན་གཉིས་བརྗོད་པ་ལ་དོན་ཐ་དད་པ་རེ་ཡོད་ན་སྟོན་
རིགས་ལ། མེད་ན་འདི་ལྟར་བརྗོད་པ་བརྡ་ལ་རྨོངས་པ་ཡིན་ཏེ། དོན་ཅི་ཡང་མེད་པར་
བྲི་ཀློག་དཀའ་བའི་ངག་ཉོབ་ཏུ་འགྱུར་རོ། །གསུམ་པ་ནི། རང་ནི་རང་སོགས། ཡང་
འདི་ལྟར་ཀ་བ་ཀ་བས་མི་སྟོང་པ་འདི་རང་མི་སྟོང་པ་དང་སྟོང་པ་གཉིས་ཀྱི་གང་ཡིན།
དང་པོ་ལྟར་ན། རང་སྟོང་པ་ཡིན་པར་ཞལ་བཞེས་མཛད་ཀྱང་དངོས་དོན་གཏན་ལ་འབེབ་
ཚེ་ཀ་བ་རང་ནི་རང་གིས་མི་སྟོང་པར་ཡོད་ན། དགག་བྱ་གཞན་གྱིས་སྟོང་པར་ཁས་ལེན་
པ་ལས་འོས་མེད་དེ། ཀ་བ་རང་ནི་མི་སྟོང་པར་ཡོད་བཞིན་པ་ཡིན་པའི་ཕྱིར། དཔེར་
ན་ཡོང་གྲུབ་དོན་དམ་པའི་བདེན་པ་གློ་བུར་གྱི་སྒྲིབ་པ་གཞན་གྱིས་སྟོང་པར་ཁས་ལེན་
པ་བཞིན་ནོ། །གཉིས་པ་ལྟར་དོན་དམ་པའི་དགག་བྱ་ཀ་བ་ལས་གཞན་དུ་མེད་པར་ཀ་
བ་རང་གི་ངོ་བོ་སྟོང་པར་གྱུར་ན་ཀ་བ་རང་གིས་རང་མི་སྟོང་པར་ཁས་ལེན་པ་དང་འགལ་
དེ་རང་གི་ངོ་བོ་སྟོང་པའི་ཕྱིར་རོ། །སྡུད་པར། གལ་ཏེ་མི་ཤེས་བཞིན་དུ་གཟུགས་སུ་
འདུ་ཤེས་ཤིང༌། །ཚོར་བ་སེམས་པ་རྣམ་ཤེས་ཕུང་པོར་སྤྱོད་བྱེད་ཅིང་། །ཕུང་འདི་སྟོང་
ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་
མ་ཡིན། །ཅེས་སོ། །དེས་ན་གཞན་གྱིས་སྟོང་བཞིན་དུ་སྣང་ཞེས་རྣམ་བཞག་བྱེད་ན་ཁྱེད་
ཅག་གིས་མི་སྟོང་བཞིན་སྣང་ཞེས་འཇོག་པ་དང་། གཞན་གྱིས་སྣང་བཞིན་དུ་སྟོང་ཞེས་
བརྗོད་ན་ཁྱེད་ཅག་གིས་མི་སྣང་བ་ཞིག་སྟོང་ཟེར་བ་འདི་གཉིས་ཀླུ་སྒྲུབ་དང་གང་མཐུན་དཔྱོད་
ཅིག གཉིས་པ་དོན་དམ་དང་ཀུན་རྫོབ་གང་རུང་གཞན་གྱིས་སྟོང་པ་ཐུན་མོང་དུ་དགག་
པ་ལ། ལུགས་དེ་ལ་དམིགས་པས་སྤང་རྟོགས་ཀྱི་ཡོན་ཏན་མི་སྐྱེ་བ། ཚུར་མཐོང་ལས་
འདས་པའི་སྤྱོད་ཡུལ་སྣང་སྟོང་ཟུང་འཇུག་སོགས་མི་སྲིད་པ། དེ་འདྲའི་ཁས་བླང་དེ་ཟུང་
འཇུག་གི་དོན་ཡིན་ན་སུས་ཀྱང་རྟོགས་སླ་བ། དེ་ལ་བདག་ཉིད་ཆེན་པོ་རྣམས་ཀྱིས་
བསྔགས་པར་མི་འོས་པ་དང་བཞི་ལས། དང་པོ་ནི། སྤྱིར་ན་སོགས། དེ་ཡང་སྤྱིར་སྟོང་
དང་ཡོད་མེད་ཀྱིས་གོ་ཆོད་མི་ཆོད་སོགས་གྲུབ་མཐའ་རང་རང་ལ་མི་འདྲ་བ་རེ་གསུངས་
སྲོལ་ཡོད་འདྲ་སྟེ། ཡབ་རྗེ་འཇམ་མགོན་བླ་མའི་གསུངས་རབ་ན། སྔ་རབས་པ་
ཕལ་གྱིས་ཐ་སྙད་དུ་ཡོད་པས་ཡོད་གོ་མི་ཆོད་ལ། དོན་དམ་པར་མེད་པས་མེད་གོ་ཆོད་
ཅེས་སྨྲ། དེ་བཞིན་དུ་སྔ་རབས་གཞན་སྟོང་པས་ཀུན་རྫོབ་ཏུ་ཡོད་པས་ཡོད་གོ་མི་ཆོད་
ལ། དོན་དམ་པར་ཡོད་པས་ཡོད་གོ་ཆོད་ཅེས་ཟེར། ཕྱི་རབས་པ་ཕལ་གྱི་ཀུན་རྫོབ་ཏུ་
ཡོད་པས་ཡོད་གོ་ཆོད་ལ། དོན་དམ་པར་མེད་པས་མེད་གོ་མི་ཆོད་ཟེར། དེ་ཡང་རང་
སྟོང་པའི་ལུགས་ལ་དོན་དམ་པར་མེད་པ་ཤ་སྟག་ཡིན་པས་དོན་དམ་པར་ཡོད་པའི་ཆོས་
མི་སྲིད་ལ། གཞན་སྟོང་བའི་ལུགས་ལ་དོན་དམ་པར་མེད་ན་ཀུན་རྫོབ་ཏུ་འགྱུར་བ་དང་།
དོན་དམ་པར་ཡོད་པ་དོན་དམ་རང་ཉིད་ཡིན་པའི་ཕྱིར་རོ། །འདི་དག་ཕྱི་འགྱུར་བའི་
གྲུབ་མཐའི་ཁྱད་པར་ཡིན། བདག་ཅག་སྔ་འགྱུར་པ་རྣམས་དེ་གཉིས་ཀ་ལྟར་མི་སྨྲ་སྟེ།
ཐ་སྙད་དུ་ཡོད་པས་ཐ་སྙད་དུ་ཡོད་པའི་གོ་ཆོད་ལ་དོན་དམ་པར་ཡོད་པའི་གོ་མི་ཆོད།
དོན་དམ་པར་མེད་པས་དོན་དམ་པར་མེད་པའི་གོ་ཆོད་ལ་ཐ་སྙད་དུ་མེད་པའི་གོ་མི་ཆོད།
དོན་དམ་པར་མེད་པ་དང་ཐ་སྙད་དུ་ཡོད་པ་གཉིས་དངོས་པོ་རྣམས་ཀྱི་སྟེང་ན་འགལ་
མེད་དོན་གཅིག་ཏུ་འཆར་བའི་གོ་ཚུལ་ཡོད་པར་སྨྲའོ་ཞེས་གསུངས་ལ། དེའང་སྤྱིར་སྣང་
ཚུལ་ཐ་སྙད་ཀྱི་རྣམ་བཞག་ལ་ཡོད་མེད་དང་བསླུ་མི་བསླུ་སོགས་སྣ་ཚོགས་པའི་ཐ་སྙད་
ཡོད་ན་ཡང་། མཉམ་བཞག་གི་སྤྱོད་ཡུལ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་གཏན་ལ་འབེབས་
པའི་ཚེ་ཆོས་གཞན་ལ་གཞན་གྱིས་སྟོང་པས་སྟོང་གོ་མི་ཆོད་དེ། རྒྱུད་བླ་མ་ལས། ཐོག་
མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣལ་རྟོག་
མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། མཉམ་པར་བཞག་པའི་རྣལ་
འབྱོར་པ་ཡིས་མཐོང་། ཞེས་གསུངས་པ་ལྟར་ཡིན་དགོས་ན། གཅིག་སྟོང་ལ་གཅིག་མི་
སྟོང་པའི་གཉིས་ཆོས་ཅན་དང་། ཡོད་པ་དང་མེད་པ་ཕྱོགས་རེ་བའི་སྤྲོས་པ་ཅན་དང་།
གཅིག་བསལ་ལ་ཅིག་ཤོས་བཞག་པའི་བསལ་བཞག་ཅན་མ་ཡིན་པར་འཁོར་འདས་
ཀྱི་ཆོས་ཐམས་ཅད་སྐྱེ་མེད་མཉམ་པ་ཉིད་དུ་རྟོགས་པ་ཡིན་པའི་ཕྱིར། དེས་ན་ཆོས་ཉིད་
ཡོངས་གྲུབ་དོན་དམ་པ་ལ། གློ་བུར་ཀུན་རྫོབ་གཞན་གྱི་སྟོང་པས་ནི་སྤང་རྟོགས་ཀྱི་
ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་བའི་རྟེན་སྤྲོས་བྲལ་སྟོང་པ་ཉིད་དུ་རྟོགས་པའི་གོ་
ངེས་པར་མི་ཆོད་དེ། ཡོད་པ་གཞན་གྱི་གཞི་དེ་ལ་གཞན་མེད་པར་འཛིན་པའི་ཕྱིར།
དཔེར་ན་རྟ་ལ་བ་ལང་མ་གྲུབ་པ་ཙམ་རྟོགས་ཀྱང་བ་ལང་མེད་པའི་རྒྱུ་མཚན་དེས་རྟ་དེ་སྟོང་
པར་ག་ལ་ངེས་ཏེ་མི་ངེས་པ་བཞིན། འཇུག་འགྲེལ་ལས། གཅིག་ལ་གཅིག་མེད་པའི་
སྟོང་པ་ཉིད་ཀྱིས་དངོས་པོ་མེད་པ་ཉིད་དུ་ཡང་རིགས་པ་མ་ཡིན། བློ་གྲོས་ཆེན་པོ་གཅིག་
ལ་གཅིག་མེད་པའི་སྟོང་པ་ཉིད་ནི་སྟོང་པ་ཉིད་ཐམས་ཅད་ཀྱི་ཐ་ཤལ་ཡིན་ནོ་ཞེས་ལུང་
ལས་འབྱུང་བའི་ཕྱིར་རོ། །བ་ལང་རྟ་མ་ཡིན་པའི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་
བརྗོད་པར་ནི་རིགས་པ་ཡང་མ་ཡིན་ཏེ་རང་གི་བདག་ཉིད་ཀྱིས་ཡོད་པའི་ཕྱིར་རོ། །
ཞེས་པ་ལ་སོགས་པའི་ཕྱིར་རོ་གསུངས་སོ། །ཁོ་ན་རེ། དཔེར་ན་རྟ་མཐོང་བས་དེ་ལ་
བ་ལང་མེད་པ་ཤུགས་ཀྱིས་ངེས་པ་བཞིན་དུ་ཆོས་ཉིད་ཡོངས་གྲུབ་རང་གི་ངོ་བོ་རྟོགས་
པར་བྱས་ན། ཀུན་བཏགས་ཀྱིས་སྟོང་པའི་སྟོང་ཉིད་ཀྱང་ཤེས་པས་ན་སྟོང་ཉིད་རྟོགས་
པའི་གོ་ཆོད་སྙམ་ན། གལ་ཏེ་ངོ་བོ་མི་སྟོང་པའི་ཡོངས་གྲུབ་རྟོགས་པ་ཡོད་དུ་ཆུག་ཀྱང་
དེའི་གློ་བུར་ཀུན་རྫོབ་གྱི་བདེན་པ་སྟོང་ཉིད་དུ་རྟོགས་པ་ལ་ཅི་ཞིག་ཕན་ཏེ་མི་ཕན་པར་
ཐལ། དེ་གཉིས་ངོ་བོ་གཞན་ཡིན་པར་འདོད་པའི་ཕྱིར། དཔེར་ན་རྟ་མཐོང་བ་དེ་ཡིས་
བ་ལུང་སྟོང་པར་ཤེས་པ་ལ་ཅི་ཞིག་ཕན་ཏེ་མི་ཕན་པ་བཞིན་ནམ། ཡང་གློ་བུར་ཀུན་
རྫོབ་སྟོང་པར་ཤེས་སུ་ཆུག་ཀྱང་། དེས་ཆོས་ཉིད་ཡོངས་གྲུབ་སྟོང་པར་མཐོང་པ་ལ་ཅི་
ཞིག་ཕན་ཏེ་མི་ཕན་པར་ཐལ། ངོ་བོ་གཞན་ཡིན་པའི་ཕྱིར། དཔེ་གོང་དང་མཚུངས་སོ། །
དེས་ན་སྟོང་གོ་ཆོད་པའི་རྒྱུ་མཚན་ཅི་ཡང་མེད་དོ། །གལ་ཏེ་གནས་ལུགས་མི་སྟོང་པའི་
ཡོངས་གྲུབ་རྟོགས་པ་རྟོགས་པ་མཆོག་ཡིན་པས་དེ་རྟོགས་པས་སྟོང་པ་ཉིད་རྟོགས་མི་
དགོས་སོ་ཞེ་ན། འོ་ན་དེ་འདྲའི་གནས་ལུགས་རྟོགས་པ་དེ་ཆོས་ཅན། སྤང་བྱ་སྒྲིབ་པ་
གཉིས་པོ་ལ་ཅི་ཞིག་གནོད་དེ་མི་གནོད་པར་ཐལ། སྒྲིབ་གཉིས་ཀྱི་རྩ་བ་བདག་ཏུ་འཛིན་
པ་གཉིས་པོས་འཛིན་སྟངས་དང་གཉེན་པོ་འགལ་བ་བསྒྲུབ་ཏུ་མེད་པའི་ཕྱིར། དཔེར་
ན་བ་ལང་རྟ་ལ་མེད་པར་ཤེས་པས་རྟ་ཉིད་དུ་འཛིན་པ་ལ་ཅི་ཞིག་གནོད་དེ་མི་གནོད་
པ་བཞིན་ནོ། །དེ་ལྟར་ཡང་རྣམ་འགྲེལ་ལས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་
བར་ནི་ནུས་མ་ཡིན། །ཡོན་ཏན་སྐྱོན་དང་རྗེས་འབྲེལ་བའི། །འདོད་དང་སྡང་སོགས་
སྤང་བ་ནི། །དེ་དག་ཡུལ་ལ་མ་མཐོང་བས། །ཡིན་གྱི་ཕྱི་ཚུལ་གང་གིས་མིན། །ཅེས་
དང་། ཤེར་ཕྱིན་རྒྱན་ལས། གཞན་གྱིས་ཆོས་རྣམས་ཀྱང་ཡོད་ལ། །སྟོན་པ་ལ་ཡང་ཤེས་
བྱ་ཡི། །སྒྲིབ་པ་ཟད་པར་འདོད་པ་གང་། །དེ་ལ་ཁོ་བོའི་མཚར་དུ་བརྩིས། །ཞེས་གསུངས་
པ་
སོ༑ ༑གལ་ཏེ་གཞན་མིན་ན་ཀུན་རྫོབ་བཞིན་ཏུ་དོན་དམ་པ་ཡང་རང་སྟོང་དུ་ཐལ་བར་
འགྱུར་རོ། །
གཉིས་པ་ནི། དེ་ཕྱིར་སོགས། ཡང་བཀའ་དང་བསྟན་བཅོས་རྣམས་ན་འཁོར་འདས་
གཉིས་ཆོས་ཅན་དང་ཆོས་ཉིད་དུ་གསུངས་ཏེ། ཆོས་ཉིད་རྣམས་འབྱེད་ལས། དེ་ལ་ཆོས་
ཀྱིས་ཕྱེ་བ་ནི། །འཁོར་བ་ཡིན་ཏེ་ཆོས་ཉིད་ཀྱིས། །རབ་ཏུ་ཕྱེ་བ་ཐེག་གསུམ་གྱི། །མྱ་
ངན་ལས་ནི་འདས་པའོ། །ཞེས་གསུངས་ན། གཞན་ཡིན་པའི་རྒྱུ་མཚན་དེའི་ཕྱིར་མི་
སྟོང་པའི་མྱང་འདས་དེ་འཁོར་བའི་ཆོས་ཉིད་མ་ཡིན་ཏེ། རང་ཉིད་མི་སྟོང་པར་ཡོད་པ་
གང་ཞིག་འཁོར་བ་ལས་གཞན་ཡིན་པའི་ཕྱིར། འཁོར་བའང་དེའི་ཆོས་ཅན་དུ་མི་རུང་
སྟེ་མྱང་འདས་ལས་གཞན་ཡིན་པའི་ཕྱིར། སོ་སོར་ཡང་དེ་གཉིས་མི་རུང་སྟེ། མྱང་འདས་
ནི་ཆོས་ཉིད་དང་ཆོས་ཅན་གཉིས་ཀ་མ་ཡིན་ཏེ། མི་སྟོང་པའི་སྣང་བ་རྟག་པ་ཡིན་པའི་
ཕྱིར་དང་། འཁོར་བ་ནི་ཆོས་ཉིད་དང་ཆོས་ཅན་གཉིས་ཀ་མ་ཡིན་ཏེ། མེད་དགག་ཆད་
པའི་སྟོང་རྐྱང་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཆོས་ཅན་ནི་ཆོས་ཉིད་ཀྱི་སྣང་བ་ཡིན་ལ།
ཆོས་ཉིད་ནི་ཆོས་ཅན་གྱི་རང་བཞིན་ཡིན་ཀྱང་འདི་ནི་དེ་གཉིས་ཀ་མ་ཡིན་པས་སོ། །
དེས་ན་བྱམས་ཆོས་ལ་ཁུང་བྱེད་པའི་ཕུགས་རྡིབ་བོ། ། །
ཡང་འདི་འདྲའི་རྣམ་བཞག་དེ་ལ་སྣང་སྟོང་ཟུང་འཇུག་ཀྱང་མི་སྲིད་དེ། སྐུ་དང་ཡེ་ཤེས་ནི་སྟོང་
ཆ་མེད་པའི་སྣང་བ་རྐྱང་བ་ཡིན་པའི་ཕྱིར་དང༌། འཁོར་བ་ནི་གློ་བུར་བའི་སྒྲིབ་པ་ཆད་སྟོང་
ཡིན་པ་གང་ཞིག དེ་གཉིས་གཞན་ཡིན་པའི་ཕྱིར། གལ་ཏེ་ངོ་བོ་སྟོང་པར་ཁས་ལེན་ན།
རང་གི་ངོ་བོ་མི་སྟོང་པར་གློ་བུར་བ་གཞན་གྱིས་སྟོང་ཞེས་པའི་སྔར་གྱི་དམ་བཅའ་འགལ་
བར་འགྱུར་རོ། །ཡང་སྲིད་ཞི་མཉམ་པ་ཉིད་ཀྱི་དོན་དེ་འདི་ལ་མེད་དེ། གལ་ཏེ་ཡོད་ན་
སྔར་ནས་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་གྱུར་ཟིན་པ་ཡིན་ཏེ། མཉམ་ཉིད་བདེ་
བཤེགས་སྙིང་པོ་ངོ་བོ་མི་སྟོང་པའི་རྟག་པར་འདོད་པའི་ཕྱིར། གལ་ཏེ་མེད་ན་སེམས་
ཅན་རྣམས་ཀྱིས་ལམ་བསྒྲུབ་པས་ཀྱང་མཉམ་པ་ཉིད་མངོན་དུ་མི་འགྱུར་ཏེ། གནས་ལུག་
མཉམ་པ་ཉིད་རྟག་པ་ཡིན་པ་གང་ཞིག་འཁོར་བ་ནི་དེ་ལས་གཞན་ཡིན་པར་འདོད་པའི་
ཕྱིར། དེས་ན་གཞན་ཡིན་པ་ཉིད་ཀྱི་གཏན་ཚིགས་འདིས་ནི་ཁྱད་པར་དག་ཀྱང་འཇོམས།
ཞེས་དང་། གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། །ཞེས་གསུངས།
དེས་ན་མི་སྟོང་པ་དང་གཞན་ཡིན་པའི་རྒྱུ་མཚན་དེས་སྐྱོན་ཐམས་ཅད་འབྱུང་ལ། དེར་
མ་ཟད་བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས། ཡོད་ཅེས་པ་ནི་རྟག་པར་ལྟ། །མེད་ཅེས་
བྱ་བ་ཆད་པར་ལྟ། །དེས་ན་མཐའ་གཉིས་སྤངས་བ་ཡིས། །ཆོས་དེ་མགོན་པོ་ཁྱོད་ཀྱིས་
བསྟན། །ཅེས་འབྱུང་ན་འདིའི་ལུགས་ལ་འཁོར་ལོ་བར་བ་མེད་དགག་ཆད་པའི་མཐའ་
དང༌། འཁོར་ལོ་ཐ་མ་མི་སྟོང་རྟག་པའི་མཐར་འགྲེལ་བས་ཧ་ཅང་ཟབ་ཁྱད་ཡོད་སྙམ་
པའི་རློམ་པ་མ་བྱས་ན་ལེགས་སོ། །མདོ་ལས། ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐལ།།
རྟག་དང་མི་རྟག་འདི་ཡང་མཐའ་ཡིན་ལ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རབ་སྤང་ནས། །
མཁས་པ་དབུས་ལའང་གནས་པར་ཡོངས་མི་བྱེད། །ཅེས་སོ། །དེ་ལྟར་དཔལ་རོང་ཟོམ་
ཆོས་བཟང་གིས། སྐྱེ་འགག་ཉིད་མ་གྲུབ་པར་སྟོན་ཏེ་དངོས་པོ་རྣམས་ཀྱི་རང་བཞིན་ཉིད་
སྐྱེ་འགག་མེད་པ་ཡིན་གྱི། འདི་ལ་ལྷ་ཁང་དགེ་འདུན་གྱི་སྟོང་པ་ལྟ་བུས་གཞན་གྱི་རང་
བཞིན་གྱིས་སྟོང་པའི་མཚན་ཉིད་ཅན་ནོ་ཞེས་བྱ་བ་ལ་སོགས་པ་བསྒྲུབ་པར་མི་བྱེད་དོ། །
ཞེས་དང་། ཡང་གསང་འགྲེལ་ལས། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ལ།
གཞན་གྱིས་སྟོང་པར་མཐོང་ནས་ཇི་ལྟར་སྣང་བ་རང་གི་ངོ་བོ་ཉིད་ཀྱིས་སྟོང་པར་མ་རྟོགས་
པས་ངོ་བོ་ཉིད་ཀྱིས་རབ་ཏུ་གསང་ངོ་། །ཞེས་གསུངས་སོ། །
གསུམ་པ་ནི། ཆུ་ཟླ་ཟླ་བ་སོགས། དེས་ཕྱིར་ན་འདི་དག་གི་ལུགས་ཀྱི་སྣང་སྟོང་ཟུང་
འཇུག་ཅེས་པ་དེ་དཔེར་ན་ཆུ་ཟླ་ཉིད་མཁའ་ཟླ་དངོས་མིན་པར་གཞན་ཡིན་ནོ་ཞེས་
གནམ་ཟླ་ཀུན་རྫོབ་ཀྱིས་སྟོང་པའི་སྟོང་ཉིད་དེ་དང་ཆུ་ཟླ་རང་ཉིད་སྣང་བའི་སྣང་ཆ་ལྟ་
བུས་དོན་དམ་པ་དེ་གཉིས་སྣང་སྟོང་ཟུང་འཇུག་ཡིན་ན་ཀོ དེ་འདྲའི་ཟུང་འཇུག་གི་གནས་
ལུགས་དེ་རྟོགས་པ་བླུན་པོ་བ་ལང་རྫི་ཡན་ཆད་སུས་ཀྱང་རྟོགས་པར་སླ་སྟེ། མཐོང་ཙམ་
གྱིས་ཀྱང་ངེས་པར་རྟོགས་པས་ན་འཆད་རྩོད་རྩོམ་གསུམ་སོགས་ཅི་ཡང་མི་དགོས་པར་
འགྱུར་རོ། །དཔེ་དེ་བཞིན་དུ་ཡང་འདིའི་ཟུང་འཇུག་ཞེས་པ་ནི་ཀུན་རྫོབ་གློ་བུར་གྱིས་
སྟོང་པའི་སྟོང་པ་དེ་དང་། ཡོང་གྲུབ་དོན་དམ་པའི་གནས་ལུགས་མི་སྟོང་པ་གཉིས་པོ་
ལྷན་དུ་ཚོགས་པ་ལ་ཟུང་འཇུག་ཞེས་སུ་བརྗོད་ཀྱང་། དོན་ལ་གཅིག་ཏུ་འདྲེ་བ་ཡོད་མི་
སྲིད་དེ་གཞན་ཡིན་པའི་ཕྱིར། དེས་ན་ཟུང་འཇུག་དང་སྤྲོས་བྲལ་ཞེས་པའི་མིང་ཙམ་གཅིག་
པ་ལ་མགོ་འཐོམ་ནས་གྲུབ་མཐའ་ཐམས་ཅད་གཅིག་ཏུ་འཛིན་པ་ཤིན་ཏུ་འཁྲུལ་བར་
འགྱུར་བས་ན། འདི་དག་གི་གནད་གང་ལ་གཏུགས་ས་དོན་གྱི་སྟེང་ནས་ཤན་འབྱེད་
དགོས་མ་གཏོགས་ཟུང་འཇུག་སྤྲོས་བྲལ་གྱི་མིང་ཙམ་ནི་གྲུབ་མཐའ་སུ་ལའང་ཡོད་དོ། །
དེ་ལྟ་ན་ཡང༌། ཀུན་མཁྱེན་ཆེན་པོའི་སྒྱུ་མ་ངལ་གསོར་དེ་ལ་ཁ་ཅིག་ཆོས་དེ་ལ་མི་ལྡན་
རྣམ་གཅོད་ཀྱིས་སྟོང་ལ་རང་གི་ངོ་བོ་མི་སྟོང་པར་འདོད་པ་ཡོད་དེ། ཉི་མ་མུན་པས་སྟོང་
ལ་འོད་ཟེར་གྱིས་མི་སྟོང་ཞེས་པ་ལྟ་བུ་ནི་ཉི་ཚེ་བའི་སྟོང་པ་སྟེ། བདེན་ཞེན་ལས་ནམ་
དུའང་གྲོལ་བ་མི་སྲིད་དེ། འདི་ལྟར་ཉི་མ་རང་གི་ངོ་བོ་ནི་གཅིག་དང་དུ་མས་སྟོང་པས་
འོད་ཟེར་ཀྱང་སྟོང་སྟེ། སྟོང་ལ་སྣང་བ་འདི་དབུ་མའི་དེ་ཁོ་ན་ཉིད་དུ་གསུངས་ཏེ། བྱང་
ཆུབ་སེམས་འགྲེལ་ལས། མེ་ཡི་རང་བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་
དང༌། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱིས། །རང་བཞིན་སྟོང་པ་ཉིད་དུ་བཤད། །ཅེས་
དང༌། ཡུམ་ལས་གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་ངོ༌། །ཞེས་དང་། ཤེར་
རྒྱན་འགྲེལ་ཆུང་ལས། རང་རང་ངོ་བོ་སྟོང་པའི་ཕྱིར། །སྟོང་པ་ཉིད་ནི་ཉི་ཤུར་འདོད། །
ཅེས་སོ། །དེའང་སྟོང་པས་མེད་པར་འགྱུར་བ་མ་ཡིན་ཏེ། སྟོང་པའི་རང་བཞིན་སྣང་བ་
དང་དབྱེར་མེད་པས་སྟོང་པ་ལ་ཆོས་ཐམས་ཅད་འཐད་དེ་ཞེས་སོགས་གསུངས་སོ། །
བཞི་པ་ནི། བ་གླང་རྟ་སོགས། དེ་བཞིན་དུ་བ་ལང་རྟ་མིན་པར་མཁས་བླུན་ཀུན་གྱིས་
ཤེས་སླ་བས་རྟ་མིན་པའི་བ་ལུང་གི་སྣང་བར་མངོན་སུམ་མཐོང་བ་དེ་རྟོགས་པ་ལ་ངོ་
མཚར་ཆེའོ་ཞེས་བདག་ཉིད་ཆེན་པོས་ཇི་སྟེ་གསུངས། དེ་ངོ་མཚར་ཆེ་ན་ངོ་མཚར་མེད་
པའི་དམན་པ་སུ་ཡིན། རང་རང་གི་ངོ་བོས་ཆོས་གཞན་སྤོང་སྟེ་ཡོད་པ་ཙམ་ནི་སུས་ཀྱང་
ཤེས་པའི་ཕྱིར་རོ། །བཞི་པ་དེ་རང་ལ་མི་མཚུངས་པར་བཤད་པ་ལ། མེད་པར་དགག་
པའི་རང་ལུགས་དེ་ཟུང་འཇུག་ཡིན་ཚུལ་ཐུན་མོང་གི་དཔེ་འགོད་པས་མདོར་བསྟན། དེའི་
དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེས་ན་སོགས། སྣང་སྟོང་གཉིས་གཞན་
ཡིན་ཕན་ཆོད་ཅི་ཡང་མི་འཐད་པ་དེས་ན་སྔ་འགྱུར་བ་རང་གི་ལུགས་ལ་ནི་མེད་དགག་
ཡིན་ཀྱང་སྟོང་རྐྱང་དང་སྣང་རྐྱང་དུ་མི་འགྱུར་བའི་ཚུལ་ནི། དཔེར་ན་ཆུ་ཟླ་དེ་ཆུའི་ཕྱི་ནང་
བར་གསུམ་དང་རང་གི་ངོ་བོ་བརྟགས་ན་ཆུ་ཟླ་རང་ཉིད་སྣང་བཞིན་པ་དེ་ཅུང་ཟད་ཀྱང་
མི་རྙེད་པས་སྟོང་པར་གནས་ལ། མེད་པའམ་སྟོང་བཞིན་པ་དེ་ཆུ་ཟླའི་གཟུགས་སུ་དབང་
པོའི་སྤྱོད་ཡུལ་དུ་སྣང་བར་མངོན་སུམ་མཐོང་ཚེ་དེ་འདྲའི་སྣང་ཙམ་པ་དེ་དང་མེད་པར་
དགག་པའི་སྟོང་ཉིད་འདུ་འབྲལ་མེད་པར་ཚད་མས་གྲུབ་པས་ན་མེད་པར་དགག་པ་ཡིན་
ལ༑ དེ་ཡིན་བཞིན་དུ་སྣང་དུ་རུང་བ་ནི་དངོས་པོ་རྣམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། མདོ་
ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དྭངས་ཤིང་རྟོགས་པ་མེད་པའི་ཆུ་མཚོར་སྣང་། །
ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །
ཞེས་དང་། བརྟགས་གཉིས་ལས། རང་བཞིན་གདོད་ནས་དག་པ་ཡི། །བདེན་མིན་རྫུན་
མིན་ཆུ་ཡི་ནི། །ཟླ་བ་ལྟ་བུའི་བདག་ཉིད་དུ། །འདོད་པ་རྣལ་འབྱོར་མས་ཤེས་གྱིས། །
ཞེས་གསུངས་སོ། །གཉིས་པ་རྒྱུས་བཤད་ལ། མཁས་པས་མངོན་སུམ་དུ་རྟོགས་པས་
འཐད་པ་དང་། རིགས་པས་རྗེས་སུ་དཔག་པས་འཐད་པ། འཐད་པ་དེ་ལྡན་གྱི་གྲུབ་དོན་
ཡང་དག་བཤད་པ་གསུམ་ལས། དང་པོ་ནི། སྟོང་དང་སོགས། འདི་ལྟ་བུའི་ཆོས་ཐམས་
ཅད་རང་བཞིན་གྱི་སྟོང་པ་དང་རྟེན་འབྲེལ་གྱི་སྣང་ཆ་འགག་མེད་དུ་ཡོད་པ་གཉིས་འགལ་
མེད་དོན་གཅིག་ཏུ་འཆར་བ་འདི་བྱིས་པ་སོ་སོའི་སྐྱེ་བོའི་བློ་ངོར་གཞི་གཅིག་ལ་འགལ་
བ་ལྟར་སྣང་ཡང་འདིར་ནི་རྣལ་འབྱོར་པ་རྣམས་ཀྱིས་མངོན་སུམ་གཟིགས་པས་གྲུབ་སྟེ།
དེ་འདྲ་བའི་དངོས་པོའི་ཡིན་ལུགས་སྣང་སྟོང་ཟུང་འཇུག་འདི་ལ་རྨད་དུ་བྱུང་བ་ཞེས་ངོ་
མཚར་བའི་ཚིག་གིས་མཁས་པ་རྣམས་བསྔགས་པ་སྟེ། རིམ་ལྔ་ལས། ཆོས་རྣམས་
སྟོང་པ་འདི་ཤེས་ན། །ལས་དང་འབྲས་བུ་བརྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་
མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཅེས་དང༌། ཀུན་མཁྱེན་ཆེན་པོས། གཟུང་
འཛིན་མེད་པའི་རྣལ་འབྱོར་ངོ་ཁ་ལ། །མེད་ལ་སྣང་འདི་ཡ་མཚན་དགོད་པོ་འཆོར། །ཞེས་སོ།།
གཉིས་པ་ནི། སྟོང་པའི་ངོས་སོགས། རྒྱུ་མཚན་དེའི་ཕྱིར་སྔར་མེད་པར་དགག་པའི་དམ་
བཅའ་འཐད་དེ། དེ་ལྟར་སྟོང་པའི་ངོས་ནས་གཞལ་ན་ནི་ཀུན་བྱང་གི་ཆོས་འདི་ཀུན་
ལ་མི་སྟོང་པ་ཅུང་ཟད་ཙམ་ཡང་ཡོད་པ་མིན་པའི་ཕྱིར། དོན་དམ་པ་གཞལ་བའི་ཚད་
མ་དེས་ངོར་མེད་པར་དགག་པ་ཡིན་ནོ་ཅེས་ཐེ་ཚོམ་མི་དགོས་པར་མཐའ་གཅིག་ཏུ་སྨྲ་
བར་བཏུབ་དེ། རྒྱུད་བླ་མ་ལས། སེམས་ཀྱང་རང་བཞིན་ནམ་མཁའ་ཡི། །ཁམས་ལྟར་
རྒྱུ་མེད་རྐྱེན་མེད་ཅིང་། །ཚོགས་པ་མེད་ཅིང་སྐྱེ་བ་དང༌། །འཇིག་དང་གནས་པའང་
ཡོད་མ་ཡིན། །ཞེས་གསུངས་སོ། །གསུམ་པ་ལ། གནས་ཚུལ་སྟོང་རྟེན་འབྱུང་དབྱེར་
མེད་པར་གནས་པ། དེ་ཇི་བཞིན་དུ་བཤད་པ་ལ་ཁྱད་པར་སྦྱར་མི་དགོས་པ། མ་སྦྱར་ཀྱང་
གོ་མྱོང་རྙེད་པ་དང་གསུམ་ལས། དང་པོ་ནི། མེད་དེའི་སོགས། འོན་ཀྱང་མེད་པ་ནི་
གཞན་ལ་སྣང་བ་ནི་གཞན་ལྟ་བུ་མ་ཡིན་པར། ངོ་བོ་སྟོང་པའམ་མེད་པ་དེའི་མེད་པའི་
རང་ཚུགས་མ་ཤོར་བཞིན་དུ་རང་བཞིན་གསལ་བའི་གཤིས་ཀྱིས་རྟེན་འབྲེལ་གྱི་སྣང་
བ་འགག་མེད་ཉིད་དུ་རང་ཤར་བ་དང་། དངོས་པོ་གང་རུང་སྔར་ཡོད་པ་ཕྱིས་མེད་སོང་
བ་ལྟ་བུ་མ་ཡིན་པར་འཁོར་འདས་ཀྱི་ཆོས་སུ་སྣང་བཞིན་པ་དེའི་སྣང་བའི་རང་ཚུགས་
མ་ཤོར་བཞིན་དུ། སྟོང་གཞི་ལོག་ན་ཡོད་པའི་གྲུབ་མཐའ་ལྟ་བུ་མ་ཡིན་པར་གཞི་མེད་
པའི་སྟོང་པར་རང་གྲོལ་བ་ཟུང་འཇུག་སྤྲོས་པ་དང་བྲལ་བའི་གནས་ལུགས་ཇི་ལྟ་བ་བཞིན་
སྟོན་པའི་ཕྱིར་དོན་འདི་དབུ་མ་ཆེན་པོར་གནས་སོ། །དེས་ན་ཀུན་མཁྱེན་ཆེན་པོས། སྣང་
ལ་ཡོད་པར་མ་གྲུབ། སྟོང་ལ་མེད་པར་མ་སོང་། །གཉིས་མེད་ལྷུན་གྲུབ་ཆེན་པོའི་རང་
བཞིན་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། །
གཉིས་པ་ནི། དེ་ལ་འདི་སོགས། དེ་འདྲའི་དབུ་མ་དེ་གཏན་ལ་འབེབས་ཚེ་གཞན་བདེན་
གྲུབ་དང་གློ་བུར་བའི་ཀུན་རྫོབ་འདི་སྟོང་ཆད་མེད་དགག་ཡིན་གྱི། དེ་འདྲའི་དགག་བྱ་
འདིས་ཀ་བ་དང་བདེ་གཤེགས་སྙིང་པོ་སྟོང་ངོ་ཞེས་ཁྱད་པར་སྦྱར་བ་དང༌། ཡང་རང་
རྒྱུད་པ་མན་ཆད་ཀྱིས་ཆ་མེད་གཉིས་པོ་ནས་རང་མཚན་གྱིས་གྲུབ་པའི་ཀུན་རྫོབ་བར་
འདི་སྣང་ལ། གང་ཟག་གི་བདག་ནས་ཁྱད་པར་སྦྱར་བའི་བདེན་གྲུབ་གྱི་བར་འདི་སྟོང་
ངོ་ཞེས་དང་། དེར་མ་ཟད་བདེན་གཉིས་སོ་སོར་ཕྱེས་ཏེ་རྣམ་བཞག་བྱེད་པ་གང་ཡིན་
ཀྱང་དེ་འདྲའི་གཉིས་ཆོས་ཀྱི་དབྱེ་བ་ཞིག་ནམ་ཡང་རྙེད་པ་མེད་པ་སྟེ་དབྱེར་མེད་མཉམ་
པ་ཉིད་ཡིན་པའི་ཕྱིར། ཤིང་རྟ་ཆེན་པོར། སྟོང་ཆད་མེད་པར་སྨྲ་བ་དེ་དག་ནི་སྟོང་པའི་
ཚུལ་མི་ཤེས་པས་ཕྱི་རོལ་རྒྱང་འཕེན་པ་དག་དང་ཆོས་མཐུན་ལ། འདི་ནི་སྟོང་འདི་ནི་
མི་སྟོང་ཞེས་པའི་སྟོང་པ་ནི། ཉི་ཚེ་བའི་སྟོང་པ་སྟེ་རྟག་པར་ལྟ་བ་རྣམས་དང༌། ཉན་ཐོས་
དང་རང་རྒྱལ་རྣམས་དང་ཆོས་མཐུན་པས། རྟག་ཆད་ཀྱི་མཐར་ལྟུང་བ་ཡིན་པས་བརྟེན་
པར་མི་བྱ་བ་ཁོ་ནའོ། །ཞེས་གསུངས་པ་དང་། ཡང་རོང་ཟོམ་ཆེན་པོ་ཆོས་བཟང་གིས་
དེ་ལ་ཆོས་ཐམས་ཅད་ལ་ཆོས་ཅན་དང་ཆོས་ཉིད་རྣམ་པར་བསྒྲུབ་པ་དང་བྲལ་བས་ངོ་
བོ་ཉིད་ཀྱིས་སྟོང་སྟེ་འདི་ལ་འདིས་སྟོང་ཞེས་རྣམ་པར་བཞག་པ་དང་བྲལ་བའོ། །ཞེས་
གསུངས་སོ། །གསུམ་པ་ནི། ཁོ་ཐག་ནང་སོག་དེ་འདྲའི་དབྱེར་མེད་མཉམ་པ་ཉིད་ལ་
གཞན་གྱི་དྲིང་ལ་ལྟོས་འཇོག་མི་དགོས་པར་རང་གི་ཐེ་ཚོམ་གྱི་སྒྲོགས་གྲོལ་ཏེ། ཁོ་ཐག་
ནང་ནུས་ཆོད་པའི་ཚེ་འདི་ལྟར་མ་རྟོགས་པའི་དབང་གིས་གནས་ལུགས་ཀྱི་དོན་ཡང་
ཡང་འཚོལ་བའི་མཁན་པོ་དེ་རྣམས་ཇི་ཙམ་དུ་ཚོལ་བའི་རྩོལ་སྒྲུབ་ཀྱིས་ཆོས་ཉིད་ཀྱི་
དོན་རྟོགས་པ་མེད་པས་ངལ་བ་འབྲས་བུ་མེད་པས་ཡིད་ཆད་སྐྱེ་བར་འགྱུར་ན། དེ་འདྲའི་
ཡིད་ཆད་སྐྱེ་བ་མེད་ཀྱི་སྟེང་དུ། གཞན་དག་སུ་མ་མགུ་ཡང་ཞེ་བློ་བདེ་བས་ཡིད་བདེ་
ཁྱད་པར་ཅན་ཐོབ་པ་གཞན་པས་མཐོང་དུ་མེད་ཀྱང་རང་ངོ་མཚར་ཆེའོ་སྙམ་དུ་ཡིད་
ཆེས་ཕྱིར་མི་ལྡོག་པར་འགྱུར་རོ། །སྨྲས་པ། དངོས་པོའི་དོན་ལ་གཟུ་བོའི་བློས་དཔྱད་ན། །
ངོ་བོ་སྟོང་པ་དོན་མཐུན་བློས་མཐོང་ནས། །ཐར་ལམ་ཚོལ་བའི་དེ་ཉིད་བརྗོད་པ་འདི། །
གང་ལ་གཟེན་པོར་གྱུར་རྣམས་བཟོད་པར་མཛོད། །
གཉིས་པ་ཞར་བྱུང་ཉན་རང་ལ་སྟོང་ཉིད་ཀྱི་ལྟ་བ་དེ་རྟོགས་པ་ཡོད་མེད་དཔྱད་པ་ལ།།གཞན་
གྱི་ལུགས་དགག་པ། རང་གི་ལུགས་བཞག་པ། དེ་ལ་དོགས་པ་སྤང་བ་དང་གསུམ་ལས། དང་
པོ་ལ། སྟོང་ཉིད་མ་རྟོགས་པར་འདོད་པ་དགག་པ། རྟོགས་པར་འདོད་པ་དགག་པ། མཐའ་
བཞིའི་ཇི་རིགས་སྟོང་པར་རྟོགས་པ་དགག་པ་དང་གསུམ་ལས། དང་པོ་ལ། ཕྱོགས་སྔ་འགོད་པ་
དང༌། དེ་དགག་པ་གཉིས་ལས། དང་པོ་ནི། འགའ་ཞིག་སོགས། ད་ནི་དྲི་བ་གཉིས་པ་འདིའི་
དོན་ནི་སྔ་རབས་པ་འགའ་ཞིག་གིས་ཉན་རང་དགྲ་བཅོམ་པས་གང་ཟག་གི་བདག་མེད་ཙམ་
ལས་ཆོས་ཀྱི་བདག་མེད་མ་རྟོགས་ཏེ། མངོན་པ་མཛོད་ལས། །གང་ལ་བཅོམ་དང་བློ་ཡིས་
གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་
གཞིན་ནོ། །ཞེས་གསུངས་པས་སོ་ཟེར་ནས་དེ་ཡང་གང་ཟག་གི་བདག་ནི་མེད་པ་ལ་
མེད་པར་གསུངས་ཤིང་དེ་བཞིན་དུ་ཤེས་པ་ནི་བདག་མེད་པའི་ལྟ་བ་ཡང་དག་ཡིན་ཅིང་།
རགས་པ་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རྣམས་ནི་ཕྲ་བ་ཆ་མེད་གཉིས་ཀྱི་བདག་ཉིད་དུ་
ཡོད་པས་ན། དེ་རྣམས་བདག་མེད་པའི་སྟོང་ཉིད་དུ་མ་རྟོགས་ཀྱང་ཟུང་བཞི་ཡ་བརྒྱད་
ཀྱི་འབྲས་བུ་ཐོབ་པ་ཡོད་པར་བཞེད་དོ། །གཉིས་པ་ལ། བདག་མེད་པར་མ་རྟོགས་ན་
ཉོན་མོངས་སྤོང་བ་མེད་པ། དེ་འདྲའི་བདག་དེའང་བཏགས་པ་ཙམ་མམ་རྐྱེན་ཉིད་འདི་
པ་ཙམ་གྱི་བྱེ་བྲག་ཡིན་ཚུལ། དེ་རྟོགས་པ་ཡོད་པ་ལུང་རིགས་ཀྱིས་གྲུབ་བཞིན་མ་རྟོགས་
པར་སྨྲ་བ་ལ་བསྒྲུབ་བྱེད་མེད་པོ་དང་གསུམ་ལས། དང་པོ་ནི། ཕུང་པོར་སོགས། དེ་
དག་གི་ལུགས་དེ་ལ་བརྟགས་ན་ཆོས་ཀྱི་བདག་མེད་པ་མ་རྟོགས་ན་ཇི་སྲིད་ཉེར་ལེན་
གྱི་ཕུང་པོ་ལྔ་རིལ་པོར་འཛིན་པ་ཡོད་པ་དེས་ཚེ་དེ་ངར་འཛིན་ཡིན་ལ། དེ་ལྟ་བུས་དུ་
ཙམ་དུ་འཛིན་པའི་བདག་མ་ཁེག་པ་དེ་སྲིད་དུ་སྡུག་བསྔལ་འཁོར་བའི་རྩ་བ་ནི་བདག་
ཏུ་འཛིན་པ་ཡིན་པས་དེས་ནུས་པས་ཉོན་མོངས་སྤོང་བ་མེད་དེ། རིན་ཆེན་ཕྲེང་བ་ལས།
ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་
ཡང་ལས་ཏེ། དེ་ལས་ཀྱང་ནི་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར་ལས་ཉོན་ཡོད་
ཅིང་དེས་དབང་གིས་འཁོར་བ་སྤོང་མི་ནུས་ཤིང་འབྲས་བུ་ཐོབ་མི་སྲིད་དེ། རྣམ་འགྲེལ་
ལས། ཉེས་པ་རྣམ་པ་ཐམས་ཅད་དག །འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན། །དེ་མ་རིག་
དེ་དེར་ཆགས་པ། །དེ་ལས་ཞེ་སྡང་ལ་སོགས་འབྱུང་། །དེ་ཉིད་ཀྱིས་ན་ཉེས་རྣམས་
ཀྱི༑ ༑རྒྱུ་ནི་གཏི་མུག་ཡིན་པར་གསུངས། །གཞན་ལས་འཇིགས་ཚོགས་ལྟ་བ་སྟེ། །དེ་
སྤང་པ་ན་སྤོང་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ནི། བདག་དེའང་སོགས། རྒྱུ་
མཚན་དེ་བས་ན་སྤྱིར་བཏང་གི་དབང་དུ་ན་འཁོར་བའི་རྒྱུ་གཏི་མུག་མ་རིག་པ་ཡིན་པར་
གསུངས་ཤིང་དེ་ལས་ཀྱང་ཉེར་ལེན་ཁྱད་པར་བ་འཇིག་ལྟ་ཡིན་པས་དེས་ཡུལ་དུ་གྱུར་
པའི་བདག་དེའང་ཕུང་པོ་ལྔ་ཆར་ཕྱེས་ན་བརྟེན་ནས་བཏགས་པ་ཙམ་ལས་བདེན་པར་
གྲུབ་པ་རྡུལ་ཙམ་མེད་ན་ཡང་། ཐོག་མ་མེད་པ་ནས་ང་མེད་པ་ལ་ངར་འཛིན་ལྷན་སྐྱེས་
ཀྱི་བདག་ཏུ་བཟུང་བའི་ཡུལ་དེ་དང་ཆོས་ཀྱི་བདག་འཛིན་གྱི་ཞེན་ཡུལ་དུ་གྱུར་པའི་བུམ་
པ་སོགས་འཁྲུལ་ངོར་ཡོད་པ་ཙམ་ལས། གཅིག་དང་དུ་མའི་རང་བཞིན་དུ་དཔྱད་ན་
གང་ཟག་གི་བདག་དང་ཆོས་ཀྱི་བདག་གཉིས་ཀྱིས་སྟོང་ཞིང་སྟོང་པ་དེ་གཉིས་སྟོང་གཞིའི་
དབྱེ་བ་ཙམ་མ་གཏོགས་སྟོང་པ་ཉིད་དུ་དཔྱད་པའི་ཚུལ་ལ་ཁྱད་པར་འགའ་ཡང་མེད་དེ།
བུམ་པ་སོགས་ཀྱི་གདགས་གཞིའི་ཆོས་རྣམས་ཆ་སོ་སོར་ཕྱེ་ན་རང་བཞིན་མ་གྲུབ་པ་
པ་དང་། གང་ཟག་གི་གདགས་གཞི་ཕུང་པོ་ལྔ་ཆ་སོ་སོར་ཡང་ཕྱེ་ན་བདག་རང་བཞིན་
གྱིས་གྲུབ་པས་སྟོང་པ་གཉིས་སྟོང་ཚུལ་གཅིག་པས་ན། དབུ་མས་ཆོས་ཐམས་ཅད་ཆར་
ཕྱེ་ནས་མ་གྲུབ་པ་དེ་སྟོང་ཉིད་ཡིན་ན་ཉན་རང་གིས་རྒྱུན་དང་རགས་པ་ཆར་ཕྱེ་ནས་བདག་
མ་གྲུབ་པ་དེའང་སྟོང་ཉིད་ཡིན་ལ། གང་ཟག་གི་བདག་མ་གྲུབ་པའི་ཚུལ་དེ་སྟོང་ཉིད་
མིན་ན། ཆོས་ཀྱི་བདག་མ་གྲུབ་པའི་ཚུལ་དེ་ཡང་སྟོང་ཉིད་མིན་པར་འགྱུར་བའི་ཕྱིར་རོ། །
དེས་ན་མངོན་པ་མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་
འཇུག་པ། །ཞེས་དང༌། སྤྱོད་འཇུག་ལས། ལུས་ནི་རྐང་པ་བྱིན་པ་མིན། །བརླ་དང་རྐེད་
པའང་ལུས་མ་ཡིན་སོགས། རིགས་པའི་འགྲོས་གཅིག་པའི་ཕྱིར་སྟོང་པར་ཁྱད་མེད་པས་
ཉན་ཐོས་པས་ཐེག་ཆེན་ན་བཤད་པའི་སྟོང་ཉིད་མི་འཐད་པར་སེམས་པ་དོན་མེད་དོ། །
གསུམ་པ་ནི། དེ་ལྟར་ལུང་དང་སོགས། དེས་ན་གོང་དུ་བཤད་པ་དེ་ལྟར་ཉན་རང་དགྲ་
བཅོམ་པས་བདག་མེད་པའི་སྟོང་པ་ཉིད་རྟོགས་པ་ཡོད་པར་འཇུག་པ་རང་འགྲེལ་ལས་
ལུང་བདུན་དང་རིགས་པ་གསུམ་གྱིས་བསྒྲུབ་པར་མཛད་པས་ཀྱང་མངོན་སུམ་དུ་གྲུབ་
པ་དེ་ལས་བརྒལ་ནས་སུ་ཉན་རང་དགྲ་བཅོམ་པས་སྟོང་ཉིད་མ་རྟོགས་སོ་ཞེས་སྨྲ་བ་
ནི་བསྒྲུབ་བྱེད་མེད་པའི་དམ་བཅུའ་ཙམ་དུ་ཟད་དོ། །་
གཉིས་པ་ལ། ཕྱོགས་སྔ་དང་། དེ་དགག་པ་གཉིས་ལས། དང་པོ་ནི། དེ་ལ་ཁ་སོགས།
དེ་ལྟར་ཟླ་བས་ལུང་རིགས་ཀྱིས་བསྒྲུབ་པ་དེ་ལ་བོད་ཕྱི་རབས་པ་ཁ་ཅིག་ཧ་ཅང་ཐུལ་
ཆེས་ནས་ཉན་རང་བྱང་སེམས་ཏེ་ཐེག་པ་གསུམ་གྱི་མཐོང་ལམ་གཅིག་པ་དང་། ཆོས་
ཉིད་ཀུན་དུ་འགྲོ་བའི་དོན་རྟོགས་པ་ལ་མཐོ་དམན་མེད་པར་འདོད་དོ། །འོ་ན་ཤེར་ཕྱིན་
དུ་གཞི་ཤེས་པ་འབྲས་ཡུམ་ལ་ཉེ་རིང་གི་ཁྱད་པར་དང་། རང་རྒྱལ་གྱིས་གཟུང་བ་རང་
བཞིན་མེད་པར་རྟོགས་ཀྱང༌། འཛིན་པ་རང་བཞིན་མེད་པར་མ་རྟོགས་པས་དེ་མི་སྤོང་
བར་བཤད་པ་དང༌། བྱམས་གཞུང་ཕལ་ལས་ཤེས་སྒྲིབ་ས་དང་པོ་ནས་སྤོང་བར་བཤད་
པ་སོགས་དང༌། སྔགས་རྒྱུད་རྣམས་ལས་ཐེག་པའི་ཁྱད་པར་བཤད་པ་སོགས་མདོ་རྒྱུད་
ཀྱི་གཞུང་ན་ཐེག་གསུམ་གྱི་རྟོགས་རིགས་ལ་ཁྱད་ཡོད་པར་བཤད་པ་དེ་རྣམས་ཇི་ལྟར་
དྲང་སྙམ་ན། རིང་དུ་སོང་བར་བློ་ཡང་ལྷག་པར་འགྱུར། །ཞེས་པའི་ཚིག་གཅིག་གི་རྩ་
འགྲེལ་དེ་ཁོ་ན་ལ་བརྟེན་ནས་མདོ་རྒྱུད་བསྟན་བཅོས་ཀྱི་གཞུང་ཀུན་ཀྱང་དགོས་པ་དགོངས་
གཞི་དངོས་ལ་གནོད་བྱེད་ཀྱི་རིགས་པ་གསུམ་དོན་ལ་གནས་པ་ཞིག་མེད་བཞིན་དུ་དྲང་
བའི་དོན་དུ་འགྲེལ་བར་མཛད་དོ། །གཉིས་པ་དེ་དགག་པ་ལ། གཞན་གྱིས་སྐྱོན་བརྗོད་
པ་བཟློག་མི་ནུས་པ་དང་། ཁས་བླང་དེ་ལ་ཚད་མས་གནོད་འགལ་ཡོད་པ་གཉིས་ལས།
དང་པོ་ནི། དེ་ལ་སོགས། དེ་ཡང་འདི་འདྲའི་རྣམ་བཞག་དེ་ལ་མཁས་པ་གཞན་གྱིས་
ཁྱེད་ཅག་གི་ལུགས་འདི་ལྟར་ན། ཐེག་པ་དམན་པའི་ལམ་སྔོན་དུ་སོང་བའི་ཉན་རང་
དགྲ་བཅོམ་པ་དེ་སླར་ཐེག་པ་ཆེན་པོའི་ལམ་དུ་ཞུགས་ནས་མཐོང་ལམ་ཐོབ་པ་དང་ས་
གཉིས་པ་སོགས་གསར་དུ་ཐོབ་པ་ཡོད་དུ་ཆུག་ཀྱང་། དེས་ཚེ་སྤང་བྱ་ཅུང་ཟད་ཙམ་ཡང་
མེད་པའི་སྐྱོན་ཡོད་པར་ཐལ་ཏེ། ཉན་རང་དགྲ་བཅོམ་པས་ཉོན་སྒྲིབ་སྤང་ཟིན་པ་གང་
ཞིག་མ་དག་ས་བདུན་དུ་ཤེས་སྒྲིབ་སྤང་བ་མེད་པར་འདོད་པའི་ཕྱིར་དང༌། སོགས་ཁོང་
དུ་སྤང་བྱ་མེད་པ་དེ་བཞིན་དུ་རྟོགས་པའི་ཡེ་ཤེས་ཀྱང་གསར་དུ་ཅི་ཡང་ཐོབ་པ་མེད་པ་
དང༌། གལ་ཏེ་ཡོད་ཀྱང་དགོས་ནུས་མེད་པ་དང༌། བསྐལ་པ་གྲངས་མེད་པ་རྣམས་སུ་
ཚོགས་གཉིས་བསགས་པ་དོན་མེད་དུ་འགྱུར་བ་དང་། ཐེག་པ་མཆོག་དམན་དང་མྱུར་
བུལ་གྱི་ཁྱད་པར་དང་། རིགས་ཅན་གསུམ་གྱི་གདུལ་བྱ་ལ་དབང་པོ་རྣོ་རྟུལ་ཁྱད་མེད་
པར་འགྱུར་བ་ལ་སོགས་པའི་འགལ་འདུའི་སྐྱོན་ལུ་མའི་ཆུ་ལྟར་འབབ་པས་ན། ཡང་དག་
པའི་རིགས་པ་དུ་མས་གནོད་པ་འཕང་པ་རྣམས་བཟློག་མེད་དུ་འབབ་པར་འགྱུར་རོ། །
གཉིས་པ་ནི། གཞན་ཡང་སོགས། ད་དུང་སྐྱོན་གཞན་ཡང་ཉན་རང་དགྲ་བཅོམ་པས་
བདག་མེད་གཉིས་ཀ་ཇི་བཞིན་དུ་རྟོགས་ཡོད་ན། ཐར་པ་ལ་སྒྲིབ་པའི་སྤང་བྱ་གང་ཟག་
གི་བདག་མེད་པ་རྟོགས་པས་སྤོང་བ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་ལ་སྒྲིབ་པའི་སྤང་
བྱ་ཆོས་ཀྱི་བདག་མེད་ཀྱིས་ཅིའི་ཕྱིར་མི་སྤོང་། དེ་གཉིས་མཚུངས་པའི་ཕྱིར། ཁོ་ན་རེ། དེ་
མི་སྤོང་བ་ནི་བདག་མེད་གཉིས་ཀ་རྟོགས་པར་གྱུར་ཀྱང་སྤང་བྱ་ཤེས་སྒྲིབ་སྤོང་བར་བྱེད་
པ་ལ་ཚོགས་མཐའ་ཡས་པས་བརྒྱན་པའི་གྲོགས་དགོས་སོ་ཟེར་ན་ཡང་། ཚོགས་བསགས་
པ་ནི་སྤང་བྱའི་དངོས་གཉེན་མ་ཡིན་ཏེ། རྣམ་འགྲེལ་ལས། བྱམས་སོགས་རྨོངས་དང་
འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །ཞེས་གསུངས་སོ། །འོ་ན་ཅི་ཞེ་ན།
རྟོགས་པ་ཐོབ་ཕྱིར་ཚོགས་བསགས་དགོས་ལ། ཚོགས་བསགས་པས་རྟོགས་པ་ཐོབ་
ན་སྤང་བྱ་འགགས་ཏེ། དངོས་གཉེན་རྟོགས་པ་ཐོབ་པའི་ཕྱིར། དཔེར་ན་ཉི་མ་ཤར་བས་
མུན་པ་འགགས་པ་བཞིན་ནོ། །ཁོ་ན་རེ། དུས་དང་རྣམ་པས་རྒྱས་པར་བསྒོམ་ན་དེ་ཡང་
ཤེས་སྒྲིབ་ཀྱི་གཉེན་པོ་ཡིན་སྙམ་ན། འོ་ན་དེ་འདྲའི་རྒྱས་པར་བསྒོམ་པ་དེ་ཉོན་སྒྲིབ་གྱི་
གཉེན་པོ་ཡིན་ནམ་མིན། ཡིན་ན་ཉན་རང་དགྲ་བཅོམ་པས་ཉོན་སྒྲིབ་མི་སྤོང་སྟེ་རྒྱུས་
པར་བསྒོམ་པ་མེད་པའི་ཕྱིར། མིན་ན་མ་དག་ས་བདུན་གྱི་བར་དུ་བྱང་སེམས་ཀྱིས་དེ་
བསྒོམ་མི་དགོས་པར་ཐལ་ཏེ། དེའི་བར་ཉོན་སྒྲིབ་ཁོ་ན་སྤོང་ན་དེའི་གཉེན་པོ་མིན་པའི་
ཕྱིར། དེར་མ་ཟད་རྟོགས་པའི་ཡེ་ཤེས་ཀྱིས་སྒྲིབ་པ་མི་སྤོང་ན་ཉན་རང་གིས་ཀྱང་ཉོན་
སྒྲིབ་མི་སྤོང་སྟེ་ཚོགས་མཐའ་ཡས་པས་བརྒྱན་པ་མེད་པའི་ཕྱིར། སྤོང་ན་ཉན་རང་དགྲ་
བཅོམ་པ་ལ་སྒྲིབ་གཉིས་སྤང་བ་ཡོད་པར་ཐལ། གཉེན་པོ་བདག་མེད་གཉིས་རྟོགས་
ཡོད་པའི་ཕྱིར། གལ་ཏེ་ཤེས་སྒྲིབ་མི་སྤོང་བ་ཆོས་ཀྱི་བདག་མེད་མ་རྟོགས་པར་ཁས་
བླང་བ་དང་འགལ་ལ། གལ་ཏེ་རྟོགས་པ་ཡོད་ན་སྦྱོང་བྱ་ཤེས་སྒྲིབ་མི་སྤོང་པ་དང་འགལ་
ཏེ༑ དཔེར་ན་ཉི་མ་ཤར་ཡང་མུན་པ་མི་སེལ་བ་བཞིན། རྒྱུད་བླ་མར། ཤེས་རབ་ལས་
གཞན་དེ་དག་ནི། །སློང་རྒྱུ་གཞན་མེད་དེ་ཡི་ཕྱིར། ཞེས་དང་། རྣམ་འགྲེལ་ལས། སྟོང་
ཉིད་ལྟ་དང་དེ་འགལ་ཕྱིར། །དེ་ཡི་རང་བཞིན་ཉེས་ཀུན་དང༌། །འགལ་བར་རབ་ཏུ་གྲུབ་
གསུངས་སོ། །གལ་ཏེ་ཚོགས་མཐའ་ཡས་པས་བ
སྤོང་ན། འོ་ན་ས་དང་པོ་ནས་ཤེས་སྒྲིབ་སྤོང་པ་ཡོད་པར་ཐལ། ཚོགས་ཀྱིས་བརྒྱན་པ་
ཡོད་པའི་ཕྱིར། དེ་ལ་ས་བརྒྱད་པ་པའི་ཚོགས་ལྟ་བུ་མེད་པས་མི་སྤོང་ན། འོ་ན་ས་བརྒྱད་
པས་ཀྱང་མི་སྤོང་སྟེ། དེ་ལ་ས་བཅུ་བ་པའི་ཚོགས་ལྟ་བུ་མེད་པའི་ཕྱིར། དཔེར་ན་ཉི་མ་
དེ་ཡང་སྒྲིབ་པ་ཞེས་པ་གནས་ལུགས་སྟོང་པ་ཉིད་ལ་བསྒྲིབ་པས་སྒྲིབ་པ་ཡིན་ན། བསྒྲིབ་
ཡུལ་སྟོང་ཉིད་མངོན་དུ་གྱུར་ཀྱང་མི་སྤོང་ན། ཚོགས་ཀྱིས་བརྒྱན་ཀྱང་དཀའ་བར་འགྱུར་
རོ༑ ༑གསུམ་པ་ལ། ཕྱོགས་སྔ་དང༌། རང་གི་ཁས་བླང་འགལ་བས་དགག་པ་གཉིས་
ལས། དང་པོ་ནི། ཁ་ཅིག་སོགས། དེ་ལ་ཕྱི་རབས་པ་ཁ་ཅིག་གིས་ཉན་རང་གཉིས་ཀྱིས་
རང་རྒྱུད་ཀྱི་བདག་ཏུ་འཛིན་པ་དེས་རྒྱུ་ཕུང་པོ་ལྔ་པོ་བདེན་གྲུབ་མེད་པའི་སྟོང་པ་ཉིད་
རྟོགས་པ་ཡོད་དེ་འབྲས་བུ་གང་ཟག་གི་བདག་མེད་རྟོགས་པ་ཡོད་པའི་ཕྱིར། འོན་ཀྱང་
དེ་ལས་གཞན་པའི་མཐའ་ཕྱི་མ་སོགས་ཆོས་གཞན་བདག་མེད་མི་རྟོགས་སོ་ཞེས་ཟེར་
རོ༑ ༑གཉིས་པ་ནི། ཕུང་པོ་སོགས། ཁྱེད་ཅག་གི་ལུགས་ལ་ཉན་རང་དགྲ་བཅོམ་པས་
ཕུང་པོ་ལྔ་པོ་རང་བཞིན་མེད་པའི་སྟོང་པར་རྟོགས་པ་ཡིན་ན་ཕུང་པོ་ལྔའི་ནང་དུ་མ་འདུས་
པ་འདུས་མ་བྱས་ཙམ་མ་གཏོགས་པའི་ཆོས་གཞན་ཅི་ཡང་མེད་ལ། དེར་མ་ཟད་མདོ་
སྡེ་བའི་ལུགས་ལ་འདུས་མ་བྱས་ཀྱང་དངོས་མེད་བཏགས་ཡོད་དུ་འདོད་པའི་ཕྱིར། དགྲ་
བཅོམ་པ་དེའི་བདེན་མེད་དུ་མ་རྟོགས་པའི་དངོས་པོ་ཅི་ཞིག་ཡོད་དེ་མེད་ན་ཡང་། དེ་
འདྲའི་དགྲ་བཅོམ་པ་དེའི་སྟོང་ཉིད་རྟོགས་པ་དེ་མངོན་པ་ནས་བཤད་པའི་རྒྱུན་དང་རིགས་
བ་མ་གྲུབ་པའི་བདག་མེད་ལ་ཟེར་རམ། དབུ་མ་ནས་བཤད་པའི་སྟོང་ཉིད་གང་ལ་གསུངས་
པ་ཡིན། དང་པོ་ལྟར་ན་ཕུང་པོ་གཞི་མེད་པའི་སྟོང་པར་རྟོགས་པ་དང་འགལ་ཏེ། དེར་
ཆ་མེད་གཉིས་པོ་དོན་དམ་དུ་འདོད་པའི་ཕྱིར། གཉིས་པ་ལྟར་ན་ཆོས་གཞན་བདག་མེད་
པར་མི་རྟོགས་པ་དང་འགལ་ཏེ། དེར་འདུས་བྱས་འདུས་མ་བྱས་པའི་ཆོས་ཐམས་ཅད་
སྟོང་པར་གསུངས་པའི་ཕྱིར། དེའི་སྐྱོན་མེད་དེ་རང་ལམ་ཐེག་པ་དམན་པར་རྒྱུན་དང་
རགས་པ་རང་བཞིན་མེད་པར་རྟོགས་པས་དཔེར་ན་འདམ་བུ་གཅིག་ཁོང་སྟོང་དུ་ཤེས་
ན་གཞན་ཀྱང་དེ་ལྟར་རིམ་གྱིས་ཤེས་པ་བཞིན་དུ། དབུ་མ་ནས་བཤད་པའི་མཐའ་དང་
པོ་ཆོས་ཐམས་ཅད་ལ་བདེན་གྲུབ་ཀྱི་ཡོད་མཐའ་ཡང་ཆོད་ནས་བདག་མེད་པ་རིམ་གྱིས་
རྟོགས་ཀྱང༌། མཐའ་ཕྱི་མ་གསུམ་ཐེག་ཆེན་ཐུན་མིན་དུ་བཤད་པས་ཆོས་གཞན་དེ་དག་
སྟོང་པར་མ་རྟོགས་སོ་ཞེ་ན། འོ་ན་མཐའ་ཕྱི་མ་གསུམ་ཀྱང་རྟོགས་རིགས་པར་ཐལ།
རིམ་བཞིན་རྟོགས་ན་དེ་ཡང་རྟོགས་དགོས་པའི་ཕྱིར། དཔེར་ན་འདམ་བུ་ཁོང་སྟོང་གི་
དཔེ་བཞིན་ནོ། །ཆེད་དུ་མི་གཉེར་བ་སོགས་གང་གིས་ལན་བཏབ་ཀྱང་མཐའ་དང་པོ་
དང་བསྒྲེ་ནུས་སོ། །ཡང་མཐའ་བར་མ་གཉིས་དང་བྲལ་བ་རང་རྒྱལ་དང་སེམས་ཙམ་
པའི་གྲུབ་མཐའ་ཡིན་པ་ལས་འོས་མེད་དེ། ཐེག་གསུམ་གྱི་ལྟ་བ་ལ་ཁྱད་ཡོད་པ་གང་
ཞིག་མཐའ་དང་པོ་ཆོད་པ་ཉན་ཐོས་དང་བཞི་ཀ་ཆོད་པ་དབུ་མའི་ལྟ་བ་ཡིན་པའི་ཕྱིར།
དེས་ན་ཉན་རང་ལ་སྟོང་ཉིད་རྟོགས་པ་ཡོད་པར་འདོད་པ་འདི་རྣམས་ཀྱིས་ཐེག་པ་ཆེ་
ཆུང་གཉིས་ཀ་མིན་པའི་ལམ་དང་འབྲས་བུའི་རྣམ་བཞག་གསར་བ་ཞིག་འཇོག་དགོས་
པར་འགྱུར་ཏེ། ལྟ་བ་ནི་གཅིག་ལ་སྒོམ་སྤྱོད་སོགས་མི་གཅིག་པའི་ཕྱིར་རོ། །གཉིས་པ་
རང་གི་ལུགས་བཞག་པ་ལ། དཔལ་ལྡན་ཟླ་བའི་དགོངས་པ་བཤད་པ། ཀུན་མཁྱེན་
ཆེན་པོའི་རང་བཞེད་འགོད་པ། དེ་གཉིས་ཀ་བཞིན་དུ་རང་ལུགས་དཔེའི་སྒོ་ནས་བཤད་
པ་དང་གསུམ་ལས། དང་པོ་ལ། ཟླ་བའི་རང་འགྲེལ་ན་བདག་མེད་གཉིས་སོ་སོར་བསྟན་
པའི་དགོས་པ་གསུངས་པ། གོང་དུ་ཉན་རོང་ལ་སྟོང་ཉིད་རྟོགས་པ་ཡོད་པར་བཤད་པ།
དེའི་དོགས་པ་བསུས་ནས་དགོངས་པ་བཤད་པ་དང་གསུམ་ལས། དང་པོ་ནི། དེས་ན་
སོགས། ཉན་རང་རྣམས་ཀྱིས་སྟོང་ཉིད་རྫོགས་པར་རྟོགས་པ་དང་མ་རྟོགས་པར་བཤད་
པ་གཉིས་ཀ་མི་འཐད་པ་དེས་ན་སྔ་འགྱུར་པ་རང་ལུགས་ལ་ནི་དཔལ་ལྡན་ཟླ་བའི་དགོངས་
པ་ཇི་ལྟར་ལེན་ན། དབུ་མ་འཇུག་པའི་བདག་མེད་འདི་ནི་འགྲོ་བ་རྣམ་དགྲོལ་ཕྱིར། །
ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་པའི་ཐད་ཀྱི་རང་འགྲེལ་ལས།
ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པའི་སྒྲིབ་པ་སྤང་བའི་ཕྱིར་ཉན་རང་ལ་རྒྱལ་བས་
གང་ཟག་གི་བདག་མེད་པ་བསྟན་ནས་འཁོར་བ་ལས་དགྲོལ་བར་མཛད་པ་དང་། ཐམས་
ཅད་མཁྱེན་པ་ལ་བར་དུ་གཅོད་པའི་ཤེས་སྒྲིབ་སྤང་བའི་ཕྱིར་རྒྱལ་བའི་སྲས་པོ་བྱང་
ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་བདག་མེད་རྫོགས་པར་ཏེ་གཉིས་ཀ་བསྟན་ཏེ།
རང་འགྲེལ་ལས། དེ་ལ་གང་ཟག་གི་བདག་མེད་པ་ནི་རང་སངས་རྒྱས་དང་ཉན་ཐོས་
རྣམས་རྣམ་པར་དགྲོལ་བའི་ཕྱིར་བསྟན་ལ། བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་པ་
ཐམས་ཅད་མཁྱེན་པ་ཐོབ་པས་རྣམ་པར་དགྲོལ་བའི་ཕྱིར་གཉིས་ཀ་བསྟན་ཏོ། །ཉན་
ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་
བ་ཙམ་མཐོང་མོད་དེ་ལྟ་ན་ཡང་དེ་དག་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པར་
བསྒོམ་པ་ནི་མེད་དོ། །ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་སྤོང་བའི་ཐབས་ཙམ་ཞིག་
ནི་ཡོད་དོ། །ཞེས་གསུངས་སོ། །གཉིས་པ་ནི། འོ་ན་སོགས། འོ་ན་སྔར་རིང་སོང་སྐབས་
མདོ་སྡེ་ས་བཅུ་པའི་ལུང་འདིས་སྒོ་ནས་ཉན་རང་གཉིས་པོ་ལ་སྟོང་ཉིད་རྟོགས་པ་ཡོད་
དོ་ཞེས་རང་འགྲེལ་ལས་སྨྲས་པ་ཇི་ལྟར་ཡིན་ཞེ་ན།
གསུམ་པ་ནི། ཉན་རང་དེ་སོགས། དེའི་དོན་ནི་སྔར་ཉན་རང་ལ་སྟོང་ཉིད་རྟོགས་པ་ཡོད་
ཅེས་སྨྲས་པ་དེའི་དོགས་པ་སླར་སྟོང་ཉིད་ཀྱི་རྣམ་དབྱེ་སྟོན་པའི་སྐབས་སུ་བསུས་ནས་
ཉན་རང་དེ་དག་ལ་སྟོང་ཉིད་རྟོགས་པ་ཡོད་པ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་འཁོར་
བ་སྤང་བའི་ཕྱིར། ཕྱི་ནང་གི་ཆོས་ཐམས་ཅད་ལ་རྒྱུན་དང་རགས་པ་རང་བཞིན་མེད་པའི་
སྟོང་པ་ཉིད་རྟོགས་པའི་སྒོ་ནས་གང་ཟག་གི་བདག་མེད་པ་རྟོགས་པ་དང་སྒོམ་པ་ཡོད་
ཀྱི། དེ་ལྟ་ན་ཡང་ཉན་རང་དེ་དག་ལ་རྒྱུན་དང་རགས་པ་རང་བཞིན་མེད་པར་རྟོགས་
པ་ཡོད་ཀྱང་དེ་ལྟ་བུའི་ཆོས་ཀྱི་བདག་མེད་པ་དེ་ཡོངས་སུ་རྫོགས་པར་སྒོམ་པ་ནི་མེད་
ཅེས་གསུངས་པ་བཞིན་དུ་གོང་འོག་གི་དོན་གཉིས་པོ་མི་འགལ་བར་འབྲེལ་བསྒྲིགས་
ཏེ་བཤད་དོ། །གཉིས་པ་རང་ལུགས་ཀུན་མཁྱེན་ཆེན་པོའི་བཞེད་པ་ནི། ཀློང་ཆེན་སོགས།
དེས་ན་སྔ་འགྱུར་བའི་རང་ལུགས་ནི་ཟླ་བའི་དགོངས་པ་བཞིན་དུ་ཀློང་ཆེན་རབ་འབྱམས་
པའི་ཞལ་སྔ་ནས་སྔོན་གྱི་འཕགས་བོད་ཀྱི་སློབ་དཔོན་ཐམས་ཅད་ནི་ཉན་རང་དགྲ་བཅོམ་
ལ་སྟོང་ཉིད་རྟོགས་པ་འགའ་ཞིག་གིས་ཡོད་ཅེས་སྨྲ་བ་དང༌། འགའ་ཞིག་ནི་མེད་ཅེས་
ཕན་ཚུན་དགག་སྒྲུབ་ཀྱི་ལམ་ནས་རྩོད་པ་བྱེད་ན་ཡང་། རང་གི་བཞེད་པ་ནི་ཕྱོགས་གཅིག་
ཏུ་ཆད་པ་དེ་གཉིས་ཀ་ལྟར་མིན་ཏེ་དེའི་རྒྱུ་མཚན་སྔོན་གྱི་ཉན་རང་གི་གྲུབ་མཐའ་འཛིན་
པའི་སྡེ་པ་བཅོ་བརྒྱད་པོ་ལ་གང་ཟག་གི་བདག་འདོད་མི་འདོད་ཅི་རིགས་སྣང་ཡང་
ཁྲོ་ཤུལ་མཁན་པོ་༈ འཇམ་རྡོར་གྱིས་མཛད། །
དངོས་དོན་ནི་མཐར་འབྲས་དགྲ་བཅོམ་པ་ཐོབ་པར་བྱེད་པ་ལ་ཉོན་མོངས་པའི་སྒྲིབ་
པ་སྤང་དགོས་ལ་དེ་སྤོང་བ་ལ་དེ་དག་གི་རྩ་བ་ཕུང་པོ་ལྔ་རིལ་བོར་འཛིན་པའི་བདག་
འཛིན་ལྷན་སྐྱེས་དེས་ཞེན་ཡུལ་སྟོང་པར་མ་རྟོགས་པར་འཁོར་བ་ལས་ཐར་བར་འགྱུར་
བ་མིན་པས་དེ་ཙམ་རྟོགས་པ་ཡོད་པར་མདོ་བསྟན་བཅོས་སོགས་ཀྱི་ལུགས་དང་རིགས་
པས་ཀྱང་འགྲུབ་སྟེ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་མཛད་པ་ལ་གང་ཟག་གི་བདག་
མེད་རྟོགས་དགོས་ན་དེས་མེད་ན་མི་འབྱུང་གི་རྒྱུ་ནི་ཆོས་ཐམས་ཅད་ལ་རྒྱུན་དང་རགས་
པ་རང་བཞིན་མེད་པ་རགས་ལས་པས་སོ། །དེ་ལྟ་ན་ཡང་ཤེས་བྱའི་ཆོས་ཐམས་ཅད་
ལ་བདག་མེད་པ་རྫོགས་པར་རྟོགས་པ་ནི་མེད་དེ། མདོ་འགའ་ཞིག་ན་སྐྲ་རྩེའི་བླང་བའི་
ཆུ་ཐིག་དང་། འགའ་ཞིག་གིས་ཡུང་འབྲུ་སྲིན་གྱིས་ཟོས་པའི་ནང་གི་ནམ་མཁའ་བཞིན་
དུ་ཉན་རང་དེ་དག་གི་རྟོགས་པ་ཤིན་ཏུ་རྒྱ་ཆུང་བ་ཡིན་པས་དམན་པ་ལ་དགག་པའི་
སྒྲུས་སྟོང་ཉིད་མ་རྟོགས་ཅེས་བཞེད་དོ་གསུངས། ཚུལ་དེ་ལྟར་ཡིད་བཞིན་མཛོད་འགྲེལ་
ལས། དེ་ཡང་ཉན་ཐོས་དགྲ་བཅོམ་པས་སྟོང་ཉིད་རྟོགས་སམ་མ་རྟོགས་ཞེ་ན། སློབ་དཔོན་
སྔ་རབས་པ་ཁ་ཅིག་ནི་གང་ཟག་གི་བདག་མེད་ལས་མ་རྟོགས་པར་འདོད་ལ། རང་སངས་
རྒྱས་ཀྱི་ཆོས་ཀྱི་ཕྱེད་གཟུང་བ་རང་བཞིན་མེད་པར་རྟོགས་པ་ལས་གཉིས་ཀ་མ་རྟོགས་
པར་འདོད་ལ། ཁ་ཅིག་གིས་རྟོགས་པར་འདོད་པས་རྩོད་ནའང་། ཁོ་བོ་ནི་འདི་ལྟར་རིག་
སྟེ༔ སྔོན་ཉན་ཐོས་ཀྱི་སྡེ་བ་སོ་སོར་གྱེས་དུས་ཀྱང་ལ་ལས་བདག་འདོད་པ་དང༌། ལ་
ལས་མི་འདོད་པ་དང་། ལ་ལས་གཟུགས་བརྙན་ལྟར་འདོད་པ་ཐ་དད་པས་ལམ་བསྒྲུབ་
པ་ཡོད་པས། འབྲས་བུའི་དུས་སུའང་སྔར་གྱི་ལམ་གྱིས་རྗེས་སུ་བྱེད་པས་རྟོགས་མ་རྟོགས་
ངེས་སྒྲོན་རྣམ་བཤད་ས་འོད་ཟེར་དྲི་མེད།
གཉིས་སུ་འབྱུང་བར་རིག་གོ །དེའང་བྱེ་བྲག་སྨྲ་བའི་ལམ་ལ་ཞུགས་པ་དག་གི དགྲ་བཅོམ་
པས་ནི་སྔོན་ཡོད་པར་ཞེན་པ་ལ་གོམ་པ་ཤེས་ཆེ་བས་གང་ཟག་གི་བདག་མེད་ཙམ་ལས་
ཆོས་ཀྱི་བདག་མེད་མ་རྟོགས་པར་སྨྲ་སྟེ་མཚན་མར་འཛིན་པའི་ཕྱིར་རོ། །མདོ་སྡེ་བའི་
ཕྱོགས་ལས་ལམ་བསྒྲུབ་ན་ཤེས་རབ་ཟབ་པས་གཟུགས་བརྙན་དང་འདྲ་བ་ལ་སོགས་
པའི་ཕྱིར་རྟོགས་པའོ་སྙམ་དུ་རིག་གོ །དེ་ཡང་དབང་པོ་རྣོ་བས་ནི། གཟུགས་ཀྱི་ཆོས་
ལས་དཔག་ནས་ཀུན་མཐུན་པར་རྟོགས་ལ། རྟུལ་བས་གང་བསྟན་པ་དེ་ལས་གཞན་
མི་ཤེས་སོ། །རང་བཞིན་དུ་བདག་མེད་པ་ཙམ་དུ་རྟོགས་པར་མཐུན་པའི་གཉི་ཀའི་ཀྱང་
ཕུང་པོའི་འཛིན་པ་སྟོང་པར་རྟོགས་དགོས་པ་སོགས་སོ། །ཞེས་གསུངས་པ་དེས་ན་འདི་
ལྟར་སྨྲ་བ་ནི་ཕུལ་དུ་ཕྱུང་པའི་ལེགས་བཤད་དེ། གངས་ཅན་ན་འདི་དང་མཚུངས་པའི་
རྣམ་བཞག་གཞན་གཅིག་ཀྱང་མ་མཆིས་སོ། །
གསུམ་པ་ལ། དེ་འདྲའི་ལུགས་དཔེའི་སྒོ་ནས་བཤད་པ། དེ་ལ་སྐྱོན་སྤོང་པ་གཉིས་ལས།
དང་པོ་ནི། དཔེར་ན་སོགས། འོ་ན་འདི་དང་གཞན་མི་མཚུངས་པའི་ལེགས་བཤད་ཡིན་
ན་དེས་དོན་ཇི་ལྟར་སྙམ་ན། ཉན་རང་དགྲ་བཅོམ་ལ་ཆོས་ཐམས་ཅད་སྟོང་ཉིད་དུ་རྟོགས་
པ་ཡོད་པ་ནི། དཔེར་ན་རྒྱུ་མཚོ་ཆེན་པོའི་ཆུ་ནི་རྒྱ་ཆེ་ཞིང་མང་བ་ལས་ཧུབ་གང་ཙམ་
བཏུང་བས་ཀྱང་རྒྱུ་མཚོ་ཆེན་པོའི་ཆུ་མ་བཏུང་ཞེས་སུ་བརྗོད་མི་རུང་པ་ལྟར། དཔེ་ཅན་
ཉན་རང་གིས་ཀྱང༌། རྒྱལ་སྲས་ཀྱི་ཆོས་ཐམས་ཅད་སྟོང་ཉིད་དུ་རྟོགས་པ་དེའི་བྱེ་བྲག་
ང་ཙམ་པོ་སྟོང་པའམ་བདག་མེད་པར་མཐོང་བའི་ཕྱིར་སྟོང་པ་ཉིད་མཐོང་བ་དང་རྟོགས་
པ་ཡིན་པར་འདོད་དེ། འཇུག་པ་ལས། དེ་ཕྱིར་བདག་དང་བདག་གིས་སྟོང་ལྟ་ཞིང་། །
ཁྲོ་ཤུལ་མཁན་པོ་འཇམ་རྡོར་གྱིས་མཛད།
རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར། །ཅེས་གསུངས་པས་ན་བདག་མེད་པ་མཐོང་
བ་སྟོང་ཉིད་རྟོགས་པ་ཡིན་པར་དངོས་སུ་གསུངས་ལ་རྒྱུ་མཚན་དེའི་ཕྱིར་ན་ཐེག་གསུམ་
གྱི་འབྲས་བུ་ཐམས་ཅད་ཀྱང་ཞི་སྒོ་གཉིས་སུ་མེད་པ་སྟོང་པ་ཉིད་རྟོགས་པ་ལ་རགས་
ལས་པས་ན། ཉན་ཐོས་པས་བདེན་པ་མཐོང་བ་དང་སྟོང་ཉིད་དོན་མི་གཅིག་པར་སེམས་
པ་རྣམས་ལ་བདེན་པ་མཐོང་བ་དེ་སྟོང་ཉིད་རྟོགས་པ་ཡིན་པས་དེ་གཉིས་སྤྱི་དང་བྱེ་བྲག་
ཙམ་མ་གཏོགས་དོན་གཅིག་པ་ཡིན་པར་ཤིང་རྟ་ཆེན་པོ་རྣམས་ཀྱིས་བསྒྲུབ་པར་མཛད་
དོ༑ ༑འོན་ཀྱང་ཧུབ་གཅིག་ཙམ་འཐུང་བས་རྒྱུ་མཚོ་ཆེན་པོའི་ཆུ་ལྷག་མ་མེད་པར་ཡོངས་
སུ་རྫོགས་པར་ཁོང་དུ་མ་སོང་པ་ལྟར་ཆ་མེད་གཉིས་སོགས་མཐའ་དག་པའི་ཤེས་བྱ་
ཐམས་ཅད་ཀྱི་རང་བཞིན་ཀུན་སྟོང་པར་རྟོགས་པ་མེད་པའི་ཕྱིར་ན་ཆོས་ཀྱི་བདག་མེད་
པ་ཡོངས་སུ་རྫོགས་པར་མ་མཐོང་པར་འདོད་དོ། །བདེན་པ་གཉིས་བསྟན་པའི་མདོ་
ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དད་པས་སྤྱོད་པའི་ས་ལ་སྤྱོད་པ་མི་
དམིགས་པ་ལ་མོས་ཤིང་ཉོན་མོངས་པ་དང་བཅས་པ་བླའི་ཉན་ཐོས་དང་རང་སངས་རྒྱས་
དམིགས་པ་ཅན་ངེས་པར་གྱུར་པ་ཐོབ་པ། ཉོན་མོངས་མེད་པ་ནི་དེ་ལྟ་མ་ཡིན་ནོ། །
ཞེས་དང༌། འདི་ལྟ་སྟེ། དཔེར་ན་བརྒྱར་གཤགས་པའི་སྐྲའི་རྩེ་མོའི་ཐོག་མར་མར་
གྱི་ཐིགས་པ་བླངས་པ་ཚད་ཡོད་པ་བཞིན་དུ། ཉན་ཐོས་དང་རང་སངས་རྒྱས་དམིགས་
པ་ཅན་གྱི་འདུས་མ་བྱས་ཀྱི་ཡེ་ཤེས་ཆུང་ངོ༌། །དམིགས་པ་དང་བཅས་པའོ། །འོད་སྲུང་
འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་བཞི་མར་གྱིས་གང་བ་དེ་ཙམ་དུ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ད་མིགས་པ་མེད་པ་དད་པས་སྤྱོད་པའི་ས་ལ་མི་སྤྱོད་པའི་
ངེས་སྒྲོན་རྣམ་བཤད་འོ ད་ཟེར་དྲི་མེད།
ཚུལ་གྱིས་སྤྱོད་པའི་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ། བསོད་ནམས་དང་ཡེ་ཤེས་
ཀྱི་ཚོགས་ཐམས་ཅད་བསྡུས་པ་འདུས་བྱས་སུ་མི་ལྟ་བའི་ཚུལ་གྱིས་བལྟའོ། །དེ་ཡང་
དོན་དམ་པའི་མེ་འབར་བས་ཡོངས་སུ་སྨིན་པར་བྱས་པས་རྣམ་པ་ཐམས་ཅད་ཀྱི་མཆོག་
འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདུས་མ་བྱས་
ཐོབ་པའི་ཉན་ཐོས་དང་རང་སངས་རྒྱས་དམིགས་པ་ཅན་ཐམས་ཅད་མི་དམིགས་པའི་
ཚུལ་གྱིས་ཟིལ་གྱིས་གནོན་ཏོ། །ཞེས་སོགས་གསུངས་སོ། །གཉིས་པ་སྐྱོན་སྤོང་གི་ལན་
ལ༑ སྐྱོན་འགོད་པ་དང་། དེའི་ལན་བསྟན་པ་གཉིས་ལས། དང་པོ་ནི། གལ་ཏེ་སོགས།
གལ་ཏེ་ཆོས་གཅིག་བདེན་མེད་སྟོང་པར་མཐོང་ན་ཐམས་ཅད་ཀྱང་དེ་ལྟར་མཐོང་རིགས་
པ་སྟེ་དཔེར་ན་འདན་བུ་ཁོང་སྟོང་གི་དཔེ་བཞིན་དུ་ཡིན་ན་གང་ཟག་གི་བདག་སྟོང་པར་
མཐོང་ནས་གཞན་མི་མཐོང་བ་ཅི་ཞེ་ན། གཉིས་པ་ལན་ལ། རིགས་དམན་པས་མི་རྟོགས་
པ་དང་། རྐྱེན་མ་ཚང་བས་མི་རྟོགས་པ་དང་། དབང་པོ་རྟུལ་བས་མི་རྟོགས་པ་དང་། དུས་
ཐུང་བའི་ཁྱད་པར་གྱིས་མི་རྟོགས་པར་བསྒྲུབ་པ་དང་བཞི་ལས། དང་པོ་ལ། དངོས་དང་།
དེའི་འཐད་པ། ཆ་མེད་མ་རྟོགས་པའི་དཔེའི་བསྟན་པ་དང་། རེ་ཞིག་གྲུབ་མཐའ་འོག་མ་
རྣམས་ཐར་ལམ་ཙམ་དུ་སྐྱོན་མེད་ཡིན་པ། དེ་ལྟར་མིན་ན་གྲུབ་མཐའ་གོང་འོག་ཐམས་
ཅད་མི་འཐད་པར་ཐལ་བ་དང་བཞི་ལས། དང་པོ་ནི། དེ་གས་སོགས། དེ་ཡང་སྤྱིར་
ཉན་ཐོས་དེ་ལ་རིགས་ངེས་བཞི་བསྒྲོད་པ་དང་མ་ངེས་པ་རྒྱུད་ཡོངས་འགྱུར་གཉིས་སོགས་
ཡོད་པས་རིགས་མ་ངེས་པའི་དབང་རྣོན་དེ་གས་རྒྱལ་བའི་བཀའ་ལུང་དང་རང་གི་རིགས་
1ཁྲོ་ཤུལ་མཁན་པོ་འ ཇམ་རྡོར་གྱིས་མཛད།
པ་དང་བླ་མའི་མན་ངག་དག་གིས དཔྱད་ནས་དེ་ལྟར་མཐོང་བ་དོན་དུ་
གཉེར་བས་མཐོང་སྲིད་མོད་ཀྱི་དེར་མ་ཟད་མཐར་ཐུག་ཀུན་གྱིས་རྟོགས་དགོས་ཀྱང་
རེ་ཞིག་ཞི་བ་བསྒྲོད་པའི་ཉན་ཐོས་ཀྱི་རིགས་ཅན་རྣམས་རིགས་དེས་དབང་གིས་འཁོར་
ལ།
་ནད་
ཙར་
བདག་མེད་ཙམ་ཁོ་ན་ལ་ཞེན་པས་
མཐའ་ཕྱི་མ་གཞན་རྣམས་རྟོགས་པར་དཀའ་བ་ཅི་སྨོས་ཏེ། བེམ་ཤེས་ཕྲ་བའི་ཡོད་མཐའ་
ཡང་མ་ཆོད་དེ་རགས་པ་བསིལ་གཏོར་གྱི་རིགས་པས་བུམ་པ་རྫས་སུ་མེད་པར་བཏགས་
པར་འདོད་པ་རྣམས་ཀྱང་རྡུལ་ཕྲན་ཆ་མེད་རགས་པ་རྩོམ་པའི་གཞི་རྫས་སུ་ཡོད་པར་
འདོད་པ་བཞིན་ནོ། །
གཉིས་པ་ནི། གལ་ཏེ་སོགས། གལ་ཏེ་དེར་མ་ཟད་ཆ་མེད་ཀྱང་དཔྱད་ན་མེད་པར་རྟོགས་
རིག་སྟེ་གཅིག་གི་འགྲེས་གཞན་ལ་སྦྱར་བའི་རིགས་པས་ཐད་ཀར་བརྟགས་ན་བུམ་པ་
འི་བློ་དེས་རྡུལ་ལ་ཡང་དཔྱད་ན་མེད་པ་ཙམ་
དུ་རྟོགས་པར་རིགས་མོད། འོན་ཀྱང་ཁམས་དབང་མོས་པའི་ཁྱད་པར་གྱིས་རེ་ཞིག་ཆ་
མེད་གཉིས་པོ་བདེན་མེད་དུ་མ་རྟོགས་པས་ཡོད་མཐའ་རྫོགས་པར་མ་རྟོགས་པ་དེ་བཞིན་
དུ་མཐའ་གཞན་རྟོགས་དཀའ་འོ། །གསུམ་པ་ནི། རགས་པའི་གཞི་སོགས། འོ་ན་སྟོང་
ཉིད་རྫོགས་པར་མ་རྟོགས་པས་ཐེག་དམན་པ་ལ་ཐར་པ་ཡོད་དམ་སྙམ་ན། བརྟགས་
ཅིང་དཔྱད་ན་རགས་པ་རྩོམ་པའི་གཞི་ཡིན་པ་དང་ཆུ་མེད་པའི་རྡུལ་དུ་བདེན་པར་འདོད་
པ་གཉིས་པོ་འགལ་བ་ལྟར་སྣང་ཡང་ཞི་བདེ་དོན་དུ་གཉེར་བའི་རིགས་ཅན་དེ་དག་
ལ་གནས་སྐབས་ཀྱི་འབྲས་བུ་ཐོབ་ཀྱི་བར་རེ་ཞིག་ཐེག་ཆེན་གྱི་ལུང་རིགས་མན་ངག་
གིས་དབེན་པའི་ཕྱིར་སྲིད་པ་ལས་གྲོལ་བ་ཐར་བའི་ལམ་དུ་མི་འགལ་བའི་གྲུབ་མཐར་
བསྒྲུབ་སྟེ། དེ་ཙམ་གྱིས་ཀྱང་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་གཞོམ་ནུས་པའི་ཕྱིར། གང་
ཟག་གི་བདག་འདོད་པའི་གྲུབ་མཐའ་ཕྱིན་ཅི་ལོག་པ་ལྟར་མ་ཡིན་ནོ། །
བཞི་པ་ནི། དེ་བཞིན་སོགས། ཡང་གལ་ཏེ་ཐེག་པ་དམན་པས་རིགས་པ་རང་བཞིན་མེད་
པར་རྟོགས་ན་དེས་ཕྲ་བ་ཆ་མེད་ཀྱང་རྟོགས་རིགས་ཏེ་གཅིག་གི་རིགས་པ་དེ་ཀུན་ལ་
སྦྱོར་ན་དེས་གྲུབ་པའི་ཕྱིར་ཞེ་ན། འོ་ན་དེ་བཞིན་དུ་སེམས་ཙམ་པ་དག་གིས་ཀྱང་གཟུང་
བ་ཕྱི་དོན་མེད་པར་རྟོགས་ན་རིགས་པ་དེ་སྦྱར་བས་འཛིན་པ་ཡང་བདེན་མེད་ཅི་ཡི་ཕྱིར་
མི་རྟོགས་ཏེ་ཁྱབ་པ་རིགས་འདྲ་བའི་ཕྱིར་དང་། རང་རྒྱུད་པས་ཀྱང་དོན་དམ་པར་བདེན་
གྲུབ་མེད་པར་རྟོགས་པའི་རིགས་པ་དེས་ཐ་སྙད་དུ་ཡང་རང་མཚན་གྱིས་གྲུབ་པ་མེད་
པར་ཅེས་མི་རྟོགས། ཁྱོད་ཀྱི་ཞེ་འདོད་ལྟར་ན་དེ་ལྟར་རྟོགས་དགོས་པ་དེས་ན། གྲུབ་
མཐའ་ཐམས་ཅད་ཀྱང་ཐུལ་འགྱུར་པ་འབའ་ཞིག་ཉིད་དུ་ཁྱོད་ལ་ཐུལ་བར་འགྱུར་རོ། །
དེ་ལྟ་ན་ཉན་རང་དེ་དག་གི་རང་གིས་ཐེག་པ་ཆེན་པོའི་དགོངས་པ་ཉམས་འོག་ཏུ་ཚུད་ན་
དེ་དག་ཐེག་ཆེན་ལ་སངས་རྒྱས་ཀྱི་བཀའ་མིན་པར་སྨྲ་བ་སོགས་སྐུར་ཞིང་སྨོད་
པའང་ག་ལ་སྲིད་དེ་མི་སྲིད་དོ། །དེར་མ་ཟད། མཐོང་བའི་ལམ་དུ་གང་གྱུར་པ། །སྒྱུ་
མ་ལྟ་བུར་ཤིན་ཏུ་གསོག །ཅེས་པ་སོགས་ཀྱང་ཅི་ལྟར་འགྱུར་བ་སོམས་ཤིག གཉིས་
པ་རྐྱེན་མ་ཚང་པས་མི་རྟོགས་པ་ནི། དེས་ན་གཅིག་གི་སོགས། རྒྱུ་མཚན་དེས་ན་ཡུལ་
གྱི་གནས་ཚུལ་དང་། ཡུལ་ཅན་བློ་ཡི་འཇུག་ཚུལ་གཉིས་ལས་ཡུལ་གྱི་དབང་དུ་ཆོས་ཅན་
གཅིག་གི་རང་བཞིན་གང་ཡིན་པ་དེ་ཉིད་ཆོས་ཅན་ཐམས་ཅད་ཀུན་ལ་མཉམ་པ་ཉིད་
ཁྲོ་ཤུལ་མཁན་པོ་འ ཇམ་རྡོར་གྱིས་མཛད།
ཡིན་ན་ཡང་། ཇི་ལྟར་ཡིན་པ་དེ་བཞིན་དུ་རྟོགས་པའི་ཕྱི་ནང་གི་རྒྱུ་རྐྱེན་ཚོགས་པ་ན་
ཡུལ་ཅན་བློ་ཡང་དེ་དང་མཐུན་པར་འཇུག་སྟེ། རྣམ་འགྲེལ་ལས། མ་ཚང་མེད་རྒྱུ་དེ་
ལ་ནི། །འབྲས་བུ་གང་གིས་ལྡོག་པར་འགྱུར། །ཞེས་གསུངས་པའི་ཕྱིར་དང་། གལ་ཏེ་
དེ་བཞིན་དུ་ཕྱིའི་ཡོངས་འཛིན་དང་། ནང་གི་ཐབས་མཁས་ཀྱི་རྐྱེན་གྱི་ཚོགས་པ་མ་ཚངས་
བ་དེ་སྲིད་དུ་རྟོགས་པ་བུལ་བ་སྟེ་ཡུན་རིང་དུ་མི་རྟོགས་པའི་ཕྱིར། དེ་ལྟར་ཡང་མངོན་
རྟོགས་རྒྱན་ལས། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །
ཞེས་གསུངས་སོ། །གསུམ་པ་དབང་པོའི་ཁྱད་པར་ལ། དབང་པོའི་ཁྱད་པར་བཞིན་
རྟོགས་མ་རྟོགས་གཉིས་ཀ་འབྱུང་ཚུལ། རྟུལ་པོས་ཀྱང་ནམ་ཞིག་རྟོགས་དགོས་པར་བཤད་
པ་གཉིས་ལས། དང་པོ་ནི། སྤྱིར་ན་སོགས། དེ་ཡང་སྤྱིར་བཏང་གི་དབང་དུ་ན་ཡུལ་གྱི་
གནས་ལུགས་དེ་ལ་ཡུལ་ཅན་བློ་ཡི་འཇུག་པ་དེ། ཕྱི་ནང་གི་རྐྱེན་ཚང་མ་ཚང་གིས་མྱུར་
བུལ་དེ་ལྟར་ཡིན་ཡང་བྱེ་བྲག་ཏུ་ཡུལ་ཅན་དབང་པོ་ལ་ཡང་རྣོ་རྟུལ་གཉིས་ལས། དབང་
རྣོན་ཆོས་ཀྱི་རྗེས་འབྲང་གིས་རང་སྟོབས་ཀྱིས་མྱུར་དུ་རྟོགས་པ་ཐོབ་པ་ཡོད་ཀྱི། དབང་
པོ་རྟུལ་བོ་ཡིས་ནི་རང་གི་སྟོབས་ཀྱིས་དེ་མ་ཐག་ཏུ་ཡང་ངེས་པར་རྟོགས་པའི་ཁྱབ་པ་
མེད་དེ་དབང་པོའི་རྐྱེན་མ་ཚངས་པ་གང་ཞིག་གཞན་རྐྱེན་ལ་ལྟོས་དགོས་པའི་ཕྱིར་རོ། །
གཉིས་པ་ནི། ནམ་ཞིག་སོགས། དེ་ཡང་ཉན་ཐོས་ཞི་བར་བསྒྲོད་པས་ཀྱང་དུས་ནམ་ཞིག་
གི་ཚེ་ན་རིགས་ཀྱི་སྒྲིབ་པ་སྲབ་ཅིང་སངས་རྒྱས་ཀྱིས་བསྐུལ་བའི་རྐྱེན་གང་དང་ཅེས་
ཀྱང་གནས་ལུགས་སྟོང་པ་ཉིད་རྟོགས་པར་ངེས་ཏེ། དེས་རྒྱུ་མཚན་ཉན་རང་དགྲ་བཅོམ་
པས་ཁྲག་དང་མཆིལ་མའི་རྒྱ་མཚོ་ནི་སྐམ། ཤ་དང་རུས་པའི་ཕུང་པོ་ནི་འགྱེལ་ཏེ་ལྷག་
མ་མེད་པར་མྱ་ངན་ལས་འདས་དེ་བསྐལ་པ་སྟོང་ཕྲག་བཅུ་ཡི་བར་འགོག་པའི་དབྱིངས་
ལ་སྙོམ་པར་འཇུག་པ་ལས་མཐར་དགྲ་བཅོམ་པ་དེ་བཞེངས་པའམ་ལྡང་སྟེ་གཟོད་ཐེག་
ཆེན་དུ་འཇུག་དགོས་པར་གསུངས་ཏེ། ཇི་སྐད་དུ། འདི་ལྟར་མྱ་ངན་འདས་པ་གང་བརྗོད་
པ༑ ༑འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང་། །ཁྱེད་ནི་ད་དུང་མྱ་ངན་ཡོངས་
མ་འདས། །སངས་རྒྱས་ཐེག་པ་འདི་ནི་བཙལ་བར་གྱིས། །ཞེས་གསུངས་སོ། །བཞི་པ་
དུས་ཀྱི་ཁྱད་པར་ལ། རྐྱེན་དེ་དག་མ་ཚང་བས་དུས་རིམ་ཅན་དུ་རྟོགས་དགོས་པ། །ཚང་
ན་རྟོགས་པ་ཡོད་པ་གཉིས་ལས། དང་པོ་ལ། བྱང་སེམས་དུས་རིང་བའི་རྒྱུ་མཚན་གྱིས་
ཉན་རང་གིས་དུས་ཐུང་ངུས་རྟོགས་མི་སྲིད་པ་དང་། བྱང་སེམས་ཀྱི་རྟོགས་པ་རིམ་བཞིན་
འཕེལ་བས་ཉན་རང་གིས་ཅིག་ཆར་མི་རྟོགས་པ་གཉིས་ལས། དང་པོ་ནི། ཚུལ་བཞིན་
སོགས། གཞན་ཡང་ཐེག་ཆེན་གྱི་རིགས་ཅན་དབང་པོ་རྣོན་པོས་གདུལ་བྱ་དེས་ཕྱི་ནང་
གི་རྐྱེན་གྱི་ཚོགས་པ་ཚང་བས་ཚུལ་ཇི་ལྟ་བ་བཞིན་དུ་ཐེག་པ་ཆེན་པོའི་ལམ་ཚོགས་གཉིས་
ཟུང་འབྲེལ་དུ་ཞུགས་པས་ཀྱང༌། དུས་ཀྱི་ཁྱད་པར་གྲངས་མེད་པའི་བསྐལ་པ་གཅིག་
གི་བར་དུ་བདག་མེད་གཉིས་རྟོགས་མཉམ་པ་ཉིད་དོན་མངོན་སུམ་དུ་རྟོགས་པ་ལ་འབད་
པ་དང་བཅས་པས་གོམས་དགོས་ན། རིགས་དམན་པའི་དབང་རྟུལ་ཉན་ཐོས་ཀྱིས་རང་
དོན་ཞི་བདེ་དོན་དུ་གཉེར་བས་རང་ལམ་ལ་ཞུགས་པ་དེས། དུས་ཀྱི་ཁྱད་པར་བསྐལ་
པ་སྟོང་ཕྲག་གྲངས་མེད་པ་གཅིག་ཅེས་བྱང་སེམས་ཀྱིས་གོམ་ཡུན་དེ་ཙམ་ལ་བདག་མེད་
པ་མཐུའ་དག་སྟེ་གཉིས་ཀ་ཡོངས་སུ་རྫོགས་པར་མ་རྟོགས་པའི་གནས་སྐབས་དེ་མི་
སྲིད་པར་ཅི་ལ་འགྱུར་ཏེ་འགྱུར་མི་རིགས་ཏེ། འདི་ལྟར་ཉན་ཐོས་ཀྱི་རིགས་ཅན་ཉན་
ནག ཁྲོ་ཤུལ་མཁན་པོ་འཇམ་རྡོར་གྱིས་མཛད། །
ཐོས་ཀྱི་ལམ་ཚོགས་སྦྱོར་དུ་ཞུགས་ནས་དམན་པའི་ཐེག་པ་ནས་བསྟན་པའི་ཐབས་དང་
བྲལ་བའི་གང་ཟག་གི་བདག་མེད་ཙམ་གོམས་པ་དེས་བསྐལ་པ་གྲངས་མེད་གཅིག་གི་
ཡུན་དུ་གོམས་པའི་འབོད་པ་མི་དགོས་པར་གློ་བུར་དུ་ཐེག་ཆེན་མཐོང་ལམ་གྱི་རྟོགས་
པ་དེ་རྒྱུ་མེད་དུ་འབྱུང་བར་ག་ལ་འགྱུར། མི་འགྱུར་ན་ཐེག་པ་ཆེ་ཆུང་གི་མཐོང་ལམ་གཅིག་
པ་བུད་ལ། འགྱུར་ན་ཉན་ཐོས་བསྐལ་པ་གྲངས་མེད་གཅིག་གི་ཡུན་དུ་བདག་མེད་མ་
རྟོགས་པའི་གནས་སྐབས་མི་སྲིད་པ་དང་བྱང་སེམས་ལ་སྲིད་པའི་རྒྱུ་མཚན་གྱི་རིགས་
གཉིས་པ་ནི། ས་ཐོབ་རྣམས་སོགས། དེར་མ་ཟད་ཐེག་ཆེན་གྱི་མཐོང་ལམ་མངོན་དུ་
མཛད་པའི་ས་ཐོབ་པ་རྣམས་ལ་ཡང་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་དོན་ཅན་དུ་རྟོགས་
པ་ངེས་ནས་སར་འཕར་བ་ན་རིམ་གྱིས་རྗེ་བས་ཇེ་གསལ་དུ་ཚེས་ཀྱི་ཟླ་བ་བཞིན་དུ་རྫོགས་
དགོས་པ་མིན་ནམ། དེ་ཡིན་ན་ཐེག་ཆེན་ཚོགས་སྦྱོར་དུ་ཡང་རྟོགས་པ་རིམ་གྱིས་གོང་
འཕེལ་དུ་འགྱུར་བ་སྨོས་ཅི་དགོས་སྟེ། ཆོས་དབྱིངས་བསྟོད་པར། ཇི་ལྟར་མར་ངོས་བཅུ་
བཞི་ན། །ཟླ་བ་ཅུང་ཟད་གསལ་བ་ལྟར། །དེ་བཞིན་ཐེག་མཆོག་མོས་རྣམས་ལ། །ཆོས་
ཀྱི་སྐུ་ཡང་ཅུང་ཟད་སྣང་། །ཇི་ལྟར་ཚེས་པའི་ཟླ་བ་ལ། །སྐད་ཅིག་སྐད་ཅིག་འཕེལ་བར་
མཐོང་། །དེ་བཞིན་ས་ལ་ཞུགས་རྣམས་ཀྱིས། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང་། །
ཇི་ལྟར་ཡར་ངོའི་བཅོ་ལྔ་ན། །ཟླ་བའི་དཀྱིལ་འཁོར་རྫོགས་པར་གསལ། །དེ་བཞིན་ས་ཡི་
མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་པར་གསལ། །ཞེས་གསུངས་པས། དེ་ལྟར་ཡིན་ན་
ཉན་ཐོས་ཀྱིས་རང་ལམ་ལ་གོམ་པར་བྱས་པས་ཐེག་པ་ཆེན་པོའི་རྟོགས་པ་ཁྱད་པར་ཅན་
ཅིག་ཆར་དུ་རྒྱུད་ལ་སྐྱེ་བར་ག་ལ་འགྱུར། འགྱུར་ན་དབང་པོ་རྟུལ་པོ་ཅིག་ཆར་པའི་རིགས་
དང༌། རྣོན་པོ་རིམ་གྱིས་པའི་རིགས་སུ་འགྱུར་རོ། །
གཉིས་པ་རྐྱེན་ཚང་ན་རྟོགས་པ་ཡོད་པ་ནི། ཚོགས་བསགས་གྲོགས་སོགས། །དེས་
ན་འབྲས་བུ་བདག་མེད་གཉིས་ཀ་རྫོགས་པར་རྟོགས་པ་ལ་དེས་རྒྱུ་རྐྱེན་ཚང་དགོས།
དེ་ཇི་ལྟར་ན་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པའི་གྲོགས་དང༌། སྟོང་པ་
ཉིད་གཏན་ལ་འབེབས་པའི་རིགས་པ་རྒྱུ་འབྲས་ངོ་བོ་ཉིད་གསུམ་ལ་དཔྱོད་པའི་སྒོ་མཐུའ་
ཡས་པའི་ཚུལ་དང༌། དོན་གཉིས་ལྡན་པའི་བྱང་ཆུབ་ཀྱི་སེམས་དང༌། སེམས་དེ་ཉིད་
ཀྱིས་ཟིན་པའི་སྤྱོད་པ་ཕར་ཕྱིན་དྲུག་དང༌། ཡོངས་སུ་བསྔོ་བ་དམ་པ་སྟེ་རྒྱུ་རྐྱེན་དེ་དག་
ཚང་ཞིང་སྐྱོན་མེད་ན། རྒྱུ་ཚོགས་ཚང་ན་འབྲས་བུ་འབྱུང་བ་ལ་ཐེ་ཚོམ་མི་དགོས་པར་
ངེས་པར་བདག་མེད་གཉིས་ཀ་རྫོགས་པར་རྟོགས་པར་འགྱུར་ཏེ། དཔེར་ན་རྡོ་རྗེ་ཐེག་
པའི་གདུལ་བྱ་དང༌། དེའི་ལམ་སྟོན་པའི་བཤེས་གཉེན་དང་། དེའི་ཉམས་སུ་བླང་བྱའི་
བསྐྱེད་རྫོགས་སོགས་ཐབས་ལ་མཁས་པའི་རྐྱེན་ཐམས་ཅད་ཚང་པའི་སྔགས་པ་དེ་ཉིད་
ཀྱིས་མྱུར་དུ་རྟོགས་པ་ཡོད་པ་བཞིན་ནོ། །
གསུམ་པ་དོགས་པ་སྤང་བ་ལ། རིན་ཆེན་ཕྲེང་བའི་ལུང་གི་དགོངས་པ་རང་ལུགས་དང་
མཐུན་ཚུལ་བཤད་པ། འདིའི་དོན་གཞན་གྱིས་ཞེ་འདོད་ལྟར་མིན་པར་ཟླ་གྲགས་ཀྱི་
དགོངས་འགྲེལ་ལྟར་བཤད་པ། དེའི་དོན་རིགས་པས་བསྒྲུབ་པ་དང་གསུམ་ལས། དང་
པོ་ལ། ལུང་དོན་འགོད་པ་དང་དེའི་དགོངས་པ་བཤད་པ་གཉིས་ལས། དང་པོ་ནི། རྟག་
བདག་སོགས། འོ་ན་ཁྱེད་ཅག་གི་ལུགས་ལ་ཉན་རང་ལ་ཆ་མེད་གཉིས་སོགས་ཆོས་ཐམས་
ཁྲོ་ཤུལ་མཁན་པོ་འ ཇམ་རྡོར་གྱིས་མཛད།
ཅད་ལ་བདག་མེད་རྟོགས་པ་མེད་ན། མགོན་པོ་ཀླུ་སྒྲུབ་ཀྱིས། ཇི་སྲིད་ཕུང་པོར་འཛིན་
ཡོད་པ་སོགས་ཀྱི་དོན་ཇི་ལྟར་དྲང་ཞེ་ན། དེའི་དོན་ནི་འདི་ལྟར་སྤང་བྱ་ཀུན་བཏགས་
དང་ལྷན་སྐྱེས་གཉིས་ལས་དང་པོའི་ཞེན་ཡུལ་དུ་གྱུར་པའི་རྟག་བདག་སྤངས་ཀྱང་གཉིས་
པ་ལྷན་སྐྱེས་ཀྱི་ངར་འཛིན་དེས་ཞེན་ཡུལ། གདགས་གཞི་ཕུང་པོ་ལྔ་པོར་བརྟེན་ནས་
བཏགས་པའི་བདག་དེ་ཇི་སྲིད་མ་ཁེག་པར། དེ་ལ་ངའོ་སྙམ་དུ་འཇུག་པ་དེ་ཕྱིར་ཕུང་
པོ་ལྔ་རིལ་བོར་འཛིན་པ་ཡོད་པ་དེ་སྲིད་དུ་ངར་འཛིན་ཡོད་ཅིང་དེ་ལས། ལས་ཉོན་གྱིས་
འཁོར་བར་སྐྱེ་བ་ཡོད་པར་རིན་ཆེན་ཕྲེང་བར་གསུངས་སོ། །
གཉིས་པ་ནི། གདགས་གཞི་སོགས། དེ་ལྟར་གསུངས་བའི་དོན་ནི་ངར་འཛིན་ལྷན་སྐྱེས་
དེས་ཞེན་ཡུལ་སྟོང་པ་ཉིད་དུ་མ་རྟོགས་པ་ཇི་སྲིད་དུ་རྟག་བདག་མེད་པར་ཤེས་པས་འཁོར་
བ་སྤང་མི་ནུས་ཏེ། གདགས་གཞི་ཕུང་པོ་ལྔ་ཡུལ་དུ་ཡོད་ཅིང་ཡུལ་ཅན་དེར་འཛིན་གྱི་
སེམས་པ་ཕྲ་རྒྱས་ཡོད་པ་དེ་སྲིད་དུ་བདག་ཏུ་གདགས་པའི་རྒྱུ་ཚང་ཞིང་གེགས་མེད་པས་
ན་འབྲས་བུ་བདག་འཛིན་མི་ལྡོག་ཅེས་རྒྱུ་ཚོགས་གྲངས་ཚང་གི་རྗེས་སུ་འགྲོ་བར་གསུངས་
སྟེ༑ མཛོད་ལས། ཕྲ་རྒྱས་སྤང་བ་མ་ཡིན་དང་། །ཡུལ་ནི་ཉེ་བར་གནས་པ་དང་། །ཚུལ་
བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྣམ་ནི་སྐྱེ་བར་འགྱུར། །ཞེས་སོ། །གཉིས་
པ་ནི། གང་ཕྱིར་སོགས། དེ་ལྟར་ཡིན་པ་རྒྱུ་མཚན་གང་གི་ཕྱིར་ན་ཕྱི་རོལ་བས་བརྟགས་
པའི་རྟག་བདག་སྤང་ཀྱང་ནི་གདགས་གཞི་ཕུང་པོ་ལྔ་པོར་བརྟེན་ནས་བཏགས་པའི་
བདག་ལྷན་སྐྱེས་ངར་འཛིན་གྱི་ཞེན་ཡུལ་དེ་མ་བཀག་པའི་ཕྱིར་ན། ཏིང་ངེ་འཛིན་སོགས་
གོམས་པས་ཉོན་མོངས་མངོན་གྱུར་མགོ་ནོན་རེ་འབྱུང་ཡང་ས་བོན་མ་སྤང་བའི་ཕྱིར་སླར་
ངར་འཛིན་སྐྱེ་བ་ལ་རྒྱུ་ཚང་ཞིང་བདག་མེད་རྟོགས་པ་སོགས་གེགས་མེད་པ་ཉིད་ལུང་
འདིའི་དོན་ཡིན་པ་དེའི་ཕྱིར། འགའ་ཞིག་གིས་ཉོན་མོངས་སྤོང་བ་ལ་ཕུང་སོགས་ཆོས་
ཐམས་ཅད་སྟོང་བར་རྟོགས་དགོས་སོ་ཞེས་འཆད་པ་ནི་རིན་ཆེས་ཕྲེང་བའི་ལུང་དོན་
མིན་ཏེ། དེའི་རྒྱུ་མཚན་ལུང་འདིའི་གོང་དུ་བཤད་པ་འདི་བཞིན་དུ་དཔལ་ལྡན་ཟླ་བའི་
ཞབས་ཀྱིས་བཀྲལ་བའི་ཕྱིར་རོ། །འོ་ན་སོགས་ཆོས་ཐམས་ཅད་སྟོང་པར་རྟོགས་དགོས་
པ་རིན་ཆེན་ཕྲེང་བའི་ལུང་འདིའི་དོན་མིན་ན་ཟླ་བའི་ཞབས་ཀྱིས་འཇུག་པའི་རིང་སོང་
སྐབས་མདོ་སྡེ་ས་བཅུ་པའི་ལུང་གིས་བྱང་སེམས་ས་དང་པོ་བས་ཉན་རང་བློས་ཟིལ་གྱིས་
མི་ནོན་པར་བཤད་པ་དེ་ཉན་རང་ལ་ཕུང་སོགས་ཆོས་ཐམས་ཅད་སྟོང་ཉིད་དུ་རྟོགས་
པ་ཡོད་པའི་ཤེས་བྱེད་དུ་གསུངས་ཤིང་། དེས་སྒྲུབ་བྱེད་དུ་ལུང་འདི་སོགས་བཀོད་པ་
མིན་ནམ་ཞེ་ན། དེའི་དོན་ནི་ཁྱོད་ཀྱི་འདོད་པ་ལྟར་མ་ཡིན་ཏེ། ཇི་ལྟར་ན་འཕགས་པ་
དེ་དག་སེམས་སེམས་བྱུང་གི་རྒྱུ་བ་འགོག་པའི་དབྱིངས་ལ་དམིགས་པའི་འདུ་བྱེད་དང་
བཅས་པའི་སྒོ་ནས་འཇུག་པ་ལ་ས་དྲུག་པ་མན་གྱི་བྱང་སེམས་དང་ཉན་རང་འདྲ་བའི་ཕྱིར་
ཐེག་དམན་པ་དེ་དག་ཏིང་ངེ་འཛིན་གྱིས་མི་ནོན་པར་གསུངས་ཤིང་། རིང་དུ་སོང་བར་
འགོག་པ་ཡང་དག་པའི་མཐའ་ལ་སྙོམ་པར་འཇུག་པའི་ཚུལ་གྱི་བློས་ཀྱང་སྔར་གྱི་སྙོམ་
འཇུག་དེ་ལྷག་པ་ཡིན་ཏེ། འཇུག་འགྲེལ་ལས། འགོག་པ་ལ་སྙོམ་པར་འཇུག་པ་ནི་ཡང་
དག་པའི་མཐའ་ལ་སྙོམ་པར་འཇུག་པ་ཡིན་པས་ཞེས་གསུངས་པའི་ཕྱིར། གལ་ཏེ་དེ་
ལྟར་མིན་པར། རྒྱུན་དང་ཚོགས་པའི་དངོས་པོ་རང་བཞིན་མེད་པར་ཤེས་པ་དང་བྲལ་
ན་བདག་མེད་པ་རྟོགས་པའི་ཐབས་མེད་པས་དཔེར་ན་འཇིག་རྟེན་པའི་ཆགས་བྲལ་ལྟར་
ཁྲོ་ཤུལ་མཁན་པོ་འཇམ་རྡོར་གྱིས་མཛད།
འགོག་པ་ལ་སྙོམས་པར་འཇུག་ཀྱང་མི་ནུས་པས་བྱང་སེམས་དང་པོ་བའི་སྙོམ་འཇུག་
གིས་ཟིལ་གྱིས་ནོན་རིགས་པར་ཐལ་བ་དང་། དེར་མ་ཟད་དེ་འདྲའི་རྟོགས་པ་དང་བྲལ་
ཕན་ཆད་རྟག་བདག་མེད་པར་ཤེས་ཀྱང་དེ་ཙམ་གྱིས་ཕྲ་རྒྱས་སྤོང་བར་མི་འགྱུར་ཏེ།
གཟུགས་ལ་སོགས་པའི་རང་གི་ངོ་བོར་བདེན་པར་དམིགས་པ་ཕྱིན་ཅི་ལོག་དང་ལྡན་
པའི་ཕྱིར་ཏེ། དེ་དང་མཐུན་པར་འོག་ཏུ་ཡང་། རྟག་བདག་སྤོང་ན་དེ་ཚེ་དེ་ཡི་ཕྱིར། །
ཁྱོདཀྱི་སེམས་སམ་ཕུང་པོ་བདག་མི་འགྱུར། །ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་
བ་ཡི། །གཟུགས་སོགས་དེ་ཉིད་རྟོགས་པར་མི་འགྱུར་གྱི། །གཟུགས་ལ་དམིགས་ནས་
འཇུག་ཕྱིར་འདོད་ཆགས་སོགས། སྐྱེ་འགྱུར་དེ་ཡི་ངོ་བོ་རྟོགས་མེད་ཕྱིར། །ཞེས་གསུང་
པ་དང་། དེ་བཞིན་དུ་བདག་འཛིན་ཀྱང་མི་སྤོང་ཏེ། བདག་ཏུ་གདགས་པའི་རྒྱུ་ཕུང་པོ་
ལ་དམིགས་པའི་ཕྱིར། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང་། །འདི་ནི་ངར་
འཛིན་རྟེན་དུའང་མི་འདོད་ལ། །དེ་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ། །དཔྱིས་
ཀྱང་འབྱིན་ཞེས་སྨྲ་བ་ངོ་མཚར་ཆེ། །ཞེས་གསུངས་ཤིང་། སྔ་ཕྱི་གཉིས་ཀའི་དཔེ་ཕྱི་རོལ་བ་
བཞིན་ནོ། །
ཕྲེང་བའི་ལུང་སོགས་ཀྱིས་བསྒྲུབ་པ་གོ་དགོས་ཀྱི། གལ་ཏེ་དེ་ལྟར་མིན་པར་དངོས་པོ་
རང་བཞིན་མེད་པར་ཤེས་པ་དང་བྲལ་བ་ཞེས་པ་ཐེག་ཆེན་ན་བཤད་པའི་སྟོང་པ་ཉིད་
རྟོགས་པ་དང་བྲལ་བའི་དོན་ཡིན་ཅིང་། དེས་ཕྱིར་ཟིལ་གྱིས་ནོན་རིགས་པར་ཐལ་བ་
འཕང་བ་ཡིན་ན། ཉན་ཐོས་པའི་ངོར་ཐེག་ཆེན་པའི་སྟོང་ཉིད་དང་བྲལ་ཡང་ཟིལ་གྱིས་
ངེས་སྒྲོན་རྣམ་བཤད་འོ ད་ཟེར་དྲི་མེད།
གནོན་རིགས་པའི་ཁྱབ་པ་མི་འགྲུབ་སྟེ། དེའི་ཚུལ་སྤྱོད་འཇུག་ལས། བདེན་པ་མཐོང་
བས་གྲོལ་འགྱུར་གྱི། །སྟོང་ཉིད་མཐོང་བས་ཅི་ཞིག་བྱ། །ཞེས་གསུངས་པའི་ཕྱིར། དེ་
བཞིན་དུ་ཐེག་ཆེན་གྱི་སྟོང་ཉིད་དང་བྲལ་བ་ཡིན་ན། འཇིག་རྟེན་པའི་ཆགས་བྲལ་ཡིན་
པས་མ་ཁྱབ་སྟེ། འཇིག་རྟེན་ལས་འདས་པའི་ཐེག་དམན་པའི་ཆགས་བྲལ་ཀྱང་ཡོད་
པའི་ཕྱིར། དེས་ན་དེ་དཔེར་བཀོད་པ་དོན་མེད་དོ། །ཡང་། དེ་བཞིན་དུ་རིགས་པ་ཕྱི་
མ་གཉིས་ཀྱང་ཐེག་ཆེན་གྱི་སྟོང་ཉིད་མ་རྟོགས་བར་དུ་གཟུགས་ལ་སོགས་པའི་དངོས་
པོ་དང་། ཕུང་པོར་དམིགས་པ་ཕྱིན་ཅི་ལོག་ཡོད་པའི་ཕྱིར། ཕྲ་རྒྱས་མི་སྤོང་བ་དང་། བདག་
འཛིན་མི་སྤོང་པར་འགྱུར་རོ་ཞེས་འཕང་པ་ཡིན་ན། གཟུགས་ལ་སོགས་པའི་དངོས་པོ་
དང་ཕུང་པོ་ལྔ་རིལ་པོ་དང་གཅིག་པུས་བདག་ཉིད་དུ་དམིགས་པ་ཕྱིན་ཅི་ལོག་ཡོད་པར་
ཕྱོགས་སྔ་མས་ཁས་མི་ལེན་པས་རྟགས་མི་འགྲུབ་ཅིང་། ཆ་མེད་གཉིས་སུ་འཛིན་པ་མ
དོར་ཀྱང་དེ་ཙམ་གྱིས་ཕྲ་རྒྱས་དང་བདག་འཛིན་མི་སྤོང་བའི་ཁྱབ་པ་ཚད་མ་དང་ཁས་
བླང་གང་གིས་ཀྱང་མི་འགྲུབ་སྟེ། རྒྱུན་དང་རགས་པ་རང་བཞིན་མེད་པར་ཤེས་པས་
གང་ཟག་གི་བདག་མེད་རྟོགས་པ་ཡོད་པ་གང་ཞིག་འཛིན་སྟངས་འགལ་བའི་གཉེན་པོ་
བསྒྲུབ་ཏུ་ཡོད་པའི་ཕྱིར། དཔེ་ཕྱི་རོལ་བ་བཀོད་པ་ལ་ཁྱབ་པ་བསྒྲུབ་མི་ནུས་པ་གོང་དུ་
བཤད་པ་བཞིན་ནོ། །གསུམ་པ་དེའི་དོན་རིགས་པས་བསྒྲུབ་པ་ལ། གནས་སྐབས་དུ་
མར་ཤེས་པས་ངར་འཛིན་ལྡོག་ཚུལ། མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་དུ་ཡོད་པ། དེ་
གཞན་གྱིས་ལུགས་ལ་མི་འགྲུབ་པ། རང་གི་ལུགས་ལ་འཐད་པ་དང་བཅས་ཚུལ་བཞི་
ལས། དང་པོ་ནི། བཏགས་པའི་སོགས། དེས་ན་ངར་འཛིན་ལྷན་སྐྱེས་ཀྱིས་ཡུལ་དུ་གྱུར་
པའི་བདག་དེས་གདོགས་གཞི་ཕུང་པོ་ལྔ་དུ་མར་བསལ་ན། བརྟེན་ནས་བཏགས་པའི་
རྟེན་ཅིང་འབྲེལ་བའི་ང་ཙམ་དུ་ཤེས་པར་གྱུར་ན་ཀུན་བཏགས་མ་ཟད་ལྷན་སྐྱེས་ཀྱི་ངར་
འཛིན་ལྡོག་པ་ལ་དེས་ཆོག་སྟེ། དཔེར་ན་ཐག་པ་སྤྲུལ་དུ་འཁྲུལ་ཚེ་སྤྲུལ་འཛིན་དེ་ལྡོག་
པ་ལ་ཐུག་པ་མེད་པར་ཤེས་མི་དགོས་མོད་དེ་མ་ཤེས་ཀྱང་སྤྲུལ་འཛིན་དེ་ཐག་པའི་དངོས་
པོ་མངོན་སུམ་མཐོང་བས་ལྡོག་པ་བཞིན་ནོ། །
དེ་ལྟར་ཡང་མདོ་ལས། གཟུགས་ནི་དབུ་བ་རྡོས་འདྲར་སོགས་གསུངས་པའི་དོན་དུ་མར་ཤེས་
ཚུལ་བྱང་ཆུབ་སེམས་འགྲེལ་ལས་ཉན་ཐོས་རྣམས་ལ་ཕུང་པོ་ལྔ་དབུ་བ་སོགས་དང་། བྱང་སེམས་
རྣམས་ལ་གཟུགས་སོགས་དབུ་བ་སོགས་དང་འདྲ་བར་གསུངས་ཏེ། གཟུགས་དང་ཚོར་བ་འདུ་
ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་ཡི། །ཕུང་པོ་ལྔ་རྣམས་ཉན་ཐོས་ལ། །ཕན་པར་དགོངས་
པ་རྣམས་ཀྱིས་གསུངས། །གཟུགས་ནི་དབུ་བ་རྡོས་འདྲ་དང༌། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །
འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་ཆུ་ཤིང་དང་མཚུངས་ཤིང་། །རྣམ་ཤེས་སྒྱུ་མ་ལྟ་
བུ་ཞེས། །ཕུང་པོ་དེ་ལྟར་བསྟན་པ་ནི། །རྐང་གཉིས་མཆོག་གིས་དུས་ཀུན་ཏུ། །བྱང་
ཆུབ་སེམས་དཔའ་རྣམས་ལ་བཤད། །ཞེས་གསུངས་སོ། །གཉིས་པ་ནི། མཐར་ནི་ངེས་
སོགས། དེ་ཡང་གནས་སྐབས་འཁོར་བ་ལས་ཐར་བ་ཙམ་ལ་དེས་ཆོག་ཀྱང་མཐར་ནི་
ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པ་ལ་ངེས་པར་བདག་མེད་གཉིས་རྫོགས་པའི་ཆོས་
དབྱིངས་ཇི་བཞིན་པ་རྟོགས་དགོས་ཏེ། དེས་རྒྱུ་མཚན་ཤེས་བྱའི་ཆོས་ཀུན་གྱི་དེ་བཞིན་
ཉིད་གཅིག་ཡིན་ཅིང་མི་འདྲ་བ་མེད་ལ། དེ་ཉིད་མཐོང་བའི་ཡེ་ཤེས་ཀྱང་ཚུལ་གཅིག་
ལས་གཉིས་པ་མེད་པས་ན་གནས་སྐབས་ཐེག་པ་གསུམ་ཐ་དད་ན་ཡང་མཐར་ཐུག་
ངེས་སྒྲོན་རྣམ་བཤད་དང་འོད་ཟེར་དྲི་མེད།
ཐེག་པ་གཅིག་ཏུ་འགྲུབ་པ་ཡི་ལུང་དང་རིགས་པ་ཀླུ་སྒྲུབ་ཡབ་སྲས་སྨྲ་སྟེ། ཀླུ་སྒྲུབ་ཀྱིས།
ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོ་ཐེག་དབྱེར་མ་མཆིས་པ། །ཐེག་པ་གསུམ་
དུ་བསྟན་པ་ནི། །སེམས་ཅན་རྣམས་ནི་གཞུག་ཕྱིར་རོ། །ཞེས་དང་། ཟླ་བས། གང་ཕྱིར་
འདི་ན་དེ་ཉིད་ཤེས་ལས་དྲི་མ་མཐའ་དག་སེལ་བ་ནི། །ལྷུར་བྱེད་གཞན་མེད་ཆོས་རྣམས་
དེ་ཉིད་རྣམ་འགྱུར་དབྱེ་ལའང་བརྟེན་མིན་ཞིང༌། །དེ་ཉིད་ཡུལ་ཅན་བློ་གྲོས་འདི་ཡང་
ཐ་དད་གྱུར་པ་མ་ཡིན་པ། །དེ་ཡི་ཕྱིར་ན་ཁྱོད་ཀྱིས་འགྲོ་ལ་ཐེག་པ་མི་མཉམ་དབྱེར་མེད་
བསྟན། །ཞེས་གསུངས་སོ། །གསུམ་པ་ནི། གལ་ཏེ་ཁྱོད་སོགས། དེས་ན་མཐར་ཐུག་
ཐེག་གཅིག་ཏུ་འགྲུབ་པ་ལ་གལ་ཏེ་ཁྱོད་ཀྱི་ལུགས་ལྟར་ན་ཉན་ཐོས་དང་ཐེག་ཆེན་མཐོང་
ལམ་ཚུལ་གཅིག་པ་དེ་ལྟ་ན། དེ་ཁོ་ན་ཉིད་ཀྱི་གནས་ལུགས་ཉན་རང་གིས་མཐོང་ཟིན་
ཀྱང་ཐེག་ཆེན་གྱི་འབྲས་བུ་དེ་ལས་གཞན་པའི་དགྲ་བཅོམ་ཐོབ་པས་ན། དེ་ཁོ་ན་ཉིད་
གཅིག་ཡིན་པའི་རིགས་པ་དེ་ཡིས་མཐར་ཐུག་ཐེག་པ་གཅིག་ཏུ་ཅི་ཞིག་འགྲུབ་སྟེ་དམ་
བཅུའ་ཙམ་ལས་བསྒྲུབ་བྱེད་མེད་དེ། རྟོགས་བྱ་གཅིག་ཡིན་པ་ལ་འབྲས་བུ་དམན་མཆོག་
ཏུ་ཐོབ་ཟིན་པའི་ཕྱིར་རོ། །བཞི་པ་ལ། བསྒྲོད་པ་གཅིག་པུའི་ལམ་དུ་འཕགས་ཀུན་མྱུར་
བུལ་དུ་མས་བསྒྲོད་པ། ཚུལ་དེ་ལ་བྱམས་ཀླུ་གཉིས་དགོངས་པ་འགལ་མེད་ཡིན་པ། དེ་
ལས་གཞན་དུ་འགལ་བར་འཛིན་ན་ལུང་རིགས་ཀྱི་མཚོན་ལ་ངོ་གནོང་ཆེ་བ་དང་གསུམ་
ལས། དང་པོ་ནི། འདིར་ནི་སོགས། སྔ་འགྱུར་བའི་འཆད་སྲོལ་འདིར་ནི་དབྱིངས་རིག་
ཟུང་དུ་འཇུག་པའི་རིག་པའི་ཡེ་ཤེས་གང་ཡིན་ན་གནས་ལུགས་མཐར་ཐུག་པའི་དོན་
གཟིགས་པ་རྣམ་པར་དག་པའི་ཡེ་ཤེས་ནི་ཆོས་ཉིད་དེ་ཁོ་ན་ཉིད་ཡིན་ཅིང་། ཆོས་ཉིད་
་
ཁྲོ་ཤུལ་མཁན་པོ་f འཇམ་རྡོར་གྱིས་མཛད།
དེ་བཞིན་ཉིད་གཅིག་པུ་ནི་རིག་པའི་ཡེ་ཤེས་དེ་ཡིན་ཏེ་དེ་འདྲའི་གནས་ལུགས་གཅིག་
པུ་དེ་ལ་ཐེག་གསུམ་གྱི་འཕགས་པ་ཀུན་ཀྱང་ཕྱུག་ཀྱི་ཤིང་རྟའི་བསྒྲོད་པ་ལྟ་བུ་སོགས་
མྱུར་བུལ་དང་ཉེ་རིང་གི་ལམ་དུ་མས་གཞོལ་ཞིང་འབབ་པ་ཡིན་ནོ། །ཚུལ་དེ་ལྟར་ཀུན་
མཁྱེན་ཆེན་པོས། དེ་ཕྱིར་གྲངས་མེད་གསུམ་སོགས་གསུངས་པ་ཀུན། །མྱུར་དུ་རྫོགས་
དང་རིང་དུ་རྫོགས་པ་དང༌། །ཚེ་གཅིག་གྲོལ་བ་བློ་ཡི་སྟོབས་ལ་རག །དེ་ཡང་ཐབས་
དང་བརྩོན་འགྲུས་ཤེས་རབ་མཆོག། །གསུམ་གྱིས་བསྒྲུབ་གང་བླ་མེད་སྟོབས་ཆེའོ། །
ཞེས་གསུངས་སོ། །གཉིས་པ་ནི། དེས་ན་སོགས། གོང་དུ་བཤད་པའི་རྒྱུ་མཚན་དེས་
ན་རིང་སོང་གི་སྐབས་ལ་སོགས་པའི་དོན་ཐམས་ཅད་ཀྱང་ཚུལ་འདི་བཞིན་དུ་ལེགས་
པར་རྟོག་ན། འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་ཟབ་མོ་དང་། མགོན་པོ་བྱམས་པའི་རྒྱ་ཆེ་བའི་གཞུང་
རྣམས་གཅིག་སྤང་ནས་གཅིག་བསྒྲུབ་པ་ལྟ་བུའི་འགལ་འདུ་མ་ཡིན་པར་ཕན་ཚུན་བུ་
རྩི་རོ་མངར་བ་གཅིག་པ་བཞིན་དུ་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་ལྷན་
འགྱུར་རོ། །གསུམ་པ་ནི། གཞན་དུ་མི་སོགས། དེ་ལས་གཞན་དུ་འགལ་བར་འཛིན་
ན་ཡི་གས་མི་ལེན་ཅིང་ལུས་ལ་མི་འཕྲོད་པའི་ཟས་ཟོས་པ་བཞིན་ཏུ་ཟབ་རྒྱས་ཀྱི་གཞུང་
ལུགས་རྣམས་ལ་ཐོས་བསམ་བྱས་པའི་དོན་རྣམས་ཁོང་ན་མི་བདེ་བའི་སྐྲན་ལྟ་བུའི་འགལ་
འདུ་སྣ་ཚོགས་སུ་གྱུར་ཚེ་ཁོང་ནད་དེ་ལས་གྲོལ་བའི་དོན་དུ་ཟབ་རྒྱས་ཀྱི་བློ་ཅན་མཁས་
པ་གཞན་གྱིས་ལུང་དང་རིགས་པའི་གཙགས་བུ་རྣོན་པོ་བརྒྱ་སྟེ་མང་པོ་གདེངས་ཤིང་
འདེབ་པ་ལ་ཁོང་ན་འགལ་འདུའི་སྐྲན་ཅན་གྱི་ནད་པ་ལྟ་བུ་དེ་ཡིད་གཏིང་ནས་སྡུར་པར་
ངེས་སྒྲོན་རྣམ་བཤད་ལ འོད་ཟེར་དྲི་མེད། །
འགྱུར་ཏེ་ཁོས་བློ་དོན་དང་མི་མཐུན་པ་ལ་ལུང་རིགས་ཀྱི་གཉེན་པོ་མཐོང་ཚེ་ངོ་གནོང་
དང་བཅས་སོ། །སྨྲས་པ། དམན་པའི་གདུལ་བྱས་མཉམ་པའི་དོན། །རྟོགས་པས་མྱུར་བའི་
ལམ་དུ་འགྲོ། །ཆེ་བའི་ཐེག་པའི་གྲགས་པ་ཡང༌། །ཉམས་པའི་དོགས་པས་སྐབས་འདི་
བྲིས། །
གཉིས་པ་ལྟ་བ་གསུམ་གྱི་ཁྱད་པར་བྱེ་བྲག་ཏུ་བཤད་པ་ལ། བདེན་གཉིས་ཟུང་འཇུག་རོ་མཉམ་
དུ་རྟོགས་པའི་རང་རིག་ལྟ་བའི་ལྟ་བ་བཤད་པ། རང་སྣང་ལྷར་དག་ཚུལ་གྱི་
རིམ་པས་ཆོས་ཅན་ལྟ་བའི་ལྟ་བ་བཤད་པ། དེ་རང་བཞིན་མཉམ་ཉིད་དུ་ཤེས་པའི་
ཆོས་ཉིད་ལྟ་བའི་ལྟ་བ་བཤད་པ་དང་གསུམ་ལས།
དང་པོ་ལ། དངོས་དང་། ཐེག་པ་ལྟ་བའི་ཁྱད་པར་གྱི་འཇོག་པ་ལ་བདེན་པ་གཉིས་
གང་གཙོ་དཔྱད་པ་དང་གཉིས་ལས། དང་པོ་ལ། ལྟ་བའི་དངོས་གཞི་དེ་སྐྱོང་བ་འཛིན་
བཅུས་དང་འཛིན་མེད་གང་ཡིན། དཔྱད་པ་དང་འཇོག་པ་གང་འཐད། དེ་གཉིས་ཀ་
ཐུན་མོང་དུ་དོན་བསྡུ་བ་དང་གསུམ་ལས། དང་པོ་ལ། དྲི་ལན་གྱི་སྒོ་ནས་དཔྱད་གཞི་
སློང་བ། དེའི་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ལྟ་བའི་སོགས། དེ་ཡང་
གནས་ལུགས་ཀྱི་དོན་ལ་ལྟ་བའི་དངོས་གཞི་སྐྱོང་ཞིང་བསྒོམ་པའི་དུས་ན་སྟོང་པར་འཛིན་
པ་སོགས་ཀྱི་འཛིན་སྟངས་ཡོད་དམ་མེད་ཅེས་དྲི་ན། ཁ་ཅིག་གིས་གནས་ལུགས་སྟོང་
པ་ཉིད་དུ་མཐོང་བའི་འཛིན་སྟངས་དགོས་ཀྱི་འཛིན་སྟངས་ཅི་ཡང་མེད་པ་ནི་ལྟ་བའི་དོན་
བསྒོམ་པ་ལ་སྐྱོན་ཡིན་པར་འདོད། ཁ་ཅིག་གིས་གནས་ལུགས་འཛིན་མེད་དུ་བསྒོམ་
དགོས་པས་ཅི་ཡང་མི་འཛིན་ཏེ་གང་ལྟར་གཟུང་བ་ཐམས་ཅད་སྐྱོན་ཡིན་ཞེས་ཟེར། གཉིས་
པ་དེའི་དོན་རྒྱས་པར་བཤད་པ་ལ། རིག་པ་སྤྱི་བླུགས་སུ་ངོ་སྤྲད་ཅིང་འཇོག་པ་མན་ངག་
གི་ལུགས་ལྟར་ཇི་བཞིན་པ་རྟོགས་ན་སྤྲོས་པ་ཅིག་ཆར་ཆོད་པས་འཛིན་མེད་ཡང་དག་
དེ་ལྟར་མ་རྟོགས་པ་ཐོས་བསམ་ལྟ་བའི་ལུགས་ལྟར་འཛིན་སྟངས་དང་བཅས་ཏེ་སྤྲོས་
པ་རིམ་གྱིས་བཅད་ནས་དངོས་གཞི་འཛིན་མེད་དུ་བསྒོམས་པ། དེ་གཉིས་རྒྱུ་མཚན་དང་
བཅས་པའི་སྒོ་ནས་དོན་བསྡུས་པ་གསུམ་ལས། དང་པོ་ལ། འཛིན་མེད་ཙམ་ལ་བླང་
དོར་གྱི་ཕྱོགས་གཉིས་ཡོད་པས་མདོར་བསྟན། དེའི་དོན་རྒྱས་པར་བཤད་པ་གཉིས་ལས།
དང་པོ་ནི། ཅིར་ཡང་སོགས། དེ་ཡང་འདི་ལྟར་ལྟ་བའི་དངོས་གཞི་སྐྱོང་བ་ལ་འཛིན་སྟངས་
དགོས་མི་དགོས་ཀྱི་སྐབས་ཤན་སོ་སོར་འབྱེད་དགོས་ཀྱི་མ་གཏོགས་མཐའ་གཅིག་ཏུ་
ཅིར་ཡང་མི་འཛིན་ནོ་ཞེས་སྨྲ་ན་དོན་འདི་ལ་དཔྱད་ན་ལེགས་པར་རྟོགས་པ་དང་ཕྱིན་
ཅི་ལོག་པར་རྟོག་པ་གཉིས་ཀྱང་སྲིད་དོ། །
གཉིས་པ་ལ། འཛིན་མེད་ཀྱི་མཚན་གཞི་གཉིས་པོ་ངོས་བཟུང་བ་དང་། དེ་ལ་འཛིན་
སྟངས་དགོས་མི་དགོས་ཀྱི་དབྱེ་བ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ལ། སྲིད་
པའི་ཆུ་ཀླུང་བཟློག་ནུས་ཀྱི་གནས་ལུགས་ཡང་དག་ཞི་ལྷག་ཟུང་འཇུག་གི་དོན་རྟོགས་
ན་འཛིན་སྟངས་འཇིག་པ། དེ་མ་རྟོགས་པས་ཞི་གནས་ཙམ་གྱིས་འཛིན་མེད་ནི་སླར་
སྲིད་པའི་རྒྱུར་འགྱུར་བ་དེ་གཉིས་ཀའི་འཐད་པ་བསྟན་པ་དང་གསུམ་ལས། དང་པོ་
ནི༑ དང་པོ་མཐའ་སོགས། གལ་ཏེ་འཛིན་མེད་དུ་བསྒོམ་པ་ནི་མཁས་གྲུབ་ཕལ་མོ་ཆེའི་
ལུགས་ཡིན་ན་དེ་ལ་སྤང་བླང་གི་ཕྱོགས་གཉིས་ཇི་ལྟར་ཡོད་ཅེ་ན། དེ་ཡོད་ཚུལ་འདི་
ལྟར་དང་པོ་ལེགས་པར་རྟོགས་པ་ནི་གནས་ལུགས་སྣང་སྟོང་ཟུང་འཇུག་ནི་ཡོད་མེད་
ག ངེས་སྒྲོན་རྣམ་བཤད་འོད་ཟེར་དྲི་མེད། །
སོགས་མཐའ་བཞིའི་སྤྲོས་པ་ཀུན་དང་བྲལ་བ་ཆོས་ཀྱི་དབྱིངས་དེའི་ངང་དུ་ལན་ཚྭ་ཆུ་
པ
བསམ་ཡས་
་ལ་ཐིམ་པ་བཞིན་དུ་ཞུགས་པའི་འཕགས་པའི་ཡེ་ཤེས་ཀྱི་མདུན་ན་སྤྲོས་པ་གང་ཡང་
འཛིན་སྟངས་ཀྱི་ཡུལ་དུ་གནས་པ་མེད་པར་མཐོང་པའི་ཚེ། འཛིན་སྟངས་ཆེད་དུ་གཞིག་
མི་དགོས་པར་ངང་གིས་ཞིག་པ་སྟེ། ངོ་བོ་སྟོང་པའི་རང་གདངས་འགག་མེད་དུ་གསལ་
བའི་སྟོང་གསལ་དབྱེར་མེད་དུ་དག་པ་ནི་དཔེར་ན་སྟོན་དུས་ཀྱི་ནམ་མཁའ་སྤྲིན་བྲལ་
ལ་ལྟ་བ་དང་མཚུངས་པ་དེ་ལ་འཛིན་སྟངས་མེད་ཀྱང་སྐྱོན་མེད་པས་མི་དགོས་སོ། །
གཉིས་པ་ནི། གཉིས་པ་དྲན་སོགས། གཉིས་པ་ལོག་པར་རྟོག་པ་ནི་དྲན་མེད་ཐོམ་མེ་
པའི་ངང་དུ་ཅིར་ཡང་མི་འཛིན་པར་གནས་པ་ནི་རྒྱ་ནག་ཧ་ཤང་གི་ལྟ་བ་སྐྱོང་ལུགས་ཏེ་
སྟོང་མི་སྟོང་སོགས་གང་དུའང་མ་དཔྱད་པར་ཤེས་པ་ཙེ་ནེར་བཞག་པ་ཡིས་གནས་
ཆ་ཅུང་ཟད་རེ་དང་། བདེ་གསལ་མི་རྟོགས་སོགས་ཅུང་ཟད་རེ་སྐྱེས་ཀྱང་། དེ་ལ་ལྷག་
མཐོང་གི་གསལ་བའི་ཆ་ཅི་ཡང་མེད་པར་འཛིན་མེད་དེའི་ངང་དུ་ཅི་ཙམ་གོམས་ཀྱང་
ཉོན་མོངས་དང་རྣམ་རྟོག་གང་ཡང་སྤང་མི་ནུས་པ་དཔེར་ན་རླན་ཅན་མཚོ་ཡི་གཏིང་ན་
ཡོད་པའི་རྡོ་ལ་ནེམ་ཐིག་ཅུང་ཟད་མེད་པ་བཞིན་སྐྱེ་བོ་ཐ་མལ་བར་གནས་པ་སྟེ་ཇི་སྐད་
དུ༑ ལྟོ་འགྲང་ཉི་མས་དྲོས་ཚེ་ཆོས་པའི་གཟུགས། །རྐྱེན་ངན་ཐོག་ཏུ་འབབ་ཚེ་ཐ་མལ་
བ། །ཞེས་གསུངས་པ། དེ་འདྲའི་སྒོམ་དེ་སྐྱོན་ཅན་ཡིན་པས་སླར་འཛིན་སྟངས་དང་བཅས་
དེ་བསྒོམ་དགོས་སོ། །གསུམ་པ་ལ། དཔེའི་སྒོ་ནས་འཐད་པ་དང་། དོན་གྱི་སྒོ་ནས་འཐད་
པ་གཉིས་ལས། དང་པོ་ནི། དཔེར་ན་སོགས། གལ་ཏེ་འདི་གཉིས་སྐྱོན་མེད་པར་མཚུངས་
ཁྲོ་ཤུལ་མཁན་པོ་འ ཇམ་རྡོར་གྱིས་མཛད། །
གཅིག་སྟེ། དཔེར་ན་ཅི་ཡང་མེད་ཅེས་པའི་མིང་གཅིག་ཀྱང་དོན་ཐ་དད་པ་དབུ་མས་
སྤྲོས་པ་མེད་པར་རྟོགས་ནས་གནས་ལུགས་མཐོང་བ་དང་གཟུགས་མེད་པས་ཅི་ཡང་
མེད་དོ་སྙམ་དུ་མེད་པར་མོས་པས་གནས་ལུགས་མ་མཐོང་བ་གཉིས་མེད་པ་ཞེས་པའི་
ཚིག་ཙམ་མཚུངས་པ་འདི་དག་ཀྱང་དོན་ལ་གཏན་ནས་མི་མཚུངས་པ་གནམ་ས་གཉིས་
ཀྱི་ཁྱད་པར་བཞིན་འཛིན་མེད་ཙམ་ལ་ཡང་ལམ་ཡང་དག་ཡིན་མིན་དེ་ལྟར་སྲིད་དོ། །
གཉིས་པ་ལ། མཐའ་བཞི་སྤྲོས་བྲལ་ལ་འཛིན་སྟངས་མེད་པའི་འཐད་པ། དེ་མ་རྟོགས་
བཞིན་ཚིག་ཙམ་མཐོང་ཐོས་ལ་བརྟེན་པའི་འཛིན་མེད་འཁྲུལ་བ་ཡིན་པའི་འཐད་པ་གཉིས་
ལས། དང་པོ་ནི། དེ་ལྟར་སོགས། གལ་ཏེ་ལེགས་པར་རྟོགས་ན་འཛིན་སྟངས་མི་དགོས་
པའི་འཐད་པ་གང་སྙམ་ན། དེ་ཡང་གོང་དུ་བརྗོད་པ་དེ་ལྟར་ཆོས་ཀྱི་དབྱིངས་ནི་མཐའ་
བཞི་སྤྲོས་པ་ཀུན་དང་བྲལ་བར་གནས་པ་དེ་ལ་གཟུང་བྱ་ཡོད་ན་མཐའ་བཞི་པོ་གང་
རུང་ལས་གཞན་པ་ཅི་ཡང་མེད་ལ། ཡུལ་མཐའ་བཞིར་མ་གྲུབ་པ་དེ་བཞིན་ཡུལ་ཅན་
བློས་ཀྱང་མཐའ་བཞི་གང་དུའང་མི་འཛིན་ན། དེ་ལྟར་མཐའ་བཞི་ལས་འདས་པའི་
འཛིན་སྟངས་གཞན་པ་ཞིག་རྙེད་པ་མེད་པས་ན་རྒྱུ་མཚན་དེས་ཕྱིར་འཛིན་སྟངས་མེད་
པར་འདོད་དེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་
མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་
གསུངས་སོ། །གཉིས་པ་ནི། གལ་ཏེ་འཛིན་སོགས། དེ་ལྟར་རྒྱུ་མཚན་ཡང་དག་པར་
རྟོགས་པས་འཛིན་སྟངས་མེད་པ་འཐད་ཀྱང་། གལ་ཏེ་དོན་ལ་དཔྱད་ནས་མྱོང་བ་ཅི་ཡང་
མེད་བཞིན་དུ་འཛིན་སྟངས་མེད་ཅེས་པའི་ཚིག་ཙམ་གྱིས་རྗེས་སུ་བླུན་པོ་ཁ་ཅིག་གིས་
པའོ
དང་པོ་ཉིད་ནས་མཐའ་བྲལ་དང་བརྗོད་བྲལ་ཞེས་མིག་ཧུར་ཧུར་བྱེད་ཅིང་ཅིར་ཡང་མི་
འཛིན་པར་ལྷོད་དོ་ལོ་ཞེས་མ་རངས་པ་ནི་དོན་ལ་རྟོན་པ་དང་བྲལ་བའི་ཉམས་ལེན་མཁན་
དེས་ཅི་ཙམ་ལྷོད་ཀྱང་སྲིད་རྩ་གཅོད་པའི་ནུས་པ་མེད་པ་ནི། ཇི་ལྟར་ན་འགྲོ་བ་ཀུན་
ཐོག་མ་མེད་པ་ནས་ཐ་མལ་གྱི་ཤེས་པ་དེའི་ངང་དུ་རྒྱ་ཡན་བྱུང་རྒྱལ་དུ་ཀློད་ཆེས་པས་
འབྲས་བུ་ཁམས་གསུམ་འཁོར་བར་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྡུག་བསྔལ་གསུམ་
ཅི་རིགས་མྱོང་བཞིན་དུ་ཚེ་རབ་གཏན་དུ་འཁྱམས་པར་འགྱུར་ན་ཉམས་ལེན་བྱེད་ལོ་
དེས་ད་དུང་བཀླགས་ཏེའམ་བསྣན་ཏེ་བསྐུལ་མ་གདབ་ཅི་ཡང་མི་དགོས་ཏེ། ཡིད་བཞིན་
མཛོད་ལས། གང་ལ་གནད་མེད་སྤྲོས་བྲལ་ཚིག་ཏུ་ཤོར། ། རྟོག་པའི་བཟོ་རྒྱས་མཐའ་
བྲལ་གདངས་བཅས་ཏེ། །ཞེས་གསུངས་སོ། །གཉིས་པ་རྒྱས་བཤད་ལ། བདེན་མེད་
ཀྱི་གཏིང་མ་ཕྱིན་པའི་འཁྲུལ་སེམས་ཙམ་ཤེས་པས་མི་ཕན་པ་དང་། བདེན་སྟོང་དུ་ཇི་
བཞིན་པར་ཤེས་མ་ཤེས་ཀྱི་རྣམ་དབྱེ་བཤད་པ་གཉིས་ལས། དང་པོ་ནི། གལ་ཏེ་དེ་
དག་སོགས། ཡང་ཅིར་ཡང་མི་འཛིན་པར་ལྷོད་པ་ལ་ལྟ་བ་རྟོགས་དགོས་མོད་གལ་ཏེ་
ཅིར་ཡང་མི་འཛིན་པ་དེ་དག་གིས་གཉུག་མ་སེམས་ཀྱི་རང་ངོ་མི་ཤེས་བཞིན་དུ་བདག་
ཅག་གིས་སེམས་རང་ངོ་ཤེས་སོ་ཟེར་ནས་རྟོགས་ལྡན་ཡིན་པར་རློམ་པ་ཆེ་ཡང་། སེམས་
་
ལ་ཚོགས་བརྒྱད་ཀུན་གཞི་དང་བཅས་པ་ལས་འདས་པའི་ཆོས་ཉིད་གཉུག་མའི་སེམས་
དང་། རྣམ་ཤེས་ཚོགས་བརྒྱད་ཀྱི་བདག་ཉིད་ཆོས་ཅན་འཁྲུལ་བའི་སེམས་གཉིས་ཡོད་
པས་དེའི་དང་པོ་ཆོས་ཉིད་དོན་དམ་པའི་རང་ངོ་ཤེས་པ་ལ། ཡང་ན་རྒྱ་ཆེ་བ་ལུང་རིགས་
ཀྱི་གནད་ལས་ཐག་ཆོད་ཀྱི་གདེངས་དང་ལྡན་པའམ། ཡང་ན་ཉམས་མྱོང་དྲོད་ཚད་ལྡན་
པའི་བླ་མ་ལས་ཟབ་མོའི་མན་ངག་གི་དོན་རྟོགས་པས་རང་སེམས་གདོད་ནས་དག་པའི་
བདེན་སྟོང་ཕུ་ཐད་ཆོད་ནས་འཁྲུལ་སེམས་གཞི་མེད་རྩ་བྲལ་དུ་གཏིང་ཕྱིན་པ་ཞིག་དགོས་
ཀྱི། གལ་ཏེ་དེ་ལྟར་མིན་པར་བདག་རང་གི་ཚོགས་བརྒྱད་འཁྲུལ་བའི་སྣང་བ་འཛིན་
པའི་སེམས་གསལ་རིག་འདི་བདག་དང་འདི་མིན་པ་ལ་གཞན་ནོ་ཞེས་བདེ་སྡུག་སོགས་
ཉམས་སུ་མྱོང་བའི་སེམས་རང་གི་ངོ་བོ་ཞིག་མཁས་བླུན་སུས་ཀྱང་ཤེས་སླ་བ་ལ་སྒོམ་
ཅི་ཞིག་དགོས་ཏེ། ཇི་སྐད་དུ། སེམས་ཀྱི་གསལ་རིག་ངོ་སྤྲོད་ནས། །དེ་སྟེང་མི་རྟོགས་
པར་འཇོག་པ། །ཕྱག་རྫོགས་དགོངས་པ་ཡིན་སྙམ་ནས། །གྲུབ་མཐའ་འཛིན་དང་དེ་གཞུང་
འགོག །གཉིས་ཀ་སྨོན་པའི་ཅ་ཅོར་ཟད། །ཅེས་གསུངས་སོ། །གཉིས་པ་ལ། མ་མཐོང་
བ་ཙམ་ལ་ངོ་འཕྲོད་མ་འཕྲོད་ཀྱི་ཁྱད་པར་ལས་འཛིན་སྟངས་དགོས་མི་དགོས། ཡོད་
མིན་མེད་མིན་གྱི་ཡུལ་ཙམ་ལ་སྤྲོས་པ་ཆོད་མ་ཆོད་ཀྱི་ཁྱད་པར་གྱིས་འཛིན་སྟངས་དགོས་
མི་དགོས། དངོས་གཞི་མཐའ་བྲལ་གྱི་དོན་བསྒོམ་པ་ལ་དམིགས་གཏད་ཡོད་མེད་ཀྱིས་
འཛིན་སྟངས་དགོས་མི་དགོས་བཤད་པ་གསུམ་ལས། དང་པོ་ལ། ངོ་མ་འཕྲོད་པ་དང་།
ཡང་དག་པའི་གོ་བ་སྐྱེས་པ་གཉིས་ལས། དང་པོ་ལ། ཁོའི་གོ་བ་བརྗོད་པ་དང་། དེའི་
དོན་ལ་བརྟགས་པ་གཉིས་ལས། དང་པོ་ནི། གལ་ཏེ་སེམས་སོགས། དེས་ན་སེམས་
ཙམ་ཞིག་ཤེས་པས་མི་ཕན་པར་བདེན་སྟོང་གཏིང་ཕྱིན་པར་ཤེས་དགོས་མོད། གལ་
ཏེ་སེམས་ལ་མདོག་སྔོ་སེར་སོགས་ཀྱི་ཁ་དོག་དང་དབྱིབས་ཟླུམ་པོ་གྲུ་བཞི་སོགས་དང་།
དང་པོ་བྱུང་ས་དང་། བར་དུ་གནས་ས་དང་། ཐ་མ་འགྲོ་ས་སོགས་བཙལ་ནས་བརྟག་
དཔྱད་བྱས་པའི་ཚེ། དབྱིབས་ཁ་དོག་སོགས་མ་མཐོང་བས་སེམས་ཉིད་སྟོང་པར་རྟོགས་
པས་ངེ ས་སྒྲོན་རྣམ་བཤད་འོ ད་ཟེར་དྲི་མེད།
སོ་ཤེ་ན། གཉིས་པ་ལ། གཟུགས་དབྱིབས་མ་མཐོང་བ་ཙམ་ལ་གོལ་ས་ཆེ་བ། སྤྱིར་མ་
མཐོང་བ་ཙམ་གྱི་སྟོང་ཉིད་ཀྱི་གོ་མི་ཆོད་པ། དེ་ཙམ་གནས་ལུགས་རྟོགས་པ་ཡིན་ན་སུས་
ཀྱང་སླ་བར་བཤད་པ་གསུམ། དང་པོ་ནི། ཆོས་ཚུལ་སོགས། དེ་ཡང་མདོ་དང་རྒྱུད་ཀྱི་
ཆོས་རྣམས་ཀྱི་གནས་ཚུལ་རྟོགས་པར་དཀའ་བ་ནི། མདོ་རྒྱ་ཆེར་རོལ་བ་ལས། ཟབ་
ཞི་སྤྲོས་བྲལ་འོད་གསལ་འདས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །
སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །
ཞེས་གསུངས་པ་ལྟར། དེ་བས་ཀྱང་ཐེག་པ་མཆོག་གི་ལམ་འདི་ནི་ཤིན་ཏུ་ཟབ་པ་སྟེ།
གདུལ་བྱའི་ཁྱད་པར་གྱི་ཁེ་ཉེན་གཉིས་ཀ་ཡོད་པའི་ཕྱིར་འདི་ལའང་གོལ་ས་དང་ནོར་
ས་ཤིན་ཏུ་ཆེ་སྟེ། དེའི་རྒྱུ་མཚན་སེམས་ནི་གཟུགས་ཅན་མ་ཡིན་པས་ན་དེ་ལ་ངོ་ཤེས་
མི་ཤེས་སུས་ཀྱང་མདོག་དང་དབྱིབས་སོགས་མཐོང་མི་སྲིད་དེ། ཆོས་ཅན་སོ་སོའི་ཁྱད་
པར་དེ་གཞན་ལ་མེད་པའི་ཕྱིར། ཇི་སྐད་དུ། སེམས་འདི་ཕྲ་ཞིང་ཟབ་སྟེ་བརྟགས་དཀའ་
ལ༑ ༑སྣ་ཚོགས་ཚུལ་མང་དབྱེ་བསལ་མི་ཤེས་ཤིང་། །མི་བརྟན་བསླུ་བྱེད་མགོ་བོ་རྨོངས་
པར་བྱེད། །དེ་ཕྱིར་རང་སེམས་ཡིན་ཀྱང་ཚད་ཟིན་དཀའ། །ཞེས་གསུངས་པ་བཞིན་ནོ། །
གཉིས་པ་ནི། མ་མཐོང་སོགས། དེས་ན་བེམ་པོས་ཆོས་སེམས་ལ་མ་མཐོང་བ་ཙམ་ལ་
བདེན་པས་སྟོང་པའི་ཆོས་ཉིད་ཀྱི་སེམས་ངོ་འཕྲོད་ཡོད་སྙམ་ན། དེ་ཡང་ཤིན་ཏུ་གོལ་
ས་ཡིན་ཏེ། དཔེར་ན་ལན་གྲངས་བརྒྱུར་བརྟགས་པར་བྱས་ཀྱང་མི་ཡི་མགོར་གནག་
ཕྱུགས་ཀྱི་རྭ་ཅོ་མཐོང་མི་སྲིད་ཅིང་། དེ་མ་མཐོང་བ་ཙམ་གྱིས་མི་ཡི་ལུས་དང་སེམས་
བདེན་མེད་དུ་ཤེས་པ་མིན་པ་བཞིན་ནོ། །གསུམ་པ་ནི། དེ་མ་སོགས། དེས་ན་ཁྱེད་ཅག་
གི་ལྟ་སྒོམ་དེ་ནི་སེམས་ལ་དབྱིབས་སོགས་མ་མཐོང་བ་ཙམ་ཡིན་པས་དེས་སེམས་ཀྱི་
ཆོས་ཉིད་དེ་ཁོ་ན་ཉིད་དམ་སྟོང་པ་ཉིད་རྟོགས་སོ་ཞེ་ན། དེ་འདྲའི་ཅི་ཡང་མ་མཐོང་བའི་
ཆོས་ཉིད་དེ་སུས་ཀྱང་རྟོགས་པར་སླ་བས་ན། ཆོས་ཀྱི་གནས་ལུགས་ཤིན་ཏུ་རྟོགས་དཀའ་
བར་མདོ་རྒྱུད་ཀུན་ལས་གསུངས་པ་མིན་ནམ་དེ་ཡིན་བཞིན་དུ། མ་མཐོང་ཕྱིར་ན་མེད་
པ་མིན། །ཞེས་པ་ལྟར་མ་མཐོང་བ་ཙམ་ནི་ཡུལ་དུས་རྣམ་པས་བསྐལ་པས་མ་མཐོང་བ་
དུ་མ་ཡོད་ན་དེ་ཙམ་གྱིས་དེ་དག་གི་ཆོས་ཉིད་རྟོགས་དཀའ་བའི་གནས་ལུགས་རྟོགས་
པའི་གོ་མི་ཆོད་པ་སྔར་གཞན་ལ་གཞན་གྱིས་སྟོང་པར་ཤེས་པས་ངོ་བོ་སྟོང་པ་ཉིད་རྟོགས་
པའི་གོ་མི་ཆོད་པར་སྨྲས་ཟིན་པ་བཞིན་ནོ། །གཉིས་པ་གནས་ལུགས་ལ་གོ་བ་རྙེད་པ་
ནི། དེས་ན་རིགས་སོགས། རྒྱུ་མཚན་དེས་ན་སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་
གི་དོན་ཚུལ་བཞིན་དུ་རིགས་པས་བརྟགས་པ་དང་། སྤྱིར་རྒྱུ་འབྲས་ངོ་བོ་ཉིད་གསུམ་
ལ་དཔྱད་པའི་སྟོབས་དེའི། སེམས་ཀྱི་གནས་ལུགས་ཉམས་བན་བུན་སོགས་གཞན་དང་
མ་འཁྲུལ་བའི་ཐིག་ཐོག་ཏུ་ཞོག་པའི་གསལ་པོ་ཞིག་ཡིད་དཔྱོད་དང་མ་འདྲེས་པར་རང་
རིག་མངོན་སུམ་གྱིས་མཐོང་ན། སེམས་དེ་ཁོ་ཡི་གནས་ལུགས་སྒྱུ་མ་ལྟ་བུ་རྣམ་པ་སྣ་ཚོགས་
པ་ཅིར་ཡང་འཆར་འཆར་འདྲ་བ་ལ། འཆར་བའི་དུས་ན་ངོ་བོ་བདེན་མེད་ཀ་དག་ཏུ་གྲོལ་
བ་ལ་དོགས་པ་མེད་པར་གཏིང་ནས་རིག་ན། དེ་ཚེ་རང་མདུན་ཐད་ཀའི་ནམ་མཁའ་
ལ་བལྟས་པ་ན་གསལ་སྟོང་མཐའ་དབུས་མེད་པ་བཞིན་དུ་རང་གི་སེམས་འདི་རྩལ་འགག་
པ་མེད་པ་ཅི་ཡང་འགྲུ་བཞིན་པ་དེ་ཡང་སྣང་ཚུགས་མ་ཤོར་བར་ཅི་ཡང་མ་ཡིན་པའི་ཆོས་
ཉིད་སྟོང་པ་ཡི་རང་གདངས་སུ་ངེས་ཤེས་ཁོ་ཐག་ཆོད་པ་ཞིག་གོ་ན་བཅས་བཅོས་དང་
ངེས་སྒྲོན་རྣམ་བཤད་འོ ད་ཟེར་དྲི་མེད།
འཛིན་སྟངས་མི་དགོས་པའི་རྒྱུ་མཚན་མཐོང་བར་འགྱུར་རོ། །དེང་སང་གི་ཉམ་ལེན་མཁན་
ལྟ་བུས་མ་གོ་བ་ལ་གོ་མདོག་དང་ཁོ་ཐག་མ་ཆོད་པ་ལ་ཆོད་མདོག་བྱས་ཀྱང་རང་རྒྱུད་
མཚོ་གཏིང་གི་རྡོ་བཞིན་ཐ་མལ་བར་གནས་པའི་རྟགས་ལས་ཁོས་ཉམས་ལེན་བས་ཀྱང་རྗེས་
དཔག་ཚད་མར་འགྱུར་རོ། །
གཉིས་པ་སྤྲོས་པ་ཆོད་མ་ཆོད་ཀྱི་ཁྱད་པར་ལ། ཉམས་ལེན་མཁན་དེས་ཞེ་འདོད་ལ་བརྟགས་
པ་དང་། སྤྲོས་པ་ཆོད་མ་ཆོད་ཀྱི་རྣམ་བཞག་བཤད་པ་གཉིས་ལས། དང་པོ་ལ། ཞེ་འདོད་
དྲི་བ་དང༌། དེའི་ཚུལ་ལ་དཔྱད་པ་གཉིས་ལས། དང་པོ་ནི། ཡང་ནི་སོགས། གལ་ཏེ་
ཡང་ནི་རྟོགས་ལྡན་དུ་རློམ་པ་ཁྱོད་ཀྱི་སེམས་དེ་ཡི་ནི་ཁོ་རང་གི་ཡིན་ལུགས་དེ་དངོས་
པོ་མེད་པ་ནམ་མཁའ་སྟོང་པ་འདྲ་བ་ཞིག་ཏུ་འདུག་གམ། ཡང་ན་དེ་འདྲ་མ་ཡིན་པར་
འགྱུ་འཕྲིག་རྣམ་པ་སྣ་ཚོགས་པའི་བདག་ཉིད་ཆོས་ཐམས་ཅད་ཤེས་ནུས་པའི་རང་བཞིན་
དུ་ཡོད་པ་ལྟ་བུ་གཉིས་པོའི་གང་ཡིན་ཞེས་ཟེར་ན། གཉིས་པ་ནི། སྐད་ཅིག་སོགས།
དེས་ཅི་འདྲར་སྨྲ་ན་དབྱིབས་ཁ་དོག་སོགས་མ་མཐོང་བ་ཙམ་ཞིག་ཀྱང་ཡིན་ལ། སྐད་ཅིག་
གཅིག་ཀྱང་མི་སྡོད་པར་ཡུལ་རྣམ་པ་སྣ་ཚོགས་ལ་གཡོ་བའི་སེམས་ཞིག་ཀྱང་ལུས་ཅན་
སུ་ལའང་ཡོད་པ་མྱོང་བའི་ཕྱིར་དེ་འདྲའི་རྣམ་པར་ཤེས་པ་ཞིག་རང་རང་གི་ལུས་ན་འདུག་
པ་སུས་ཀྱང་ངེས་པར་ཤེས་ལ། ཨོ་ཟོབ་ཅན་འདིའི་དེ་སེམས་ངོ་ཡིན་པར་སྨྲའོ། །ཚུལ་
དེ་ལ་བརྟགས་ན་ཁོ་རང་གི་སྨྲས་པའི་རྒྱུ་མཚན་དེས་ན་ཡོད་པའང་མ་ཡིན་ཏེ་དབྱིབས་
ཁ་དོག་མ་མཐོང་བའི་ཕྱིར་དང་མེད་པའང་མིན་ཏེ་མི་སྡོད་པར་གཡོ་བའི་སེམས་སྐད་
ཅིག་མ་ཡོད་པའི་ཕྱིར། དེ་འདྲ་བའི་སེམས་དེ་ནི་རྫོགས་ཆེན་གྱི་རྒྱུད་སྡེ་ན་བཤད་པའི་
འོད་གསལ་ཆོས་སྐུ་རྟོགས་པ་ཡིན་ནོ་ཞེས་ཟེར་ནས་གཞན་གྱི་མགོ་འདྲེན་བྱེད་པ་དེས་
ཀྱང་རང་བཞིན་གཞིའི་ཆོས་དབྱིངས་ངོ་འཕྲོད་ཡོད་ཅེས་མཐོ་སྐད་བྱུང་རྒྱལ་དུ་འདོན་
ཅིང་རློམ་པ་ཆེན་པོ་དང་བཅས་པས་ལས་རྒྱུ་འབྲས་ལ་རྩིས་ཞིབ་ཆུང་ཞིང༌། སྤྱིར་མདོ་
རྒྱུད་ཀུན་དང་ཁྱད་པར་མཚན་ཉིད་ཐེག་པ་སོགས་ལ་ཐོས་པ་མང་པོ་དང་། བསླབ་པ་
གསུམ་སོགས་ལམ་ལ་རྩོལ་བ་ཆེན་པོ་མ་བྱས་ཀྱང་གཅིག་ཤེས་ཀུན་གྲོལ་གྱི་འོད་གསལ་
ཤེས་སོ་ལོ་ཞེས་པ་ལ་བརྟགས་ན། རང་ངོ་མ་འཕྲོད་ངོ་སྤྲོད་རོ་ལ་འདེབས། །ཞེས་པ་
ལྟར་སོང་བས་ན། གལ་ཏེ་གཅིག་ཤེས་སུ་ཆུག་ཀྱང་ཀུན་གྲོལ་བ་ལ་རྟགས་ཡང་དག་
མ་མཐོང་བས་ཡི་རངས་བའི་གནས་མིན་པར་དགོངས་སོ། །
གཉིས་པ་ལ། རྫོགས་ཆེན་གྱི་ལྟ་བ་སྤྲོས་བྲལ་ཡིན་པ་དང༌། ཁོས་བསྒོམ་པ་གང་རུང་
གི་མཐའ་ཡིན་ཚུལ་གཉིས་ལས། དང་པོ་ནི། རྫོགས་ཆེན་སོགས། དེ་འདྲའི་ཡོད་མིན་
མེད་མིན་སྨྲས་པ་དེ་ཁྱོད་རང་གི་ལུགས་ཀྱི་འོད་གསལ་ཆོས་སྐུ་ཡིན་དུ་ཆུག་ཀྱང༌། རིག་
འཛིན་དགའ་རབ་རྡོ་རྗེ་སོགས་ཀྱི་དགོངས་པའི་རང་བཞིན་རྫོགས་པ་ཆེན་པོ་གདོད་མ་
གཞི་ཡི་བཞུགས་ཚུལ་གྱི་ཡོད་པ་མིན་པ་དུས་གསུམ་རྒྱལ་བས་ཀྱང་མ་གཟིགས་བཞིན་
མེད་པ་ཡང་མིན་པ་འཁོར་འདས་ཀུན་གྱི་སྣང་གཞིར་གྱུར་པ། དེ་ནི་མཐའ་བཞིའི་སྤྲོས་
པ་ཀུན་དང་བྲལ་བའི་རིག་སྟོང་ཟུང་འཇུག་འཁོར་འདས་མཉམ་པ་ཉིད་ཀྱི་དབྱིངས་ཡིན་
པས་འདི་གཉིས་མི་གཅིག་སྟེ། ཐལ་འགྱུར་ལས། ཆོས་ཀྱི་སྐུ་ནི་སྤྲོས་བྲལ་ཏེ། །རང་
གར་འཛིན་པའི་མཚན་མ་མེད། །ངོ་བོ་སྟོང་གསལ་དབྱེར་མེད་ལ། །ཞེས་དང་། ཀློང་
དྲུག་པ་ལས། སྤྲོས་བྲལ་ཆོས་ཉིད་ཀ་དག་གི །རང་ངོ་རྣམ་དག་སྙིང་པོའི་གཞི། །ཞེས་
;
གསུངས་པས་ན་ཁྱོད་ཀྱི་དེ་དང་མཚུངས་པའི་གོ་སྐབས་ག་ལ་ཡོད་དེ་མེད་དོ། །གཉིས་
པ་ལ། མཐའ་ཡིན་ཚུལ་དངོས་དང༌། དེར་འཛིན་པ་ཕྱི་རོལ་བའི་གྲུབ་མཐའ་དང་ཁྱད་
མེད་པར་བཤད་པ་གཉིས་ལས། དང་པོ་ནི། ཁྱོད་ཀྱི་སོགས། ཡང་འདི་ལྟར་ཁྱོད་ཀྱི་
མཐོང་དོན་སེམས་ངོ་འདི་ནི་ལུང་རིགས་དང་མཐུན་པར་ལེགས་པར་བརྟགས་ན། དབྱིབས་
སོགས་ཀྱི་བདག་ཉིད་དུ་ཡོད་པར་སྨྲ་རུ་མི་བཏུབ་ཅིང་། ཕྱི་ནང་ཀུན་ཏུ་འཕྲོ་ཞིང་གཡོ་བས་
མེད་པར་ཡང་ནི་སྨྲར་མེད་པ་སྟེ། དེས་ན་དེ་འདྲའི་གཞི་དེ་དོན་དུ་ཡོད་མེད་གཉིས་ཡིན་
གྱི་མཐའ་ལ་ཐུགས་རྩེ་གཏད་པ་ཡིན་ནམ། ཡང་ན་ཡོད་མེད་ཕྱོགས་གཅིག་ཏུ་སྨྲར་མི་
བཏུབ་པ་དེ་གཉིས་ཀ་མིན་པའི་མུ་སྟེ། དེ་འདྲའི་མཐའ་གཉིས་གང་རུང་ཞིག་ལས་ཁྱོད་
ཀྱི་སེམས་ངོ་དེ་མ་འདས་པས། དེས་ན་སེམས་དེ་ཡོད་མིན་མེད་མིན་གྱི་དོན་གང་རུང་
ཞིག་གི་གཞི་རུ་ཞེ་ལ་བརྣག་གྱིན་གདའ་སྟེ་ཞེ་འདོད་ཀྱི་དོན་གང་ཡིན་སྐྱེས་བུས་ངག་
བརྗོད་པ་ལས་ཤེས་པའི་ཕྱིར་རོ། །
གཉིས་པ་ནི། དེ་ནི་བསམ་སོགས། དེ་དག་ནི་སླར་བརྟག་དཔྱད་ཀྱི་འཛིན་སྟངས་དང་
བཅས་ཏེ་གོམ་དགོས་པ་གང་གི་ཕྱིར་ན། དེ་འདྲའི་ལྟ་བ་དེ་ནི་ཕྱི་རོལ་བའི་བསམ་གྱིས་
མི་ཁྱབ་པའི་བདག་ཆེན་པོ་དེ་དང་མིང་གི་རྣམ་གྲངས་ཙམ་ཐ་དད་པ་ལས་དོན་ལུ་འདོད་
ཚུལ་ཁྱད་པར་ཅི་ཡང་མེད་དེ་གཉིས་ཀའི་ཀྱང་སྨྲར་མེད་པའི་གཞི་ཞིག་དམིགས་ཡུལ་
དུ་འདོད་དོ། །གསུམ་པ་དམིགས་གཏད་ཡོད་མེད་ཀྱི་ཁྱད་པར་ལ། སྣང་སེམས་གཏད་
མེད་དུ་ཤེས་པའི་སྤྲོས་བྲལ་ལ་དམིགས་གཏད་མེད་པ། དེ་མ་རྟོགས་པའི་སྤྲོས་པ་ཅན་
གྱི་སྒོམ་པ་དམིགས་མེད་མིན་པ་དང་གཉིས་ལས། དང་པོ་ནི། སེམས་དང་དེ་སོགས།
ཁྲོ་ཤུལ་མཁན་པོ་འཇམ་རྡོར་གྱིས་མཛད། །
དེས་ན་ལྟ་གྲུབ་ཐམས་ཅད་ཀྱི་གནད་ཚིག་ཙམ་གྱིས་ཕྱེ་མི་ནུས་པར་དོན་ལ་རྟོན་པའི་སྒོ་
ནས་ཤེས་དགོས་པས་ན་སྤྲོས་བྲལ་ཞེས་པ་ཡང་ཆོས་འགའ་ཞིག་མེད་པ་དང་འགའ་ཞིག་
ཡོད་པ་ལ་ལྟོས་ཏེ་མཐའ་ཆོད་ཚུལ་སྨོས་པ་ལྟ་བུ་མ་ཡིན་པར། འདི་ལྟར་ནང་སེམས་སུ་
སྣང་བ་དང་དེ་ལས་གཞན་པའི་ཕྱི་རོལ་གྱི་ཆོས་སུ་སྣང་བ་གང་ཇི་སྙེད་ཅིག་མཆིས་པ་
དེ་དག་ཀུན་ཀྱང་བདེན་པ་མེད་པར་དགག་པའི་ཀ་དག་སྟོང་པར་ངེས་པ་ཐག་ཆོད་ཀྱི་
གདེང་དང་ལྡན་པའི་ཡོད་མཐའ་དང་བྲལ་བའི་སྟེང་། ཕྱི་ནང་གི་སྣང་བ་འདི་ཀུན་རང་
གདངས་འགག་པ་མེད་པའི་རང་བཞིན་གཤིས་ཀྱི་རྟེན་འབྱུང་དུ་ཤར་བས་ན་མེད་མཐའ་
དང་བྲལ་བ་སྟེ། དེ་བཞིན་དུ་གཉིས་ཡིན་ཀྱང་མེད་དེ། གཞི་གཅིག་ལ་ཡོད་མེད་གཉིས་
ཀ་ཡིན་པའི་གཉིས་ཆོས་ཀྱི་དབྱེ་བ་ཅན་ཞིག་ནི་གཤིས་ལ་མི་གནས་ཏེ་གནས་ལུགས་
ནི་གཉིས་སུ་མེད་པ་ཡིན་པའི་ཕྱིར་དང་། ཡང་གཉིས་ཀ་མིན་པའི་ཕུང་གསུམ་པ་ཞིག་
ཀྱང་མེད་དེ་ཡོད་ན་འདི་ལྟ་བུའོ་ཞེས་ཤེས་བརྗོད་ཀྱི་སྤྱོད་ཡུལ་ཡིན་དགོས་ན། དེ་ཡིན་
ན་ཡང་ན་ཡོད་པར་ཤེས་བྱ་དང་ཡང་ན་མེད་པར་ཤེས་བྱ་ལས་མ་འདས་པས་གཉིས་མིན་
ཕུང་གསུམ་པ་ཞིག་ཤེས་ཚུལ་མེད་ལ། སྤྱིར་ཡང་དོན་དམ་ནི་ཤེས་བྱ་མ་ཡིན་ཏེ། ཤེར་
ཕྱིན་ལས། ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་
པའི་ཕྱིར། དེར་མ་ཟད་ཡོད་མེད་གཉིས་ལྟོས་ནས་བཞག་པ་བཞིན། གཉིས་ཡིན་གཉིས་
མིན་ཀྱང་ལྟོས་ནས་བཞག་པའི་ཕྱིར་ན་དེ་གཉིས་ཀའི་མཐའ་དང་ཡང་བྲལ་བའི་ཕྱིར།
དེས་ན་དེ་ལྟ་བུའི་མཐའ་བཞིའི་སྤྲོས་པ་ཀུན་གྱི་བསམ་བརྗོད་ལས་འདས་པ་སྟེ། ཇི་
སྐད་དུ། འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོས་མི་གསུངས་བཞུགས། །
ཞེས་པ་ལྟར་མཐའ་བཞིའི་སྤྲོས་པ་ཀུན་གྱི་སྨག་དང་བྲལ་བའི་གནད་དེ་ལྟར་ཉམས་མྱོང་
ལ་བརྟེན་པ་ལས་ལུང་རིགས་མན་ངག་གི་ཚིག་ཙམ་གྱི་རྗེས་སུ་འབྲང་བ་མ་ཡིན་པར་དམིགས་
པའི་གཏད་སོ་ཀུན་དང་བྲལ་བའི་རང་མདངས་བཅོས་སླད་མེད་པར་བར་མེད་ཧར་སངས་
ཆེན་པོ་ཟང་ཀ་མའམ་རྗེན་པ་དེ་ཉིད་ཐལ་བྱུང་དུ་ངེས་པ་སྟེ། རིག་པ་རང་ཤར་ལས།
མཐའ་བཞིའི་དྲི་མ་རང་སངས་ཉིད། །ཅེས་གསུངས་སོ། །དེ་ལྟར་ལྟ་བའི་དངོས་གཞི་
སྐྱོང་བ་ནི་འཛིན་མེད་མཚན་ཉིད་པར་འདོད་དོ། །གཉིས་པ་ནི། འདི་ནི་སོགས། དེ་ལྟར་
མ་རྟོགས་བཞིན་དུ་སེམས་ཀྱི་ངོ་བོ་ལྟ་ཞེས་པའི་ཚིག་ཙམ་གྱིས་བློ་འཕྲོག་ནས་ཅི་ཡང་
མ་ཡིན་པའི་ཧད་ཕྱད་དེ་བ་ཞིག་ལ་གཏད་ཀྱང་། ད་དུང་དམིགས་གཏད་དང་འཛིན་
སྟངས་ཕྲ་བ་ཡོད་མེད་ངོས་མ་ཟིན་པར་གཟུགས་དབྱིབས་སོགས་མ་མཐོང་བའི་འཛིན་
སྟངས་རགས་པ་འགགས་པ་ཙམ་ཞིག་ལ་དམིགས་མེད་དང་འཛིན་མེད་དུ་རློམ་ནས་
སྒོམ་པ་འདི་ནི་ཡིན་མིན་གཉིས་ཀ་མིན་པའི་མུ་དེ་ལ་མཐའ་བྲལ་ཞེས་འཛིན་སྟངས་ཕྲ་
བའི་བློ་དེ་ཡི་མདུན་ན་གཏད་སོ་འབེན་བཞིན་དུ་གནས་པ་མ་ཚོར་བ་ཙམ་ཡིན་ལ། དེ་
ལྟར་གོམས་པས་འཁོར་བ་མི་སྤོང་སྟེ་ཐོག་མེད་ནས་བདག་གཞན་ཐམས་ཅད་དངོས་
འཛིན་འདི་ལྟ་བུ་ལ་བརྟེན་ནས་སྲིད་པའི་ཆུ་བོ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར་
གཅིག་ནས་གཅིག་ཏུ་བརྒྱུད་མར་བུམ་ནང་གི་བུང་བ་བཞིན་དུ་འཇུག་པར་འགྱུར་ལ།
དེ་འདྲའི་རིགས་དེས་སླར་འཛིན་སྟངས་ཀྱིས་བདག་མེད་པའི་དོན་བསྒོམ་དགོས་སོ་གསུངས།
གཉིས་པ་མ་རྟོགས་པས་སྤྲོས་པ་རིམ་གྱིས་བཅད་ནས་འཛིན་སྟངས་དང་བཅས་ཏེ་བསྒོམ་
པ་ལ། ལས་དང་པོ་པས་འཛིན་སྟངས་དང་བཅས་ཏེ་སྤྲོས་པ་རིམ་གྱིས་གཅོད་པ། སྤྲོས་
ཁྲོ་ཤུལ་མཁན་པོ་འ ཇམ་རྡོར་གྱིས་མཛད།
པ་དང་བྲལ་ཚེ་དངོས་གཞི་འཛིན་མེད་ཀྱི་དོན་བསྒོམ་པ་གཉིས་ལས། དང་པོ་ལ། དངོས་
ཞེན་གྱི་གཉེན་པོར་བདག་མེད་བསྒོམ་ཚུལ། མེད་འཛིན་གྱི་གཉེན་པོར་མཐའ་བྲལ་བསྒོམ་
ཚུལ་གཉིས་ལས། དང་པོ་ལ། བདག་མེད་ཚུལ་དཔེའི་བསྟན་པ་དང༌། དཔེ་དེ་བཞིན་
དུ་རིག་པས་དཔྱད་ནས་འཛིན་སྟངས་བསྒོམ་པ་གཉིས་ལས། དང་པོ་ནི། འདི་དུག་སོགས།
དེ་ལྟར་གོང་དུ་ཇི་སྐད་བཤད་པའི་དམིགས་གཏད་ཅན་འདི་དག་ཐམས་ཅད་བཟློག་པའི་
གཉེན་པོ་ནི་བདག་མེད་སྙམ་པ་ཡི་འཛིན་སྟངས་ཡིན་ཅིང་། དེས་ཚུལ་ཡང་འཕགས་
པ་ལྷས། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཅེས་
དང༌། འཇུག་པ་ལས། རྟོག་རྣམས་དངོས་པོ་ཡོད་ན་འགྱུར་བ་སྟེ། །དངོས་པོ་ཇི་ལྟར་
མེད་པར་སྔར་དཔྱད་ཟིན། །དངོས་པོ་མེད་པས་འདི་རྣམས་མི་འབྱུང་དཔེར། །བུད་ཤིང་
མེད་པོར་མེ་ཡོད་མིན་ཅི་ལྟར། །ཞེས་གསུངས་པ་བཞིན་བདག་མེད་པ་དེ་ཡང་མེད་པའི་
ཚུལ་དེ་ཡང་དག་པར་ལུང་རིགས་རྣམ་དག་གི་ལམ་ནས་མ་ཤེས་པར་བསམ་གཏན་དད་
པ་བདུན་གྱི་གཞུང་ལྟ་བུས་མེད་པར་མོས་པས་སྲིད་རྩ་གཅོད་པ་ལ་མི་ཕན་ཏེ། དཔེར་
ན་ཐུག་ཁྲ་སྦྲུལ་དུ་འཁྲུལ་པ་ལ་ཡུལ་དེར་སྦྲུལ་མེད་དོ་སྙམ་པས་འཇིགས་སྐྲག་བཟློག་
པ་ལ་མི་ཕན་ཀྱང་། སྣང་བ་དང་ལྡན་པ་སོགས་རྐྱེན་གང་གིས་ཐོག་པར་སྦྲུལ་མེད་པར་
ཚུལ་བཞིན་དུ་མཐོང་ན་འཇིགས་སྐྲག་ཀྱང་སྤངས་ནུས་པ་བཞིན་ནོ། །གཉིས་པ་ལ། གཅིག་
དུ་བྲལ་སོགས་ཀྱིས་དཔྱད་ནས་འཛིན་སྟངས་བསྒོམ་པ་དངོས་དང་། དེའི་དགོས་པ་
བཤད་པ། དེ་ལྟར་མ་བྱས་པའི་སྐྱོན་བསྟན་པ་གསུམ་ལས། དང་པོ་ནི། དེ་ཕྱིར་སོགས།
དེ་ཕྱིར་དབུ་མའི་ལྟ་རིམ་དང་བསྒོམ་རིམ་ནས་བཤད་པའི་རིགས་པའི་རྣམ་གྲངས་དུ་
ངེས་སྒྲོན་རྣམ་བཤད་འོ ད་ཟེར་དྲི་མེད།
མའི་སྒོ་ནས་དཔྱད་པར་བྱས་པས་བདག་མེད་པ་དང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་
ཚུལ་དུ་རྟོགས་པར་བྱས་ནས། དེ་ཡང་དང་པོར་བདག་མེད་ཅིང་སྟོང་པར་གཏན་ལ་འབེབ་
ཚེ་དཔྱད་པ་བྱས་པ་ཙམ་ཉིད་ཀྱིས་དེས་ཆོག་དུ་མི་བཞག་པར་གོམས་པར་བྱེད་དགོས་ཏེ།
དེའི་རྒྱུ་མཚན་ཐོག་མ་མེད་པ་ནས་དངོས་པོར་ཞེན་པ་གོམས་ཆེས་པས་ན་བག་ཆགས་
དེ་བཟློག་པའི་གཉེན་པོར། དཔྱད་དོན་དེ་ཉིད་ཡང་ཡང་འཛིན་སྟངས་དོན་མཐུན་གྱིས་
སླར་དཔྱད་པ་དང་བཅས་ཏེ་བསྒོམ་དགོས་སོ། །གཉིས་པ་ནི། བདག་མེད་སོགས། དེ་
ལྟར་བསྒོམ་པ་ཅིའི་ཕྱིར་ན་བདག་མེད་ཀྱི་དོན་གོམས་པས་བདག་ཏུ་ལྟ་བུ་མངོན་གྱུར་
པ་ཙམ་སྤང་བ་མ་ཡིན་པར་ས་བོན་དྲུང་ནས་འབྱིན་པའི་ཕྱིར་དུ་འདི་ལྟ་བུས་དཔྱད་སྒོམ་
དགོས་ཞེས་དོན་གཟིགས་མཁས་གྲུབ་དུ་མས་ནན་ཏན་དུ་བསྒྲུབས་པར་བྱེད་པའི་ཕྱིར་ཏེ།
རྒྱན་ལས། ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །
ཞེས་གསུངས་སོ། །གསུམ་པ་ནི། དང་པོའི་ལས་སོགས། དེ་ཡང་སྤྱིར་རིམ་གྱིས་པའི་
ལམ་གྱི་དང་པོའི་འཇུག་སྒོ་བདག་མེད་ཡིན་པ་དང་། དེར་མ་ཟད་རྡོ་རྗེ་ཐེག་པའི་ལམ་
གྱི་དག་མཉམ་དབྱེར་མེད་རྟོགས་པ་ལའང་དང་པོ་མཉམ་ཉིད་དུ་རྟོགས་དགོས་ཤིང་། དེས་
ན་དང་པོའི་ལས་ཅན་གྱི་འཇུག་པའི་སྒོ་འདི་གོམས་ན་དངོས་གཞིའི་འཇོག་སྒོམ་ཀྱང་
གོལ་འཆུག་མེད་པའི་ཐབས་འདི་ཡིན་ན། ལམ་གནད་ལ་རྨོངས་པ་འགའ་ཞིག་དང་
པོ་ནས་འཛིན་སྟངས་དང་དཔྱད་སྒོམ་དེ་སྐྱོན་ཡིན་པས་སྤོང་དགོས་ཞེས་པ་སྨྲ་བ་ནི་ཐར་
ལམ་ལ་བར་དུ་གཅོད་པའི་བདུད་ཀྱི་གསང་ཚིག་བཀྱེ་བ་ཡིན་པས་བླང་དོར་ལ་མ་རྨོངས་
པར་བྱའོ། །གཉིས་པ་ལ། མེད་འཛིན་གྱི་གཉེན་པོར་འཛིན་མེད་སྤྲོས་བྲལ་ཡིན་ཚུལ།
དེས་གནད་སྟོང་རྟེན་འབྱུང་དབྱེར་མེད་པའི་དབང་གིས་ཡིད་ཆེས་རུང་ཚུལ། བླུན་བསྒོམ་
རྟོགས་རློམ་ཅན་ལ་ཐེ་ཚོམ་སྐྱེ་བའི་རྒྱུ་མཚན་གསུམ། དང་པོ་ནི། འཛིན་སྟངས་སོགས།
དེ་ལྟར་བདག་མེད་པའི་འཛིན་སྟངས་དེས་དྲང་བའི་སྟོབས་ཀྱིས་ཆོས་ཐམས་ཅད་ཀྱི་གནད་
གསང་སེམས་ཉིད་སྐྱེ་བ་མེད་པའི་བདེན་སྟོང་ལ་ཐེ་ཚོམ་མེད་པའི་ངེས་ཤེས་མཆོག་ཏུ་
འདྲོངས་བའི་ཚེ་ད་གདོད་མེད་དགག་ཙམ་པོས་འཛིན་སྟངས་དེ་ནི་ཡུལ་ཅན་བློ་ཡི་རྣམ་
པ་ཙམ་ཡིན་གྱི། ཡུལ་ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་མ་ཡིན་པས་
སླར་སྒྲོ་འདོགས་སོ་གཉིས་ཀྱི་སྤྲོས་པ་དང་བྲལ་བའི་སྤྲོས་བྲལ་རྣམ་གྲངས་མ་ཡིན་པའི་
དོན་དམ་སྣང་སྟོང་ཟུང་འཇུག་ཆེན་པོ་ནི་མེད་པའི་འཛིན་སྟངས་དེས་གཉེན་པོར་བསྒོམ་
དགོས་སོ། །གཉིས་པ་ནི། བདེན་སྟོང་སོགས། གལ་ཏེ་ཅིར་ཡང་མི་འཛིན་པ་དེས་སྲིད་
པ་བཟློག་པ་ལ་ཐེ་ཚོམ་དང་བཅས་སོ་སྙམ་ན། མ་ཡིན་ཏེ་འདི་ལྟར་ཀུན་བྱང་གི་ཆོས་ཐམས་
ཅད་ལ་མེད་པར་དགག་པའི་བདེན་སྟོང་ཕུ་ཐག་ཆོད་པ་ཞིག་རྟོགས་པར་གྱུར་ན། མེད་
པར་དགག་བཞིན་པའི་སྟོང་པ་དེ་སྟོང་པ་རྐྱང་བ་མ་ཡིན་པར་རྟེན་འབྱུང་འགག་མེད་སྒྱུ་
མའི་རོལ་བར་ཤར་བ་ཡང་རྟོགས་ལ། དེ་ཡི་ཚེ་སྣང་ཕྱོགས་དང་སྟོང་ཕྱོགས་གང་དུའང་
མ་ལྟུང་བས་སྣང་སྟོང་སོ་སོར་ཅིར་ཡང་མི་འཛིན་ལ། མ་བཟུང་ཀྱང་འཁོར་རྩ་མི་ཆོད་
པ་མ་ཡིན་པར་མ་ཟད་སྲིད་ཞི་གཉིས་ཀའི་མཐའ་ལས་འདས་པ་ལ་མེ་ཡི་ཁུ་ནས་དག་
པའི་གསེར་བཙོ་མ་ཇི་ལྟ་བ་བཞིན་དུ་ཡིད་ཆེས་ཕྱིར་མི་ལྡོག་པ་རུང་མོད་ཀྱི་ཞེས་སྤྲོས་
པ་རིམ་གྱིས་ཆོད་པའི་འཛིན་མེད་མཆོག་ཏུ་བསྟན་ཏོ། །གསུམ་པ་ནི། གཞན་དུ་སོགས།
དེ་ལས་གཞན་དུ་སྤྲོས་པ་རིམ་བཞིན་གཅོད་མི་དགོས་པར་དང་པོ་ཉིད་ནས་ལས་བཟང་
ངེས་སྒྲོན་རྣམ་བཤད་ལས། འོད་ཟེར་དྲི་མེད།་
ངན་དང་དབང་པོ་རྣོ་རྟུལ་སོགས་ལ་ལྟོས་མི་དགོས་པར་ངོ་སྤྲོད་ཀྱི་ཚིག་ཙམ་མཐོང་ཐོས་
ཡོད་པ་ནས་གནས་ལུགས་རྟོགས་པར་རློམ་ནས་འཛིན་སྟངས་མི་དགོས་པ་ནི་དཀའ་སྟེ།
དེའི་རྒྱུ་མཚན་རྟོགས་བྱའི་ཁྱད་པར་ཆེས་ཆེར་ཟབ་པའི་གནད་འཕགས་པའི་གང་ཟག་
རྣམས་ཀྱི་སྤྱོད་ཡུལ་དེ་ཉིད། གང་ཟག་ཁྱད་པར་ཅན་འཕགས་བོད་ཀྱི་མཁས་གྲུབ་ཆེན་
པོ་རྣམས་ཀྱིས་ཀྱང༌། དུས་ཀྱི་ཁྱད་པར་ཡུན་རིང་པོས་བར་དུ་རྩོལ་བའི་ཁྱད་པར་འབད་
པ་དང་བཅས་ནས་གདོད་རྟོགས་པའི་དོན་དེ་ཉིད་ཀྱེ་མ་དེང་དུས་སྙིགས་མའི་འགྲོ་བ་
བླུན་པོས་ཀྱང་འབད་རྩོལ་མི་དགོས་པར་དུས་ཐུང་ངུ་ཡུད་ཙམ་ལ་ཟབ་མོའི་གནས་ལུགས་
དེ་འདྲ་རྟོགས་སོ་ཞེས་སྨྲ་ཁམས་ཅན་དེ་དག་གིས་རྟོགས་པར་སྨྲ་བ་ལ་ཐེ་ཚོམ་གཡོ་སྟེ།
རྒྱུ་རྐྱེན་མ་ཚང་བས་འབྲས་བུ་འབྱུང་བ་ཨེ་སྲིད་སྙམ་མོ་གསུངས། གཉིས་པ་འཛིན་མེད་
དངོས་གཞིའི་དོན་བསྒོམ་པ་ལ། ཡུལ་སྤྲོས་བྲལ་དུ་མཐོང་བའི་རྒྱུ་མཚན་གྱིས་བློས་རྣམ་
པ་འཛིན་མེད་ཡིན་པ། འཛིན་པ་མེད་ཀྱང་འོད་གསལ་གྱི་རང་མདངས་ལྷག་མཐོང་དུ་
འཆར་བ། དེ་འདྲའི་ངེས་ཤེས་དེ་སྒྲོ་བསྐུར་གྱི་གཉེན་པོར་འགྱུར་བ་དང་གསུམ་ལས།
དང་པོ་ནི། དངོས་གཞི་སོགས། དེ་ལྟར་ལམ་རིམ་གྱིས་པ་དེས་སྤྲོས་པ་རེས་འཇོག་གི་
ཚུལ་དུ་ཆོད་ནས་མཐར་དངོས་གཞི་འཇོག་སྒོམ་གྱིས་ཉམས་སུ་ལེན་པའི་ཚུལ་དེ་ཡང་
སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀུན་ཡོད་པ་རྟག་པའི་མཐའ་
དང་མེད་པ་ཆད་པའི་མཐའ་སོགས་མཐའ་ཐམས་ཅད་ལས་འདས་པ་ནི་སུས་ཀྱང་གསར་
དུ་བཟོས་པ་དང་བཅོས་པ་མ་ཡིན་པར་དོན་གྱི་གཤིས་ལུགས་སུ་གདོད་ནས་གཞུགས་
པ་ཡིན་ལ། དེ་ལྟ་ན་ཤེས་བྱ་རང་གི་ཡིན་ལུགས་ལ་ཡོད་མེད་ཅིར་ཡང་མ་གྲུབ་པ་ཡིན་
ཁྲོ་ཤུལ་མཁན་པོ་{ འཇམ་རྡོར་གྱིས་མཛད།
ན༑ མི་སྟོང་པའི་སྣང་བ་རེ་དང་། སྣང་བ་དང་མ་འདྲེས་པའི་སྟོང་པ་ཕྱོགས་རེར་འཛིན་
པ་ནི། ཡུལ་ལ་མེད་པ་བློ་ཡིས་སྤྲོས་པའི་མཐའ་དང་བཅས་པར་བྱས་པའི་བཅོས་མ་གློ་
བུར་བ་ཡིན་པ་དེ་ཕྱིར། ཡང་དག་པའི་ལུང་དང་མཐར་ཐུག་པའི་རིགས་པས་རྣམ་པར་
དཔྱད་ཚེ་བློས་གང་བཟུང་གི་ཡུལ་དེ་ཐམས་ཅད་གཞིག་མི་ནུས་པ་ཤེས་བྱའི་ཁོང་ན་རྡུལ་
ཕྲ་རབས་ཙམ་ཡང་མེད་དེ། ཆོས་ཉིད་ཀྱི་རིགས་པ་ལ་ཉེ་རིང་མི་མངའ་བའི་རྒྱུ་མཚན་
དེས་ཕྱིར། ཅིར་ཡང་གྲུབ་པ་མ་མཐོང་བས་ན་གང་ཅིར་ཡང་རུང་བའི་ཕྱོགས་སུ་འཛིན་
པ་ཞིག་ག་ལ་སྐྱེ་སྟེ། རྣམ་ཤེས་སྐྱེ་བ་ནི་ཡུལ་ཡོད་ཅིང་ཡོད་པ་དེའི་རྣམ་ལྡན་དུ་སྐྱེ་དགོས་
ན་འདི་ལ་ཡུལ་ཅི་ཡང་མེད་པའི་ཕྱིར། སྤྱོད་འཇུག་ལས། དཔྱད་བྱ་རྣམ་པར་དཔྱད་བྱས་
ན༑ ༑རྣམ་དཔྱོད་ལ་ནི་རྟེན་ཡོད་མིན། །རྟེན་མེད་ཕྱིར་ན་མི་སྐྱེ་སྟེ། །དེ་ཡང་མྱ་ངན་འདས་
པར་བརྗོད། །ཞེས་གསུངས་སོ། །གཉིས་པ་ནི། འོན་ཀྱང་སོགས། འོན་ཀྱང་ཉན་ཐོས་
ཞི་བར་ཞུགས་པ་ལྟར་ཅི་ཡང་མི་ཤེས་པ་མ་ཡིན་ཏེ། མཐའ་བཞིའི་སྤྲོས་པ་ཀུན་དང་
བྲལ་བའི་ཚུལ་རྣམ་པར་དཔྱད་པས་དྲངས་པའི་ངེས་ཤེས་འཕྲོག་ཏུ་མེད་པའི་ལྟ་བ་དེ་ལས་
བསྒོམ་པའི་ཚེ་ན་ཡང་ཅི་ཤེས་འདི་ཤེས་མེད་པ་མ་ཡིན་པར། རང་བྱུང་འོད་གསལ་ཤེས་
རབ་ཀྱི་རྩལ་འགག་མེད་ལྷག་མཐོང་འཇམ་དཔལ་རྡོ་རྗེའི་སྒྲོན་མེ་ནི། དཔེར་ན་འཇིག་
རྟེན་གྱི་མར་མེ་བཞིན་དུ་གསལ་བོར་འགྱུར་རོ། །དེ་ཡང་ཇི་སྐད་དུ། འདོད་པ་ཁྱོད་ཀྱི་
རྩ་བ་ནི། །ཤེས་ཏེ་ཀུན་ཏུ་རྟོག་ལས་སྐྱེ། །ཞེས་གསུངས་པའི་ཀུན་རྟོག་འགགས་ཤིང་
ལྷག་མཐོང་གི་རྩལ་འབར་བར་འགྱུར་རོ། །གསུམ་པ་ནི། དེ་དང་རྣམ་སོགས། དེ་འདྲའི་
ལྷག་མཐོང་དེ་དང་རྣམ་པ་དང་འཛིན་སྟངས་འགལ་བ་ཡི། མཐའ་བཞིའི་སྤྲོས་པ་གང་
དུ་འཛིན་ཀྱང་མཐར་ཐུག་གི་དོན་ལ་བློ་ངན་ཕྱིན་ཅི་ལོག་གི་ལྟ་ངན་མུན་པའི་སྨག་ལྟ་
བུ་དེ་དག་ས་བོན་དྲུང་ནས་འབྱིན་པའི་གཉེན་པོ་ལྷག་མཐོང་འདི་ཡིན་པས་སྤང་བྱ་འགོག་
པའི་གཉེན་པོར་ནམ་བསྒོམས་པ་དེས་ཚེ་ངེས་ཤེས་སྐྱེ་བ་དགོས་ཏེ། འདི་ལ་བརྟེན་ནས་
སྤང་བྱ་སྤང་བ་དང་གཉེན་པོ་འབྱུང་དགོས་པའི་ཕྱིར་རོ། །ད་ནི་གསུམ་པ་དོན་བསྡུ་བ་
ལ༑ རིམ་ཅིག་ཆར་གྱི་སྤང་རྟོགས་ཀྱི་ཡོན་ཏན་བཤད་པ། དེ་གཉིས་ཀ་བཞིན་དུ་མ་རྟོགས་
མ་དཔྱད་པས་ཕྱིན་ཅི་ལོག་གི་ལྟ་ངན་བཤད་པ། དེ་གཉིས་ཀྱི་ཁྱད་པར་རྟགས་ལས་དཔོག་
ཚུལ་དང་གསུམ་ལས། དང་པོ་ལ། དབང་རབ་ཅིག་ཆར་བའི་སྤྱོད་ཡུལ་བློ་བྲལ་གཉུག་
མའི་དབྱིངས་རྟོགས་དཀའ་བར་བསྟན་པ། དེའི་ཕྱིར་ཐོས་བསམ་ལྟ་བའི་ལུགས་བཞིན་
གོམས་པས་ཀྱང་སྤང་རྟོགས་ཀྱི་ཡོན་ཏན་འབྱུང་བ་གཉིས་ལས། དང་པོ་ནི། མཐའ་བཞི་
སོགས། དེ་ཡང་གདུལ་བྱའི་ཁམས་ན་ཁམས་དབང་སོགས་ཀྱི་ཁྱད་པར་ཅིག་ཆར་བ་
དང་རིམ་གྱིས་པ་དང་། ཡུལ་ལ་སྤྲོས་པ་ཆོད་ཚུལ་གྱིས་ཀྱང་དེ་ལྟར་ཡོད་མོད། འོན་ཀྱང་
མཐའ་བཞིའི་སྤྲོས་པ་རེས་འཇོག་ཏུ་གཅོད་མི་དགོས་པར་ཅིག་ཆར་དུ་ཁེག་པ་བློ་ལས་
འདས་པ་འོད་གསལ་གཉུག་མའི་དབྱིངས་དེ་ཉིད་ལ་ལས་འཕྲོ་ཅན་དང་དབང་རྣོན་འགའ་
ཙམ་དང་འཕགས་པའི་གང་ཟག་སོགས་འཇུག་ནུས་ཀྱང་། སོ་སོའི་སྐྱེ་བོས་ས་འདི་ཉིད་
ན་གནས་པ་རྣམས་ནི་ཕལ་ཆེར་རེས་འཇོག་གི་སྒོམ་པ་ལས་ཆོས་ཉིད་ཅུར་ཕོག་གི་ཚུལ་
གྱིས་མཐོང་དཀའ་བར་གནས་པས་སོ། །གཉིས་པ་ནི། མཐའ་བཞིའི་སོགས། དེ་ལྟར་
རྟོགས་མི་ནུས་པས་མཐའ་བཞིའི་སྤྲོས་པ་རེས་འཇོག་གི་ཚུལ་ཏུ་འགོག་པ་འདི་ནི་དབུ་
མའི་ལྟ་རིམ་བཞིན་དུ་གོམས་པར་བྱེད་པ་ཡིན་པས་དེ་ནི་ཐོས་བསམ་ལྟ་བུའི་ལུགས་
ཁྲོ་ཤུལ་མཁན་པོ་འཇམ་རྡོར་གྱི་ས་མཛད།
ཡིན་ལ། དེས་ཀྱང་སྤྲོས་པ་ཅིག་ཆར་མ་ཁེག་ཀྱང་དེ་ལ་ཇི་ཙམ་གོམ་པ་བཞིན་གཉེན་
པོ་ངེས་ཤེས་ཇེ་བས་ཇེ་གསལ་དུ་སོང་ནས་མཐར་སྤང་བྱ་ཕྱིན་ཅི་ལོག་གི་མུན་པ་སྒྲོ་འདོགས་
ཐམས་ཅད་རིམ་གྱིས་བསྣུབ་པར་བྱས་པའི། རྟོགས་པའི་ཡེ་ཤེས་སམ་བློ་གྲོས་ཡར་
ངོས་ཀྱི་ཟླ་བ་ལྟ་བུར་འཕེལ་ནས་དོན་དམ་རྟོགས་ནས་སྤང་བྱ་འགག་པར་འགྱུར་རོ། །
གཉིས་པ་ནི། ཅིར་ཡང་སོགས།དེ་ལྟར་མིན་པར་སྟག་མཆོངས་བའི་རྗེས་སུ་ཝས་བསྙེགས་
ཏེ་དང་པོ་ནས་ཅིར་ཡང་མ་རྟོགས་བཞིན་དུ་ཡོད་མེད་གང་ཡང་མི་འཛིན་པར་འཇོག་པའི་
ལྟ་ངན་དེ་ལ་དང་པོ་ཆོས་དངོས་གང་ཟག་གི་བདག་ཅིར་ཡང་མ་གྲུབ་པའི་ངེས་ཤེས་སྐྱེ་བ་
ག་ལ་ཡོད་དེ་མེད་ན་དེས་ཅིར་ཡང་མི་འཛིན་པའི་སྒོམ་ངན་དེས་སྤང་བྱའི་གཉེན་པོ་མི་
བྱེད་པ་དེས་ན་ཉོན་མོངས་ཤེས་བྱའི་སྒྲིབ་པ་གང་ཡང་སྤོང་མི་ནུས་ཏེ་སྟོང་ཉིད་རྟོགས་པ་མེ་
ད་པའི་ཕྱིར། དེ་ལྟར་ཡང་སྤྱོད་འཇུག་ལས། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི།།མུན་
པའི་གཉེན་པོ་སྟོང་པ་ཉིད། །མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །དེ་ནི་ཇི་ལྟར་བསྒོམ་
མི་བྱེད། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་རྟགས་ལས་དཔོག་ཚུལ་ལ། སྤྱི་དང་བྱེ་
བྲག་གཉིས་ལས། དང་པོ་ནི། དེ་ཕྱིར་སོགས། རྒྱུ་མཚན་དེ་ཕྱིར་རིམ་ཅིག་ཆར་གཉིས་ཀ་
ཚུལ་བཞིན་དུ་གོམ་པའི་འཛིན་མེད་ཀྱི་སྒོམ་དང་། དེ་གཉིས་ཀ་གང་ཡང་མིན་པའི་གཟུ་
ལུམ་གྱི་འཛིན་མེད་འདི་གཉིས་ཀྱི་ཁྱད་པར་ཡང་། དུ་བའི་རྟགས་ལས་མེ་དཔོག་པ་བཞིན་
དུ་སྤང་བ་དང་རྟོགས་པའི་ཡོན་ཏན་བོག་སྐྱེད་ཐོན་པ་དང་མི་ཐོན་པའི་ཚུལ་ལས་ཤེས་
ནུས་པའི་ཕྱིར་རོ། །གཉིས་པ་ལ། བླུན་སྒོམ་གྱི་འཛིན་མེད་སྤང་རྟོགས་ཀྱི་རྒྱུ་མིན་པ།
ཡང་དག་པའི་ལྟ་བ་སྤང་རྟོགས་ཀྱི་རྒྱུ་ཡིན་པ་གཉིས་ལས། དང་པོ་ནི། གང་ཕྱིར་སོགས།
ངེས་སྒྲོན་རྣམ་བཤད་ང འོད་ཟེར་དྲི་མེད། །
འདི་ལས་ཡོན་ཏན་མི་འབྱུང་བ་རྒྱུ་མཚན་གང་གི་ཕྱིར་ན་ཅི་ཡང་མ་ཤེས་པའི་བླུན་བསྒོ་
་ལས་ས་ག་ཡས་ཡ
ཅད་ས
ཐ་མལ་དུ་སྡོད་པ་ནི། སྤང་བ་དང་རྟོགས་པའི་ཡེ་ཤེས་གང་གི་ཡང་རྒྱུ་མིན་ལ།ཇི་སྐད་དུ།
དོན་ལ་ངེས་པའི་གདིང་ཐོབ་ན།།ཐུགས་ནས་ཆོས་གཏེར་འབུམ་ཕྲག་རྡོལ།།ཞེས་གསུང་
ས་པ་ལྟ་བུའི་རྣམ་པར་འབྱེད་པའི་ཤེས་རབ་དང་།བྱམས་སྙིང་རྗེ་སོགས་ལམ་དང་འབྲས་
བུའི་ཡོན་ཏན་ཐམས་ཅད་སྐྱེ་བའི་གེགས་ཡིན་ཅིང་ཐ་ན་ཚུལ་ཁྲིམས་གཙང་བ་ཙམ་ཡང་
མེད་པར་རྒྱ་ཇ་ཚགས་ལ་དྲང་ན་སྙིང་པོ་དང་དྭངས་མའི་ཆ་ཟག་ཅིང་སྙིགས་མ་ཇ་ལོ་
ལུས་པ་བཞིན་དུ་ལུང་རྟོགས་སྔར་ཡོད་ཀྱི་ཡོན་ཏན་རྣམས་མར་མར་དུ་འགྲིབ་ཅིང་གསར་
དུ་མི་སྐྱེ། སྔར་མེད་ཀྱི་སྐྱོན་དང་ཉོན་མོངས་གསར་དུ་སྐྱེས་ནས་གོང་དུ་འཕེལ་ཞིང་།
ཁྱད་པར་དུ་སྟོང་ལྟ་ཧད་པོས་རྒྱུ་འབྲས་ཀྱི་གནས་ལ་ཡིད་ཆེས་ཇེ་ཆུང་དུ་སོང་ནས་མཐར་
འདི་མེད་ཕྱི་མེད་ཀྱི་རང་རྒྱུད་ནག་པོ་ཁ་འབྱམས་སུ་འགྱུར་རོ། །
གཉིས་པ་ལ། སྤང་རྟོགས་ཀྱི་རྒྱུ་ཡིན་ཚུལ་དངོས་དང་། དེ་འདྲའི་རྟོགས་པ་དེ་ཞི་ལྷག་
ཟུང་འཇུག་གི་ཆོས་ཉིད་ཡིན་པ། དེས་ཕྱིར་འཛིན་པ་མེད་ཀྱང་ཡིད་ཆེས་སྐྱེ་བ་དང་གསུམ་
པས། དང༌ པོ་ནི། ཡང་དག་སོགས། སྟོང་རྟེན་འབྱུང་འདུ་འབྲལ་མེད་པའི་གནས་
ལུགས་རྟོགས་པའི་ཡང་དག་པའི་ལྟ་བའི་མིག་དང་ལྡན་ན་རྒྱུད་ན་སྔར་ཡོད་ཀྱི་ཡོན་
ཏན་གོང་འཕེལ་དུ་འགྱུར་བ་སྨོས་ཅི་དགོས་ཀྱི་སྔར་མེད་པའི་ལུང་དང་ཉམས་རྟོགས་
ཀྱི་ཡོན་ཏན་རྣམས་ཤིང་སྐམ་མེ་ལ་བསྣན་པ་བཞིན་དུ་འབར་བར་འགྱུར་ཞིང་། ཆོས་
ཐམས་ཅད་སྟོང་པ་ཉིད་དུ་མཐོང་ཞིང་རྟོགས་པ་དེ་ཡི་ཡོན་ཏན་ལས་སྟོང་ཉིད་ཀྱི་རང་
བཞིན་ལས་རྒྱུ་འབྲས་ཀྱི་རྟེན་འབྲེལ་བསླུ་མེད་དུ་འཆར་བ་ལ་ཤིན་ཏུ་ཡིད་ཆེས་ཤིང་
ཁྲོ་ཤུལ་མཁན་པོ་འཇམ་རྡོར་གྱིས་མཛད། རྒྱུ་
གཉེན་པོ་ཅི་ཙམ་དུ་གོམས་ཤུགས་ཆེ་ན་སྤང་བྱ་ཉོན་མོངས་དང་རྣམ་རྟོག་དེ་ཙམ་དུ་ཆུང་
བར་འགྱུར་ཞིང་། ཆེད་དུ་མ་བསྒོམ་ཀྱང་སྙིང་རྗེ་ཆེན་པོ་རྩོལ་མེད་དུ་འབྱུང་བ་དང༌། མདོ་
རྒྱུད་རྒྱ་མཚོའི་གནས་ལ་ཤེས་རབ་ཀྱིས་རང་བྱན་ཚུད་པ་སོགས་ཡོན་ཏན་རྣམས་འབྱུང་
བར་འགྱུར་རོ། །
གཉིས་པ་ནི། དཔྱད་པས་སོགས། དེ་ལྟར་མཐའ་ཡི་སྤྲོས་པ་ཀུན་ལས་འདས་པའི་ཟུང་
འཇུག་གཉུག་མའི་དབྱིངས་དེ་ཉིད་ལ། དངོས་སྟོབས་རིགས་པ་ཚད་པས་དཔྱད་པའི་
སྟོབས་ཀྱི་ངེས་ཤེས་བཟང་པོ་དྲངས་པའི་ངང་མདངས་མ་ཤོར་བར་དེའི་ངང་ལ་རྩེ་གཅིག་
ཏུ་བཞག་པའི་རྣམ་མེད་ཀྱི་ཏིང་ངེ་འཛིན་ནམ་མཁའ་ལྟ་བུའི་དོན་ལུ་སྤྲོས་པ་ཅི་ཡང་མ་
མཐོང་བའི་ཆོས་ཉིད་མཐོང་བ་དམ་པའི་དོན་གྱི་བཞུགས་ཚུལ་ཡང་དག་པའི་མཐོང་
དོན་དེ་ནི་སྟོང་མི་སྟོང་སོགས་གང་གི་ཕྱོགས་སུ་མ་ལྷུང་བས་ཕྱོགས་ལྷུང་དང་བྲལ་བའི་
ཚུལ་ནི། མདོ་སྡུད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །
ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་པ་ཡང་
དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །
ཞེས་གསུངས་པ་བཞིན་ནོ། །གསུམ་པ་ནི། ཅིར་ཡང་སོགས། དེ་བས་ན་ཡང་དག་པའི་
གནས་ལུགས་མཐོང་ཚེ་ངོས་ཅུར་ཡང་བཟུང་བུ་མེད་མོད་ཀྱི་འོན་ཀྱང་ཅི་ཡང་མ་ངེས་
པས་མ་བཟུང་བ་མ་ཡིན་པར། དཔེར་ན་སྨྲ་བ་ཅི་ཡང་མེད་པའི་ལྐུགས་པས་བུ་རམ་གྱི་
རོ་མྱོང་བ་ན་མངར་བ་ལ་ཐེ་ཚོམ་མེད་པ་ལྟར་མཐར་ཐུག་གི་དོན་ལ་འཛིན་སྟངས་མི་
དགོས་པར་བཤད་པ་ལ་ཐེ་ཚོམ་གྱི་སྒྲོགས་ལས་གྲོལ་བའི་ཡིད་ཆེས་ཁྱད་པར་ཅན་ནི།
ཞི་ལྷག་ཟུང་འཇུག་ཏུ་གོམས་པའི་རྣལ་འབྱོར་ལ་སྐྱེ་ཡི། དེ་ལས་གཞན་པའི་མཐའ་གཅིག་
ཏུ་དཔྱད་པ་ཁོ་ན་དགོས་པར་འདོད་པ་དང༌། མཐའ་གཅིག་ཏུ་འཇོག་པའི་ཞི་གནས་ལ་
བརྩོན་པ་ཁོ་ནས་ཐེ་ཚོམ་ཆོད་པ་དང་ཡིད་ཆེས་སྐྱེ་དཀའ་ལ་དེར་མ་ཟད་དེང་སང་ནི་ཐེ་
ཚོམ་དགོས་པ་ཙམ་ཡང་མི་ཤེས་པར་དྲན་མེད་མུན་པའི་ཀློང་དུ་གཉིད་ལ་ཡུར་བ་སྒོམ་
དུ་རློམ་པ་ཡང་ཡོད་པས་བླང་དོར་གྱི་ཚུལ་ལ་ཅུང་ཟད་རེ་རྟོག་དགོས་པར་མངོན་ནོ། །
སྨྲས་པ། ཕྱོགས་རེས་འཛིན་སྟངས་སྒྲོན་མེའི་སྣང་བ་ཡིས། །ཕྱོགས་རེ་གྲིབ་མས་ཁེབ་
ལ་མ་ཕྱིན་པས། །སེལ་བྱེད་ཉི་མའི་དཀྱིལ་འཁོར་འདི་མཐོང་ན། །ལེགས་ཉེས་ཚེས་
བརྒྱད་ཟླ་བའི་དཀྱིལ་འཁོར་བཞིན། །
གཉིས་པ་བསྒོམ་པ་དཔྱད་འཇོག་གང་འཐད་ཀྱིས་རྣམ་བཞག་ལ། དྲི་བ་དང་། དེའི་དོན་རྒྱས་
པར་བཤད་པ་གཉིས་ལས། དང་པོ་ནི། ཐེག་མཆོག་སོགས། ཡང་འདི་ལྟར་སངས་རྒྱས་ཐོབ་
པའི་ཐབས་མ་ནོར་བ་ཐེག་པ་མཆོག་གི་ངེས་དོན་ཟབ་མོའི་གནས་ལུགས་ལྟ་བའི་དོན་བསྒོམ་
པ་ལ། དཔྱད་བཞིན་ཏུ་བསྒོམ་པ་ཁོ་ན་དང་། མི་དཔྱད་པར་འཇོག་བསྒོམ་ཁོ་ན་བྱེད་པ་གཉིས་པོ་
ལས་གང་འཐད་ཅེས་དྲི་ན། གཉིས་པ་རྒྱས་བཤད་ལ། རང་གཞན་སུའི་ལུགས་ཀྱི་ལྟ་བའི་
དོན་བསྒོམ་པ་ལ་དཔྱད་འཇོག་ཕྱོགས་རེར་འཛིན་པ་མི་རུང་བས་མདོར་བསྟན། དཔྱད་
འཇོག་གི་སྐབས་དོན་སོ་སོར་ཤན་ཕྱེས་ཏེ་སྔ་མ་གཉིས་པོའི་གོ་དོན་གྱི་རྣམ་བཞག་རྒྱས་པར་
བཤད་པ་གཉིས་ལས། དང་པོ་ལ། མཐའ་གཅིག་ཏུ་འཇོག་པ་དང༌། དཔྱད་པ་དང༌། དེ་
གཉིས་ཕྱོགས་རེར་འཛིན་པ་མི་རུང་བར་བསྟན་པ་དང་གསུམ་ལས། དང་པོ་ནི། ལ་ལས་སོགས།
དེ་ཡང་སྤྱིར་འཇིག་རྟེན་ན་གྲགས་པ་ཙམ་ལ་ཀུ་སུ་ལུའི་འཇོག་སྒོམ་དང༌། པཎྜི་ཏས་
ཁྲོ་ཤུལ་མཁན་པོ་འཇམ་རྡོར་གྱིས་མཛད།
དཔྱད་སྒོམ་ཅེས་གྲགས་པ་ལ་དེ་གཉིས་ཀྱང་གང་ཟག་སུས་ཉམས་སུ་བླང་ཀྱང་ཕྱོགས་
རེར་འཛིན་ན་སྐྱོན་རེ་གནས་མོད། ཁྱོད་པར་དེང་གི་དུས་སུ་བཀའ་དང་དགོངས་འགྲེལ་
གྱི་དོན་ལ་ཆེར་བརྩོན་པའི་ཐོས་བསམ་མི་ནུས་པ་ལ་ལས་ལུང་རིག་མན་ངག་གི་དོན་
བཞིན་དུ་དཔྱད་པ་མི་བྱེད་པར་ཅི་ཡང་མི་དཔྱད་པར་ཆམ་གྱིས་བཞག་ཏེ་བསྒོམ་དགོས་
ཀྱི༑ དེའི་རྒྱུ་མཚན་ཐོས་སོགས་ཀྱི་དོན་དཔྱད་པ་ནི་རྣམ་པར་རྟོག་པ་ཡིན་པས་དོན་དམ་
པ་ལ་བསྒྲིབ་པས་ན་གནས་ལུགས་དང་སྣང་ལུགས་རྣམ་ཤེས་དང་ཡེ་ཤེས་སོགས་ཀྱི་
དོན་བླང་དོར་གང་ཡང་མ་དཔྱད་པར་དེ་ཐམས་ཅད་མགོ་མཉམ་པར་སློམ་ཡོར་ཙམ་དུ་
ཞོག་དང་མན་ངག་གི་གནད་ཡིན་པས་དེས་གོ་ཆོད་ཅེས་ཟེར། གཉིས་པ་ནི། ལ་ལས་
༣ !
ཡང་མཁས་པ་ལ་ལས་ལྷག་མཐོང་གི་རྩ་བ་བདེན་མེད་
དགོས་ཀྱི་དཔྱད་པ་དང་བྲལ་པའི་འཇོག་བསྒོམ་བྱེད་པ་ནི། དཔེར་ན་གཉིད་དུ་སོང་
པས་བདེན་འཛིན་མི་ཆོད་པ་ལྟར་སྤང་རྟོགས་གཉིས་ཀའི་ཡོན་ཏན་སྐྱེ་བ་ལ་ཅི་ཡང་མི་
ཕན་པས་མཉམ་རྗེས་ཀྱི་དུས་ནམ་ཡང་དཔྱད་པ་བྱེད་དགོས་སོ་ཟེར། གསུམ་པ་ནི། སྒོམ་
པ་སོགས། འོ་ན་ཁྱེད་ཅག་གཉིས་ཀའི་གང་ལྟར་ཡིན་སྙམ་ན། གཉིས་ཀ་ལྟར་མིན་དེ་
འདི་གཉིས་ནི་ཕྱོགས་རེར་འཛིན་པ་ཡིན་ན། ལྟ་བའི་དོན་བསྒོམ་པ་ལ་དཔྱད་འཇོག་
གཉིས་ཀ་མཐའ་གཅིག་ཏུ་ཕྱོགས་རེའམ་གང་རུང་རེར་འཛིན་པ་མི་རུང་སྟེ་ཞི་ལྷག་ཟུང་
འབྲེལ་དགོས་པའི་ཕྱིར་རོ། །གཉིས་པ་ལ། ཐུན་མོང་པ་སྤྱིར་བསྟན་པ་དང༌། ཐུན་མིན་
གྱི་རང་ལུགས་ཕྱེ་སྟེ་བཤད་པ་གཉིས་ལས། དང་པོ་ལ། འཇོག་སྒོམ་ཕལ་གྱིས་ཞི་གནས་
ཙམ་འགྲུབ་ཀྱང་སྒྲིབ་པ་མི་སྤོང་པ་དང་། སྒྲིབ་པ་སྤོང་བྱེད་ཀྱི་གཉེན་པོ་ཆོས་རྣམས་ཀྱི་
རང་བཞིན་ཤེས་པའི་ལྷག་མཐོང་དགོས་ཚུལ་གཉིས་ལས། དང་པོ་ནི། མ་དཔྱད་པ་ཡི་
སོགས། འཇོག་སྒོམ་ཁོ་ན་བྱེད་པ་ཡང་དོན་མེད་དེ་གང་གི་ཕྱིར་ན་དང་པོ་ཉིད་ནས་བླང་
དོར་ཅི་ཡང་མ་དཔྱད་པ་ཡི་འཇོག་སྒོམ་ཕལ་ཆེ་བས་ཞི་གནས་ཙམ་མམ་འཇིག་རྟེན་
པའི་བསམ་གཟུགས་ཐུན་མོང་བ་རེ་འགྲུབ་པ་ཡོད་སྲིད་ཀྱང་། དེ་ལ་ཅི་ཙམ་བསྒོམ་
པས་དེ་ཙམ་དུ་སེམས་སེམས་བྱུང་འགོགས་པར་འགྱུར་བ་ལས། གནས་ལུགས་དཔྱད་
པའི་སྟོབས་ཀྱིས་དྲང་བའི་ངེས་ཤེས་ཅུང་ཟད་ཙམ་ཡང་མི་སྐྱེ་ལ་དེ་མ་སྐྱེས་པས་ཐར་
པའི་ལམ་དུ་བསྒྲོད་པའི་མིག་གཅིག་པུར་གྱུར་པ་ནི་ངེས་པའི་ཤེས་པ་ཐེ་ཚོམ་དང་བྲལ་
བ་ཉིད་ཡིན་ན། ཡང་དག་པའི་ལྟ་བ་མེད་པའམ་སྤང་བས་བསྒོམ་པ་ཙམ་གྱིས་སྒྲིབ་པ་
བསལ་མི་ནུས་པས་ན་སྤང་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའི་རྒྱུ་ནི་ཞི་ལྷག་ཟུང་
དུ་འབྲེལ་དགོས་ཏེ། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །
ཉོན་མོངས་རྣམ་པར་འཇོམས་པ་ཤེས་བྱས་ནས། །ཞེས་གསུངས་སོ། །གཉིས་པ་ལ།
ལམ་བསྒོམ་པ་ལ་ལྟ་བ་སྔོན་དུ་འགྲོ་དགོས་པ་དང་། དེའི་མཐུན་ཕྱོགས་བརྩོན་པ་དྲག་
པོ་དགོས་པའི་རྒྱུ་མཚན། མི་མཐུན་ཕྱོགས་འགལ་བ་སྟོབས་ལྡན་གནས་པའི་རྒྱུ་མཚན་
དང་གསུམ་ལས། དང་པོ་ནི། ཆོས་ཀྱི་སོགས། དེས་ན་སྒྲིབ་པ་བསལ་ནས་རྟོགས་པ་
སྐྱེ་བའི་རྒྱུ་ཆོས་རྣམས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་ཐོས་སོགས་ཀྱི་སྒོ་ནས་ཤེས་པ་ནི་
ཡང་དག་པའི་ལྟ་བ་ཡིན་ལ། དེ་མ་ཤེས་ན་དོན་ཡང་དག་པ་ཅི་ཞིག་བསྒོམ་ཏེ་བསྒོམ་
བྱའི་གནས་ལུགས་མ་ཤེས་ཕན་ཆད་རང་གར་ཐ་མལ་གྱི་རྣམ་རྟོག་ཤེས་ཀྱང་དེ་བསྒོམ་
པས་ནི། སྤང་རྟོགས་ཀྱི་ཡོན་ཏན་འབྱུང་ཞིང་ཐར་པའི་ལམ་དུ་གྱུར་པ་ལ་ཅི་ཞིག་ཕན་
ཁྲོ་ཤུལ་མཁན་པོ་འཇམ་རྡོར་གྱིས་མཛད།
ཏེ་མི་ཕན་པ་དེས་ན་དཔེར་ན་མིག་མེད་པའི་གང་ཟག་ཞིག་ལམ་དུ་ཞུགས་པ་བཞིན་དུ་
ལོག་པར་འགྲོ་བ་ལས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ལམ་དུ་མི་འགྲོའོ། །
གཉིས་པ་ནི། ཐོག་མེད་སོགས། དེས་ན་བཀའ་དང་བསྟན་བཅོས་སོགས་ཟབ་ཅིང་རྒྱ་
ཆེ་བའི་གནས་ལ་ཐོས་བསམ་བསྒོམ་པས་འཇུག་པ་དཀའ་ཡང་དཀའ་བ་དང་དུ་མ་བླང་
བར་འབྲས་བུ་ཐོབ་པ་ཡོད་མི་སྲིད་དེ། རྒྱ་གར་དམ་པས། སྙིང་རུས་མེད་པའི་མི་ལ་སངས་
རྒྱས་དཀོན། །དཀའ་བ་དང་དུ་ལོང་ཤིག་དིང་རི་བ། །ཞེས་གསུངས་པ་ལྟར་ཐོག་མ་མེད་
པ་ནས་བདེན་ཞེན་ཨ་འཐས་ཀྱི་ཡང་ཡང་འཁྲུལ་བའི་བག་ཆགས་མ་སྤང་པའི་སྟོབས་
ཀྱིས་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དང་འགལ་བའི་ཕྱིན་ཅི་ལོག་པར་འཛིན་པའི་
གཙང་བདེ་རྟག་བདག་གི་རང་བཞིན་དུ་ཞེན་པར་གྱུར་པ་སྟེ། འཇུག་པ་ལས། གཏི་མུག་
རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཞེས་གསུངས་
པ་བཞིན་ཡིན་ལ། དེ་འདྲའི་འཁྲུལ་བ་ཕྱིན་ཅི་ལོག་དེ་བཟློག་པའི་ཕྱིར་བྱམས་སྙིང་རྗེ་སྦྱིན་
དང་ཚུལ་ཁྲིམས་བསམ་གཏན་སོགས་ཐབས་ཚུལ་བརྒྱ་དང་། མཉམ་ཉིད་ཀྱི་དོན་དཔྱོད་
པའི་དབུ་མའི་གཏན་ཚིགས་ཆེན་པོ་བཞི་སོགས་དང༌། རང་བཞིན་དག་པར་རྟོགས་པའི་
རྟོགས་པ་བཞིའི་གཏན་ཚིགས་སོགས་རིགས་པ་བརྒྱ་ཕྲག་དག་གིས་འབད་དེ་མ་བརྟག་
པར་དུ་རྟོགས་པར་དཀའ་བ་སྟེ། མདོ་ལས། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཆོས། །མི་
ཤེས་པ་ཡི་འགྲོ་བ་འཁྱམས་པར་འགྱུར། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང་།
རིགས་པ་བརྒྱ་དག་གིས་ནི་གཟུད་པར་མཛད། །ཅེས་གསུངས་སོ། །གསུམ་པ་ནི། གང་
ཕྱིར་སོགས། དེ་ཙམ་གྱིས་བརྩོན་པ་དྲག་པོ་དགོས་པའི་རྒྱུ་མཚན་
at
ངེས་སྒྲོན་རྣམ་བཤད་འོ ད་ཟེར་དྲི་མེད། །
དག་པའི་ལམ་དང་འགལ་བ་འཁྲུལ་སྣང་བདག་གཉིས་སུ་བདེན་པར་ཞེན་པ་འདི་དང༌།
ཡང་དག་པའི་ལྟ་བས་བདག་མེད་གཉིས་ཀྱི་དོན་མཐོང་བ་འདི་གཉིས། ལྷན་ཅིག་གནས་
པ་འགལ་བས་ན་ཐོག་མེད་ནས་ཆེས་གོམས་པའི་ལས་ཉོན་གྱིས་སྲིད་པར་འཁོར་ཞིང་
བདེན་ཞེན་མ་རིག་པའི་སྨག་རུམ་འཐུག་པོ་འཁྲིགས་པ་འདིར། དེ་ཁོ་ན་ཉིད་གསལ་
བའི་ཤེས་རབ་ཀྱི་སྣང་བ་ཡང་དག་པ་རྙེད་པར་དཀའ་བས་ན་སྐྱེས་ཐོབ་ཀྱི་ཤེས་རབ་
སྦྱངས་པ་ལ་འབད་པར་བྱ་དགོས་ཏེ་སྤྱོད་འཇུག་ལས། སྲིད་པ་ན་ནི་གཡང་ས་མང་། །
དེར་ནི་དེ་ཉིད་མིན་འདི་འདྲ། །དེར་ཡང་ཕན་ཚུན་འགལ་བས་ན། །སྲིད་ན་དེ་ཉིད་འདི་
འདྲ་མེད། །ཅེས་སོ། །གཉིས་པ་ཐུན་མིན་རང་ལུགས་ལ། དབང་པོ་རྣོན་པོའམ་ལས་
འཕྲོ་སད་པས་ལྟ་བ་ཇི་བཞིན་རྟོགས་ན་དཔྱད་མི་དགོས་པ་དང༌། དེ་ལྟར་རྟོགས་མི་ནུས་
པས་རིམ་བཞིན་དཔྱད་འཇོག་གི་ཉམས་སུ་ལེན་པ་གཉིས་ལས། དང་པོ་ནི། སྔོན་ནས་
སོགས། གལ་ཏེ་དེ་ལྟར་བརྩོན་དགོས་པར་བཤད་པ་དེ་ཐམས་ཅད་དུ་ངེས་སམ་སྙམ་ན།
དེ་ཡང་ལུས་རྟེན་འདིར་དེ་ཙམ་སྦྱངས་མི་དགོས་པ་སྲིད་དེ་སྐྱེ་བ་སྔོན་ནས་ལམ་ལ་སྦྱངས་
པའི་ལས་ཀྱི་འཕྲོ་ད་ལྟ་སྨིན་པ་ང༌། ཉེར་ལེན་དབང་པོ་རྣོན་པོའི་གདུལ་བྱ་དང་རྟོགས་
ལྡན་བླ་མའི་བྱིན་རླབས་ཀྱི་རྐྱེན་ཉེ་བར་གནས་པ་ལས་སེམས་ལ་བྱུང་གནས་འགྲོ་འོང་
ཙམ་བརྟགས་པས། རྒྱ་ཆེན་པོའི་ལམ་སྦྱངས་པ་ལ་མི་ལྟོས་པར་སེམས་ཉིད་བདེན་པས་
སྟོང་པ་ལ་ངེས་ཤེས་ཡང་དག་པ་སྲིད་མོད་ཀྱི། དེ་འདྲ་ནི་བརྒྱ་ལམ་རེས་འགའ་ཙམ་སྟེ།
དབང་པོ་རྣོ་རྟུལ་དང་ལམ་སྦྱངས་པ་ཡོད་མེད་སོགས་ཀུན་གྱིས་ཁྱབ་མཉམ་དུ་དེ་ལྟར་
རྟོགས་མི་ནུས་པས་ལམ་རིམ་གྱིས་པ་ཐམས་ཅད་ཀྱང་གོང་དུ། དང་པོའི་ལས་ཅན་འཇུག་
ཁྲོ་ཤུལ་མཁན་པོ་ནི འཇམ་རྡོར་གྱིས་མཛད།
པའི་སྒོ། །གོལ་འཆུག་མེད་པ་འདི་ཡིན་ན། །ཞེས་གསུངས་པ་བཞིན་བརྩོན་རིགས་སོ། །
གཉིས་པ་དེ་ལྟར་རྟོགས་མི་ནུས་པ་ལ། གང་ལ་དཔྱད་འཇོག་བྱེད་པའི་གཞི་གཏན་ལ་
དབབ་པ། དེ་ལ་དཔྱད་འཇོག་ཇི་ལྟར་བྱེད་པའི་སྐབས་སོ་སོར་བསྟན་པ། དཔྱད་འཇོག་
གཉིས་པོ་རྣམ་ཤེས་དང་ཡེ་ཤེས་ཀྱི་རྒྱུ་མཚན་ལ་བརྟེན་པ། རྣམ་ཤེས་ལས་འདས་པའི་
ཡེ་ཤེས་རྗེན་པར་སྟོན་པ་ཐིག་ལེ་མཆོག་གསང་རྫོགས་པ་ཆེན་པོ་ཐེག་པའི་རྩེ་མོར་བསྒྲུབ་
པ་དང་བཞི་ལས། དང་པོ་ནི། ནང་རྒྱུད་སྡེ་གསུམ་ཐུན་མོང་གི་གཞི་ལྟ་བུ་མ་ཧཱ་པས་དག་
མཉམ་བདེན་པ་དབྱེར་མེད་དུ་རྟོགས་པའི་ལྟ་སྒོམ། ཨ་ནུ་པས་གཞི་དེ་ལམ་བདེ་སྟོང་
དབྱེར་མེད་དུ་མངོན་དུ་བྱེད་པ། ཨ་ཏིའི་སྐུ་གསུམ་རང་ཆས་ཀྱི་འབྲས་བུ་རྩོལ་མེད་དུ་
འཆར་པ་གསུམ་ལས། དང་པོ་ལ། དངོས་དང་། གཞི་དེ་རང་བཞིན་ཀྱིས་སྲིད་ཞིའི་
མཐའ་ལ་མི་གནས་པའི་ཚུལ་གཉིས་ལས། དང་པོ་ནི། ཀ་དག་སོགས། དེ་ཡང་ཆོས་
ཐམས་ཅད་ཀྱི་གནས་ལུགས་འདི་ཉིད་གསང་ཆེན་རྙིང་མའི་ཐུན་མོང་མ་ཡིན་པ་ལྟར་ན་
ནང་རྒྱུད་སྡེ་གསུམ་གྱི་སྐབས་སུ་རྟོགས་པ་བཞིའི་གཏན་ཚིགས་ཀྱིས་གཞི་དག་མཉམ་
བདེན་པ་དབྱེར་མེད་དུ་གཏན་ལ་འབེབ་པ་ནི། རང་བཞིན་སྐྱེ་མེད། རོལ་པ་འགག་མེད།
ངོ་བོ་དབྱེར་མེད། མཚན་ཉིད་བློ་བྲལ་དུ་གཏན་ལ་འབེབ་དགོས་པས་དེའི་རང་བཞིན་
སྐྱེ་མེད་ནི། གཞི་ངོ་བོ་ཀ་དག་གི་རང་བཞིན་གདོད་ནས་མཐའ་བཞིའི་སྐྱེ་བ་མེད་པར་
མཉམ་པ་ཉིད་དུ་གདར་ཤ་ཆོད་པ་ལ་དཔྱད་པས་གཏིང་འབྱིན་པའི་ཚེ། དབུ་མ་ཐལ་
འགྱུར་བའི་ལྟ་བ་མཐར་ཕྱིན་པ་དགོས་ཏེ། དེ་ཡང་མཐའ་བཞིའི་སྤྲོས་པ་ཀུན་དང་བྲལ་
བའི་ཡུལ་ཆོས་ཀྱི་དབྱིངས་གསལ་བར་བྱེད་པ་ཙམ་གྱི་ཆུ་ནས་ནི་རང་བཞིན་སྐྱེ་མེད་དང་།
དབུ་མའི་མཐའ་བཞིའི་སྐྱེ་མེད་དེ་གཉིས་ཁྱད་པར་མེད་དོ། །
སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་ཐད་ཀར་
གཅོད་ལ་འདུས། །ཞེས་གསུངས། དེ་བཞིན་དུ། ཀུན་མཁྱེན་ཆེན་པོའི་ཆོས་དབྱིངས་
མཛོད་འགྲེལ་ལས། རང་བཞིན་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་མཐའ་བྲལ་ལ་
སོགས་པའི་འཇལ་ཚུལ་ཕལ་ཆེར་དབུ་མ་ཐལ་འགྱུར་དང་མཚུངས་པ་ལས། དབུ་མར་
སྟོང་སྟོང་པོ་ནམ་མཁའ་འདྲ་བ་རྩིས་གཞིར་བྱེད་པ་སྟེ། འདིར་རིག་པ་ཀ་ནས་དག་པ་
རྗེན་ཟང་ངེ་བ། མ་གྲུབ་མི་འགག་པ་ཙམ་དེ་ལ་གཞིར་བྱས་ནས། ཞེས་གསུངས་པ་ལྟར་
ཡིན་པས་ན། དབུ་མས་སྐྱེ་མེད་སྟོང་པར་ཞེན་པ་དེ་བཟློག་པའི་ཕྱིར་དུ་སྔགས་ལས་
རོལ་བ་འགག་མེད་བདེ་བ་ཆེན་པོ་བསྟན་ཅིང་། དེ་འདྲའི་མི་འགྱུར་བའི་བདེ་བ་ཆེན་
པོ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་གཉིས་ངོ་བོ་བདེ་སྟོང་གཉིས་སུ་མེད་པའི་
དབྱིངས་གཅིག་གདོད་ནས་དག་པ་དེ་ཉིད་ཀྱི་མཚན་ཉིད་བློ་ལས་འདས་པ་ཡུལ་དང་
ཡུལ་ཅན་བྲལ་བ་གཉིས་སུ་སྣང་བ་མེད་པ་ཡི་ཚུལ་གྱིས་ཉམས་སུ་མྱོང་བར་བྱེད་པ་ནི།
རྔམ་གློག་ལས། རྟོགས་པ་ཡང་ནི་རྣམ་པ་བཞི། རྣལ་འབྱོར་ནང་པ་བཞེད་པ་སྟེ། རྒྱུ་
གཅིག་པ་དང་ཡི་གེའི་ཚུལ། །བྱིན་གྱིས་རླབས་དང་མངོན་སུམ་ལས། །རྫོགས་ཆེན་དོན་
ལ་འཇུག་འགྱུར་ཏེ། །རྒྱུ་ནི་བདེན་གཉིས་ཅིག་ཆར་དུ། །གཅིག་པས་གཅིག་པའི་མཚན་
ཉིད་དང་། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །ཆོས་ཀུན་རང་བཞིན་རྟོགས་པ་དང་། །
སྐྱེ་མེད་དབྱིངས་ཀྱི་བྱིན་རླབས་ལས། །ཆོས་ཀུན་སྣང་བར་ཤེས་པ་དང་། །དེ་ལྟ་བུ་ཡི་
རང་བཞིན་ཏེ། །གཞན་ལ་མ་བརྟེན་མི་འགལ་བར། །མངོན་སུམ་རིག་པས་ཐག་ཆོད་
ཁྲོ་ཤུལ་མཁན་པོ་འཇམ་རྡོར་གྱིས་མཛད།
ན༑ ་རྣལ་འབྱོར་ས་ལ་སླེབ་པ་ཡིན། །ཞེས་དང༌། མན་ངག་ལྟ་ཕྲེང་ལས། རྫོགས་པ་
ཆེན་པོའི་ཚུལ་ནི་རྟོགས་པ་རྣམ་པ་བཞིའི་ལམ་གྱིས་ཡིད་ཆེས་ཏེ་སོགས་གསུངས་པ་བཞིན་
གཏན་ལ་ཕབ་ནས། དེ་ལྟར་གཞི་དེས་རོལ་པ་ལུས་ངག་ཡིད་གསུམ་པོ་ཐབས་བསྐྱེད་
པའི་རིམ་པས་ལྷ་སྔགས་ཆོས་ཉིད་ཀྱི་འཁོར་ལོར་བསྒོམ་པ་ནི། སྣང་སྟོང་སྐུ་རྡོ་རྗེ་དང༌།
གསལ་སྟོང་གསུང་རྡོ་རྗེ་དང་། རིག་སྟོང་ཐུགས་རྡོ་རྗེར་བསྒོམ་པ་གསུམ་པོ་ཡང་སོ་སོར་
རིས་སུ་ཆད་པ་མ་ཡིན་ཏེ། བདེ་སྟོང་གཉིས་སུ་མེད་པ་ཡེ་ཤེས་རྡོ་རྗེ་དེ་ཡི་རྣམ་གྲངས་
ཙམ་ཡིན་པར་ཤེས་པ་དེ་ལྟར་ཉམས་སུ་ལེན་པ་ལ་འཁོར་བ་རྒྱུ་འབྲས་ཀ་ནས་དག་ཅིང་
མྱང་འདས་རྒྱུ་འབྲས་ལྷུན་གྱིས་གྲུབ་པར་བསྟན་ཏོ། །
གཉིས་པ་ནི། སྣང་ཆ་སོགས། དེ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་མཐར་འབྲས་
སངས་རྒྱས་ཐོབ་ཅིང༌། སྲིད་ཞིའི་མཐའ་གཉིས་པོ་འགོག་པའི་ཕྱིར་སྟོང་པ་ཉིད་དང་
སྙིང་རྗེ་ཟུང་དུ་འཇུག་པའི་སྒོ་ནས་ཚོགས་གཉིས་ལ་བསྐལ་པ་གྲངས་མེད་གསུམ་ལ་
སོགས་པར་འབད་པས་འབྲས་བུ་སྐུ་གཉིས་ཐོབ་པ་སྟེ། དེ་ཡང་སྟོང་པ་ཉིད་གོམ་པའི་
ཡེ་ཤེས་ཀྱི་ཚོགས་ལས་སྟོང་ཆ་ཆོས་ཀྱི་སྐུ་མངོན་དུ་མཛད་ནས། སྣང་ཆུ་གཟུགས་ཀྱི་
སྐུ་གཉིས་པོ་འདིས་ནི་སྲིད་པ་འཁོར་བ་ཇི་སྲིད་གནས་ཀྱི་བར་གདུལ་བྱ་རྣམས། མཐར་
ཐུག་ཕན་པ་དང་གནས་སྐབས་བདེ་བ་ལ་འགོད་པ་ཡི་སྒོ་ནས་འགྲོ་བ་ཀུན་འཁོར་བའི་
འཇིགས་པ་ལས་སྐྱོབ་པར་མཛད་པས་ན། དེ་ལྟར་བསོད་ནམས་ཀྱི་ཚོགས་མཐར་ཐུག་
པའི་འབྲས་བུ་གཟུགས་སྐུ་སྙིང་རྗེའི་རང་བཞིན་ཉིད་ཡིན་ཅིང་། འབྲས་བུ་སྔགས་ཀྱི་
ཐེག་པས་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། དམིགས་པ་མེད་པའི་སྙིང་རྗེ་
ངེས་སྒྲོན་རྣམ་བཤད་ང འོད་ཟེར་དྲི་མེད།
ཆེན་པོ་ཡི་བདག་ཉིད་མཆོག་ཏུ་མི་འགྱུར་བའི་བདེ་བ་དང༌། དེ་གཉིས་ངོ་བོ་དབྱེར་མེད་
མཉམ་པ་ཉིད་དུ་རྣལ་འབྱོར་པའི་སོ་སོ་རང་རིག་པའི་མངོན་སུམ་གྱིས་ཉམས་སུ་མྱོང་
བའི་དོན་འདིར་རྒྱུའི་ཐེག་པའི་ལམ་དང་འབྲས་བུའི་གནད་མཐའ་དག་འདུ་བས་དེས་
ན་སངས་རྒྱས་ཐོབ་བྱེད་ཀྱི་ལམ་ལ། མདོ་ལས་སྔགས་འཕགས་པས་སྔགས་ཀྱི་ལམ་ན་
བདེ་སྟོང་དབྱེར་མེད་དམ་རིག་སྟོང་ཟུང་འཇུག་འོད་གསལ་བའི་སེམས། གནས་ལུགས་
དེ་ཁོ་ན་ཉིད་རང་རིག་པས་མངོན་སུམ་དུ་མྱོང་བ་ཡིན་གྱི་རྗེས་དཔག་གིས་སྟོང་ཉིད་ཀྱི་
གོ་དོན་བློ་ལ་དྲང་བ་ལ་ངེས་པར་ལྟོས་པ་མ་ཡིན་ཏེ། དཔེར་ན་ལྷ་ཡི་མིག་ཐོབ་པ་དག་
གིས་གཟུགས་ལ་བལྟ་བ་ན། མིའི་མིག་ལ་ངེས་པར་ལྟོས་མི་དགོས་པ་བཞིན་དུ་རྗེས་དཔག་
གིས་ལྟ་བའི་གོ་ཡུལ་མ་ནོར་བར་གཏན་ལ་ཕབ་པའི་སྤྲོས་བྲལ་དེ་ཉིད། ཐབས་ཀྱི་ལམ་
ལས་བདེ་མྱུར་དུ་མངོན་སུམ་ཤར་བ་ཡིན་ནོ། །དེའི་ཕྱིར་གསང་སྔགས་རྡོ་རྗེ་ཐེག་པའི་
རང་ལམ་མཚན་ཉིད་པ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཇི་སྐད་
བཤད་པའི་ཟུང་འཇུག་སྤྲོས་པ་དང་བྲལ་བའི་སྟོང་ཉིད་དེས་དོན་ཇི་ལྟ་བ་བཞིན་མཐོང་
བར་བྱེད་པ་ཡིན་གྱི་དེ་འདྲའི་སྟོང་ཉིད་ཀྱི་དོན་དེ་དང་བྲལ་བའི་ལམ་ཞིག་རྣམ་པ་ཀུན་
ཏུ་མི་སྲིད་ལ། དེ་ཕྱིར་ངོ་བོ་ཀ་དག་ཏུ་བཞུགས་པ་ཆོས་ཀྱི་སྐུ་དང་། རང་བཞིན་གསལ་
པའི་ཆ་ལ་གཟུགས་སྐུ་ལྷུན་གྲུབ་ཏུ་བཞུགས་པའི་ཕྱིར་རང་བཞིན་ཉིད་ཀྱིས་ཀྱང་ཚོགས་
གཉིས་ཡེ་རྫོགས་ལྷུན་གྱིས་གྲུབ་པས་ན་ངང་གིས་སྲིད་ཞིར་མི་གནས་པའི་རང་བྱུང་ཡེ་
ཤེས་ཆེན་པོ་ཡིན་པས་དེ་མངོན་དུ་མཛད་པ་ལས་ཆེད་དུ་སྲིད་ཞིའི་མཐའ་འགོགས་མི་
དགོས་པའི་ཕྱིར་རོ། །གཉིས་པ་ནི། གཞི་ལ་སོགས། དེ་ལྟར་མ་ཧཱ་པས་སྐུ་དང་ཡེ་ཤེས་
ཀྱི་སྣང་བ་དང་ཟུང་དུ་འཇུག་པའི་དབྱིངས་ཏེ་སྣང་སྟོང་བདེན་པ་དབྱེར་མེད་ལྷག་པའི་
ཆོས་སྐུ་ཆེན་པོ་གཞི་ལ་ཇི་ལྟར་བཞུགས་པ་གཏན་ལ་ཕབ་པ་དེ་ལྟར། ཨ་ནུ་པས་དབྱིངས་
སྟོང་ཉིད་ཀུན་ཏུ་བཟང་མོའི་དཀྱིལ་འཁོར་དང་། ཐབས་བདེ་བ་ཀུན་ཏུ་བཟང་པོའི་དཀྱིལ་
འཁོར་གཉིས་ངོ་བོ་བདེ་སྟོང་དབྱེར་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དེ་ཉིད་རིགས་
དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཏུ་ངེས་པའི་ལྟ་བས་དྲངས་པའི། ལམ་བདེ་སྟོང་
རང་ལུས་དང་གཞན་ལུས་ཀྱི་རྣལ་འབྱོར་ཨེ་ཝཾ་ཟུང་དུ་འཇུག་པ་ཤེས་རབ་རྫོགས་རིམ་
གྱིས་བསྒྲུབ་པས་ཕྱིར། ཕྱི་སྤྲོས་རྩོལ་ཆེན་པོ་ལ་མི་ལྟོས་པར་ནང་རྡོ་རྗེ་ལུས་ཀྱི་རྩ་ཐིག་
རླུང་གསུམ་ལ་གནད་དུ་བསྣུན་པས། འབྲས་བུ་ཚེ་འདི་ཉིད་ལ་ཡང་མི་སློབ་པའི་ཟུང་
འཇུག་གི་འབྲས་བུ་མངོན་དུ་འགྱུར་རོ། །
གསུམ་པ་ནི། གཞི་ལམ་སོགས། དེ་ཡང་གཞི་ལམ་འབྲས་བུ་གསུམ་གནས་ལུགས་དོན་
གྱི་དབང་དུ་བྱས་ན་དབྱེར་མི་ཕྱེད་པས་ན་ཨ་ཏི་རྡོ་རྗེའི་ཐེག་པ་སྟེ། དེ་ལྟ་ན་ཡང་སྣང་
ཚུལ་ལ་སོ་སོར་ཡོད་པ་སྟེ་དེའི་ཕྱིར། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས།
བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ། །རྫོགས་པ་ཨ་ནུ་ཡོ་ག་ནི་ཆོས་ཐམས་
ཅད་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་
ལྟ་བུའོ། །ཞེས་གསུངས་བཞིན་ཨ་ཏི་ཡོ་ག་ནི་ཡོ་ག་འོག་མ་གཉིས་ཀྱི་འབྲས་བུ་ལྟ་བུ་
ཡིན་ཏེ། དེ་དག་གི་རྡོ་རྗེ་བཞི་ཡི་ཡེ་ཤེས་མངོན་དུ་བྱེད་པའི་བསྐྱེད་རྫོགས་ཀྱི་ལམ་རྣམས་
ཀྱི་འཇུག་སྒོ་དབང་བཞི་པོ་ཡིན་ན། དེས་ནང་ནས་རྩོལ་བྲལ་མཚན་མ་མེད་པའི་རྫོགས་
རིམ་གྱི་ཡེ་ཤེས་བཞི་པའི་དབང་གི་ལམ་གྱི་སྐུ་གསུམ་རང་ཆས་ཀྱི་དོན་དེ་ཉིད་ཕྱི་སྤྲོས་
11
ངེས་སྒྲོན་རྣམ་བཤད་འོད་ཟེར་དྲི་མེད།
རྩོལ་ནང་ལུས་ཀྱི་བྱེད་བཅིང་ལ་མི་ལྟོས་བར་ད་ལྟ་ཉིད་ནས་རིག་སྟོང་ཟུང་འཇུག་རང་
བྱུང་གི་ཡེ་ཤེས་བསྐྱེད་རྫོགས་དབྱེར་མི་ཕྱེད་པ་དེ་ཉིད་ཡེ་གྲོལ་ཅོག་བཞག་དུ་ཉམས་
སུ་ལེན་པ་ཁོ་ན་རྩལ་དུ་བཏོན་པར་འགྱུར་བ་དང་། འོད་གསལ་གྱི་རང་གདངས་མངོན་
སུམ་དུ་འཆར་བའི་ཐབས་ཀྱི་ཐེག ག་པའི་རྩེ་མོའི་མཆོག་གསང་རྫོགས་
པ་ཆེན་པོའི་ལུགས་མྱུར་ལམ་མཐུར་ཐུག་པ་འོག་མའི་ཐེག་པ་ཐམས་ཅད་ཀྱིས་གྲུབ་
པའི་འབྲས་བུའི་སྐྱེལ་སོ་ཡིན་ནོ། །གཉིས་པ་དེ་ལ་དཔྱད་འཇོག་གི་སྐབས་སོ་སོར་ཕྱེ་
བ་ལ། རྟོགས་པ་ཐོབ་ཕྱིར་དཔྱད་འཇོག་གི་རིམ་པས་འཇུག་པ། རྟོགས་པ་མངོན་དུ་གྱུར་
ཚེ་དཔྱད་མི་དགོས་པ་དང་གཉིས་ལས། དང་པོ་ལ། ལས་དང་པོ་པས་ཐོས་བསམ་གྱིས་
གོ་མྱོང་བསྐྱེད་པ། བར་དུ་བསམ་བསྒོམ་འདྲེས་མར་སྤེལ་བ། མཐར་ཐུག་གནས་ལུགས་
རྟོགས་པའི་ངེས་ཤེས་བཟང་པོ་ཐོབ་པ་དང་གསུམ་ལས། དང་པོ་ལ། སྤང་རྟོགས་ཀྱི་
ཡོན་ཏན་ཐོབ་ཕྱིར་ཐབས་ཚུལ་དང་དཔྱད་པས་ངེས་ཤེས་འདྲེན་པ། ངེས་ཤེས་འདྲེན་
མ་ནུས་ན་སྤང་རྟོགས་མི་འབྱུང་བ། དེ་ཕྱིར་གནས་ལུགས་རྟོགས་པའི་ངེས་ཤེས་འདྲེན་
དགོས་པ་དང་གསུམ་ལས། དང་པོ་ནི། ཇི་སྲིད་སོགས། དེ་ལྟར་གནས་ཚུལ་མཐར་ཐུག་
པ་སྟོན་པའི་རྡོ་རྗེ་ཐེག་པའི་དགོངས་དོན་དེ་ལ་ཇི་སྲིད་ངེས་ཤེས་ཡང་དག་པ་མ་སྐྱེས་
བར་དེ་སྲིད་དུ་ཐབས་ཚུལ་དུ་མས་འབད་པ་དང༌། སྣང་སྲིད་དག་མཉམ་ཆེན་པོའི་དོན་
ལ་ཡང་དག་པའི་ལུང་གི་སྣང་བ་ལ་བརྟེན་ནས་དངོས་སྟོབས་དང་མཐུན་པར་དཔྱོད་པའི་
རིགས་པས་ངེས་ཤེས་དྲངས་ནས། ངེས་ཤེས་སྐྱེས་ན་དེའི་ངང་དུ་ངེས་ཤེས་ཀྱི་དྲོད་དེ་
ཉིད་དང་མ་བྲལ་བར་བསྒོམ་དགོས་སོ། །དེ་ཅིའི་ཕྱིར་ན་དེ་འདྲའི་ངེས་ཤེས་མར་མེ་
ཁྲོ་ཤུལ་མཁན་པོ་འཇམ་རྡོར་གྱིས་མཛད།
ལྟ་བུའི་ཡང་དག་པའི་དོན་སྣང་བར་བྱེད་པའི་རྒྱུན་དེ་དང་ལྡན་ན། ཡང་དག་མིན་པ་
ཚུལ་མིན་ཡིད་བྱེད་ཀྱི་ངན་རྟོག་མུན་པ་ལྟ་བུ་བསྣུབ་པར་བྱེད་པ་རྟོགས་པའི་ཡེ་ཤེས་
ཀྱི་རྒྱུར་གྱུར་པ་དེ་ལ་རྟག་ཏུ་ནན་ཏན་དྲག་པོ་བྱ་ཞིང་རེས་ངེས་ཤེས་དང་བྲལ་ན་སླར་
ཡང་དཔྱད་པས་དྲངས་པར་བྱ་དགོས་སོ། །
གཉིས་པ་ནི། དང་པོར་སོགས། ལམ་ཉམས་སུ་ལེན་པའི་དང་པོར་དཔྱད་པ་འདི་གལ་
ཆེ་སྟེ། དེས་རྒྱུ་མཚན་དཔྱད་པ་བཟང་པོའི་རྣ་མ་དྲངས་ན་དེས་རྗེས་སུ་ངེས་ཤེས་བཟུང་
པོ་ག་ལ་སྐྱེ་སྟེ་མི་སྐྱེ་ལ། ངེས་ཤེས་བཟང་པོ་མ་སྐྱེས་ན་ཡང་དག་པའི་སྣང་བ་མེད་པའི་
ཕྱིར་སྒྲོ་འདོགས་ངན་པའི་སྨག་ག་ལ་ནུབ། སྒྲོ་འདོགས་ངན་པ་མ་ནུབ་པར་ཡོད་ན་
དེས་དབང་གིས་ལས་རླུང་ངན་པ་ག་ལ་འགག་ལས་རླུང་ངན་པ་མ་འགག་ན་འཁོར་བ་
ངན་པ་ག་ལ་སྤོང་། འཁོར་བ་ངན་པ་མ་སྤང་ན་སྡུག་བསྔལ་ངན་པ་ཅི་ལ་འཛད་དེ།
མི་འཛད་པ་ནི་འདི་དག་ཕན་ཚུན་རྐྱེན་དང་རྐྱེན་ཅན་གྱི་རང་བཞིན་དུ་གྱུར་ནས་ཤིང་
རྟའི་འཕང་ལོ་བཞིན་དུ་སྡུག་བསྔལ་མཐའ་མེད་དུ་འཁྱམས་པ་དེས་ན། དཔྱད་པ་བཟང་
པོའི་ངེས་ཤེས་དྲངས་ན་སྒྲོ་འདོགས་པའི་རྟོག་ངན་འགག་ལ་ལས་རླུང་ཀྱང་དེས་སྟོབས་
ཀྱིས་འགོག་ནུས་པ་དང་། བྱེད་བཅིང་གི་རླུང་འགག་ན་དེས་སྒོ་ནས་རྟོག་ངན་ཀྱང་འགག་
ནུས་པས་ན་གང་རུང་འགག་པའི་སྟོབས་ཀྱིས་འཁོར་བ་སྤོང་བའི་ཐབས་ལ་འབད་པར་
རིགས་སོ། །གསུམ་པ་ནི། འཁོར་དང་སོགས། དེ་ཡང་ཡུལ་གང་ཞིག་ལ་དཔྱད་བས་
ངེས་ཤེས་བཟང་པོ་འདྲེན་ན། འཁོར་བ་དང་མྱ་ངན་ལས་འདས་པ་ལ་མཐར་ཐུག་གི་
དོན་དུ་བཟང་པོ་མྱང་འདས་དང་ངན་པ་འཁོར་བ་ཞེས་སོ་སོར་ཆད་དེ་ཡོད་པ་མ་ཡིན་
མ
་ངེས་སྟོན་རྣམ་བཤད་འོ ད་ཟེར་དྲི་མེད།
ཏེ༑ དཔྱད་ན་གཉིས་ཀ་མ་གྲུབ་པའི་ཕྱིར། རྩ་བ་ཤེས་རབ་ལས། དེ་གཞིན་གཤེགས་
པའི་རང་བཞིན་གང་། །དེ་ནི་འགྲོ་འདིའི་རང་བཞིན་ཡིན། །དེ་བཞིན་གཤེགས་པ་རང་
བཞིན་མེད། །འགྲོ་བ་འདི་ཡང་རང་བཞིན་མེད། །ཞེས་གསུངས་པ་ལྟར་འཁོར་འདས་
གཉིས་ལ་བཟང་ངན་དང་བླང་དོར་མེད་པར་ཆོས་ཉིད་མཉམ་པ་ཉིད་ནི་སྲིད་ཞི་གང་གི་
མཐའ་ལ་མི་གནས་པ་གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཅིང་དེ་ཅི་བཞིན་པ་རྟོགས་
པ་ཡི་ངེས་ཤེས་བཟང་པོ་ནི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེ་འདྲའི་ངེས་
ཤེས་བཟང་པོའི་འཁོར་བ་བདེན་པ་ཞིག་འདི་ལྟར་ཕར་སྤངས་ནས་མྱང་འདས་བདེན་པ་
ཞིག་ཚུར་མ་བསྒྲུབས་པས་གོང་དུ་འཁོར་པ་སྤོང་བའི་གཉེན་པོ་ངེས་ཤེས་དགོས་པར་བཤད་
པ་དང༌། འགལ་བ་ལྟར་སྣང་པ་ནི་ཚིག་ལ་རྟོན་པ་ཙམ་ཡིན་གྱི། དོན་ལ་རྟོན་ན་ཅི་ཡང་
མི་འགལ་བ་ནི་གནས་ཚུལ་དང་སྣང་ཚུལ་གཉིས་ཤན་ཕྱེད་པ་ལ་རགས་ལས་ཤིང་། དེ་
ལྟར་ཤན་ཕྱེད་པ་འདི་ནི་མདོ་སྔགས་ལམ་གྱི་གལ་བོ་ཆེའི་མདོ་འགགས་ཡིན་ནོ། །དེ་
ལྟར་ཡང་རྩ་ཤེར་ལས། སྤང་བ་མེད་པ་ཐོབ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །
འགག་པ་མེད་པ་སྐྱེ་མེད་པ། །དེ་ནི་མྱ་ངན་འདས་པར་བརྗོད། །ཅེས་དང་། །
མགོན་པོ་བྱམས་པས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་
མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །
ཅེས་གསུངས་པས་ན། ཟབ་མོ་ལྟ་བ་དང་རྒྱ་ཆེན་སྤྱོད་པ་སོགས་རྒྱུ་འབྲས་ཀྱི་ཐེག་པ་
ཐམས་ཅད་ཉམས་སུ་ལེན་པའི་ཚེ་མན་ངག་གིས་གནད་དོན་གཅིག་ཏུ་དྲིལ་བའི་གསང་བ་དམ་
པ་ནི། གོང་དུ་ཇི་སྐད་བཤད་པ་དེ་ལྟར་གཞི་བདེན་གཉིས་དབྱེར་མེད་དུ་རྟོགས་པས་ལམ་
ཁྲོ་ཤུལ་མཁན་པོ་འཇམ་རྡོར་གྱིས་མཛད།
འཁོར་འདས་བསལ་བཞག་དང་བྲལ་བར་ཉམས་སུ་ལེན་པ་འདིའི་ཚུལ་ཡང་དག་པར་
དཔྱད་ཅིང་ཚིག་ཙམ་དུ་མི་བཞག་པར་དོན་གྱི་རོ་ཉམས་སུ་མྱོང་བར་གྱིས་ཤིག་ཅེས་བསྐུལ་
པར་མཛད་དོ། །གཉིས་པ་ལ། སྐབས་སུ་ཡང་ཡང་དཔྱད་དེ་ངེས་ཤེས་བསྐྱེད་པ། སྐྱེས་
ཟིན་དེས་ངང་དུ་སྒོམ་པའི་རྒྱུ་མཚན་བཤད་པ་གཉིས་ལས། དང་པོ་ནི། བར་དུ་སོགས།
དེ་ཡང་བར་དུ་དཔྱད་འཇོག་གཉིས་སྤེལ་ནས་གོམས་དགོས་ཏེ། དཔྱད་ན་མཉམ་ཉིད་ལ་
ངེས་ཤེས་སྐྱེ་བར་འགྱུར་ཞིང་། རེས་མ་དཔྱད་པ་ན་ཐ་མལ་དུ་ཞེན་པར་གྱུར་ཚེ། དེ་
བཟློག་ཕྱིར་དཔྱད་ཅིང་དཔྱད་ཅིང་དེས་སྒོ་ནས་ངེས་ཤེས་དྲངས་ལ་ངེས་ཤེས་སྐྱེས་ན་དེ་
གའི་ངང་དུ་མ་ཡེངས་བར་རྩེ་གཅིག་ཉིད་དུ་སྒོམ་དགོས་སོ། །གཉིས་པ་ནི། ངེས་ཤེས་
སོགས། དེ་ལྟར་གོམ་པ་རྒྱུ་མཚན་གང་གི་ཕྱིར་ན་གཉེན་པོ་ངེས་ཤེས་དང་ནི་སྤང་བྱ་སྒྲོ་
འདོགས་པའི་ཡིད་གཉིས་ཕན་ཚུན་ལྷན་གཅིག་ཏུ་མི་གནས་པའི་འགལ་བ་ཡིན་པ་ཉིད་
ཀྱི་ཕྱིར་ན། དཔྱད་པའི་སྟོབས་ཀྱིས་སྒྲོ་འདོགས་སུན་བྱུང་ནུས་པའི་ངེས་ཤེས་གོང་ནས་
གོང་དུ་སྤེལ་དགོས་སོ། །གསུམ་པ་ལ། ཐོས་བསམ་ལྟ་བའི་རྗེས་ལ་འཇོག་པ། དཔྱད་
མི་དགོས་པའི་རྒྱུ་མཚན་དཔེའི་བཤད་པ་གཉིས་ལས། དང་པོ་ནི། ཐ་མར་སོགས། དེ་
ལྟར་གོམས་པའི་ཐུ་མར་དཔྱད་པས་མ་དྲངས་ཀྱང་སྔར་གོམས་པའི་དབང་གིས་ངེས་ཤེས་
སྐྱེ་བར་གྱུར་ན། གསལ་སྣང་དེ་གའི་ངང་དུ་འཇོག་བསྒོམ་བྱེད་པ་ལས། སྔར་དཔྱད་
པས་གྲུབ་ཟིན་པ་ཡིན་པས་གསར་དུ་བསྒྲུབ་མི་དགོས་སོ། །གཉིས་པ་ནི། ཐག་པར་
སོགས། དེའི་རྒྱུ་མཚན་དཔེར་ན་ཐུག་པར་སྦྲུལ་དུ་འཁྲུལ་ཚེ་དེར་རྐྱེན་གྱིས་སྦྲུལ་མེད་
པར་རྟོགས་པ་ན་ངེས་ཤེས་དེ་གས་སྦྲུལ་འཛིན་ལྡོག་གི་ད་རུང་སྤྲུལ་ནི་མེད་དོ་ཞེས་ཡང་
ངེས་སྒྲོན་རྣམ་བཤད་འོད་ཟེར་དྲི་མེད།
ཡང་དཔྱད་དགོས་ཟེར་ན་བླུན་པ་མིན་ནམ་སྟེ་ཡིན་ནོ། །གཉིས་པ་རྟོགས་པ་མངོན་དུ་
གྱུར་ཚེ་དཔྱད་མི་དགོས་པ་ལ། དཔྱད་མི་དགོས་པའི་རྒྱུ་མཚན་དང་བཅས་པའི་རང་
ལུགས་བཞག་པ། དཔྱད་པ་དང་བྲལ་ན་དོན་མི་མཐོང་བར་འདོད་པའི་གཞན་ལུགས་
དགག་པ་གཉིས་ལས། དང་པོ་ནི། འཕགས་ལམ་སོགས། དེ་ལྟར་གོམས་པའི་འབྲས་བུ་
འཕགས་པའི་གང་ཟག་གིས་མཐོང་སྒོམ་གྱི་ལམ་ན་ཆོས་ཀྱི་དབྱིངས་རྟོགས་པ་མངོན་དུ་
གྱུར་པའི་ཚེ་ན། ད་རུང་དཔྱོད་པས་མི་བསྒོམས་ཏེ་དཔྱད་བྱ་དཔྱོད་བྱེད་གཉིས་སུ་སྣང་བ་
མེད་པའི་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ལ། རྒྱུ་མཚན་གྱི་རྟགས་སྦྱོར་གང་ཡང་རུང་
བ་ལ་བརྟེན་ནས་ཤེས་བྱ་རྗེས་དཔག་གིས་གཏན་ལ་འབེབ་པའི་ཡིད་དཔྱོད་སྦྱོར་བ་རྩི་
ཞིག་དགོས་ཏེ་མི་དགོས་སོ། །གཉིས་པ་ལ། གཞན་ལུགས་འགོད་པ་དང་། དེ་ལ་ཐལ་
བ་འཕེན་པ་གཉིས་ལས། དང་པོ་ནི། གལ་ཏེ་སོགས། ཡང་འགའ་ཞིག་གི་ལུགས་ལ་
ལྷག་མཐོང་བདག་མེད་པའི་དོན་མཐོང་བའི་ཕྱིར་དཔྱད་པ་ཁོ་ན་དགོས་ཀྱི་གལ་ཏེ་དཔྱད་
པ་དང་བྲལ་བའི་ཚེ་ན་ཆོས་ཉིད་དོན་དམ་པ་མཐོང་པའི་རྟོགས་པ་མི་འགྲུབ་པར་འདོད་
དེ་དོན་ཡང་དག་ཅི་ཤེས་འདི་ཤེས་མེད་ཅིང་རང་གར་སེམས་གནས་པའམ་འཇོག་པ་ཙམ་
ནི་ཕྱིན་ཅི་ལོག་པའི་ཕྱི་རོལ་པ་རྣམས་ལ་ཡང་ཡོད་པས་སོ་ཞེ་ན། གཉིས་པ་ལ། ཐལ་
བ་འགོད་པ་དངོས་དང་། རྟགས་གྲུབ་ཚུལ་བཤད་པ་གཉིས་ལས། དང་པོ་ནི། འཕགས་
པ་སོགས། གལ་ཏེ་དེ་ལྟ་ན་འཕགས་པའི་མཉམ་བཞག་དང་། རྒྱལ་བ་ཐམས་ཅད་
མཁྱེན་པའི་ཡེ་ཤེས་དང་དེར་མ་ཟད་འཇིག་རྟེན་པའི་དབང་པོ་བསླད་པས་གནོད་པ་མེད་
པའི་ཤེས་པ་ཡིས། ཡུལ་དོན་དམ་དང་ཀུན་རྫོབ་གང་རུང་བཟུང་བ་
ནག་
ན
ཁྱོད་ལ་ཕྱིན་ཅི་ལོག་པ་ཉིད་དུ་ཐལ་བ་འགྱུར་ཏེ། ཡུལ་དེ་དག་ནི་རྟོགས་ཟིན་ཡིན་པའི་
ཕྱིར་དང་། ཡུལ་ཅན་བློ་མངོན་སུམ་པ་དེ་དག་ལ་རང་དུས་དེར་དཔྱད་པ་མེད་པའི་
ཕྱིར་རོ། །
གཉིས་པ་ལ། རྟགས་ཚད་མས་གྲུབ་པ་དང་། དམ་བཅའ་ལ་ཚད་མས་བསལ་བ་འབབ་
པ་གཉིས་ལས། དང་པོ་ནི། མཐའ་བཞི་སོགས། དེ་ཡང་སྤྱིར་ཐལ་འགྱུར་དུ་འགོད་
པའི་རྟགས་ཁས་བླང་དང་ཚད་མས་གྲུབ་པ་གང་རུང་དགོས་པས་སྐབས་འདིར་ཕྱོགས་
སྔས་དབང་པོ་གནོད་མེད་ཀྱི་རྟགས་ཁས་ལེན་ཀྱང་འཕགས་ལམ་གྱི་རྟོགས་པ་ལ་དཔྱོད་
པ་ཡོད་པར་འདོད་པའི་ཕྱིར་རྟགས་ཚད་མས་གྲུབ་དགོས་པས་དེའི་ཚུལ་མཐའ་བཞིའི་
སྤྲོས་པ་ཀུན་དང་བྲལ་བའི་ངེས་ཤེས་ཁྱད་པར་ཅན་གྱི་ངོར། ཡུལ་ཡོད་མེད་གཉིས་ཡིན་
གཉིས་མིན་ཀུན་དང་བྲལ་ན་དེ་ལས་གཞན་པའི་ཡུལ་འདི་དང་འདིའོ་སྙམ་པའི་དམིགས་
གཏད་ཀྱི་ཡུལ་མེད་ལ་དེ་མེད་ན་ཡུལ་ཅན་བློས་དཔྱོད་པའི་གོ་སྐབས་ཞིག་ཅི་ལ་ཐོབ་སྟེ་
མི་ཐོབ་པའི་ཕྱིར་རོ། །གཉིས་པ་ནི། གང་ཚེ་སོགས། གལ་ཏེ་མཉམ་པར་བཞག་པའི་
དུས་གང་གི་ཚེ་དཔྱོད་པའི་འཛིན་སྟངས་དང་བཅས་པ་ཡིན་ན་དེ་ཡང་བདེན་འཛིན་དང་
མཚུངས་པར་མཚན་འཛིན་དེས་ཀྱང་དར་གྱི་སྲིན་བུ་རང་གི་ཁ་ཆུས་འཆིང་བ་ཇི་བཞིན་
དུ་རྟོག་ཅིང་དཔྱད་པའི་ཀུན་རྟོགས་དེ་ཡིས་གང་ཟག་དེ་བཅིངས་ནས་སམ་བསྒྲིབས་ནས།
ཡང་དག་པའི་གནས་ལུགས་ཀྱི་དོན་ཇི་བཞིན་མཐོང་བ་ལ་ཚད་མས་གནོད་པ་ཡོད་པས་
ན་མི་མཐོང་བའི་ཕྱིར་རོ། །གསུམ་པ་རྣམ་ཤེས་ཡེ་ཤེས་ཀྱི་ཁྱད་པར་ལ། ངེས་ཤེས་ཀྱིས་
མི་མཐུན་ཕྱོགས་བསལ་ནས་ཡེ་ཤེས་ཐོབ་པ། དེ་གཉིས་ཀྱི་མཚན་ཉིད་སོ་སོར་བཤད་པ།
ངེས་སྒྲོན་རྣམ་བཤད་། འོད་ཟེར་དྲི་མེད།
དེའི་ཕྱིར་རྣམ་ཤེས་ལ་བརྟེན་ནས་ཡེ་ཤེས་འབྱུང་ཚུལ་དང་གསུམ་ལས། དང་པོ་ནི།
ངེས་ཤེས་སོགས། རྒྱུ་མཚན་དེས་ན་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་ངེས་ཤེས་ཁྱད་
པར་ཅན་འདིས་ནི་ཡིན་ལུགས་སྒྲིབ་པར་བྱེད་པའི་མ་རིག་པ་དང་སྒྲོ་བསྐུར་སོགས་ཀྱི་
སྨག་བསལ་བའི་ཚེ་དཔེར་ན་ནམ་ལངས་ནས་དངོས་པོ་མཐོང་བ་བཞིན་དུ་གཉུག་མ་དོན་
གྱི་འོད་གསལ་མངོན་དུ་གྱུར་པ་ན་དེའི་ངང་མདངས་དེ་ཁོ་ན་ཉིད་མ་ནོར་པར་མཐོང་
བའི་རང་བྱུང་འོད་གསལ་གྱི་རྩལ་གང་ཡིན་པ་དེ་ཉིད་སོ་སོ་རང་རིག་གི་ཡེ་ཤེས་ཏེ་གཉིས་
འཛིན་ཅན་གྱི་སེམས་བྱུང་ཤེས་རབ་ག་ལ་ཡིན་ཏེ་མིན་ནོ། །གཉིས་པ་ནི། ཤེས་རབ་
སོགས། དེ་ཡང་རྒྱུ་སེམས་བྱུང་ཤེས་རབ་ནི་ཡུལ་ཅན་འཛིན་སྟངས་ཅན་དེས་ཡུལ་ནི་
འདི་དང་འདིའོ་ཞེས་ཆོས་དང་ཆོས་ཉིད་ཀུན་རྫོབ་དང་དོན་དམ་འཁོར་བ་དང་མྱང་
འདས་སོགས་ཐམས་ཅད་མ་འདྲེས་པར་རྣམ་པར་འབྱེད་ཅིང་དེ་དང་དེས་བླང་དོར་
སོགས་ཀྱི་ཚུལ་དེར་རྟོག་ལ་ཡུལ་སོ་སོར་ངེས་པར་བྱེད་དོ། །དེ་ལྟར་གོམ་པའི་འབྲས་
བུ་ནི་དཔྱད་པ་དང་འཛིན་སྟངས་མེད་པ་རྒྱུ་མཚན་གང་གི་ཕྱིར་ན་ཡུལ་དང་ཡུལ་ཅན་དུ་
སོ་སོར་མི་འཛིན་པ་དང༌། སྣང་ཕྱོགས་དང་སྟོང་ཕྱོགས་རེ་རེ་གང་རུང་དུའང་མི་
འཛིན་ཅིང་མི་དམིགས་པར་སྣང་སྟོང་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་འདི་ཉིད།
སེམས་དང་སེམས་ལས་བྱུང་བ་ཡི་ཡུལ་སོ་སོར་ཤན་འབྱེད་པའི་མཚན་ཉིད་ཅན་དུ་
གནས་པ་མ་ཡིན་པའི་ཕྱིར་རོ། །གསུམ་པ་ལ། ཤེས་རབ་དང་ཡེ་ཤེས་རྒྱུ་འབྲས་འབྲེལ་བ་
ཅན་དང༌། དེ་གཉིས་ཀ་སྐབས་དོན་སོ་སོར་འཇོག་པ་གཉིས་ལས། དང་པོ་ནི། དེ་
ཕྱིར་སོགས། གཉིས་སུ་འབྱེད་པའི་ཤེས་རབ་ལ་བརྟེན་ནས་གཉིས་སུ་མེད་པའི་ཡེ་
ཁྲོ་ཤུལ་མཁན་པོ་འཇམ་རྡོར་གྱིས་མཛད། རྒྱུ་
ཤེས་ཐོབ་དགོས་པ་དེ་ཕྱིར་དཔྱད་པས་དྲངས་པ་ཡི་ངེས་ཤེས་མཆོག་ཐེ་ཚོམ་དང་བྲལ་
བ་ལ་མཉམ་པར་བཞག་པའི་ཤེས་རབ་དྲི་མ་མེད་པའི་རྒྱུས་འབྲས་བུ་དབྱིངས་རིག་ཟུང་
འཇུག་གི་ཡེ་ཤེས་ཐོབ་པས་ན་དཔྱད་པས་དྲངས་པའི་ངེས་ཤེས་ལ་བརྩོན་པར་རིགས་
གཉིས་པ་ལ། རྗེས་ཐོབ་ཤན་འབྱེད་པའི་སྐབས་ཀྱི་དཔྱད་པ་ཐམས་ཅད་ཤེས་རབ་
ཡིན་པ། གནས་ལུགས་ཇི་མཞིན་མཐོང་བའི་མཉམ་བཞག་ཡེ་ཤེས་ཡིན་པ་གཉིས་ལས།
དང་པོ་ནི། ལྟ་བ་གཏན་སོགས། དེ་ཡང་ལམ་ལ་འཇུག་པའི་དང་པོ་ལུང་དང་རིགས་པས་
དཔྱད་པའི་སྒོ་ནས་ལྟ་བ་གཏན་ལ་ཕབ་པ་དང༌། རྗེས་ཀྱི་ཤེས་པས་ངེས་ཟིན་པའི་གྲུབ་
མཐུའ་དགག་བཞག་སྤང་གསུམ་གྱིས་སྒྲུབ་པར་བྱེད་པ་སྟེ་ཤེས་བྱའི་ཆོས་རྣམས་ལ་སྤྱི་
མཚན་དང་རང་མཚན་གནས་སྣང་དང་དྲངས་ངེས་སོགས་ཐམས་ཅད་ཤན་འབྱེད་པར་
བྱེད་པ་ནི་སོ་སོར་རྟོགས་པ་ཡི་ཤེས་རབ་དྲི་མ་མེད་པའི་ཚད་མ་ཡིན་ནོ། །གཉིས་པ་
ལ༑ དངོས་དང༌། དེ་ཐེག་པ་ཆེན་པོ་ཡིན་པར་བསྒྲུབ་པ་གཉིས་ལས། དང་པོ་ནི། དེས་
དྲང་སོགས། གོང་དུ་བཤད་པའི་ཤེས་རབ་དེས་དྲངས་པའི་ངེས་ཤེས་ཁྱད་པར་ཅན་གྱི་
ལམ་ནས་ཀུན་བྱང་གི་ཆོས་ཐམས་ཅད་ཀྱི་ཡིན་ལུགས་གཤིས་སུ་སོན་པའམ་ཕེབ་པའི་
འཁོར་འདུས་མཉམ་པ་ཉིད་དུ་བཞག་པའི་ཡེ་ཤེས་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོའི་
ཟག་མེད་ལམ་གྱི་དངོས་གཞི་ཡང་དག་པ་སོར་རྟོགས་ཤེས་རབ་ལ་བརྩོན་པའི་འབྲས་
བུ་ཡིན་ནོ། །གཉིས་པ་ནི། འདི་དང་སོགས། དེ་འདྲའི་ལམ་གྱི་དངོས་གཞི་ཡེ་ཤེས་འདི་
དང་ལྡན་ན་སློབ་པ་དང་མི་སློབ་པའི་ཟུང་འཇུག་གི་གོ་འཕང་སྙིགས་དུས་ཚེ་ཐུང་འདིར་
ངེས་སྒྲོན་རྣམ་བཤད་། འོད་ཟེར་དྲི་མེད།
སྟེར་ནུས་པའི་ཕྱིར། འདི་ཐེག་པ་ཡིན་ཏེ་འབྲས་བུའི་སར་བསྒྲོད་པར་བྱེད་པའི་ཕྱིར་དང་།
ཆེན་པོའང་ཡིན་ཏེ་ཕྱག་རྒྱ་ཆེན་པོ་མཆོག་གི་གོ་འཕང་ཚེ་འདིར་སྟེར་བའི་མྱུར་ལམ་ཡིན་
པའི་ཕྱིར། སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་
སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །ཅེས་གསུངས་པ་སྟེ། དེ་ཡང་འདིས་
འདེགས་བས་ན་རྒྱུའི་ཐེག་པ་དང་། འདིར་འདེགས་པས་ན་འབྲས་བུའི་ཐེག་པ་སྟེ། དཔེར་
ན་ཁྱོག་ལ་ཞོན་ཕན་ཆོད་འགྲོ་མི་འགྲོ་གང་ཡིན་ཀྱང་བཏེགས་ཏེ་ཡོད་པ་བཞིན་ནོ། །
དེའང་ཐེག་པ་ལའང་བསྒྲོད་དུ་ཡོད་པ་སྣང་ཚུལ་གྱི་དབང་དང༌། བརྗོད་དུ་མེད་པ་གནས་
ཚུལ་གྱི་དབང་དུ་བྱས་པ་ཡོད་དེ། དཔལ་རོང་ཟོམ་ཆེན་པོས། ལམ་རིམ་པ་ལ་བསྒྲོད་
པར་འདོད་པས། བསྒྲོད་དུ་མེད་པའི་ལམ་ལས་གོལ་བར་འགྱུར་བ་ནི། གོང་ནས་གོང་
དུ་ཚངས་པའི་ལམ། །བྱ་བྲལ་ཆོས་དང་མཐུན་པ་མིན། །ཅི་སྟེ་ལམ་ལ་བསྒྲོད་གྱུར་ན། །
ནམ་མཁའི་མཐའ་བཞིན་ཐོབ་པ་མེད། །ཅེས་གསུངས། ཆོས་ཇི་བཞིན་པ་ནི་ཆོས་རྣམས་
ཀྱི་ངོ་བོ་ཉིད་ཡིན་པ་ལ། ལམ་དང་སའི་རིམ་པས་བསྒྲོད་དུ་མེད་དེ། གལ་ཏེ་སའི་རིམ་
པ་བཞིན་དུ་དག་པ་དང་ཚངས་པ་དང་གྲོལ་བ་རིམ་པས་བསྒྲུབ་ཏུ་ཡོད་ན། ཆོས་རྣམས་ཀྱི་
ཆོས་ཉིད་གཏན་མེད་པར་འགྱུར་བས། གལ་ཏེ་གཞན་དང་གཞན་ཐོབ་པར་བྱར་ཡོད་
ན༑ དེ་མཐར་ཐུག་པ་རྙེད་པར་མི་འགྱུར་རོ། །སྡུད་པའི་ལུང་ཡང་མཐའ་གཅིག་ཏུ་འདི་
ནས་གཞན་དུ་བསྒྲོད་པ་ལ་མི་བྱ་སྟེ། དེའི་རང་བཞིན་དུ་གནས་པ་ཙམ་ལ་བྱའོ། །གང་
ཞིག་ཞོན་ནས་ཕྱོགས་སུ་འགྲོ་བ་དམིགས་སུ་མེད། །མྱ་ངན་འདས་པར་འགྲོ་བར་གསུངས་
པ་འགྲོ་མི་དམིགས། །ཞེས་སོ། །བཞི་པ་རྫོགས་པ་ཆེན་པོ་ཐེག་པའི་ཡང་རྩེ་ཡིན་པ་ལ།
ཁྲོ་ཤུལ་མཁན་པོ་འ ཇམ་རྡོར་གྱིས་མཛད།
རྒྱུད་སྡེ་གཞན་དང་མགོ་མཚུངས་ཀྱི་རིགས་པས་འདི་ཐེག་པའི་ཡང་རྩེ་ཡིན་པར་བསྒྲུབ་པ།
འདིའི་ལྟ་སྒོམ་ཀྱི་རྣམ་བཞག་གཞན་ལས་འཕགས་ཚུལ། གྲུབ་མཐའ་སོ་སོའི་མན་ངག་
ཐམས་ཅད་སེམས་སྡེའི་ཁྱད་པར་ཡིན་པ། གཞན་ལ་མ་གྲགས་པའི་ཁྱད་ཆོས་ཡོད་པ་
དང་བཞི་ལས། དང་པོ་ལ། གཞན་གྱི་ལུགས་ལ་ཐེག་པ་ལོགས་པར་མ་བཞག་ཀྱང་ལམ་
གྱི་མཐར་ཐུག་དབང་བཞི་པའི་ཡེ་ཤེས་ཡིན་པ། མཉམ་ཉིད་ཡེ་ཤེས་དེ་རྩལ་དུ་འདོན་
པའི་རྒྱུད་སྡེ་ལ་རྒྱུད་ཀྱི་མཐར་ཐུག་དུ་བཞེད་པ། ཐེག་པ་འདི་ཡང་བླ་མེད་རྒྱུད་སྡེའི་
དབང་བཞི་པའི་ཡེ་ཤེས་ཡིན་པར་མཚུངས་པ། དེ་ལྟར་ཐེག་པའི་རིམ་ཅན་དུ་དཔྱད་པས་
འདིར་རྣམ་པར་དག་ཚུལ། ཚད་མ་གསུམ་གྱིས་འཐད་པ་བསྒྲུབ་པས་ཐེ་ཚོམ་ཆོད་པ་དང་
ལྔ་ལས། དང་པོ་ནི། རྒྱུད་སྡེ་སོགས། དེ་ཡང་གསང་སྔགས་གསར་རྙིང་གི་ཐེག་པའི་དབྱེ་
བསྡུ་མི་འདྲ་བའི་ཕྱིར་གསང་སྔགས་སྔ་འགྱུར་པའི་ལུགས་ལ་ཐེག་པ་རིམ་པ་དགུར་འཇོག་
སྟེ༑ ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་དང་། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ་
དང༌། དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་སྟེ་དགུར་འདོད་ཅིང་། ཕྱི་འགྱུར་བའི་
ལུགས་ཕལ་ཆེར་ཐེག་པ་གསུམ་དང་། རྒྱུད་སྡེ་བཞི་ཞེས་འཇོག་པ་འདྲ་བས། དེ་ལྟར་
རྒྱུད་སྡེ་བཞི་ཞེས་པའི་རྣམ་བཞག་བྱེད་པའི་ལུགས་ལྟར་ན་ཡང་བླ་མེད་ཀྱི་རྒྱུད་རྣམས་
ན་དབང་བཞི་རེ་ཡོད་པ་དེ་དག་གི་སོ་སོའི་ལམ་ནི་བསྐྱེད་རིམ་ནས་མཚན་མེད་རྫོགས་
རིམ་གྱི་བར་ཡིན་ཅིང་། དེས་ནང་ནས་བཞི་པ་ཚིག་དབང་གི་ལམ་འདི་ནི། དོན་གྱི་འོད་
གསལ་རྫོགས་རིམ་གྱི་ཡེ་ཤེས་མཐུར་ཐུག་པ་ཡིན་མོད་ཀྱི། དེ་འདྲའི་ཡེ་ཤེས་དེ་ལ་ལོགས་
སུ་ཐེག་པའི་སྒྲ་བཤད་མ་མཛད་པའམ་མ་བཞག་པས་ཐེག་པའི་མིང་མ་བཏགས་ཀྱང་
ཀྱིས་
དོན་མི་སྤོང་བར་གནས་པ་ཡིན་ནོ། །
གཉིས་པ་ནི། དཔེར་ན་སོགས། དེས་ཚུལ་ཇི་ལྟར་ན་དཔེར་ན་བདེ་སྟོང་མཉམ་པ་ཉིད་
དུ་གྱུར་པའི་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་གྱི་ཡེ་ཤེས་ཀྱི་སྐུ་རྣམ་པར་ཤེས་པའི་ཆོས་
ཉིད་ལས་འདས་པ་དག་ཅིང་གོས་པ་མེད་པའི་རང་བཞིན་རྩལ་དུ་བཏོན་ནས་འཆད་པའི་
ལུགས་དེ་དག་གི་བཞེད་པ་ལྟར་ན། དཔལ་ལྡན་དུས་ཀྱི་འཁོར་ལོ་འདི་ལ་རྒྱུད་ཀྱི་མཐུར་
ཐུག་ཏུ་བཞེད་དགོས་ཏེ། འོག་མའི་རྒྱུད་སྡེ་ལས་བརྗོད་བྱ་ཁྱད་པར་དུ་འཕགས་པའི་
ཕྱིར། དེ་ཡང་ཇི་སྐད་དུ། དངོས་ཀུན་མཉམ་པ་ཉིད་གྱུར་ནས། །དངོས་པོ་གཅིག་ཏུ་མི་
འགྱུར་གནས། །མི་འགྱུར་ཡེ་ཤེས་ལས་བྱུང་བ། །ཆད་པ་མ་ཡིན་རྟག་པའང་མིན། །ཞེས་
གསུངས་པ་བཞིན་ནོ། །གསུམ་པ་ནི། བླ་མེད་སོགས། དཔེ་དེ་བཞིན་གསར་རྙིང་གི་བླ་
ན་མེད་པའི་ཕ་མ་གཉིས་མེད་ཀྱི་རྒྱུད་སྡེའི་ནང་ནས་ཀྱང་དབང་བཞི་པ་ཚིག་དབང་རིན་
པོ་ཆེའི་ལམ་གྱི་ཡེ་ཤེས་མཚན་མེད་རྫོགས་པ་ཆེན་པོ་གང་ཡིན་པ་དེ་ཉིད་རྩལ་དུ་བཏོན་
ནས་འཆད་པ་སྔགས་རྙིང་མའི་ལུགས་འདི་མི་འགྲུབ་པ་མ་ཡིན་ཏེ། གསར་རྙིང་གི་རྒྱུད་
སྡེ་ཀུན་གྱི་དགོངས་པའི་མཐིལ་ཏེ་སྙིང་པོར་གྱུར་པ་ཡིན་པས་དེ་འདྲའི་མྱུར་ལམ་ཁྱད་
པར་ཅན་དེ་ལ་ཐེག་པའི་སྒྲ་བཤད་མཛད་པ་ཡིན་པས་འགལ་བ་ཅི་ཡང་མེད་དོ། །བཞི་
པ་ནི། ལན་གྲངས་སོགས། འོ་ན་ཅི་ལྟར་འགྲུབ་སྙམ་ན། དཔེ་ཇི་ལྟར་ན་ལན་གྲངས་
བཅུ་དྲུག་བཞུ་བཏུལ་བྱས་པའི་གསེར་དེ་ཉིད་ཤིན་ཏུ་དག་པ་ཡིད་ཆེས་ཕེར་བའི་གནས་
ཡིན་པ་དེ་བཞིན་དུ། ཐེག་པ་གཞན་ཕྱི་རོལ་པ་ནས་ནང་པའི་གྲུབ་མཐའ་སྨྲ་བ་དམའ་
ཤོས་ནས་རིམ་པས་ལུང་རིགས་དྲི་མ་མེད་པས་དཔྱད་པ་ཡིས་ཏེ། འོག་མ་འོག་མའི་
ཐེག་པ་གྲུབ་ཟིན་དེ་དང་དེ་དག་གི་ངོར་གོང་མ་གོང་མ་རྣམས། ལུང་བསྟན་པའི་དཔང་
པོ་དང༌། གང་ཟག་གི་དཔང་པོ་དང་། ལུང་འགྲེལ་བ་ཞེས་བྱ་བའི་སྒོ་ནས་རིགས་པའི་
དཔང་པོ་གསུམ་གྱིས་དཔལ་རོང་ཟོམ་ཆེན་པོའི་བསྒྲུབ་སྟེ་འོག་མའི་ཐེག་པ་ལས་ཀྱང་
མཐར་ཐུག་གི་འབྲས་བུ་འགྲུབ་པ་ལ་བརྗོད་བྱའི་དོན་ཇེ་བས་ཇེ་དག་གི་སྒོ་ནས་རང་བཞིན་
རྫོགས་པ་ཆེན་པོའི་ལམ་འདི་མྱུར་ལམ་ཐམས་ཅད་ཀྱི་མཆོག་ཏུ་མཐར་ཕྱིན་པར་རིགས་
པས་གྲུབ་སྟེ། དེ་ལྟར་བསྒྲུབ་པའི་རོང་ཟོམ་པའི་གསུང་དེ་རྣམས་འཇམ་མགོན་བླ་མས་
འོད་གསལ་སྙིང་པོར་ལུང་རིགས་གཉིས་ཀྱི་གསལ་པོར་ཕྱེ་སྟེ་བསྟན་པ་བཞིན་བྲིས་ན།
དེ་ལྟར་ཆོས་ཀུན་ཡེ་ནས་སངས་རྒྱས་པའི་དོན་འདི་ལྟ་བུ་བློར་ཆུད་པར་དཀའ་ཡང་མི་
འཐད་པར་སེམས་པ་ལ་བརྒྱུད་ནས་བསྒྲུབ་ཚུལ་མདོ་ཙམ་བཤད་ན། དང་པོ་ཕྱི་རོལ་
པས་སངས་རྒྱས་ཚད་མའི་སྐྱེས་བུ་ཡིན་པར་ཐེ་ཚོམ་ཟ་བ་ལ། ཁོ་རང་གི་འདོད་པའི་
རིགས་བྱེད་ཀྱི་ལུང་ལས་ཨུ་དུམྦ་རའི་མེ་ཏོག་བཞིན་དུ་བརྒྱ་ལམ་ན་སྟོན་པ་ཐམས་ཅད་
མཁྱེན་པ་འཇིག་རྟེན་དུ་རྒྱལ་རིགས་དང་བྲམ་ཟེའི་རིགས་ལས་འབྱུང་བ་ན། ལྷུམས་སུ་
འཇུག་ཚེ་གླང་པོའི་རྣམ་པས་ཞུགས་པ་ཡུམ་གྱིས་རྨིས་པ་དང་། བལྟམས་ནས་མཚན་དཔེ་
དང་ལྡན་ཅིང་དེར་རབ་ཏུ་མ་བྱུང་ན་འཁོར་བསྒྱུར་དང༌། བྱུང་ནས་སངས་རྒྱས་སུ་འགྱུར་
ཞེས་པའི་ལུང་གིས་སངས་རྒྱས་ཡོད་པར་གྲུབ་ལ། རིགས་པ་ནི། སངས་རྒྱས་དེས་བསྟན་
པའི་ལམ་གང་ཟག་གི་བདག་མེད་སོགས་དངོས་སྟོབས་ཀྱི་རིགས་པས་གྲུབ་ཅིང་དེ་ཐར་
བའི་ལམ་དུ་གྲུབ་པས་ན་སངས་རྒྱས་ནི་ཐར་འདོད་རྣམས་ཀྱི་སྟོན་པ་ཚད་མ་དང་། དེས་
བསྟན་པའི་ལམ་ཡང་དག་ཏུ་གྲུབ་སྟེ་ཚད་མ་གྲུབ་པ་སོགས་ལས་བསྟན་པ་བཞིན་དུ་བསྒྲུབ་
ངེས་སྒྲོན་རྣམ་བཤད་འོད་ཟེར་དྲི་མེད། །
ཅིང༌། ཡང་སངས་རྒྱས་ཁས་ལེན་ཀྱང་ཐེག་ཆེན་ནས་བསྟན་པའི་སྟོང་ཉིད་མི་འདོད་པའི་
ཉན་ཐོས་པ་དག་ལ། ལུང་ནི་ཐེག་དམན་རང་གི་མདོ་ལས། གཟུགས་ནི་དབུ་བ་རྡོས་པ་
འདྲ། །ཞེས་སོགས་གསུངས་པ་དང་། རིགས་པ་ནི་ཕུང་པོ་ལྔ་དུ་མ་དང་སྐད་ཅིག་གིས་
ཚུལ་དུ་མི་འདེན་པར་མ་མཐོང་ན་གང་ཟག་གི་བདག་མེད་ཀྱང་མི་འགྲུབ་པས། སྟོང་
པ་ཉིད་ལ་བརྟེན་ནས་ཐར་བ་འགྲུབ་པའི་ཚུལ་རིན་ཆེན་ཕྲེང་བ་ལས་གསུངས་པ་ལྟར་
བསྒྲུབ་པ་དང༌། ཡང་མདོ་ལམ་པ་གང་དག་གསང་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་ཁས་མི་
ལེན་པ་དག་ལ། ལུང་ནི་མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོ་ལས་སྔགས་རྗེས་སུ་
འབྱུང་བར་ལུང་བསྟན་པ་དང་། སྡོང་པོ་བཀོད་པའི་མདོ་ལས། གང་ཞིག་བདག་དང་
སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང༌། །མི་གནས་ལེན་པ་མེད་
པ་སྟེ། །དེ་དག་དེ་བཞིན་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །
རྣམ་པར་ཤེས་པ་སེམས་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་
ཐུབ་པ་ཆེན་པོར་འགྱུར། །ཞེས་ཕུང་ལྔ་དེ་བཞིན་གཤེགས་པའི་རང་བཞིན་དུ་བསྟན་པ་
དང༌། དྲི་མ་མེད་པར་གྲགས་པའི་མདོ་ལས། ཉོན་མོངས་པ་ནི་དེ་བཞིན་གཤེགས་པའི་
གདུང་ངོ་ཞེས་དང་། ཆགས་སོགས་དང་བྲལ་བ་རྣམ་པར་གྲོལ་བར་བསྟན་པ་ནི་ང་
རྒྱལ་ཅན་ལ་བསྟན་ཏེ། ང་མེད་པ་རྣམས་ཀྱི་ཆགས་སོགས་ཀྱི་རང་བཞིན་རྣམ་པར་
གྲོལ་བར་བསྟན་པ་དང་། ཡང་འཇམ་དཔལ་རྣམ་པར་རོལ་པ་ལ་སོགས་པའི་མདོ་ལས།
ཉོན་མོངས་པ་རྣམས་ནི་བྱང་ཆུབ་རྡོ་རྗེའི་གཞི་ལགས་སོ་ཞེས་པ་ལ་སོགས་པ་ཉོན་མོངས་
པ་ཉིད་ཡེ་ཤེས་སུ་བསྟན་པ་དང་། འཇམ་དཔལ་རྣམ་པར་འཕྲུལ་པ་སོགས་ལས། འཁོར་བ་
བསལ་ནས་མྱ་ངན་ལས་འདས་པ་བསྒོམ་པར་བྱ་བ་མ་ཡིན་གྱི། འཁོར་བར་དམིགས་
པ་ཉིད་མྱ་ངན་ལས་འདས་པའོ་ཞེས་འཁོར་བ་བྱང་ཆུབ་ཏུ་བསྟན་པ་དང་། ཡང་ཕལ་བོ་
ཆེ་ལས། འཇིག་རྟེན་ཁམས་མང་ལ་མ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང༌། །ནམ་
མཁའ་འཇིག་པར་མི་འགྱུར་བ། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །
ཞེས་སོགས་ཀྱིས་རང་བྱུང་ཡེ་ཤེས་བསྟན་པ་དང་། གཞན་ཡང་མདོ་ལས་སེམས་ཅན་
ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་བསྟན་པ་དང་། སངས་རྒྱས་ཤཱཀྱ་ཐུབ་
པའི་ཞིང་འདི་རྟག་ཏུ་དག་ཀྱང་མི་མཐོང་པའི་ཚུལ་གསུངས་པ་ལ་སོགས་ཚད་མེད་ཅིང་། བུད་
མེད་ཀྱི་ལུས་ཀྱིས་སངས་རྒྱས་མཉེས་པར་བྱ་བ་ཡང་། མདོ་ལས། བྱང་ཆུབ་སེམས་
དཔས་དེ་བཞིན་གཤེགས་པ་ཡོངས་སུ་མཉེས་པར་བྱ་བའི་ཕྱིར་རང་གི་ལུས་བུད་མེད་
ཀྱི་ལུས་སུ་མངོན་པར་སྤྲུལ་ནས་དེ་བཞིན་གཤེགས་པའི་མདུན་དུ་རྟག་ཏུ་གནས་སོ་ཞེས་
པ་དང་། ཆོས་ལ་གནོད་པ་སོགས་སྙིང་རྗེས་ཚར་གཅོད་པའི་ཚུལ་མང་དུ་གསུངས་པ་
སོགས་ཀྱི་ལུང་དང་། རིགས་པ་ནི་ཇི་ལྟར་དག་ས་པ་ལ་སྣང་བ་བཞིན་དུ་ཆོས་ཀུན་རང་
བཞིན་གྱིས་དག་པ་དང་། ཆོས་ཀུན་མཉམ་པ་ཉིད་ཀྱི་ཕྱིར་འཁོར་འདས་བཟང་ངན་བླང་
དོར་དུ་མ་གྲུབ་པའི་ཚུལ་ཇི་སྐད་བསྟན་པ་ལྟ་བུས་གསང་སྔགས་ཉིད་ཐེག་པའི་མཆོག་
ཏུ་གྲུབ་སྟེ། སྟོང་པ་ཉིད་ཁས་བླངས་ཕན་ཆོད་དག་པའང་རིམ་གྱིས་འགྲུབ་པར་ངེས་སོ། །ཡང་
སྔགས་ཕལ་མོ་ཆེ་ན་བཤད་པ་ཙམ་ལ་བློ་ཕྱོགས་ནས་བྱར་མེད་རྫོགས་ཆེན་གྱི་དོན་ལ་
མི་འཐད་པར་སེམས་པ་དག་ལ། སྔགས་བླ་མེད་ཀྱི་རྒྱུད་སྡེ་རྣམས་ན་སེམས་ཅན་སངས་
རྒྱས་ཀྱི་ངོ་བོར་བསྟན་པ་དང༌། ཕུང་ཁམས་སོགས་ལྷར་དག་པ་སྦྱར་བ་དང་། མཐར་
ངེས་སྒྲོན་རྣམ་བཤད་ང་འོད་ཟེར་དྲི་མེད།
ཐུག་གི་དོན་ལ་དཀྱིལ་འཁོར་དང་གཏོར་མ་སོགས་བྱ་བ་ལ་མི་ལྟོས་ཚུལ་དང་། བཞི་བའི་
ཡེ་ཤེས་ངོ་སྤྲོད་པའི་ལུང་རྣམས་ཀྱིས་བསྒྲུབ་ཅིང་། རིགས་པའང་སྣོད་བཅུད་ཡེ་ནས་དག་
མཉམ་དུ་གྲུབ་པ་ཉིད་ལམ་གྱིས་གསར་དུ་བསྒྲུབ་མི་དགོས་ཤིང་། དེ་ལྟར་རྟོགས་པའི་
གདེངས་དང་ལྡན་པ་ལ་བྱ་རྩོལ་གྱི་འཆིང་བ་ལམ་གྱི་གེགས་སུའང་ཆེ་བར་གྲུབ་པས།
རང་བབས་སོར་བཞག་གི་རྣལ་འབྱོར་ལ་བརྟེན་ནས་རང་རྩལ་ཡེ་ཤེས་ཀྱི་སྣང་བ་ལ་དབང་
བསྒྱུར་བའི་ཚུལ་རྣམས་བདེ་བླག་ཏུ་འགྲུབ་པ་ཡིན་ནོ། །
དེ་ལྟར་སྔ་མ་སྔ་མ་མ་གྲུབ་པ་ལ་ཕྱི་མ་ཕྱི་མ་བསྒྲུབ་པར་མི་བྱ་སྟེ། སངས་རྒྱས་ཀྱིས་ཀྱང་རིགས་
ཁམས་ནོར་བུ་སྦྱོང་བའི་ཚུལ་དུ་སྐས་ཀྱི་གདང་བུ་ལྟར་ཐེག་པའི་རིམ་པ་བསྟན་པ་མཛད་
དེ༑ ༑མྱ་ངན་འདས་མདོ་ལས། ཇི་ལྟར་སྐས་ཀྱི་རིམ་པ་བཞིན། །ང་ཡི་བསྟན་པ་ཟབ་
མོ་ཡང་། །རིམ་གྱིས་བསླབ་ཅིང་ནན་ཏན་བྱ། །ཐོད་རྒལ་མ་ཡིན་མཐར་ཆགས་སོ། །ཞེས་
གསུངས་པ་སྟེ་དཔལ་རོང་ཟོམ་ཆེན་པོས་གོམས་པ་སྔ་མ་བརྟན་ནས་ཕྱི་མ་རིམ་གྱིས་འདོར་
བའི་དཔེ་ཡི་སྒོ་ནས་རིམ་བཞིན་བསྒྲུབ་པར་གསུངས་སོ། །དེས་ན་སྔ་མ་སྔ་མ་ལ་ངེས་
པ་མ་རྙེད་པའི་བློ་ཆུང་ལ་གསང་བ་ཟབ་མོ་བཤད་ན་སྐྱག་པས་འདོར་བའམ་སྒྲོ་སྐུར་གྱི་
གནས་སུ་འགྱུར་བའི་ཕྱིར་ཤིན་ཏུ་ཡང་གསང་བར་གདམས་པ་ཡིན་ནོ། །མདོ་ཡི་མཉམ་
པ་ཆེན་པོ་དོན་ལ་ངེས་པ་རྙེད་པ་དག་ལ་སྔགས་བླ་མེད་ཀྱི་ལྟ་དགོངས་ཟབ་མོ་བསྟན་ན་
ཤིན་ཏུ་གྲུབ་པར་འགྱུར་ཏེ། དེ་ཐེག་པའི་རིམ་པ་ཀུན་ལ་མཁས་པས་མཐར་ཕྱིན་རྡོ་རྗེ་
རྩེ་མོའི་གྲུབ་པའི་འཐར་སྒྲུབ་ནུས་པ་ཡིན་པར་ཤེས་པར་བྱའོ། །དེ་དག་ནི་རིགས་པའི་
སྒོ་ཙམ་སྟེ་ཞིབ་པར་ཕྱེ་ན་ཚད་མེད་དོ། ། ཞེས་གསུངས་པ་འདིའི་སྒོ་ནས་གྲུབ་པ་ཡིན་ནོ། །
ཁྲོ་ཤུལ་མཁན་པོ་ར འཇམ་རྡོར་གྱིས་མཛད། །
ལྔ་པ་ནི། དེ་ཕྱིར་སོགས། རྒྱུ་མཚན་དེ་དག་གི་ཕྱིར་ན་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་
ཕྱོགས་ལྷུང་གི་དྲི་མ་མེད་པས་སྒྲུབ་བྱེད་ཡང་དག་པའི་ཚད་མ་གསུམ་གྱིས་བསྒྲུབ་བྱ་
མཆོག་གསང་རྫོགས་པ་ཆེན་པོ་འདིའི་དོན་ལུང་རིགས་ཀྱིས་གྲུབ་པའི་ཚུལ་ནི། ཇི་སྐད་དུ།
ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་
པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །ཅེས་གསུངས་པ་ལྟར། རྒྱལ་བའི་
བཀའ་ཚད་མ་རྒྱུད་སྡེ་ཆེན་པོ་རྣམས་དང་། བླ་མའི་མན་ངག་ཚད་མ་དགོངས་པ་འགྲེལ་
པའི་བསྟན་བཅོས་ཀུན་དང་། ཁྱད་པར་དུ་ཀུན་མཁྱེན་རོང་ཟོམ་ཆོས་བཟང་གིས་མཛད་
པའི་མན་ངག་ཚད་མ་སྟེ། ཇི་སྐད་དུ། བཀའ་དོན་རིགས་པ་གཏན་ཚིགསཀྱིས། །སྣང་
དང་མཐུན་དང་འཐད་རྒྱས་ཐེབ། །ཅེས་པས་བཀའ་ལ་སྣང་། དོན་དང་མཐུན། རིགས་
པས་འཐད། གཏན་ཚིགས་ཀྱི་རྒྱུས་ཐེབ་པས་བསྒྲུབ་བྱ་ཡང་དག་པའི་དོན་ལ་ཐེ་ཚོམ་
ཆོད་པར་འགྱུར་རོ། །
དེས་ན་དེ་དག་གི་དོན་བཞིན་དུ་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་ཅིང་ཡེ་ཤེས་
དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་རང་བཞིན་
དག་མཉམ་དབྱེར་མེད་རོ་མཉམ་ཆེན་པོར་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་གཅིག་
གི་བདག་ཉིད་དུ་གཟིགས་པའི་གཟིགས་པ་རྣམ་པར་དག་པ་དེ་བཞིན་དུ་བསྒྲུབ་པ་ནི།
རྣམ་འགྲེལ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །རང་
ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །བསྟན་བཅོས་རྨོངས་པ་བཟློག་
བྱེད་ཡིན། །ཅེས་གསུངས་པ་བཞིན་དུ་གཟིགས་པ་རྣམ་པར་དག་པ་དེ་བཞིན་དུ་རིགས་
པ་ཡང་དག་པས་རྣམ་པར་དཔྱད་པ་ལ་ཚུལ་བཞིན་དུ་བསམ་ན། མི་མཐུན་ཕྱོགས་ལོག་
པར་ལྟ་བའི་བདུད་དང་ཕྱིར་རྒོལ་བ་ཀུན་གྱི་ཡུལ་ལས་འདས་པས་གཞན་གྱིས་དྲངས་
དུ་མེད་པའམ་མི་འཕྲོག་པ་དང་། གནས་ལུགས་ཟབ་མོའི་དོན་ལ་ཤེས་རབ་སྨིན་པས་
རང་གི་ལྟ་གྲུབ་ལ་ཐེ་ཚོམ་མེད་ཅིང་གཞན་མཐོང་གི་ཡིད་སྨོན་ཡང་མི་དགོས་པར་རང་
བློ་བདེ་བར་བྱེད་དོ། །གཉིས་པ་འདིས་ལྟ་སྒོམ་གྱི་རྣམ་བཞག་གཞན་ལས་འཕགས་པ་
ལ༑ འདིའི་དོན་མ་རྟོགས་པས་ཕྱིན་ཅི་ལོག་ཏུ་རྟོག་པ་བསལ་བ། མཐུན་ཕྱོགས་ཡང་
དག་པའི་ལྟ་སྒོམ་གྱི་རྣམ་བཞག་བཤད་པ་གཉིས་ལས། དང་པོ་ལ།འདིའི་དོན་སེམས་ཀྱི་
སྤྱོད་ཡུལ་དུ་སྟོན་པ་མཁས་པའི་དགོངས་པ་དང་འགལ་པ། དེའི་རྒྱུ་མཚན་འདི་སེམས་
ལས་འདས་པ་ཡིན་པར་བཤད་པ་གཉིས་ལས། དང་པོ་ནི། འོན་ཀྱང་སོགས། འདི་རྒྱུད་
སྡེ་ཀུན་གྱི་རྩེ་མོ་ཡིན་མོད་འོན་ཀྱང་དེ་ལྟར་ཚུལ་བཞིན་དུ་དཔྱོད་མ་ནུས་པ་འགའ་ཡིས་
རྫོགས་པ་ཆེན་པོའི་ལྟ་བའི་དངོས་གཞི་ནི་མི་སྟོང་པའི་སྣང་བ་རྐྱང་པའི་ཕྱོགས་རེ་དང་
མཐུན་པར་འདོད་པ་དང་། ཡང་དེ་བཞིན་དུ་སྟོང་པ་རྐྱང་པའི་ཕྱོགས་རེ་དང་མཐུན་པར་
འཛིན་པ་སོགས་དང་། ཡང་རྫོགས་ཆེན་གྱི་རིག་པ་ཡིད་རྣམ་ཕྲ་བ་སོགས་སུ་འདོད་ནས་
སེམས་དང་སེམས་བྱུང་གི་སྤྱོད་ཡུལ་དུ་འདི་དོན་སྟོན་པར་བྱེད་པ་དེ་དག་ནི། སེམས་
ལས་འདས་པ་ལ་སེམས་ཡིན་པར་སྨྲ་བ། ཡིད་དཔྱོད་ལས་འདས་པ་ལ་ཡིད་རྣམ་ཕྲ་བར་
འདོད་པ་དང་། བརྗོད་མིན་བརྗོད་བྱར་བྱས་པའི་ཕྱིར། །མཁས་པའི་དབང་པོ་རིག་
འཛིན་དགའ་རབ་རྡོ་རྗེ་སོགས་ཀྱི་དགོངས་པ་ཉིད་དང་རྣམ་བཞག་འདི་དག་འགལ་བར་
འགྱུར་ཏེ། མདོ་དགོངས་འགྲེལ་ལས། སོ་སོ་རང་རིག་ཚད་མེད་སྤྱོད་ཡུལ་ནི། །བརྗོད་
དུ་མེད་ཅིང་ཐ་སྙད་ཡོངས་ཆོད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་
གེ་ཀུན་ལས་འདས་མཚན་ཉིད། །ཅེས་གསུངས་སོ། །གཉིས་པ་ནི། གང་ཕྱིར་སོགས།
གལ་ཏེ་འདིའི་དགོངས་པ་ཕྱོགས་རེར་འཛིན་པ་རྣམས་དང་འགལ་བ་གང་གི་ཕྱིར་སྙམ་ན།
ཐེག་པའི་ཡང་རྩེ་རྒྱལ་བའི་དགོངས་པ་ཨ་ཏི་ཡོ་ག་ནི་སྣང་སྟོང་མཉམ་པ་ཆེན་པོ་བསམ་
གྱིས་མི་ཁྱབ་པའི་རང་བྱུང་ཡེ་ཤེས་མཐའ་གྲོལ་ཀློང་ཡངས་ཆེན་པོའི་དགོངས་པ་ཡིན་
སླད། མ་དག་པའི་སེམས་དང་སེམས་བྱུང་ལས་འདས་པ་ཁོ་ནའི་ཕྱིར་ཏེ། རྩ་ཤེས་
ལས། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་
དང་མི་འགག་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་གསུངས་པ་ཡིན་ནོ། །
གཉིས་པ་ལ། ལྟ་སྒོམ་ཉམས་སུ་ལེན་ཚུལ་གྱི་རྣམ་གྲངས་དངོས་དང་། འདིའི་ཆོས་སྐད་
དང་རྒྱུད་སྡེ་གཞན་གྱི་མི་ཤིག་པའི་ཐིག་ལེ་རྣམ་གྲངས་ཙམ་ཡིན་ཚུལ་གཉིས་ལས།
དང་པོ་ལ། རྣམ་མེད་ཁྲེགས་ཆོད་ཀྱི་ལྟ་བ་དང་། རྣམ་བཅས་ཐོད་རྒལ་གྱི་ལྟ་བ། དེ་
གཉིས་ཀ་དབྱེར་མེད་རང་བྱུང་གི་ཡེ་ཤེས་དང་གསུམ་ལས། དང་པོ་ནི། འདི་ལ་སོགས།
དེ་ཡང་རྫོགས་པ་ཆེན་པོ་འདི་ལ་ཁྲེགས་ཐོད་གཉིས་ཏེ། རྒྱུད་ལས། སོར་བཞག་ཁྲེགས་
ཆོད་ཏིང་འཛིན་གྱིས། །གཟུང་འཛིན་འཁྲུལ་པ་ཟད་པར་བྱེད། །ལྷུན་གྲུབ་རིག་པའི་
རྩལ་སྦྱངས་པས། །སྐུ་དང་ཡེ་ཤེས་ཐོད་རྒལ་རྒྱས། །ཞེས་གསུངས་པ་ལྟར། དང་པོ་གཟུང་
འཛིན་གྱི་ཆོས་ཐམས་ཅད་ཀ་ནས་དག་པའི་སྤྲོས་བྲལ་སྟོང་པའི་ཆུ་གཏན་ལ་འབེབས་
པ་ནི། སྟོང་གསལ་རང་རིག་འདུས་མ་བྱས་པའི་རིག་པ་རྗེན་པར་ངོ་འཕྲོད་ནས་ཕྱི་ནང་
གི་སྣང་བ་ཐམས་ཅད་ལ་སྤྲོས་པ་དང་འཛིན་སྟངས་ཐད་ཀར་ཆོད་པ་སོར་བཞག་ཏུ་སྐྱོང་
163
1
བ་ཁྲེགས་ཆོད་ཀྱི་ལྟ་བ་སྟེ། ཀུན་མཁྱེན་ཆེན་པོས། སྤྲོས་ཀུན་ཞི་བས་ཁྲེགས་ཆོད་ཅེས་སུ་
གདགས། །ཅེས་གསུངས་པ་ཡིན་ནོ། །གཉིས་པ་ནི། ལྷུན་གྲུབ་སོགས། དེ་ཡང་རང་
བཞིན་གསལ་བའི་ཆ་ལ་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པའི་རང་གདངས་སྐུ་དང་ཡེ་
ཤེས་ཀྱི་རང་བཞིན་གཏན་ལ་འབེབས་པ་ལ། དབྱིངས་ནང་གསལ་འདུས་མ་བྱས་པ་
སྐྱེ་འཆི་བགྲེས་རྒུད་དང་བྲལ་བ་གཞོན་ནུ་བུམ་པའི་སྐུར་ཡིད་ཆེས་འདྲེན་པ་ནི། ངོ་བོ་ཀ་
དག་གི་ལྟ་བ་དེའི་ངང་ནས་བཞུགས་སྟངས་དང་གཟིགས་སྟངས་ཀྱི་གནད་དང་སྒོ་ཡུལ་
རླུང་རིག་གི་གནད་ལས་འོད་གསལ་གྱི་རང་གདངས་མངོན་སུམ་དུ་མཇལ་བའི་ཕྱིར།
རྣམ་བཅས་ཐོད་རྒལ་ཏེ་རྣམ་པ་གཉིས་སོ། །
གསུམ་པ་ནི། གཉིས་ཀའང་སོགས། དེ་ལྟར་རྣམ་བཅས་རྣམ་མེད་དེ་གཉིས་ཀའང་སོ་སོར་གང་
ཡིན་ཀྱང་རིག་སྟོང་དབྱེར་མེད་པ་སྟེ་ཀ་དག་དང་ལྷུན་གྲུབ་ཟུང་དུ་འཇུག་པ་རང་བྱུང་གི་ཡེ་
ཤེས་ཆེན་པོ་ཁོ་ན་ཡིན་གྱི། གཙོ་ཆེ་ཆུང་ཙམ་གྱིས་སྟོང་ཆ་དང་སྣང་ཆ་ཞེས་བཞག་ཀྱང་
ཕྱོགས་སུ་ཆད་པ་ཅིར་ཡང་མེད་དེ། ཀུན་མཁྱེན་ཆེན་པོས། སེམས་འགག་ཆ་ནི་ཁྲེགས་
ཆོད་དང༌། །ཡེ་ཤེས་ནང་གསལ་ཐོད་རྒལ་གཉིས། །ཟུང་འཇུག་རང་བྱུང་ཡེ་ཤེས་ཏེ། །སྙིང་
ཐིག་གསང་བའི་ལམ་དུ་བཤད། །ཅེས་གསུངས་སོ། །གཉིས་པ་ནི། རྒྱུད་སྡེ་སོགས།
རྫོགས་ཆེན་གྱི་རྒྱུད་འདིར་ནང་གསལ་བུམ་པའི་སྐུ་ཞེས་བཞག་པ་ལ་མི་འཐད་པ་མེད་པར་
མ་ཟད་རྒྱུད་གཞན་གྱི་དོན་ཀྱང་འདིའི་གསལ་བོར་སྟོན་ཏེ། དེའི་རྒྱུ་མཚན་རྒྱུད་སྡེ་གཞན་
ན་སྲོག་མི་ཤིག་པའི་ཐིག་ལེའམ་ཡེ་ཤེས་སྙིང་པོའི་ཏི་ལ་ཀ་ཞེས་གསུངས་པ་འདི་དང་
གཞོན་ནུ་བུམ་སྐུ་གཉིས་མིང་གི་རྣམ་གྲངས་ཙམ་སྟེ་ཐིག་ལེ་ཡིན་པས་རུང་རྒྱུ་དང་། སྐུ་
ཁྲོ་ཤུལ་མཁན་པོ་འཇམ་རྡོར་གྱིས་མཛད། རྒྱུ
ཡིན་པས་མི་རུང་རྒྱུ་ཅི་ཡང་མེད་པར་མཚུངས་བཞིན་དུ་གཅིག་ཤོས་འགོགས་མི་ནུས་ཏེ།
སེམས་ཀྱི་སྤྱོད་ཡུལ་མཚན་མའི་རྣམ་པ་ཅན་དུ་བཟུང་ན་གཉིས་ཀ་མི་རུང་ལ། དངོས་སུ་
ཚུར་མཐོང་གི་སྤྱོད་ཡུལ་དུ་མི་འགྱུར་ཞིང་། ཤིན་ཏུ་ལྐོག་གྱུར་གྱི་ཡུལ་འཇལ་ནུས་པའི་
ཚད་མའི་སྐྱེས་བུ་སངས་རྒྱས་ཀྱིས་གཉིས་ཀ་གསུངས་པ་ལས། མི་ཤིགས་པའི་ཐིག་ལེ་
འདུས་མ་བྱས་པའི་རང་བཞིན་སྐུ་དང་ཡེ་ཤེས་ཀྱི་བསྒྲུབ་གཞི་ཡིན་ན། རྫོགས་ཆེན་གྱི་
རྒྱུད་འདིར་ནི་མཐར་ཐུག་འབྲས་བུས་བསྒྲུབ་གཞི་མི་ཤིགས་པའི་འོད་གསལ་བདེ་གཤེགས་
སྙིང་པོ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དུ་འཆར་པའི་རིག་གདངས་འགག་པ་མེད་པའི་ཚུལ་
ཤིན་ཏུ་གསལ་པོར་བསྟན་ནོ། །གསུམ་པ་ལ། ཕྱག་ཆེན་སོགས་སེམས་སྡེའི་ཁྱད་པར་
ཡིན་ཚུལ་དངོས་དང་། དེ་ཐམས་ཅད་ཀྱི་དགོངས་པའི་གནད་གཅིག་པ་ཡིན་ཚུལ། དེར་
མ་ཟད་བླ་མེད་ཀྱི་རྒྱུད་སྡེའི་བཞི་པའི་ཡེ་ཤེས་ཀྱང་འདིར་འདུས་པ་དང་གསུམ་ལས། དང་
པོ་ནི། རྫོགས་ཆེན་སོགས། དེ་ལྟ་བུའི་རྫོགས་ཆེན་གྱི་རྒྱུད་སྡེ་དེ་ལ་ནང་གསེས་ཀྱི་སེམས་
ཀློང་མན་ངག་གི་སྡེ་གསུམ་ཡོད་པ་ལས། སེམས་སྡེའི་མན་ངག་ཐོར་བུའི་གནད་རེ་འཕགས་
ཡུལ་བའི་མཁས་གྲུབ་སོ་སོའི་ཉམས་བཞེས་མཛད་པ་ལས་བོད་དུའང་གསར་མའི་གྲུབ་
མཐའ་འཛིན་པ་རྣམས་ཀྱི་ཉམས་ལེན་དུ། བཀའ་བརྒྱུད་པ་སོགས་ཀྱི་ཕྱག་ཆེན། ས་
སྐྱའི་ལམ་འབྲས་དང་།གཞན་ཡང་དམ་པའི་ཞི་བྱེད་དང་ཟུང་འཇུག་དབུ་མ་ཆེན་པོ་སོགས་
མཚན་གྱི་རྣམ་གྲངས་སོ་སོར་གྲགས་པ་དེ་དག་དོན་སེམས་སྡེ་ལས་མ་འདས་སྟེ། བསམ་
གཏན་ངལ་གསོར། ཤེས་རབ་ཕ་རོལ་ཕྱིན་ཡིན་དབུ་མ་སྟེ། །སྤྲོས་དང་སྡུག་བསྔལ་ཞི་བྱེད་
ཕྱག་རྒྱ་ཆེ། །སྙིང་པོའི་ཆོས་ཉིད་རྫོགས་པ་ཆེན་པོ་སྟེ། །གདོད་མའི་ཟད་ས་གཤིས་ཀྱི་
གནས་ལུགས་ཉིད། །འོད་གསལ་སེམས་ཉིད་རང་བྱུང་ཡེ་ཤེས་ཡིན། །ཞེས་སོ། །གཉིས་
པ་ལ། དངོས་དང་། དོགས་པ་བསལ་བ་གཉིས་ལས། དང་པོ་ནི། དོན་ལ་སོགས། མིང་
ཐ་དད་ཀྱང་དོན་ལ་དེ་ཐམས་ཅད་ཀྱི་བསྟན་དོན་སེམས་ལས་འདས་པའི་ཡེ་ཤེས་ཡིན་པའི་
ཕྱིར། དབུ་ཕྱག་རྫོགས་གསུམ་སོགས་ཐམས་ཅད་ཀུན་ཀྱང་བཟང་ངན་དང་མཐོ་དམན་
མེད་པར་མཉམ་པ་ནི། དཔེར་ན་སངས་རྒྱས་དང་གྲུབ་ཐོབ་དགོངས་པ་ནི་གཅིག་ཅེས་
མཁས་པ་ཀུན་མགྲིན་གཅིག་ཏུ་སྨྲ་བ་བཞིན་ནོ། །
གཉིས་པ་ནི། ལ་ལས་སོགས། ཡང་གང་ཟག་ལ་ལས་སྔ་འགྱུར་བའི་རང་ལུགས་རྫོགས་
པ་ཆེན་པོ་ནི་ཕྱག་ཆེན་སོགས་ལས་ཁྱད་པར་དུ་འཕགས་སོ་ཟེར་ཡང་། རང་བྱུང་རིག་པའི་ཡེ་
ཤེས་མ་རྟོགས་ན་ལམ་གྱི་ཐ་སྙད་ཀྱང་མེད་ལ་དེ་ཇི་བཞིན་པ་རྟོགས་ན་ཐམས་ཅད་ཀྱང་གནས་
ལུགས་སྤྲོས་དང་བྲལ་བར་དགོངས་པ་གཅིག་པ་ཉིད་ཡིན་པ་ལ། ཁྱད་པར་འཕགས་
ཚུལ་རིགས་པའི་ལམ་གྱིས་འཐད་པའི་དབྱེ་བ་ཞིག་མེད་དེ། ཀུན་མཁྱེན་ཆེན་པོས།
རྟོགས་ན་ཀུན་ཡིན་ཆོས་ཉིད་རོལ་བ་ཡིན། །ཡེ་ཡིན་བབས་ཡིན་རང་བྱུང་ཡེ་ཤེས་ཡིན། །མ་
རྟོགས་མཁའ་འདྲ་སྟོང་ཉིད་སྤྲོས་བྲལ་ཡང་། །རྟོག་པའི་རིས་ཡིན་རང་སེམས་འཆང་
བྱེད་ཡིན། །ཞེས་གསུངས་སོ། །གསུམ་པ་ནི། དེ་བཞིན་སོགས། དེ་བཞིན་དུ་དབུ་
ཕྱག་ལམ་འབྲས་སོགས་སེམས་སྡེར་འདུས་པར་མ་ཟད་གསར་རྙིང་གི་བླ་མེད་ཀྱི་རྒྱུད་
སྡེ་ཀུན་གྱི་བཞི་པའི་དབང་གི་ཡེ་ཤེས་དོན་གྱི་འོད་གསལ་ཐམས་ཅད་ཀུན་རང་བཞིན་
རྫོགས་པ་ཆེན་པོར་འདུས་ཤིང་དབྱེ་བ་མེད་དེ། ཇི་སྐད་དུ། མཉམ་ཉིད་དོན་རྟོགས་རང་
རིག་རྒྱལ་པོར་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་སྟོན་ཐབས་
ཁྲོ་ཤུལ་མཁན་པོ་འཇམ་རྡོར་གྱིས་མཛད། །
ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་གསུངས་སོ། །བཞི་
པ་ཁྱད་ཆོས་ལ། གཞན་ལ་མ་གྲགས་པའི་མངོན་སུམ་ལམ་བྱེད་ཀྱི་མན་ངག་དུ་མ་ཡོད་
པ༑ དེ་མཐར་ཐུག་པའི་ཡེ་ཤེས་ཡིན་ཀྱང་ལམ་དུ་རིམ་གྱིས་བྱེད་པ། དེའི་འཐད་པ་དཔེའི་
སྒོ་ནས་བཤད་པ་དང་གསུམ་ལས། དང་པོ་ནི། འོན་ཀྱང་སོགས། འོན་ཀྱང་རྒྱུད་དང་
ཐེག་པ་དེ་དག་ཐམས་ཅད་ཀྱི་འབྱུང་གནས་རྫོགས་པ་ཆེན་པོའི་ཡེ་ཤེས་དེ་ནི། ཡེ་ཤེས་
ཐམས་ཅད་ཀྱང་སྤྱི་གཟུགས་ཡིན་ཏེ། འཇམ་དཔལ་ཞལ་ལུང་ལས། རྫོགས་པ་ཆེན་པོ་
ཡེ་ཤེས་སྤྱི་ཡི་གཟུགས། །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། །ཞེས་གསུངས་པ་ལྟར་
སྟོན་པའི་རྒྱུད་སྡེ་འདི་ལ་ནང་གསེས་ཀྱི་དབྱེ་བ་ལ། ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་
བ་མན་ངག་གི་སྡེས་ཕྱེ་བའི་ཟབ་རྒྱས་ཀྱི་དོན་བཟང་པོ་ངོ་མཚར་རྨད་དུ་བྱུང་བ་གཞན་ལས་
ཁྱད་པར་དུ་འཕགས་པའི་གནད་གསང་ཞལ་ནས་སྙན་དུ་བརྒྱུད་པའི་མན་ངག་ཐོར་བུའི་
ཉམས་སུ་ལེན་པ་གྲུབ་མཐའ་གཞན་ལ་མ་གྲགས་པའི་ཤིན་ཏུ་གསང་བ་མང་དུ་ཡོད་པ་
ལ་ཁྱད་ཆོས་ཡིན་ཅེས་སྨྲ་ཅི་ལ་དགོས་ཏེ། སྔོན་དུས་སུའང་ཚེ་ལུས་གཅིག་གིས་འཇའ་
ལུས་ཟང་ཐལ་གྱི་ས་ལ་གཤེགས་པ་མང་ཞིག་འབྱུང་བ་ནི། ལམ་གྱི་འདྲེན་པ་ལྟ་བ་
ཡང་དག་པ་འདིའི་ཁྱད་ཆོས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེ་ལ་རྫོགས་སོགས།
དེ་འདྲའི་ཁྱད་ཆོས་དང་ལྡན་པ་དེའི་ཉམས་སུ་བླང་བྱའི་ཆོས་ལ་ནི། རྫོགས་པ་ཆེན་པོ་
རང་བྱུང་རིག་པའི་ཡེ་ཤེས་མཐར་ཐུག་པ་ཡིན་ལ། དེ་ནི་ཐ་སྙད་དང་ཤེས་བྱའི་མི་ཐུག་
པས་ཤིན་ཏུ་ཟབ་པ། བློ་དང་སྙམ་བྱེད་མ་ལངས་ཤིང་ཡོད་མེད་སོགས་ཀྱི་སྤྲོས་པ་ཞི་བ།
རང་བཞིན་གྱི་གདངས་མ་འགགས་པས་འོད་གསལ་བ། དུས་གསུམ་འཕོ་འགྱུར་མེད་
ངེས་སྒྲོན་རྣམ་བཤད་འོ ད་ཟེར་དྲི་མེད།
པའི་འདུས་མ་བྱས་པ་སངས་རྒྱས་ཀྱི་ཡེ་ཤེས་ཡིན་མོད། དེ་ལྟ་ན་ཡང་དེ་ཉམས་སུ་མི་
ལོན་པ་མ་ཡིན་པར་ལམ་སྒྲུབ་པའི་སྐབས་འདིར་ནི་གནས་སྐབས་ཚོགས་སྦྱོར་གྱི་ལམ་
དག་དུ་ཡང་ཡེ་ཤེས་དེ་དང་རྗེས་སུ་མཐུན་པ་དང་། དཔེའི་འོད་གསལ་དང་དོན་གྱི་འོད་
གསལ། སློབ་པ་དང་མི་སློབ་པའི་ཟུང་འཇུག་གི་འོད་གསལ་རྣམས་རིམ་པར་སྦྱོར་ལམ་
སྔ་མ་གཉིས་སུ་རི་མོ་བྲིས་པའི་ཟླ་བ་ལྟ་བུ་དང༌། ཕྱི་མ་གཉིས་སུ་ཆུ་ཟླ་ལྟ་བུ་དང་། མཐོང་
ལམ་དུ་ནམ་མཁའི་ཟླ་བ་ལྟ་བུས་དོན་གྱི་འོད་གསལ་ལམ་ཡང་ན་ཚོགས་ལམ་ན་གོ་བ་
སྤྱིའི་འོད་གསལ། སྦྱོར་ལམ་ན་མྱོང་བ་དཔེའི་འོད་གསལ། མཐོང་ལམ་ན་རྟོགས་པ་
དོན་གྱི་འོད་གསལ་སོགས་ཉམས་སུ་ལེན་པ་ཡོད་ཅིང་བླང་བ་དེས་གྲོལ་བ་ཡིན་ནོ། །གསུམ་
པ་ནི། རིམ་པས་སོགས། དེ་དག་ཀྱང་སྔ་ཕྱིའི་རིམ་པས་གཅིག་གིས་གཅིག་རང་རྒྱུད་ལ་
འདྲེན་པས་ན། ཚུལ་དེ་ལྟ་བུའི་རང་བྱུང་ཟུག་པ་མེད་པའི་ཡེ་ཤེས་གང་ཡིན་པ་དེ་ཉིད་
རང་གི་བློ་ཡི་ནུས་པ་དང་བསྟུན་ཏེ་ཉམས་སུ་ལེན་པ་ཡོད་པ་ཉིད་ཀྱི་ཕྱིར་ན། དཔེར་ན་
འཕགས་ལམ་གྱི་ཡེ་ཤེས་གང་ཡིན་པ་དེ་ཐོབ་པའི་ཕྱིར་དེ་དང་རྣམ་པ་རྗེས་མཐུན་པ་བསྒོམ་
པ་ནི་མདོ་ལམ་སོགས་ནའང་ཡོད་པ་བཞིན་ནོ། །ད་ནི་གསུམ་པ་དོན་བསྡུ་བ་ལ། དཔྱད་
པ་དང་འཛིན་སྟངས་དགོས་མི་དགོས་ཀྱི་ཤན་བསྡུས་ཏེ་བསྟན་པ། ཕྱོགས་རེར་འཛིན་
པ་ལ་སྐྱོན་ཡོན་གཉིས་ཀའི་ཆ་རེ་ཡོད་པར་བསྟན་པ་གཉིས་ལས། དང་པོ་ནི། ཆོས་ཉིད་
སོགས། འདི་ལྟར་འཛིན་སྟངས་དང་དཔྱད་འཇོག་དགོས་མི་དགོས་ཀྱི་དོན་བསྡུས་ན།
ཆོས་ཉིད་མཉམ་པ་ཉིད་སྣང་སྟོང་ཟུང་དུ་འཇུག་པའི་རང་རིག་ཡེ་ཤེས་ཆེན་པོ་ཇི་སྲིད་
མངོན་དུ་མ་གྱུར་པ་དེ་སྲིད་དུ་དཔྱད་པ་དང་འཛིན་སྟངས་ཕྲ་རགས་རེ་མ་གཏོགས་ཕལ་
ཁྲོ་ཤུལ་མཁན་པོ་འཇམ་རྡོར་གྱིས་མཛད། །
ཆེར་དགོས་པར་གསུངས་ཤིང་། སོ་སོ་རང་རིག་པའི་ཡེ་ཤེས་མངོན་སུམ་དུ་གཏན་ལ་
ཕེབ་པ་ན། ཡིད་ཀྱི་དཔྱོད་པ་དང་འཛིན་སྟངས་དང་བཅས་པའི་ལྟ་བ་ཀུན་ངེས་པར་
ནུབ་ནས་ཟུང་འཇུག་སྤྲོས་པ་དང་བྲལ་པའི་དོན་མངོན་སུམ་དུ་མཐོང་བར་འགྱུར་རོ། །
གཉིས་པ་ནི། དེ་ཕྱིར་སོགས། རྒྱུ་མཚན་དེ་ཡི་ཕྱིར་འཛིན་སྟངས་དགོས་མི་དགོས་དང་།
དཔྱད་འཇོག་གང་འཐད་སོགས་སོ་སོར་སྐབས་ཤན་མ་ཕྱེད་པར་འཛིན་སྟངས་ཡོད་པ་
མཐའ་གཅིག་དང་མེད་པ་ཕྱོགས་གཅིག་ཏུ་སྨྲ་བ་དང་། དེ་བཞིན་དུ་དཔྱད་འཇོག་གཉིས་
པོ་ཡང་ཕྱོགས་སུ་ཆད་པར་སྨྲ་བ་ལ་སྐྱོན་རེ་དང་ལེགས་ཆུ་རེ་དཔེར་ན་ཟླ་བའི་ཡར་ངོ་
འཕེལ་ཞིང་མར་ངོ་འགྲིབ་པ་བཞིན་དུ་གནས་ལ་དེ་འདྲའི་ཕྱོགས་སུ་མ་ལྷུང་བའི་ཉམས་
སུ་ལེན་ཚུལ་འདི་ནི། ངེས་པའི་དོན་གྱི་མདོ་རྒྱུད་མན་ངག་གི་ལུང་ཇི་ལྟ་བ་བཞིན་དུ་
འཐད་པ་རིགས་པའི་ཚུལ་གྱིས་གྲུབ་པ་ཡིན་ནོ། །དེས་ན་ཕྱོགས་ཞེན་སྤང་ཏེ་ལུང་རིགས་
ཀྱི་འཐད་པ་གང་ན་ཡོད་པ་དེར་འཇུག་རིགས་ཏེ། ཁ་ཕོ་རུས་ཙམ་མ་ཡིད་པར་ཐར་བ་
དོན་དུ་གཉེར་བའི་ཕྱིར་རོ། །སྨྲས་པ། དཔྱད་པའི་གཡོ་བ་བཅུད་ལ་སྣོད་མེད་བཞིན། །འཇོག་
པའི་གནས་པ་སྣོད་ལ་བཅུད་མེད་འདྲ། །ཕྱོགས་ལྷུང་བྲལ་བའི་ཞི་ལྷག་ཆ་མཉམ་པ།།
སྣོད་བཅུད་ཕུན་ཚོགས་དག་པའི་ཞིང་ཁམས་བཞིན། །
གཉིས་པ་བདེན་པ་གཉིས་གང་གཙོ་བཤད་པ་ལ། དྲི་བ་དང༌། དེའི་དོན་རྒྱས་པར་
བཤད་པ་གཉིས་ལས། དང་པོ་ནི། བདེན་པ་སོགས། དེ་ལྟར་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་
མེད་པར་འདོད་པ་དང་། ཁྱད་ཡོད་པར་འདོད་པ་སོགས་གང་ཡིན་ཀྱང་བདེན་པ་གཉིས་ལས་
གང་གཙོ་དྲིན། གཉིས་པ་ལ་བདེན་གཉིས་གང་རུང་རེ་ལ་གཙོ་ཆེ་ཆུང་དུ་འདོད་པའི་གཞན་གྱི་ལུགས་
ངེས་སྒྲོན་རྣམ་བཤད་ང འོད་ཟེར་དྲི་མེད།
དགག་པ། བདེན་གཉིས་དབྱེར་མེད་ལ་གཙོ་ཆེ་ཆུང་མེད་པའི་རང་ལུགས་གཞག་པ་གཉིས་
ལས། དང་པོ་ལ། དོན་དམ་གཙོ་ཆེར་འདོད་པ་དགག་པ་དང་། ཀུན་རྫོབ་གཙོ་ཆེར་འདོད་པ་
དགག་པ་གཉིས་ལས། དང་པོ་ལ། ཕྱོགས་སྔའི་འདོད་པ་བཀོད་པ་ངད་། དེ་དག་ག་པ་གཉིས་
ལས། དང་པོ་ནི། ཁ་ཅིག་སོགས། དེ་ཡང་གསར་མའི་གྲུབ་མཐའ་འཛིན་པ་ཁ་ཅིག་
དོན་དམ་གཙོ་ཆེ་བར་འདོད་དེ། དེའི་རྒྱུ་མཚན་ཆོས་ཅན་ཀུན་རྫོབ་ནི་འཁྲུལ་བའི་སྣང་བ་
ཁོ་ན་ཡིན་ཞེས་སྤང་བྱ་གློ་བུར་བར་རྟོགས་ཤིང༌། དོན་དམ་པ་ནི་མ་འཁྲུལ་བ་དང་གཤིས་ཀྱི་
གནས་ལུགས་ཡིན་པས་དོན་དམ་དེ་ཁོ་ནར་ལྟ་བ་ནི་ལྟ་བ་རྣམ་དག་ཡིན་ནོ་ཟེར། གཉིས་
པ་ལ། བདེན་པ་གཉིས་ཀྱི་ངོ་བོ་ལ་ཐ་དད་མེད་པར་བཤད་པ། ཐ་དད་དུ་ཞེན་པ་ཕྱིན་ཅི་
ལོག་ཡིན་ཚུལ་བཤད་པ་གཉིས་ལས། དང་པོ་ལ། ཀུན་རྫོབ་འཁྲུལ་བར་གསུངས་པའི་
དོན་བཤད་པ་དང་། བདེན་པ་གཉིས་ཡོད་མཉམ་མེད་མཉམ་སྟོབས་མཚུངས་སུ་བཤད་
པ་གཉིས་ལས། དང་པོ་ནི། ཀུན་རྫོབ་མ་སོགས། དེ་ཡང་ཀུན་རྫོབ་དང་དོན་དམ་པ་
གཉིས་ལ་འཁྲུལ་མ་འཁྲུལ་ཞེས་བཤད་མོད་ཀྱི། དེ་ནི་གཙོ་ཆེ་ཆུང་གིས་མ་ཡིན་ཏེ་རྟེན་ཅིང་
འབྲེལ་བར་འབྱུང་བའི་ཀུན་རྫོབ་ཀྱི་སྣང་བ་འདི་ལ་བདག་དང་ཆོས་སུ་བདེན་པར་འཛིན་
པ་དེ་དེ་བཞིན་དུ་མ་འཁྲུལ་བར་བདེན་པའི་རང་བཞིན་དུ་གྱུར་ན། ཡ་གྱལ་དོན་དམ་
པ་ཡང་སྟོང་པ་ཉིད་ཡིན་པར་བཞག་མི་རུང་སྟེ། ཀུན་རྫོབ་མི་སྟོང་པའི་ཕ་རོལ་ན་སྟོང་
པར་བཞག་རྒྱུ་གཞན་མེད་པའི་ཕྱིར། དེས་ན་ཀུན་རྫོབ་འཁྲུལ་པ་ཞེས་དོན་དམ་སྟོང་པ་
ཉིད་དུ་རྟོགས་པའི་ཚིག་བླ་དགས་དེ་སྐད་དུ་ནི་གསུངས་མོད་ཀྱི། དེ་ནི་སྣང་བ་མི་སྟོང་
པར་འཛིན་པའི་བློ་ལ་འཁྲུལ་བ་ཞེས་གསུངས་པ་ལས། མཐའ་གཅིག་ཏུ་སྣང་ཙམ་གྱི་
འཇམ་རྡོར་གྱིས་མཛད།
ཀུན་རྫོབ་སྤང་བྱར་གསུངས་པ་མ་ཡིན་ཏེ། ཡིན་ན་དོན་དམ་སྟོང་པ་ཡང་མི་རྙེད་དེ་ཀུན་
རྫོབ་ཀྱི་ངོ་བོ་སྟོང་པ་ལ་དོན་དམ་ཞེས་བཞག་པའི་ཕྱིར་རོ། །གཉིས་པ་ནི། ཀུན་རྫོབ་
སྤང་སོགས། དེ་ལྟར་གཙོ་ཆེ་ཆུང་དུ་བཞག་པ་མི་རིགས་ཏེ་སྣང་བ་རྟེན་འབྲེལ་གྱི་ཀུན་
རྫོབ་འདི་སྤངས་པའི་ཕ་རོལ་དེ་ན། སྟོང་པའམ་མི་སྟོང་པའི་དོན་དམ་འགའ་ཡང་མི་
གྲུབ་སྟེ། སྣང་བ་དང་སྟོང་པ་དེ་གཉིས་ཕན་ཚུན་ཐབས་དང་ཐབས་བྱུང་ཡིན་ཏེ། ཐབས་
ཀུན་རྫོབ་ཀྱི་སྣང་བ་འདི་ལ་བརྟེན་ནས་དེ་རང་བཞིན་མེད་པར་ཤེས་པའི་ཐབས་བྱུང་དོན་
དམ་པ་རྟོགས་པ་དང་། དོན་དམ་སྟོང་པ་ཉིད་དུ་ཤེས་པའི་ཐབས་དེ་ལས་ཀུན་རྫོབ་ཀྱི་
སྣང་བ་རྟེན་འབྲེལ་སྒྱུ་མའི་རང་བཞིན་བསླུ་མེད་དུ་འབྱུང་བའི་ཐབས་བྱུང་རྟེན་འབྲེལ་
ཟབ་མོའི་དོན་རྟོགས་པ་སྟེ། བརྟགས་བྱའི་དངོས་པོ་ལ་མ་བརྟེན་པར་རམ་མ་རེག་པར་
དངོས་བོ་དེ་ཡི་དངོས་མེད་ཀྱང་ཡོད་པ་མིན་ཏེ་གཅིག་ཤོས་ལ་བརྟེན་ནས་ཅིག་ཤོས་
བཞག་པ་སྟེ། འཇུག་འགྲེལ་ལས།འདི་ཡོད་པས་ན་འདི་འབྱུང་དཔེར། །རིང་པོ་
ཡོད་ན་ཐུང་ངུ་བཞིན། །འདི་སྐྱེས་པས་ན་འདི་འབྱུང་དཔེར། །མར་མེ་འབྱུང་བས་འོད་
བཞིན་ནོ། །ཞེས་གསུངས་པའི་རྒྱུ་མཚན་དེས་ན་དངོས་པོ་རྣམས་བརྟེན་ནས་སྐྱེས་པ་
དང༌། དངོས་མེད་རྣམས་བརྟེན་ནས་བཏགས་པ་སྟེ་གཉིས་ཀ་རྟེན་འབྲེལ་སྣང་ཙམ་གྱི་
རང་བཞིན་དུ་ཡོད་མཚུངས་མེད་མཚུངས་ཡོད་མཉམ་མེད་མཉམ་དུ་གཅིག་སྟེ། སྤྱོད་
འཇུག་ལས། གང་ཆེ་གང་ཞིག་མེད་དོ་ཞེས། །བརྟགས་བྱའི་དངོས་ལ་མ་རེག་པར། །དེ་
ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ལ། ཤིང་རྟ་
ཆེན་པོ་ཀླུ་སྒྲུབ་ཀྱི་ལུགས་དང་འགལ་ཚུལ། ཟླ་གྲགས་ཀྱི་སྐྱོན་བརྗོད་རང་ལའང་མཚུངས་
པར་ཐལ་བ། དེའི་ཕྱིར་མཐར་ཐུག་གི་དོན་ལ་ཕྱིན་ཅི་ལོག་ཡིན་ཚུལ་དང་གསུམ་ལས།
དང་པོ་ནི། གལ་ཏེ་སོགས། གལ་ཏེ་དོན་དམ་པ་སྟོང་པ་ཁོ་ནར་འདོད་ཅིང་དེར་ཞེན་
པ་དེས་སྣང་བ་ཀུན་རྫོབ་རྣམ་པར་བཅད་པར་གྱུར་ན་སྟོང་པ་ཉིད་ཁོ་ན་རྟེན་འབྱུང་དུ་
ཤར་བའི་འཕགས་པ་ཀླུ་སྒྲུབ་ཀྱི་ཟབ་མོ་ལྟ་བའི་ལུགས་བཟང་པོ་རྙོགས་མར་བྱས་པར་
འགྱུར་ཞིང་། སྣང་བ་རྣམ་པར་བཅད་ན་གཙོ་ཆེ་ཆུང་མེད་པར་འགྱུར་རོ། །ཡང་གལ་ཏེ་
མི་སྟོང་བའི་སྣང་བ་དོན་དམ་ཁོ་ནར་ཞེན་པ་དེས་ཀུན་རྫོབ་ཀྱི་སྣང་བ་གཞན་དུ་རྣམ་པར་
བཅད་ན་ཡང་ཀླུ་སྒྲུབ་ཀྱི་ལུགས་རྙོགས་མར་བྱས་པ་མཚུངས་པ་སྟེ། གཉིས་ཀའི་སྣང་
སྟོང་ཕྱོགས་རེར་འདོད་པ་ལ་དོན་གྱི་གནས་ལུགས་སྣང་སྟོང་ཕྱོགས་སུ་མ་ལྷུང་བའི་ཕྱིར་
རོ༑ །གཉིས་པ་ནི། སྟོང་མཐོང་སོགས། གལ་ཏེ་དོན་དམ་པ་སྟོང་པ་ཉིད་དུ་མཐོང་ཞིང་དེ་ཡི་
ལམ་གོམས་ནས། གོམས་པ་དེས་དབང་གིས་སྣང་བ་བཅད་པའི་སྟོང་དབྱིངས་འབའ་ཞིག་པ་ཞིག་
རྟོགས་རྒྱུ་ཡོད་ན་ནི། དེ་འདྲའི་འཕགས་པའི་མཉམ་བཞག་གིས་སྟོང་པ་ཉིད་མཐོང་བ་དེ་ཀུན་རྫོབ་
ཀྱི་དངོས་པོའི་འཇིག་རྒྱུ་ཡིན་པར་རང་རྒྱུད་པར་མ་ཟད་ཁྱོད་ལའང་ཐལ་བར་འགྱུར་ཏེ་སྟོང་རྟེན་
འབྱུང་ཟུང་འཇུག་ཏུ་ཡོད་པ་ལ་ཡོད་ཀྱི་མཉམ་བག་གིས་ཅིག་ཤོས་མེད་པར་བྱས་པའི་ཕྱིར། རྟོགས་
བྱ་དེ་སྟོང་པ་འབའ་ཞིག་པ་མིན་ན་སྟོང་པ་གཙོ་ཆེ་བ་ཉམས་སོ། །གསུམ་པ་ནི། དེ་ཕྱིར་སོགས།
རྒྱུ་མཚན་དེ་དག་གི་ཕྱིར་ཀུན་བྱང་གི་ཆོས་ཐམས་ཅད་གདོད་ནས་སྟོང་པ་ཉིད་དུ་གནས་ན་ཡང་།
སྟོང་པ་དེ་སྣང་བ་རྣམ་པར་བཅད་པ་ཅན་མ་ཡིན་པར་སྟོང་སྣང་གཉིས་ཕྱོགས་དང་རིས་སུ་མ་ཆད་པས་
དོན་དམ་པ་སྟོང་པ་ཁོ་ན་གཙོ་ཆེ་བའམ། ཡང་འགའ་ཞིག་མི་སྟོང་པའི་དོན་དམ་པ་ཁོ་ན་གཙོ་ཆེ་
ཞེས་འཛིན་པ་ནི་གནས་ལུགས་མཐར་ཐུག་པའི་དོན་ལ་མི་མཁས་ཏེ། རིགས་པས་མི་
ཏེ
འགྲུབ་པའི་ཕྱིར་རོ། །གཉིས་པ་ཀུན་རྫོབ་གཙོ་ཆེར་འདོད་པ་ལ། རྙིང་མ་འགའ་ཞིག་
གི་ལུགས་དགག་པ་དང༌། གྲུབ་མཐའ་གཞན་གྱི་ལུགས་དགག་པ་གཉིས་ལས། དང་
པོ་ལ། འདོད་པ་འགོད་པ་དང༌། དེ་དགག་པ་གཉིས་ལས། དང་པོ་ནི། ལ་ལས་སོགས། རྙིང་
མ་ལ་ལས་དོན་དམ་སྟོང་པ་ཉིད་ཕར་བཅུད་ནས་སྣང་ཆ་ལྷ་དང་དཀྱིལ་འཁོར་གྱི་རང་
བཞིན་དུ་ཤེས་པའི་ཀུན་རྫོབ་ཙམ་གྱི་ངོས་ནས་ནི་རྒྱུད་སྡེ་རྣམས་ཀྱི་ལྟ་བ་མཐོ་དམན་
དུ་བྱེད་པའམ་འཇོག་གོ །གཉིས་པ་ལ། ཀུན་རྫོབ་ཁོ་ན་ཁྱད་ཆོས་སུ་མི་རུང་བ་དང་།
དེའི་རྒྱུ་མཚན་དཔེའི་བཤད་པ་གཉིས་ལས། དང༌པོ་ནི། དོན་དམ་སྟོང་སོགས། གལ་ཏེ་
ཀུན་རྫོབ་ཁོ་ནའི་མཐོ་དམན་དུ་འཇོག་པ་དེ་དོན་དམ་སྟོང་བས་མ་ཟིན་པའམ། སྟོང་
པ་དང་མ་འབྲེལ་བ་ཡིན་ན་དེ་འདྲའི་ལྷར་ལྟ་བའི་ཀུན་རྫོབ་རང་ཉིད་རྒྱུད་སྡེའི་ལྟ་བའི་
མཐོ་དམན་བྱེད་པའི་ཆོས་སུ་མི་འཐད་དེ་ངོ་བོ་མི་སྟོང་ན་ལྷ་ཡིན་པར་བསྒྲུབ་ཏུ་མི་རུང་སྟེ།
དེ་འདྲའི་ལྷ་ཞིག་ཡོད་པ་ཤེས་བྱ་ལ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི། དོན་དམ་གདེངས་
སོགས། དེས་ན་དོན་དམ་པའི་གནས་ལུགས་སྣང་སྲིད་དག་མཉམ་ཆེན་པོ་རྟོགས་པའི་
གདེངས་དང་མི་ལྡན་པར་བདེན་གཉིས་སོ་སོར་ཕྱེས་ཏེ་ཀུན་རྫོབ་ཀྱི་ཆ་ཁོ་ན་ལྷ་རུ་བསྒོམ་
པ་ནི་ལྟ་བས་མ་ཟིན་པའི་མོས་པ་ཙམ་ཡིན་གྱི་གནས་ལུགས་རྟོགས་པའི་ལྟ་བ་དང་ལྡན་
པའི་དོན་བསྒོམ་པ་མིན་ཏེ། དཔེར་ན་མུ་སྟེགས་པའི་ལུགས་ཀྱི་རིགས་སྔགས་འགའ་
ཞིག་ཀྱང་བཟླ་ཚེ་རང་ཉིད་ཀྱི་ལུས་འདི་ལས་གཞན་དུ་མོས་དགོས་པ་བཞིན་ནོ། །གཉིས་
པ་ལ། ཕྱོགས་སྔའི་གྲུབ་མཐའ་གཏན་ལ་ཕབ་ཚུལ་བཞག་པ། དེས་བཤད་སྒྲུབ་ཡ་བྲལ་དུ་
སོང་བའི་ཚུལ་གྱིས་དགག་པ་གཉིས་ལས། དང་པོ་ནི། ལ་ལས་སོགས། གངས་ཅན་གྱི་
ངེས་སྒྲོན་རྣམ་བཤད་ང འོད་ཟེར་དྲི་མེད། །
གསར་མའི་མཁས་པ་ལ་ལས་བདེན་པ་གཉིས་ལས་རྟེན་འབྲེལ་གྱི་སྣང་བ་ཀུན་རྫོབ་འདི་
གལ་ཆེ་སྟེ་གང་གི་ཕྱིར་ན་སྣང་སྟོང་བདེན་པ་གཉིས་པོ་ཟུང་འབྲེལ་དུ་འཇུག་དགོས་སོ་
ཟེར་ནས་ཡང་ནས་ཡང་དུ་ཀུན་རྫོབ་དང་ཐ་སྙད་ཚད་གྲུབ་ཀྱི་ཕྱོགས་ལ་བསྔགས་ཤིང་
ཀུན་རྫོབ་རང་གི་ངོ་བོ་མི་སྟོང་ཞིང་གལ་ཏེ་སྟོང་ན་ཐ་སྙད་ལ་སྐུར་བ་བཏབ་ཅིང་ཆད་ལྟར་
འགྱུར་བ་ཡིན་པས་མི་རུང་བར་འདོད་དོ། །
གཉིས་པ་ནི། ཟུང་འཇུག་སོགས། དེ་ལྟར་བཤད་པ་མཛད་ནས་དེའི་དོན་སྒོམ་པའི་ཚེ་
ཇི་ལྟར་གཏན་ལ་ཕབ་པ་དེ་ལྟར་རིགས་པ་ལ་ཟུང་འཇུག་གི་ལྟ་བ་དེ་སྐྱོང་པའི་དུས་ན་
གཏན་ལ་ཕབ་པའི་ཟུང་འཇུག་དོར་ནས་དེ་མི་སྒོམ་པར་བདེན་གྲུབ་མེད་པའི་སྟོང་རྐྱང་
དེ་ཉིད་འཛིན་སྟངས་དང་བཅས་ཏེ་སྒོམ་པར་བཤད་པས་ན། བཤད་པ་བཟང་པོའི་གཏན་
ལ་ཕབ་པ་མ་ལྟ་བུའི་ཐོས་བསམ་ལྟ་བའི་རྗེས་སུ་བསྒོམ་པའི་ཉམས་ལེན་མི་འབྲང་བར་
བསམ་མེད་ཀྱི་བུ་ཆུང་ཡན་གར་དུ་སོང་བ་ལྟར། བཤད་པའི་རྗེས་སུ་བསྒོམ་པ་སློབ་མ་
ནུས་པ་ནི་དཔེར་ན་འདྲེ་ཤར་དུ་གནས་པ་ལ་གླུད་ནུབ་ཏུ་གཏོང་བ་བཞིན་ནོ། །གཉིས་
པ་རང་ལུགས་བཞག་པ་ལ། གཞི་བདེན་གཉིས་ཟུང་འཇུག་ཏུ་གཏན་ལ་ཕབ་པ། རིགས་
དང་དབང་པོའི་ཁྱད་པར་གྱིས་གནས་ལུགས་ཀྱི་དོན་དེ་ཇི་བཞིན་འཇལ་ནུས་མ་ནུས་ཀྱི་
ལམ་ལ་ཁྱད་པར་ཡོད་པ། བདེན་གཉིས་ཟུང་འཇུག་ཏུ་རྟོགས་ཤིང་གོམས་པས་སྐུ་གཉིས་
ཟུང་འཇུག་གི་འབྲས་བུ་ཐོབ་པར་བཤད་པས་དོན་བསྡུ་བ་གསུམ་ལས། དང་པོ་ལ།
སྔ་འགྱུར་རང་ལུགས་ནི་རང་སྟོང་མི་སྟོང་རྟག་མི་རྟག་སོགས་གང་གི་ཕྱོགས་སུ་མ་ལྷུང་
བའི་སྣང་སྟོང་དབྱེར་མེད་ཡིན་ཚུལ་གྱིས་མདོར་བསྟན་པ། དེའི་དོན་རྒྱས་པར་བཤད་
མ་ཆད། ཕྱོགས་གང་དུའང་མ་ལྷུང་སྟེ་སྒྲོ་འདོགས་སོ་གཉིས་དང་བྲལ་བ་ཡི་སྣང་སྟོང་
མི་རྟག་པ་སྟོང་པ་དང་མི་སྟོང་པའི་སྣང་བ་སྟེ་བདེན་པ་གཉིས་པོ་སོགས་རྒྱ་གང་དུའང་
བྱེད་ལམ་གྱི་ཆོས་དང་། །ཐོབ་བྱ་འབྲས་བུའི་ངོ་བོ་སོགས་གང་གི་ཆོས་སྐད་ལའང་རྟག་པ་དང་
འགྲིགས་པ་དེས་ན་སྔ་འགྱུར་བ་རྣམས་རང་གི་ལུགས་འདིར་ནི་ཤེས་བྱ་གཞིའི་རང་བཞིན། བརྗོད་
འགྲེལ་སོགས་ན་ཐ་མ་ངེས་དོན་དུ་གསུངས་པ་སོགས་ལ་ཕྱོགས་རེ་འགྲིགས་ཀྱང་ཕྱོགས་རེ་མི་
དབང་གི་ཞུས་མདོ་སོགས་འགའ་ཞིག་ན་བཀའ་ཐ་མ་མཆོག་ཏུ་བསྔགས་པ་དང་དགོངས་པ་ངེས་
དེ་ལྟར་ན་བློ་གྲོས་མི་ཟད་པ་དང་ཏིང་འཛིན་རྒྱལ་པོ་སོགས་ན་བར་པ་ངེས་དོན་དང༌། གཟུང་
གཏོགས་ཕལ་ཆེར་དེ་ལྟར་འདོད་ཅིང་བཀའ་དང་དགོངས་འགྲེལ་ཐམས་ཅད་ཕྱོགས་
འགྲེལ་རྣམས་དྲངས་དོན་ཡིན་ཅེས་སྨྲ་ལ། དེ་དག་ལ་དམིགས་བསལ་ཅུང་ཟད་རེ་མ་
ལོ་ཐ་མའི་མདོ་དགོངས་འགྲེལ་དང་བཅས་པ་ངེས་དོན་དང་། བར་བའི་བཀའ་དང་དགོངས་
ཞིག་གིས་བདེ་གཤེགས་སྙིང་པོ་ངོ་བོ་མི་སྟོང་བའི་རྟག་པ་དམ་པར་འདོད་ཅིང་། འཁོར་
མའི་མདོ་དགོངས་འགྲེལ་དང་བཅས་པ་ལ་དྲངས་དོན་དུ་གསུངས་ཤིང། ཡང་འགའ་
སྟོང་ཉིད་སྟོན་པའི་མདོ་དང་དེས་དགོངས་འགྲེལ་རྣམས་ངེས་དོན་དང་། འཁོར་ལོ་ཐ་
སྙིང་པོ་མི་རྟག་པ་དང་སྟོང་པར་འདོད་ཅིང་། དེས་དབང་གིས་འཁོར་ལོ་བར་བ་སོགས་
འཆད་པ་ལ་གསར་མའི་ཕྱོགས་འགའ་ཞིག་གིས་གོང་བཤད་བཞིན་དུ་གཞི་བདེ་གཤེགས་
དོན་བསྡུ་བ་གསུམ་ལས། དང་པོ་ནི། དེས་ན་སྔ་སོགས། དེ་ཡང་འདི་ལྟར་གཞིའི་དོན་
པ་དང་། འདི་ཉིད་མདོ་སྔགས་ཐམས་ཅད་ཀྱི་ལྟ་བ་ཡང་དག་པའི་རྨང་གཞི་ཡིན་པར་
འ ཇམ་རྡོར་གྱིས་མཛད།
བཅད་དེ་སྨྲའོ། །
ཟུང་འཇུག་མཉམ་པ་ཉིད་ཁོ་ནའི་གྲུབ་མཐའ་བསྐྱངས་པ་སྟེ། དེ་ཡང་ཇི་སྐད་དུ། སྐལ་བཟང་
གདུལ་བྱའི་མདོ་དང་སྔགས་ཀྱི་ཚུལ། །ཉམས་སུ་ལེན་ལ་གཞན་དྲིངས་མི་འཇོག་པར། །
ཞེས་གསུངས་པ་བཞིན་མདོ་སྔགས་ཀྱི་ལམ་གང་ཡིན་ཡང་ཕྱོགས་ཆད་དུ་མི་སྨྲ་སྟེ། མདོ་
ཡི་དབང་དུ་ན་འཁོར་ལོ་བར་བའི་མདོ་དང་དགོངས་འགྲེལ་རྣམས་ཀྱིས་བདེན་གཉིས་
ཟུང་འཇུག་གི་གནས་ལུགས་བདེ་གཤེགས་སྙིང་པོའི་དོན་དམ་པའི་འཇལ་ཚུལ་རྩལ་དུ་
བཏོན་ནས་འཆད་པའི་ཕྱིར་ངོ་བོ་ཀ་དག་གི་གནས་ལུགས་སྟོན་ཅིང་། འཁོར་ལོ་ཐ་མའི་
སྙིང་པོ་སྟོན་པའི་མདོ་དང་དེའི་དགོངས་འགྲེལ་རྣམས་ཀྱིས་ཀྱང་བདེན་གཉིས་ཟུང་འཇུག་
གི་གནས་ལུགས་བདེ་གཤེགས་སྙིང་པོའི་སྣང་ཚུལ་ཐ་སྙད་ཀྱི་རྣམ་བཞག་རྩལ་དུ་བཏོན་
ནས་འཆད་པས་ན་རང་བཞིན་གསལ་བའི་ཡོན་ཏན་ལྷུན་གྲུབ་ཀྱི་རྣམ་བཞག་སྟོན་པར་
འདོད་པའི་ཕྱིར། བཀའ་དང་དགོངས་པ་འགྲེལ་བའི་གཞུང་ཀུན་རྫོགས། ཞེས་
གསུངས་སོ། །དེ་བཞིན་དུ་སྔགས་ལའང་གསར་རྙིང་གི་རྒྱུད་སྡེ་དང་བསྒྲུབ་སྡེ་སྟེ་རིང་
བརྒྱུད་བཀའ་མའི་ཕྱོགས་རྣམས་ཐམས་ཅད་ཡང་དག་པའི་ལམ་དུ་འདོད་པར་མ་ཟད། ཉེ་
བརྒྱུད་གཏེར་མའི་ཕྱོགས་དང་བཅས་པ་ཐམས་ཅད་ཚང་ཞིང་རྫོགས་པའི་ཕྱིར། བདེན་
གསུང་བཀའ་ཡི་རྒྱ་མཚོ་ཆེན་པོ་ལ། །ཟབ་མོའི་ཆོས་གཏེར་ནོར་བུའི་མངོན་པར་མཛེས། །
ཞེས་གསུངས། དེ་ཀུན་ཀྱང་ཟུང་དུ་འབྲེལ་བའི་བསྟན་བྱ་མཐར་ཐུག་གི་གནས་ལུགས་
གོང་དུ་བཤད་པ་ལྟར་ཀ་དག་ལྷུན་གྲུབ་ཟུང་འཇུག་གི་གཞི་གཏན་ལ་ཕབ་ནས་ལམ་ཁྲེགས་
ཆོད་ཐོད་རྒལ་གང་ཡིན་ཀྱང་ཟུང་འཇུག་རང་བྱུང་གི་ཡེ་ཤེས་ཉམས་སུ་ལེན་ཅིང་། འབྲས་
བུ་ནང་དབྱིངས་རྣམ་པར་དག་པ་སྐུ་གསུམ་དབྱེར་མེད་ཟུང་འཇུག་གི་གོ་འཕང་ཐོབ་པར་
དམ་བཅའ་བ། དེ་ངོ་བོ་དབྱེར་མེད་མཉམ་པ་ཉིད་ཡིན་པའི་རྟགས་ཀྱིས་བསྒྲུབ་པ་དང་
ཆོས་བསྒྲུབ་པ། དེ་གསུམ་གང་གི་སྐབས་ཡིན་ཀྱང་བདེན་གཉིས་ལ་སྤང་བླངས་མེད་པར་
བདེན་གཉིས་ཡ་བྲལ་རེ་རེས་སྟེང་དུ་གཞི་ལམ་འབྲས་གསུམ་བཞག་མི་ནུས་པས་ཕྱོགས་
མེད་ཡིན་པའི་སྒྲུབ་བྱེད་འགོད་པ། དེའི་ཁྱབ་པ་བསྒྲུབ་པ་གཉིས་ལས། དང་པོ་ལ།
རིམ་ཅན་དུ་རྟོགས་དགོས་ཚུལ་བཤད་པ་གཉིས་ལས། དང་པོ་ལ། བདེན་གཉིས་དབྱེར་
པར་བཤད་པ་ལ། བདེན་གཉིས་དབྱེར་མེད་དུ་སྤྱིར་བཤད་པ། ལས་དང་པོ་པས་དེ་
པོའི་ལྟ་བ་ལ་གནས་པ་ཞེས་བྱ་བའི་མིང་ཐོབ་བོ། །ཞེས་གསུངས་སོ། །གཉིས་པ་རྒྱས་
ཆོས་དང་ཆོས་ཉིད་གཉིས་སུ་མེད་པར་འཇུག་ནུས་པར་འགྱུར་རོ། །དེ་ལ་རྫོགས་པ་ཆེན་
ཡང་དེ་བཞིན་དུ་རོང་ཟོམ་ཆེན་པོས།
བཏགས་ཀྱང་། རྩ་བ་རང་རིག་པའི་ཡེ་ཤེས་འོད་གསལ་བ་ཉིད་དོ། །ཞེས་གསུངས་པ་
རིགས་དང༌། དྲི་མ་སྦྱངས་ནས་ཡོན་ཏན་རྒྱས་པར་མངོན་པས་རྒྱས་འགྱུར་གྱི་རིགས་ཞེས་
ཐོག་མ་མེད་པའི་ཆོས་ཁམས་དགེ་བ་སྟེ། འགྱུར་བ་མེད་པས་རང་བཞིན་གནས་པའི་
ལྟ་བུའི་དཔེ་མདོ་དང་རྒྱུད་ཐམས་ཅད་ནས་བཤད་ལ། དེ་གཉིས་དབྱེར་མི་ཕྱེད་པ་ནི་
ཏན་ལྷུན་གྲུབ་ཏུ་ཡོད་པ་དཔེ་དགུས་བསྟན་ཅིང་། སྟོང་ཆ་ལ་ཆོས་སྐུའི་ཡོན་ཏན་ནམ་མཁའ་
པའི་སེམས་ཀྱི་རང་བཞིན་འོད་གསལ་བའི་སྣང་ཆ་ལ་སངས་རྒྱས་ཀྱི་གཟུགས་སྐུའི་ཡོན་
ཅིང་ངོ་བོ་ཉིད་དྲི་མ་མེད་པའི་སེམས་ཉིད་སངས་རྒྱས་ཀྱི་ཡེ་ཤེས་དམ་པ་ཡེ་ནས་གནས་
འདོད་པའི་ཕྱིར། སེམས་ཉིད་ངལ་གསོའི་འགྲེལ་པ་ལས། དེའང་རང་བཞིན་གྱིས་དག་
བདེན་པ་དབྱེར་མེད་པར་རྟོགས་པས་
དང་།
གསུམ་ལས་དང་པོ་ནི། ཀུན་རྫོབ་དང་སོགས། དེ་ཡང་བདེན་གཉིས་ཕྱོགས་སུ་ཆད་པ་མེད་
ངེས་སྒྲོན་རྣམ་བཤད་ང འོད་ཟེར་དྲི་མེད།
པའི་རྒྱུ་མཚན་ཀུན་རྫོབ་དང་ནི་དོན་དམ་པ་ཡུ་དང་བྲལ་པའི་གང་རུང་རེ་རེའི་སྟེང་དུ་ནི་
གཞི་ལམ་འབྲས་བུ་གསུམ་པོ་བཞག་མི་ནུས་ཏེ། སྟོང་པ་དང་སྣང་བ་རྐྱང་བ་རེ་ཤེས་བྱའི་
ཁོང་ན་མི་སྲིད་པའི་ཕྱིར། ཤེས་བྱ་དང་ཐོབ་བྱར་མི་སྲིད་མི་སྲིད་ཅིང་། དེ་མི་སྲིད་ན་དེ་
གཉིས་བྱ་བྱེད་འབྲེལ་བའི་ལམ་ཡང་བཞག་མི་ནུས་པས་སོ། །
གཉིས་པ་ནི། གཞི་ལམ་སོགས། དེ་ཕྱིར་གཞི་ལམ་འབྲས་བུ་གསུམ་ཆར་དུའང་སྣང་ཆ་
དང་སྟོང་ཆ་གཉིས་པོ་འདིས་ཅིག་ཤོས་འདི་སྤང་དང་ཅིག་ཤོས་འདི་བླང་གི་དབྱེ་བ་མེད་
པར་དམ་བཅའ་སྟེ། སྣང་བ་ཀུན་རྫོབ་སྤངས་པའི་ཕ་རོལ་ན་སྟོང་པ་རྐྱང་པ་དོན་དམ་པ་
ཞིག་མེད་ལ། སྟོང་པ་དོན་དམ་པ་སྤུངས་པའི་ཕ་རོལ་ན་སྣང་བ་རྐྱང་པ་ཀུན་རྫོབ་གཞན་
པ་ཞིག་ལོགས་ན་མེད་པ་ཉིད་ཀྱི་ཕྱིར་རོ། །གསུམ་པ་ནི། གང་སྣང་སོགས། དེ་མེད་
པའི་རྒྱུ་མཚན་གང་གིས་ན། གང་སྣང་བ་ཐམས་ཅད་སྟོང་པས་ཁྱབ་པ་ཡིན་ཏེ་སྣང་བ་དེ་
དཔྱད་ན་མ་གྲུབ་པའི་ཕྱིར་དང་། གང་སྟོང་པ་དེ་སྣང་བས་ཁྱབ་པ་སྟེ་སྟོང་པར་དཔྱད་
པ་དེ་སྣང་བ་དེའི་རང་བཞིན་ཡིན་པའི་ཕྱིར་དང༌། འཕགས་པས་སྟོང་པ་ཉིད་རྟེན་འབྲེལ་
དུ་འཆར་བར་གཟིགས་པས་སོ། །དེ་ཡང་གང་སྣང་ན་མི་སྟོང་པ་མི་སྲིད་དེ། དེ་ཅིའི་ཕྱིར་
ན་འཕགས་པས་དེ་སྟོང་པར་གཟིགས་ཤིང་དཔྱད་ན་དཔྱད་བཟོད་དུ་གྲུབ་པ་མི་སྲིད་
པའི་ཕྱིར། སྟོང་པ་དེའདུ་མ་སྣང་ན་མི་འགྲུབ་སྟེ་སྣང་བ་འདིའི་རང་བཞིན་སྟོང་པར་
དཔྱད་པ་ཡིན་གྱི་ཡན་གར་བའི་སྟོང་པ་ཤེས་བྱར་མི་སྲིད་པའི་ཕྱིར། དེས་ན་སྣང་ན་མི་
སྟོང་པ་མི་སྲིད་སྟོང་ན་བྱང་ཆད་པ་མི་སྲིད་དེ་གཉིས་ཀ་འབྲལ་མི་ཤིས་པ་འདི་དངོས་པོའི་
ཆོས་ཉིད་དོ། །གཉིས་པ་ཁྱབ་པ་བསྒྲུབ་པ་ལ། སྣང་སྟོང་གི་ལྡོག་པ་ཐ་དད་པ་ཡང་ངོ་
་
ཁྲོ་ཤུལ་མཁན་པོ་༈ འཇམ་རྡོར་གྱིས་མཛད།
བོ་དབྱེར་མེད་ལ་ལྟོས་ན་གཉིས་ཀ་བཏགས་པ་ཙམ་ཡིན་པ། ཚད་མ་གཉིས་ཀྱིས་ལྡོག་
པ་སོ་སོར་ངེས་པའི་ངོར་ཡང་ཐབས་ཐབས་བྱུང་འདུ་འབྲལ་མེད་པ། ངོ་བོ་དབྱེར་མེད་
ལ་ཚད་མས་ངེས་པ་འདྲེན་ཚུལ་གྱི་དབང་གིས་སྣང་སྟོང་ཟུང་འཇུག་ཅེས་པའི་ཐ་སྙད་དོན་
དང་མཐུན་པ། གནས་ཚུལ་དོན་དམ་ལ་དཔྱོད་པའི་ཚད་མའི་དབང་དུ་བྱས་པའི་བདེན་
པ་འདི་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང་བཞི་ལས། དང་པོ་ནི། དངོས་དང་
སོགས། དེ་ཡང་དོན་དམ་མཐར་ཐུག་པ་དཔྱོད་པའི་ངོར་བརྟེན་ནས་སྐྱེས་པའི་དངོས་པོ་
དང༌། བརྟེན་ནས་བཏགས་པའི་དངོས་མེད་གཉིས་པོ་ཡང་རྟེན་འབྲེལ་གྱི་རང་བཞིན་
ཡིན་པས། གཉིས་ཀ་སྟོང་གཞི་ཆོས་ཅན་གྱི་ཁྱད་པར་མ་གཏོགས་སྟོང་དགོས་པར་ཁྱད་
མེད་པའི་ཕྱིར། དེས་ན་བདེན་གཉིས་སོ་སོར་ཕྱེས་ཏེ་བཞག་པའི་སྣང་བ་ཀུན་རྫོབ་ཀྱི་
ཆ་ཀུན་སྟོང་པ་ལ་ལྟོས་ཏེ་བཏགས་པ་ཙམ་ཞིག་ལ། སྟོང་པ་རྣམ་གྲངས་བའང་སྣང་བ་
ལ་ལྟོས་ནས་བློ་ཡིས་བཏགས་པ་ཙམ་སྟེ། དེའི་ཕྱིར་མཐར་ཐུག་གི་དོན་ལ་གཉིས་ཀ་མ་
གྲུབ་པར་མཚུངས་སོ། །གཉིས་པ་ནི། རིགས་པས་སོགས། དེ་འདྲའི་བདེན་པ་གཉིས་
པོའི་ཚུལ་དེ་རིགས་པས་སམ་ཚད་མ་གཉིས་ཀྱི་ཡང་དག་པར་དཔྱད་པས་དྲངས་པའི་
ངེས་ཤེས་ལུ་བདེན་པ་འདི་གཉིས་ཕན་ཚུན་ཐབས་དང་ཐབས་བྱུང་སྟེ་གཅིག་ཡོད་ན་
ནི་གཅིག་མེད་པ་མི་སྲིད་དེ། སྔར་སོ་སོ་བ་ལྷན་དུ་འདུ་བ་ཡང་མེད་ལ། སྔར་གཅིག་ཏུ་
ཚོགས་པ་འབྲལ་དེ་གྱེས་པ་ཡང་མེད་པར་གནས་སོ། །གསུམ་པ་ནི། དེ་ཕྱིར་སོགས།
རྒྱུ་མཚན་དེ་དག་གི་ཕྱིར་སྣང་བ་དང་སྟོང་པ་དག་སྟེ་གཉིས་པོ་སོ་སོའི་ལྡོག་པའི་ཆུར་ནི་
བདེན་པ་གཉིས་ཀྱི་རྣམ་བཞག་ཐམས་ཅད་སྒྲ་རྟོག་གིས་ཤེས་བརྗོད་རུང་ན་ཡང་། ངོ་
བོ་གཅིག་པོས་དོན་དུ་ནམ་ཡང་དབྱེ་བ་མེད་པ་དེ་ཕྱིར་བདེན་གཉིས་ཟུང་འཇུག་ཅེས་
བརྗོད་དོ། ཅིའི་ཕྱིར་ན་གནས་ལུགས་མཐོང་བའི་ངེས་ཤེས་དེས་ངོར་ནི་སྣང་སྟོང་གང་
གི་མཐར་ལྷུང་བ་མེད་པའི་ཕྱིར་རོ། །བཞི་པ་ནི། ཡང་དག་དཔྱོད་སོགས། གནས་ཚུལ་
ཡང་དག་པ་དཔྱོད་པའི་ཤེས་རབ་ཚད་མ་གཉིས་པོས་ངོར་སྣང་བ་དང་སྟོང་པ་འདི་གཉིས་
པོས་ཅིག་ཤོས་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་གྱི་ངོ་བོ་གཅིག་ལ་ལྡོག་པ་
ཐ་དད་ཀྱི་བདེན་པ་གཉིས་སུ་དབྱེ་བར་འདོད་དེ། ཤིང་རྟ་ཆེན་པོར། དེའང་བདེན་པ་གཉིས་
རྭ་ལྟར་ཐ་དད་པ་མེད་དེ། ཀུན་རྫོབ་ཀྱི་གནས་ལུགས་ཆུའི་ཟླ་བ་ལྟར་མཐོང་དུས་ཟླ་
གཟུགས་སྣང་བའི་ཆ་ནས་ཀུན་རྫོབ། ཟླ་བར་བདེན་པ་མེད་པའི་ཆ་ནས་དོན་དམ། དེ་
གཉིས་རྫིང་བུའི་ཆུ་དེར་མེད་ལ་སྣང་བར་ངོ་བོ་གཅིག་པ་བཞིན་དུ་བདེན་པ་དབྱེར་མེད་
དམ་ཟུང་འཇུག་གོ །དེས་ན་ཐ་སྙད་ཙམ་དུ་ཆུ་དང་ཆུ་ཟླ་ལྟར་རང་བཞིན་གཅིག་ལ་ལྡོག་
པ་ཐ་དད་ཡིན་ཏེ་སོགས་དང་། ཡང་ཐེག་མཆོག་མཛོད་དུ། སྣང་ངོ་ཀུན་རྫོབ་ཀྱི་ཆ་ནས་
ལྷུན་གྲུབ་ལ། སྟོང་ངོ་དོན་དམ་གྱི་ཆ་ནས་ཀ་དག་དུ་ཚིག་གིས་བརྗོད་པ་ཙམ་ལས། དེ་
གཉིས་རྫས་ཐ་དད་མེད་པས་སོ་སོར་མི་འགྱུར་ཏེ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་བྲམ་
ཟེ་ཡིན་པས་མི་ཡིན་ལ། སྡོམ་ལྡན་ཡིན་པས་རབ་བྱུང་ཡིན་པ་གཉིས་མི་འགལ་བ་
བཞིན་ནོ། །ཞེས་དང༌། རོང་ཟོམ་ཆེན་པོས། ཀུན་རྫོབ་ཙམ་དུ་ཆོས་དང་ཆོས་ཉིད་བདག་
ཉིད་གཅིག་པ་དང་། དོན་དམ་པར་སྤྲོས་པ་ཉེ་བར་ཞི་བའི་ཕྱིར་གཉིས་སུ་མེད་དེ། དེ་ལྟ་
བུའི་དོན་གྱིས་བྱང་ཆུབ་ཀྱི་སེམས་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་དེའི་ཉམས་སུ་
ལེན་པའི་དབུ་མའི་འཆར་རིམ་བཞི་རིམ་ཅན་དུ་འབྱུང་ཚུལ་ནི། དེ་ཡང་སོགས། དེ་
སྣ
སr་
ལྟར་ཡང་བདེན་གཉིས་དེས་དོན་ཉམས་སུ་ལེན་པའི་དང་པོའི་ལས་ཅན་ལ་དབུ་མའི་
རིགས་པས་སྟོང་ཉིད་དུ་གཏན་ལ་ཕབ་ནས་གོམས་ན་ཡང་སྣང་བ་དགག་བྱ་དང་སྟོང་
པ་འགོག་བྱེད་ལྟ་བུར་སྣང་བས། དེ་ཚེ་སྣང་སྟོང་གཉིས་གཅིག་ཏུ་འདྲེས་པ་མེད་ཀྱང་
སྣང་བ་དེའི་རང་བཞིན་སྟོང་པར་ཡང་ཡང་གོམས་པས་ནམ་ཞིག་སྟོང་པའི་རང་བཞིན་ནི་
སྟོང་བཞིན་སྣང་བར་འཆར་བ་སྟེ་ཟུང་དུ་འཇུག་པ་ལ་ཡིད་ཆེས་ཐོབ་ཅིང་
། དེ་ཡང་གསར་
དུ་སྣང་སྟོང་འདྲེས་པ་ལྟ་བུ་མ་ཡིན་པར་གདོད་ནས་སྟོང་པ་དང་སྣང་བ་འདི་དག་ཟུང་དུ་
འཇུག་པ་སྤྲོས་པ་ཡིས་སྟོང་ཞིང་སྟོང་བཞིན་དུ་སྣང་ལ། སྣང་བཞིན་དུ་སྟོང་པར་མཐོང་
པས་སྣང་སྟོང་མཉམ་པ་ཉིད་ལ་ངེས་ཤེས་སྐྱེ་བ་ཉིད་དོ། ། ་
གསུམ་པ་དོན་བསྡུ་བ་ནི། འདི་ནི་སོགས། དེ་ལྟར་སྣང་སྟོང་ཟུང་འཇུག་མཉམ་པ་ཉིད་
འདི་ནི་མདོ་དང་སྔགས་ཐུན་མོང་པའི་རྒྱུད་སྡེ་དང་ཐུན་མོང་མ་ཡིན་པའི་མན་ངག་གི་
ལམ་ཟབ་གནད་ཀུན་གྱི་རྩ་བ་སྟེ་བཀའ་དང་དགོངས་འགྲེལ་རྣམས་ལ་ཐོས་བསམ་གྱིས་
སྒྲོ་འདོགས་ཆོད་པའི་དོན་པོ་མདོ་སྔགས་ཉམས་ལེན་ཀུན་ཀྱི་རྨང་གཞི་ཡང་དག་པའི་ལྟ་བ་
འཁྲུལ་མེད་ཡིན་པས་ན། འདི་འཁྲུལ་མེད་དུ་དཔྱད་དགོས་ཏེ། འཇམ་དབྱངས་ས་
པཎ་གྱིས། གནད་རྣམས་མིན་པའི་ཆོས་གཞན་འགའ། །མ་ཚང་བ་དང་ལྷག་པ་དང༌། །ཅུང་
ཟད་འཁྲུལ་པར་གྱུར་ན་འང་། །ཉེས་པ་ཆེན་པོ་བསྐྱེད་མི་ནུས། །ཆོས་ཀྱི་གནད་རྣམས་
བཅོས་གྱུར་ན། །ཆོས་བཞིན་བཟང་ཡང་འཚང་མི་རྒྱ། །དེས་ན་ལ་ལ་འཁྲུལ་བ་སླ། །
གནད་རྣམས་འཁྲུལ་མེད་དཔྱད་དགོས་སོ། །ཞེས་སོགས་གསུངས་སོ། །གཉིས་པ་ལམ་
གྱི་ཁྱད་པར་ལ། བདེན་གཉིས་དབྱེར་མེད་ཀྱི་གནད་དེ་ཇེ་ཟབ་ཏུ་རྟོགས་པའི་ཡུལ་ཅན་
ལྟ་བས་རྒྱུད་སྡེ་དྲུག་སོགས་ཀྱི་ཁྱད་པར་འཇོག་པ། ལྟ་བ་དེས་ཟིན་མ་ཟིན་གྱིས་རང་གཞན་
གྱི་གྲུབ་མཐའ་ལ་རྒྱུད་སྡེ་ཉམས་སུ་ལེན་ཚུལ་མི་འདྲ་བ་རེ་ཡོད་པ། རྒྱུད་སྡེ་ལ་ལྟ་བ་
མཐོ་དམན་མེད་ན་སྤྱོད་པ་མི་འདྲ་བ་དེ་དག་ཕྱིན་ཅི་ལོག་ཏུ་འགྱུར་བ། སྒོམ་སྤྱོད་ཁྱད་
པར་འཕགས་པ་དེ་ལྟ་བ་དེས་དབང་གི་ཡིན་པ་དང་བཞི་ལས། དང་པོ་ལ། མདོར་བསྟན་
རྒྱས་བཤད་དོན་བསྡུ་གསུམ་ལས། དང་པོ་ནི། གནད་དེ་སོགས། དེ་འདྲའི་བདེན་
གཉིས་དབྱེར་མེད་ཀྱི་གནད་དེ་ཐེག་པའི་ཁྱད་པར་གྱིས་ཇེ་བས་ཇེ་ཟབ་ཏུ་བསྟན་པ་བཞིན་
དུ་རྟོགས་པས་རང་བཞིན་རྣམ་དག་སྟོང་པ་དེ་དང་དབྱེར་མེད་བའི་ཆོས་ཅན་ཀུན་རྫོབ་
ཀྱི་སྣང་བ་ཡང་མ་དག་ཐ་མལ་རང་མཚན་པའི་ཞེན་པ་རིམ་གྱིས་སྤོང་ནུས་པ་གཞན་ལ་
ལྟོས་འཇོག་མི་དགོས་པས་ན་རྒྱུད་སྡེ་ལ་ཐེག་པ་ཞེས་བཞག་པའི་ལྟ་བ་མཐོ་དམན་གྱི་
རིམ་པ་ཡང་དེ་ལྟར་དུ་སྣང་བ་ཡིན་ཏེ་བདེན་གཉིས་ཟུང་དུ་ཆུད་པའི་གནད་ཀྱིས་སོ། །དེ་
ལྟར་ཡང་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དེ་ལ་དང་པོ་གནས་ལུགས་ཤེས་པ་
གཅེས། །ཐེག་པའི་དབང་གིས་རྣམ་གྲངས་མང་ན་ཡང་། །ངེས་པའི་སྙིང་པོ་བདེན་པ་
དབྱེར་མེད་དེ། །སངས་རྒྱས་ཀུན་གྱི་གསང་བའི་མཛོད་ཁང་ཡིན། །ཞེས་གསུངས་པས་སོ། །
གཉིས་པ་རྒྱས་བཤད་ལ། མོས་བསྒོམ་ངེས་རྫོགས་ཀྱི་ཁྱད་པར་སྤྱིར་བཤད་པ་དང་།
ལྟ་བའི་ཁྱད་པར་བདེན་གཉིས་སོ་སོ་བ་མིན་པར་བསྟན་པས་སྔར་གྱི་སྐྱོན་རང་ལ་མི་
མཚུངས་པར་བཤད་པ་གཉིས་ལས། དང་པོ་ལ། མོས་བསྒོམ་དང་ངེས་རྫོགས་ཀྱི་ལྟ་བ་
མི་མཚུངས་པར་བཤད་པ། དེའི་ཁྱད་པར་དཔེའི་མཚོན་པ་གཉིས་ལས། དང་པོ་ནི། ཡིད་
ཀྱི་སོགས། དེ་ཡང་རང་ལུས་སོགས་ལྟར་བསྒོམ་པ་ནི། བསྒོམ་པ་ཡིན་གྱི་ལྟ་བ་མིན་
ཁྲོ་ཤུལ་མཁན་པོ་༈ འཇམ་རྡོར་གྱིས་མཛད།
སྙམ་ན། དེ་བདེན་མོད་ཀྱི་ལྟ་བས་མ་ཟིན་པའི་བསྒོམ་པ་ཙམ་སྲིད་མོད་ཀྱི། དེ་འདྲའི་
ཡིད་ཀྱིས་མོས་པས་ལྟར་བསྒོམ་པ་མ་གཏོགས་ཡིན་ལུགས་ཅི་ཡང་མི་ཤེས་པ་ཙམ་ཞིག་
དང༌། སྣོད་བཅུད་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་སྣང་བར་ལུང་རིགས་ཚད་
པས་གཏན་ལ་ཕབ་ནས་གནས་ལུགས་ཇི་ལྟ་བར་ཤེས་པའི་ངེས་ཤེས་ཀྱིས་ལྟ་བ་གདེངས་
སུ་གྱུར་པའི་དོན་བསྒོམ་པ་གཉིས་པོ། བསྒོམ་ཞེས་པའི་མིང་འདྲ་ཡང་དོན་མཚུངས་པའི་
གོ་སྐབས་ཞིག་ག་ལ་སྲིད་དེ་མི་སྲིད་དོ། ། ་
གཉིས་པ་ནི། དབུ་མས་སོགས། དེ་ནི་དཔེར་ན་དབུ་མས་ཆོས་རྣམས་བདེན་སྟོང་དུ་
ལུང་རིགས་ཀྱིས་ངེས་པ་གང་དེ་ལྟ་བ་ཡིན་ལ། མུ་སྟེགས་བྲམ་ཟེ་རྣམས་ནད་པ་ལ་
སྔགས་འདེབས་ཚེ་ནད་མེད་པར་མོས་པ་ལྟ་བ་མིན་པ་སྟེ། དེ་གཉིས་མེད་པ་ཙམ་གྱིས་
མིང་འདྲ་ཡང་དོན་མི་གཅིག་པ་བཞིན་ནོ། །དེས་ན་དེ་གཉིས་པོ་ཆོས་ཉིད་ལྟ་བ་ཡོད་
མེད་ཀྱིས་མི་འདྲ་བ་བཞིན་དུ་འདིར་ཡང་ཆོས་ཉིད་དང་ཟུང་དུ་ཆུད་པའི་ཆོས་ཅན་ལྟ་བ་
སྔོན་དུ་སོང་མ་སོང་གི་ཁྱད་པར་གནམ་ས་བཞིན་མཆིས་སོ། །གཉིས་པ་ལ། ཀུན་རྫོབ་
ལྷར་སྣང་དེ་དོན་དམ་ལ་གསལ་སྣང་ཐོབ་པ་ལས་འབྱུང་ཚུལ། དེ་ལྟ་ནའང་ལམ་མཐོ་
དམན་རྣམས་དོན་དམ་ཁོ་ནའི་ཡིན་ཚུལ། དེས་ཕྱིར་བདེན་གཉིས་དབྱེར་མེད་དུ་ཅི་
ཙམ་མཐོང་གོམས་ནུས་པའི་ཁྱད་པར་ལས་རྒྱུད་སྡེ་དྲུག་གི་དམན་མཆོག་བསྟན་པ་དང་
གསུམ་ལས། དང་པོ་ནི། དོན་དམ་སོགས། དེས་ན་བདེན་གཉིས་ཟུང་དུ་ཆུད་པའི་དོན་
དམ་པའི་གནས་ལུགས་དེའི་ངང་དུ་གནས་སྣང་མཐུན་པར་རྟོགས་པ་ཡིས་ཆོས་ཅན་ཀུན་
རྫོབ་ཀྱི་ཆ་ཐམས་ཅད་དབྱིངས་སྣང་འགག་པ་མེད་པའི་ལྷ་རུ་ཡིད་ཆེས་ཀྱི། དེ་ལས་
གཞན་དུ་འཕགས་པའི་གཟིགས་པ་ནི་སྟོང་པ་ཉིད་ཁོ་ནར་འདོད་ཅིང་། དེ་རྟོགས་པའི་
སྟོབས་ཀྱིས་ཕྱོགས་ག་ཤེད་ཅིག་ན་མཚན་དཔེས་བརྒྱན་པའི་སངས་རྒྱས་ཤིག་འདོད་ཅིང་།
སྡུག་ཀུན་གཉིས་ཀྱིས་བསྡུས་པའི་འཁྲུལ་བའི་སྣང་བ་འདི་ཇི་ལྟར་སྣང་བའི་སྣང་ཚུལ་རང་
མཚན་གྱི་གྲུབ་པར་འཛིན་པ་ལ་གནས་ནས་ཆོས་ཅན་གྱི་གནས་ལུགས་ཅི་ཡང་མ་ཤེས་
ཕན་ཆོད། འདི་དག་ལྷ་རུ་ཅི་ལྟར་འགྲུབ་སྟེ་འཇིག་རྟེན་པའི་མཐོང་བ་ཙམ་ཚད་མར་
འདོད་པའི་ཕྱིར། གཉིས་པ་ནི། གཟུང་འཛིན་སོགས། འདི་ལྟར་གཟུང་འཛིན་གཉིས་
ཀྱིས་བསྡུས་པའི་འཁྲུལ་པའི་སྣང་ཚུལ་སྣོད་བཅུད་འདི་མིན་པའི་འཁོར་བ་ཞེས་བྱ་བ་
གཞན་དུ་མེད་དེ། སྤང་བྱ་སྡུག་བསྔལ་གྱི་རང་བཞིན་དེ་འདི་ཡིན་པའི་ཕྱིར་རོ། །དེ་འདྲའི་
མ་དག་འཁོར་བ་དེ་སྤོང་བར་བྱེད་པའི་ལམ་གྱི་དབྱེ་བ་ཐེག་པའི་རིམ་པ་དགུ་པོ་རྣམས་
ཀྱང་དོན་དམ་པ་ཁོ་ནའི་ངོས་ནས་མིན་ཏེ་དོན་དམ་པ་ནི་ཚུལ་གཅིག་པ་ཉིད་ཡིན་པའི་
ཕྱིར། ཤེས་རྒྱན་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་
ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། ཆོས་ཅན་སོགས། དེས་ན་ཆོས་ཅན་
ཀུན་རྫོབ་གཉིས་སུ་སྣང་བའི་ཆུ་འདི་དག་ཀྱང་། དཔེར་ན་ཆབ་རོམ་ཆུ་རུ་རིམ་གྱིས་ཞུ་
བ་བཞིན་དུ་ཆོས་ཉིད་དོན་དམ་པའི་གཤིས་དང་གཉིས་སུ་མེད་པར་མཐོང་ཞིང་གོམས་པའི་
སྟོབས་ཀྱིས་བདེན་གཉིས་ཟུང་དུ་ཆུད་པའི་བློ་ནུས་ཅི་ཙམ་ཐོབ་ན་དེ་ཙམ་གྱིས་སྣང་སྲིད་
དག་མཉམ་ཆེན་པོ་ལ་ངེས་པ་ཐོབ་ཅིང༌། ལྟ་དགོངས་དེ་དག་ལ་བརྟེན་ནས་བྱ་བའི་རྒྱུད་
དང་ཆུ་མཉམ་སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་
རྒྱུད་སྡེ་རྣམས་བསྟན་ཏོ། །གསུམ་པ་དོན་བསྡུ་བ་ནི། དེས་ན་སོགས། རྒྱུ་མཚན་དེས་ན་
ཁྲོ་ཤུལ་མཁན་པོ་འ ཇམ་རྡོར་གྱིས་མཛད། ས་
བདེན་གཉིས་སོ་སོ་ཡིས་རྒྱུད་སྡེའི་མཐོ་དམན་མི་འབྱེད་དེ། སྣང་བ་དང་སྟོང་པ་རྐྱང་པའི་
གནས་ལུགས་ཤིག་མི་སྲིད་ཅིང་དེ་རྟོགས་པ་ཡང་མི་སྲིད་ན་རྒྱུད་སྡེའི་མཐོ་དམན་དུ་བྱེད་
པའི་ཆོས་ཀྱང་མེད་པར་འགྱུར་རོ། །
དེ་ལྟར་བདེན་གཉིས་ཟུང་དུ་འཇུག་པའི་གནས་ལུགས་ལ་ཅི་ཙམ་གོམས་པའི་སྟོབས་
ཀྱིས་ཡིད་ཆེས་ཐོབ་པ་བཞིན་དུ་ཉམས་སུ་ལེན་པའི་སྒོམ་སྤྱོད་ཐམས་ཅད་ལྟ་བ་དེ་ཡི་
རྗེས་སུ་འབྲང་བ་སྟེ་ལྟ་སྒོམ་འབྲེལ་བ་ཅན་དུ་ཉམས་སུ་ལེན་དགོས་པས་སོ། །གཉིས་
པ་རང་གཞན་གྱི་རྒྱུད་སྡེ་ཉམས་སུ་ལེན་ཚུལ་གྱི་ཁྱད་པར་ལ། ལྟ་བས་གནས་ལུགས་
ཡང་དག་གཏན་ལ་ཕེབ་མ་ཕེབ་ཀྱི་ཁྱད་པར། བསྒོམ་པ་ལ་འབྲས་བུ་འབྱུང་མི་འབྱུང་གི་
ཁྱད་པར་གཉིས་ལས། དང་པོ་ལ། གནས་ལུགས་ཇི་བཞིན་རྟོགས་པའི་ལྟ་བའི་དོན་
བསྒོམ་པ་ཐེ་ཚོམ་དང་བྲལ་ཚུལ་དང་། དེ་ལྟར་མ་རྟོགས་པས་ཐེ་ཚོམ་དང་བཅས་པའི་
སྒོམ་པ་འབྲས་བུ་མེད་པར་བསྟན་པ་དང་གཉིས་ལས། དང་པོ་ནི། དེ་ཕྱིར་སོགས། གོང་
དུ་བཤད་པ་དེའི་ཕྱིར་བླ་མེད་རྡོ་རྗེའི་ཐེག་པ་མྱུར་ལམ་ཁྱད་པར་ཅན་ཚེ་གཅིག་གིས་གྲོལ་
བ་སྟེར་བའི་བསྐྱེད་རྫོགས་ཟུང་འཇུག་གསུམ་གྱི་ལམ་མ་ནོར་མ་འཁྲུལ་བ་ཇི་བཞིན་
ཉམས་སུ་ལེན་ན་ལྟ་བྱ་གཞི་གཅིག་ལ་མཐོང་སྣང་མི་གཅིག་པའི་འགྲོ་བ་སྟེ་སེམས་ཅན་
རྣམས་དང་སངས་རྒྱས་ཀྱིས་དག་པ་དང་མ་དག་ཐུ་དད་པར་མཐོང་བའི་ཆུ་ཡི་དཔེ་དེ་
བཞིན་དུ་བླང་དོར་སོ་སོར་བྱེད་དགོས་མོད། དེ་ཇི་ལྟར་ན་མཐོང་སྣང་དེ་དག་གི་ནང་ནས་
སླད་བྱེད་སྒྲིབ་པ་དག་པའི་གཟིགས་པ་དེ་ལ་བརྟེན་ནས་སྣང་སྲིད་གཞིར་བཞེངས་རང་བྱུང་
གི་དཀྱིལ་འཁོར་འཕགས་པའི་གཟིགས་པ་རྣམ་པར་དག་པ་དེ་ལ་སུ་ཞིག་ཡིད་མི་ཆེས་
པར་འགྱུར་ཏེ་འགྱུར་མི་རིགས་པ་དཔེར་ན་འཕགས་པའི་གང་ཟག་གིས་ཆོས་ཐམས་ཅད་
སྟོང་པ་ཉིད་ཡིན་པར་གཟིགས་པ་ལ་ཡིད་ཆེས་རུང་བ་བཞིན་ནོ། །གཉིས་པ་ནི། གལ་
ཏེ་སོགས། གལ་ཏེ་སྣོད་བཅུད་ལྷ་དང་གཞལ་ཡས་ཁང་གི་རང་བཞིན་དུ་གནས་པ་དེ་
ཚད་མ་ཡང་དག་པས་འཇལ་ཚུལ་དེ་ལྟར་མ་ཤེས་ནས་སྡུག་བདེན་འཁོར་བའི་རང་
བཞིན་འདི་ཉིད་ལས་ཉོན་ཀུན་འབྱུང་གི་འབྲས་བུ་སྣང་ཚུལ་མ་དག་པར་སྣང་བ་དེ་ལས་
གཞན་མེད་པར་འདོད་བཞིན་དུ། ཡི་དམ་བདེ་དགྱེས་འཇིགས་གསང་སོགས་ཀྱི་ལྷ་རུ་
བསྒོམ་པས་ཀྱང་ལྷ་དང་དབྱེར་མེད་པའི་གོ་འཕང་འགྲུབ་པར་དཀའ་སྟེ། དཔེར་ན་ནད་
ངན་སྐྱུག་གིས་གང་བའི་བུམ་པ་ལྟ་བུར་གནས་ཚུལ་དག་པར་རྟོགས་པའི་ལྟ་བ་མེད་པར།
མ་དག་པར་ལྟ་བཞིན་དུ། ཕྱི་དྲི་བཟང་གིས་བྱུགས་པ་དང་འདྲ་བའི་བསྐྱེད་རྫོགས་བསྒོམ་
པས་རྡོ་རྗེ་ཐེག་པའི་ལམ་གྱིས་ཞི་གནས་དང་ཐབས་ཙམ་བསྒྲུབ་པ་ཁྱད་ཆོས་སུ་སེམས་
པ་དེས་ཁྱད་ཆོས་མ་མཐོང་པ་ལ་ཀྱེ་མའོ་ཞེས་སེམས་ཏེ་འཁོར་འདས་མཉམ་ཉིད་རྡོ་རྗེའི་
ཐེག་པའི་དོན་བསྒོམ་པ་ཐམས་ཅད། དཔེར་ན་རི་མོའི་མར་མེ་བཞིན་དུ་གཟུགས་
བརྙན་ཙམ་ལས་གནས་ལུགས་དག་མཉམ་རྟོགས་པའི་རྟོགས་པ་གསལ་བར་བྱེད་པ་དང་
མ་རིག་པའི་མུན་པ་སེལ་དཀའ་བ་ཡིན་ནོ། །གཉིས་པ་ལ། གནས་སྣང་ཕྱེས་ནས་
གནས་ཚུལ་བཞིན་བསྒོམ་པ་ལ་ལྟ་སྒོམ་གཉིས་འབྲེལ་བོར་བསྟན་པ། ཅིག་ཤོས་དེ་ལས་
ལྡོག་པ་དང་གཉིས་ལས། དང་པོ་ནི། སྣང་ཚུལ་སོགས། དེ་ལྟར་འདོད་པ་དེ་དག་གི་ནི་
གནས་སྣང་ཤན་མ་ཕྱེད་པ་སྟེ་དེའི་ཚུལ་སྣང་ཚུལ་ལ་མ་དག་པའི་སྣོད་དང་བཅུད་ཀྱི་སེམས་
ཅན་རྣམས་ཀྱི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་མ་དག་པར་སྣང་བ་འདི་ཡང་སུ་ཞིག་
༧
lཁྲོ་ཤུལ་མཁན་པོ་སོགས་འཇམ་རྡོར་གྱིས་མཛད།
གིས་གྲུབ་པའི་འབྲས་བུའམ་མཐའ་ཡིན་ན། དེ་ལྟར་སྣང་བ་དེ་ནི་འཁྲུལ་བ་ལས་དང་
ཉོན་མོངས་པས་གྲུབ་པའི་འབྲས་བུ་མ་དག་པའི་སྣང་ཞེན་འཁྲུལ་བ་ཅན་གྱི་བློས་བཞག་
པའི་གྲུབ་མཐའ་ཡིན་པས་དོན་ལ་ཡོད་པའི་དབང་གིས་སྣང་བ་མ་ཡིན་ལ། གནས་
ཚུལ་དག་མཉམ་ཆེན་པོ་དེ་ནི་སུ་ཞིག་གིས་གྲུབ་པའི་མཐའ་ཡིན་ན། ལམ་ཡང་དག་
པར་བསྒྲུབ་པའི་འབྲས་བུ་མཐར་སོན་ནས་གཟིགས་པ་རྣམ་པར་དག་པའི་གཟིགས་དོན་
དག་མཉམ་བདེན་པ་དབྱེར་མེད་པ་ཡིན་ལ། དེ་ནི་གཞི་འབྲས་དབྱེར་མི་ཕྱེད་པར་འདོད་
པ་རྡོ་རྗེ་ཐེག་པའི་གྲུབ་མཐར་སྨྲ་ལ། དེ་ལྟར་གྲུབ་མཐའ་སོ་སོར་ཤན་ཕྱེས་ནས་ལྟ་
སྒོམ་ཐམས་ཅད་རྡོ་རྗེ་ཐེག་པའི་གྲུབ་མཐའི་རྗེས་སུ་འབྲངས་ཏེ་ཉམས་སུ་ལེན་པར་རིགས་
ཏེ༑ ཡེ་ཤེས་ཀྱི་གཟིགས་པ་ཐད་ཀར་འགོད་པ་རྡོ་རྗེ་ཐེག་པ་ཡིན་པས་རྣམ་ཤེས་ལ་མི་
རྟོན་ཡེ་ཤེས་ལ་རྟོན་དགོས་པའི་ཕྱིར་རོ། །ལག་ཏེ་མཐའ་གཅིག་ཏུ་འཁྲུལ་པས་གྲུབ་པའི་
མཐའ་དོན་ལ་གནས་ན་བདེན་པས་སྟོང་པའི་སྟོང་ཉིད་ཀྱང་མི་འགྲུབ་ལ། དེས་བདག་
དང་ཆོས་སུ་བདེན་པར་འཛིན་པ་ཕྱིན་ཅི་ལོག་ཡིན་ཏེ་དཔྱད་ན་མི་འགྲུབ་པའི་ཕྱིར་སྟོང་
པ་ཉིད་དུ་གནས་ན། མ་དག་པའི་སྣོད་བཅུད་དུ་སྣང་བ་ཡང་དཔྱད་ན་མི་འགྲུབ་པའི་
ཕྱིར། དག་པས་གཟིགས་པ་བཞིན་དུ་སྣོད་བཅུད་དག་པའི་རྟེན་དང་བརྟེན་པར་གནས་
པ་མཚུངས་སོ། །གཉིས་པ་ལ། ལྟ་སྒོམ་འབྲེལ་བ་མེད་པ་དང་། དེས་འབྲས་བུ་མི་ཐོབ་
པར་ཐལ་བ་དཔེའི་བསྟན་པ་གཉིས་ལས། དང་པོ་ནི། སྣོད་བཅུད་སོགས། དེ་ལྟར་མ་
ཡིན་པར་ཕྱི་སྣོད་ནང་བཅུད་ཐམས་ཅད་དག་པའི་རྟེན་དང་བརྟེན་པ་ལྷ་དང་གཞལ་ཡས་
ཁང་གི་རང་བཞིན་མིན་ནོ་སྙམ་དུ་མ་དག་པར་ལྟ་བཞིན་དུ། ལྷ་དང་གཞལ་ཡས་ཁང་
པ་ངེས་སྒྲོན་རྣམ་བཤད་འ འོད་ཟེར་དྲི་མེད།
ཡིན་ནོ་སྙམ་པའི་བསྐྱེད་རྫོགས་སྒོམ་པ་གང་དང་གང་ཡིན་པ་དེ་ནི་ལྟ་སྒོམ་གཉིས་འབྲེལ་
མེད་ཡིན་པར་མ་ཟད་གྲུབ་པའི་མཐའ་དེ་ལ་འགལ་འདུའི་རང་མཚང་ཡོད་པ་གསལ་བོར་
སྟོན་པའི་རྟགས་གཞན་ལ་ངོམས་པ་ཡི་ལམ་དེ་ནི་རྡོ་རྗེ་ཐེག་པའི་ལམ་གྱི་གཟུགས་བརྙན་
ཉིད་དེ། དཔེར་ན་སོལ་བ་བཀྲུས་པས་མི་དཀར་པ་སྟེ་དཀར་པོར་འགྱུར་པའི་ཐབས་
མེད་པ་བཞིན་ནོ། །གཉིས་པ་ནི། མིན་ཀྱང་སོགས། དེ་ལྟར་དོན་ལ་གནས་པ་མིན་ཀྱང་
ལུས་ལྷ་ཡིན་སྙམ་པ་ལྟ་བུའི་བཅོས་མའི་སྒོམ་གྱིས། འབྲས་བུ་ལྷས་གོ་འཕང་ཐོབ་པར་
འགྱུར་སྲིད་ན་ནི། བདེན་སྟོང་གི་ངེས་ཤེས་མེད་བཞིན་དུ་མུ་སྟེགས་ཉི་མ་པ་རྣམས་ཀྱིས་
སྣང་བ་སྤུངས་པའི་སྟོང་པ་སོགས་བསྒོམ་པས་བདག་མེད་རྟོགས་ནས་ཉོན་མོངས་སྤོང་
བར་ཐལ་བར་འགྱུར་ཏེ། རིགས་པ་མགོ་མཚུངས་པའི་ཕྱིར་རོ། ། །
གསུམ་པ་ལ། ལྟ་བ་ལ་ཁྱད་མེད་པར་འདོད་པའི་འདོད་པ་འགོད་པ་དང་། དེ་དགག་
པ་དང་གཉིས་ལས། དང་པོ་ནི། བྱ་སྤྱོད་སོགས། ལག་ཏེ་བོད་ཀྱི་གྲུབ་མཐའ་འགའ་ཡིས་
བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རྣམས་ལ་སྒོམ་སྤྱོད་ཀྱི་
ཐབས་མི་འདྲ་བ་ཡིན་གྱི་མ་གཏོགས་ལྟ་བའི་མཐོ་དམན་གྱི་ཁྱད་པར་མེད་པར་གྱུར་པ་ཡིན་
ཞེ་ན། གཉིས་པ་ལ། འོག་མའི་རྒྱུད་སྡེ་རྣམས་གོང་མའི་ལྟ་བ་དང་གཅིག་ན་སྤྱོད་པ་དེ་
ལྟ་བ་དང་འགལ་བར་འགྱུར་བ་དང་། གོང་མ་ལ་འོག་མའི་ལྟ་བ་ལས་མེད་ན་སྤྱོད་པ་
བརླུང་པོ་རྣམས་དོན་མེད་པར་འགྱུར་བ་གཉིས་ལས། དང་པོ་ནི། སྣང་སྲིད་སོགས།
རྒྱུད་སྡེ་འོག་མ་བྱ་རྒྱུད་པ་ལྟ་བུ་ལ་གོང་མའི་སྣང་སྲིད་དག་མཉམ་ཆེན་པོ་རྟོགས་པའི་ལྟ་
བ་གདེངས་སུ་གྱུར་བཞིན་པ་ཡོད་ན། བསྒོམ་པ་བདག་དམ་ཚིག་པ་དང་། ལྷ་ཡེ་ཤེས་
པ་གཉིས་ལ་བཟང་ངན་དང་རྗེ་ཁོལ་དུ་ལྟ་བ་དང་། སྤྱོད་པ་གཙང་སྦྲ་ལ་གནས་ནས་
མི་གཙུང་བ་སྤང་བྱར་ལྟ་བ་གཉིས་སོ་སོར་འཛིན་པ་དེ་ནི་ལྟ་བའི་ངོར་མ་མཐོང་བཞིན་
དུ་བཟང་ངན་དང་བླང་དོར་དབྱེ་བ་ནི། ལྟ་བའི་དོན་བཞིན་དུ་མི་སྒོམ་པར་རང་གིས་རང་
ཉིད་ཡང་དག་པའི་ལམ་ལས་ཕྱིན་ཅི་ལོག་གི་ལམ་ལ་ཁྲིད་ནས་འབྲས་བུ་མྱུར་དུ་ཐོབ་པ་
ལ་གནོད་པའམ་གེག་བྱེད་པར་ཟད་དོ། །གཉིས་པ་ནི། ཡང་ན་སོགས། ཡང་ན་རྒྱུད་
སྡེ་འོག་མ་བཞིན་དུ་བཟང་ངན་བླང་དོར་ཉིད་དུ་ཞེན་པའི་ལྟ་བ་ལ་གནས་བཞིན་དུ། གོང་
མ་བླ་མེད་ཀྱི་སྤྱོད་
སྤང་བར་གཙང་རྨེ་མེད་པར་བླང་དོར་མཉམ་པ་ཉིད་དུ་སྤྱོད་ན། ལྟ་བ་མ་རྟོགས་ཐོ་ཅོའི་
སྤྱོད་པ་ཞེས་ལྟ་སྤྱོད་འགལ་བ་མཁས་པས་སྨད་པའི་གནས་སུ་འགྱུར་བ་དེ་མིན་ནམ་
སྟེ་ཡིན་ནོ། །
བཞི་པ་ལ། ཐེག་པ་རིམ་པ་དགུ་པོ་བདེན་གཉིས་ཟུང་དུ་ཆུད་ཚུལ་གྱིས་དབང་གིས་ཇི་
ལྟར་ལྟ་བས་ཐག་བཅད་པའི་ངང་དུ་སྒོམ་སྤྱོད་ཀྱིས་སྐྱོང་བ། དེས་སྐྱོན་སྤོང་བ་དང་
གཉིས་ལས། དང་པོ་ནི། ཇི་ལྟར་སོགས། མདོ་སྔགས་ཀྱི་ཐེག་པ་གང་ཡིན་ཀྱང་སྒོམ་
སྤྱོད་མི་འདྲ་བའི་ཁྱད་པར་དེ་དག་ནི་རང་རང་གི་ལྟ་བའི་རྗེས་སུ་འབྲང་བ་ཡིན་ཅིང་།
དེ་དག་གི་ལྟ་བ་ནི་ཇི་ལྟ་ཇི་ལྟར་གནས་ལུགས་ཟབ་མོའི་དོན་མཐོང་བའི་ངེས་ཤེས་དེ་ཉིད་ལ་
ལྟ་བར་བརྗོད་ཅིང་། དེ་ལྟར་དབང་པོ་རྣོ་རྟུལ་གྱི་དབང་གིས་ལྟ་བ་ལ་མཆོག་དམན་ཡོད་
ཀྱང་ཐེག་པ་རང་རང་གི་ལྟ་བས་ཇི་ལྟར་གནས་ལུགས་ཀྱི་དོན་ལ་སོམ་ཉི་མེད་པར་ཐག་
བཅད་པ་དེ་བཞིན་དུ་སྒོམ་པས་ཉམས་སུ་བླང་བ་དང་སྤྱོད་པས་མ་དོར་བ་ཡིན་ཏེ། འཇམ་
ན
དཔལ་མཚན་བརྗོད་ལས། རིག་པ་དང་ནི་རྐང་པར་ལྡན། །ཞེས་གསུངས་སོ། །གཉིས་
པ་སྐྱོན་སྤོང་ལ། དགུར་མ་ངེས་པའི་རྩོད་པ་འགོད་པ་དང་། དེ་སྤོང་བྱེད་མགོ་མཚུངས་
ཀྱི་ལན་བསྟན་པ་གཉིས་ལས། དང་པོ་ནི། ཐེག་པ་སོགས། གལ་ཏེ་ཁྱེད་ཅག་གི་ལུགས་
ལ་ཐེག་པའི་རིམ་པ་དགུ་འཇོག་ཅིང་དགུ་པོ་དེ་ལྟ་བའི་མཐོ་དམན་གྱིས་འབྱེད་པའི་ཕྱིར་
དགུར་མ་ངེས་ཏེ་ལྟ་བ་ནི་ངེས་ཤེས་ཡིན་ལ། ངེས་ཤེས་ནི་རྣམ་པ་སྣ་ཚོགས་པ་ཡོད་
པའི་ཕྱིར་ཤེ་ན། གཉིས་པ་ནི། ནང་པའི་སོགས། དེ་ནི་མི་སྐྱོན་ཏེ་ནང་པའི་གྲུབ་མཐའ་
དམའ་ཤོས་ཉན་ཐོས་པ་ནས་བཟུང་མཐར་ཕྱིན་རྡོ་རྗེ་ཐེག་པའི་རྩེ་མོ་ཨ་ཏིའི་བར་དུ་སྡེ་
ཚན་དགུ་ཡི་གྲངས་སུ་ནི་འཇོག་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཏེ། གང་ཞེ་ན་ཐེག་པ་མཐོ་
དམན་མང་པོ་ཡོད་ཀྱང་རིགས་བསྡུས་ནས་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་སོགས་
དབྱེ་བསྡུ་དེ་རྣམས་དགོས་པའི་དབང་གིས་བཞག་པ་བཞིན་ཏེ། དབང་པོ་རབ་འབྲིང་
ཐ་གསུམ་སོགས་ཁམས་དབང་མོས་པའི་ཁྱད་པར་གྱིས་གསུམ་འཇོག་རུང་ན་དགུ་ཡང་
འཇོག་རུང་ལ་དགུར་མ་ངེས་ན་གསུམ་ཀྱང་མི་ངེས་པར་མཚུངས་སོ། །གསུམ་པ་སྐུ་
གཉིས་ཟུང་འཇུག་གི་འབྲས་བུ་ཐོབ་པར་དོན་བསྡུ་བ་ལ། ཇི་ལྟར་ནང་གི་ཡེ་ཤེས་སྟོབས་
ཆེ་ཆུང་ལས་མཐོང་ཚུལ་ཐ་དད་པ། དེས་ཕྱིར་གནས་སྣང་མཐུན་པའི་མཐོང་ཚུལ་
བཞིན་བསྒྲུབ་པས་འབྲས་བུ་ཐོབ་པ་དང་གཉིས་ལས། དང་པོ་ནི། དེས་ན་སོགས།
དེས་ན་ཡུལ་སྣང་སྟོང་ཟུང་འཇུག་ཆོས་ཀྱི་དབྱིངས་ལ་ཁྱད་པར་མེད་ཀྱང་ཡུལ་ཅན་ནང་
གི་ཡེ་ཤེས་ཀྱི་སྟོབས་འཕེལ་བའི་རྐྱེན་དབང་པོ་རྣོ་བ་དང་ལམ་སྦྱངས་པ་སོགས་ཀྱིས་
ཀྱང་ཇི་ལྟ་ཇི་ལྟར་སྔར་བས་ཡེ་ཤེས་སྟོབས་འཕེལ་བ་དེ་ལྟ་དེ་ལྟར་སྣོད་བཅུད་རྣམས་
ཁྲོ་ཤུལ་མཁན་པོ་འ ཇམ་རྡོར་གྱིས་མཛད།
རང་བཞིན་གདོད་ནས་དག་པར་གནས་པ་མཐོང་བ་ནི། དཔེར་ན་མིག་སྐྱོན་ལས་གྲོལ་
ན་དུང་གི་དཀར་སྣང་ཇེ་གསལ་དུ་མཐོང་བ་བཞིན་ནོ། །དེ་ལྟར་ཡུལ་ཅན་སླད་པ་དང་
བཅས་ཚེ་དུང་སེར་པོར་མཐོང་བ་བཞིན་མ་དག་པར་མཐོང་ལ། དེས་ན་མཐོང་ཚུལ་སོ་
སོར་མཐོང་བ་དེ་དག་ཀྱང་གནས་སྣང་མཐུན་པ་དང་མི་མཐུན་པའི་ཡུལ་ཅན་བློ་ཡི་དབང་
གིས་ཡིན་གྱི་ཡུལ་གྱི་ཁྱད་པར་མིན་ནོ། །
གཉིས་པ་ནི། དེ་ཕྱིར་སོགས། རྒྱུ་མཚན་དེ་ཕྱིར་སྣང་སྟོང་བདེན་པ་དབྱེར་མེད་ཀྱི་གཞིའི་
གནས་ལུགས་དེ་མ་འཁྲུལ་བར་བློ་དོན་མཐུན་ཡང་དག་པས་བདེན་གཉིས་དབྱེར་མེད་
པའི་ཚུལ་གྱིས་རྟོགས་ནས། བསྐྱེད་རྫོགས་དབྱེར་མེད་སོགས་ཀྱི་ལམ་དེ་ཇི་བཞིན་པ་
གོམས་པ་ལས་སྐུ་གཉིས་ཟུང་འཇུག་གི་འབྲས་བུ་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་ཐོབ་དེ་ཐེག་
པ་དམན་མཆོག་གི་གདུལ་བྱ་སྒྲོལ་ནུས་པར་འགྱུར་རོ། །སྨྲས་པ། ལྟ་བཟང་འབྲས་བཅུད་
མངར་མོ་གསོལ་འདོད་པས། །བཅུད་བཟང་དོན་དམ་འོ་མ་འདམས་ལགས་ཀྱང༌། །སྣོད་
བཟང་ཀུན་རྫོབ་ཟངས་དཀར་འདི་མེད་ན། །དབུ་མའི་ཐབ་དུ་སྟོང་རྐྱང་གསུར་དུ་འགྲོ། །
གཉིས་པ་ཆོས་ཅན་ལྟ་བའི་ལྟ་བ་བཤད་པ་ལ། ཐུན་མོང་གི་བལྟ་བྱ་གང་ཡིན་དྲི་བ་དང་། དེའི་
དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ཆུ་གཅིག་སོགས། དེ་ཡང་བླང་དོར་
གྱི་རྣམ་བཞག་སྟོན་པའི་རྫོགས་པའི་སངས་རྒྱས་འཇིག་རྟེན་མི་ཡུལ་དུ་བྱོན་ཅིང་དེས་
བསྟན་པའི་རྣམ་བཞག་སྨྲ་བ་པོ་མིའི་འགྲོ་བ་ཡིན་པའི་ཕྱིར་སྐབས་འདིར་ཆུ་གཅིག་ལ་ཞེས་
སུ་བརྡ་བརྗོད་པའི་ཡུལ་དེ་ལ་འགྲོ་བ་སོ་སོ་ལ་རྣག་ཁྲག་བདུད་རྩི་སོགས་མི་གཅིག་པའི་
དངོས་པོ་དོན་བྱེད་ནུས་སུ་སྣང་བའི་ཚེ། དེ་དག་གི་ནང་ནས་བལྟ་བྱ་ཐུན་མོང་བ་དེ་གང་
ཡིན་ཅེས་དྲི་ན་ཞེས་པའོ། །
གཉིས་པ་རྒྱས་བཤད་ལ། ཆོས་ཅན་ཁྱད་པར་བ་ཐུན་མོང་གི་བལྟ་བྱར་འདོད་པའི་གཞན་
ལུགས་དགག་པ། རང་ལུགས་ཀྱི་བལྟ་བྱ་སྣང་སྟོང་རིས་སུ་མ་ཆད་པའི་གཞི་བསྟན་པ།
རིས་ཆད་ཀྱི་སྟོང་སྣང་གང་རུང་བལྟ་བྱར་མི་རུང་བ་དང་། རང་ལུགས་ཐུན་མོང་གི་བལྟ་བྱ་
ངོས་ཟིན་པའི་དགོས་པ་བཤད་པ་དང་བཞི་ལས། དང་པོ་ལ། ཆུ་ལ་བལྟ་བྱར་འདོད་པ་
དགག་པ། རླན་གཤེར་ལ་འདོད་པ་དགག་པ། དེ་གཉིས་ཐུན་མོང་དུ་དོན་བསྡུ་བ་དང་
གསུམ་ལས། དང་པོ་ལ། ཕྱོགས་སྔའི་འདོད་པ་འགོད་པ་དང༌། དེ་དགག་པ་གཉིས་
ལས། དང་པོ་ནི། ལ་ལས་སོགས། དེ་ཡང་མཁས་པ་ལ་ལས་འགྲོ་བ་ཐུན་མོང་གི་བལྟ་བྱ་
དེ་ཆུ་ཡིན་ལ། དེའི་ཡུལ་ཆུ་ཡིན་པའི་གནད་ཀྱིས་དེ་མཐོང་ཡུལ་ཅན་རྣམས་ནི་འགྲོ་བ་
གང་གིས་བསྡུས་པ་དེ་དག་ཀུན་ཀྱང་ཚད་མ་ཡིན་ཞིང་དེ་ལས་གཞན་དུ་སྣང་བ་རྣམས་
འཁྲུལ་པ་ཡིན་ཞེས་ཟེར། གཉིས་པ་དེ་དགག་པ་ལ། ཐུན་མོང་དུ་ཆུ་གཅིག་པུར་གྲུབ་
ན་ཚད་མ་དང་ཚད་མིན་མི་སྲིད་པ་དང༌། ཐུན་མོང་བ་མེད་ན་བལྟ་བྱ་མི་སྲིད་པ་གཉིས་
ལས། དང་པོ་ནི། ཆུ་ལ་སོགས། གལ་ཏེ་ཆུ་ལ་དོན་དམ་པའི་བློ་ངོར་ཡང་ཁོ་རང་གིས་
མི་སྟོང་པའི་རང་བཞིན་གྱིས་གྲུབ་པ་ཞིག་དང་འགྲོ་བའི་མཐོང་སྣང་རེས་འགའ་བའམ་
མི་འདྲ་བ་མེད་པར་ཐམས་ཅད་ལ་ཆུ་ཁོ་ནར་སྣང་བ་ཡོད་ན་དེ་ཐམས་ཅད་ཚད་མར་འགྱུར་
དུ་ཆུག་ཀྱང་། དེ་ལས་གཞན་དུ་གཞི་གཅིག་པོ་དེ་ལ་རྣག་དང་བདུད་རྩི་སོགས་སུ་སྣང་
བ་དང་དེ་འཛིན་པའི་ཚད་མིན་གྱི་བློ་མེད་པས་ན་ཚད་མ་ཚད་མིན་གྱི་རྣམ་དབྱེ་མི་སྲིད་
པར་འགྱུར་ཏེ་གང་ལ་ལྟོས་གཞི་མེད་ན་ཅིག་ཤོས་ལྟོས་ཆོས་ཀྱང་མི་སྲིད་པའི་ཕྱིར་རོ། །
གཉིས་པ་ནི། སོ་སོའི་སོགས། ཡང་འགྲོ་བ་སོ་སོའི་མཐོང་སྣང་རེས་འགའ་བ་ཆུ་རྣག་
བདུད་རྩི་སོགས་རང་རང་ལ་ཡུལ་སྣང་ཐུན་མོང་མིན་པ་རེ་ཡིན་ན་དེ་དག་གཅིག་གཞི་
གཅིག་ལ་མི་འགྱུར་པས། དཔེར་ན་མི་གཅིག་གི་ཀ་བ་དང་བུམ་པ་སོ་སོར་མཐོང་བ་
བཞིན་དུ་འགྲོ་བ་ཐུན་མོང་བའི་བལྟ་བྱ་ཞིག་མི་སྲིད་པར་འགྱུར་བ་དཔེར་ན་རྣམ་རིག་
པའི་གྲུབ་མཐའ་བཞིན་ནོ། །གཉིས་པ་ལ། ཕྱོགས་སྔ་དང་། དེ་དགག་པ་གཉིས་ལས།
དང་པོ་ནི། ལ་ལས་སོགས། ཡང་མཁས་པ་ལ་ལས་རླན་གཤེར་ཙམ་ཆུ་རྣག་བདུད་རྩི་
སོགས་ཀུན་ལ་མ་ལོག་པར་ཡོད་པས་བལྟ་བྱ་དེ་ཡིན་ཟེར་རོ། །གཉིས་པ་དེ་དགག་པ་
ལ༑ རླན་གཤེར་བལྟ་གཞིར་མི་འཐད་པ་དང་། ཆུ་དང་གཅིག་ཐ་དད་བརྟགས་པས་
དགག་པ་གཉིས་ལས། དང་པོ་ལ། བརླན་གཤེར་བལྟ་གཞི་ཡིན་ན་དེ་ལ་མཐོང་སྣང་ཐ་
དད་མེ་པར་ཐལ་བ་དང་། ཐ་དད་པའི་མཐོང་སྣང་ལ་བལྟ་བྱ་མེད་པར་འགྱུར་བ་དང་།
ནམ་མཁའ་མཐའ་ཡས་པས་མ་ངེས་པར་བསྟན་པ་དང་གསུམ་ལས། དང་པོ་ནི། ཐུན་
མོང་སོགས། ཡང་འདི་ལྟར་འགྲོ་བ་རིགས་དྲུག་གི་མཐོང་སྣང་མི་འདྲ་བ་རྣམས་ལ་ཐུན་མོང་
བའི་བལྟ་བྱ་དེ་འགྲོ་བ་རང་རང་སོ་སོ་ལ་རླན་གཤེར་ཙམ་གྱི་རང་མཚན་མ་ལོག་པར་
ཡོད་ན། འགྲོ་བ་དེ་དག་གིས་རླན་གཤེར་ལ་མི་གཅིག་པའི་མཐོང་སྣང་མ་བྱུང་བར་
ཐལ་ཞིང་། ཁོ་རང་རང་རྐྱ་ཐུབ་པའི་རང་མཚན་དུ་ཡོད་པའི་ཕྱིར། དེ་འདྲའི་རང་མཚན་
ཞིག་མེད་པར་ཆུ་རྣག་བདུད་རྩི་གསུམ་རླན་གཤེར་མིན་པ་ལས་ལོག་ཙམ་གྱིས་སེལ་བ་
ནི་བལྟ་གཞིར་འདོད་པ་དོན་མེད་དེ། དངོས་མེད་ཡིན་པའི་ཕྱིར། མ་ནིང་གཟུགས་བཟང་
མི་བཟང་ཞེས། །འདོད་ལྡན་བརྟགས་པས་ཅི་ཞིག་ཕན། །ཞེས་གསུངས་པ་དང་ཚུལ་
མཚུངས་སོ། །འདི་དཔེ་འགའ་ཞིག་ན་མང་བྱུང་ཞེས་པ་ཅུང་ཟད་མི་བདེ་བས་ཡིག་སྐྱོན་
ཨེ་ཡིན་དཔྱོད། །གཉིས་པ་ནི། གཅིག་མཐོང་སོགས། གལ་ཏེ་དེ་ལྟ་ན་འགྲོ་བ་རིགས་
སོ་སོའི་གཅིག་གི་མཐོང་བ་ཆུ་ལྟ་བུ་དེ་གཅིག་ཤོས་ལྷ་ལྟ་བུ་ལ་མེད་དེ་དེས་བདུད་རྩིར་
མཐོང་བའི་ཕྱིར། དེ་ལྟར་མི་འདྲ་བ་ཡི་ཆུ་དང་རྣག་སོགས་ཀྱི་བལྟ་གཞི་དེ་གང་ཡིན་ཏེ་
བཞག་ཏུ་མེད་དེ། རླན་གཤེར་ལ་ནི་མི་གཅིག་པའི་མཐོང་སྣང་མེད་ལ། ཆུ་རྣག་སོགས་
ནི་མི་འདྲ་བའི་མཐོང་སྣང་ཡིན་པས། མཐོང་སྣང་མི་འདྲ་བ་མེད་པ་དང་ཡོད་པ་ཕན་
ཚུན་སྤང་དེ་གནས་པའི་ཕྱིར། གཅིག་གི་བལྟ་གཞིར་གཅིག་མི་འགྱུར་པ་དཔེར་ན་ཀ་
བུམ་མཐོང་བ་སོ་སོ་བཞིན་ནོ། །
གསུམ་པ་ནི། གཞན་ཡང་སོགས། གཞན་ཡང་རློན་གཤེར་སོགས་བལྟ་གཞིར་ཡིན་པ་
ནི་ནམ་མཁའ་མཐའ་ཡས་པས་མ་ངེས་པར་འགྱུར་ཏེ། དེ་དག་གིས་ནམ་མཁའ་ཙམ་དུ་
ཐམས་ཅད་མཐོང་ཚེ་རླན་གཤེར་གཞི་རུ་ག་ལ་འགྱུར་ཏེ་མི་འགྱུར་རོ། །གཉིས་པ་ནི།
རླན་གཤེར་སོགས། ཡང་རླན་གཤེར་ཞེས་པ་མིའི་འགྲོ་བ་ལ་ལྟོས་པའི་མཐོང་སྣང་ཆུ་
དང་གཅིག་ཡིན་ན། རྣག་སོགས་ཉིད་དུ་རླན་གཤེར་ལ་སྣང་མི་རུང་སྟེ། རྟགས་སྔ་མ་
དེའི་ཕྱིར། ཡང་མིས་མཐོང་བའི་ཆུ་ལས་ཐ་དད་ན་དེ་བཞིན་སོགས་ཁོང་ནས་རྣག་དང་
བདུད་རྩི་སོགས་ལས་ཀྱང་ཐ་དད་དུ་འགྱུར་པས་ན། རླན་གཤེར་ཞེས་པ་རང་མཚན་ཅི་
ཡང་དམིགས་པ་མིན་པར་སྒྲོ་བཏགས་ཙམ་དུ་འགྱུར་རོ། །གསུམ་པ་ཐུན་མོང་དུ་དོན་
བསྡུ་བ་ལ། གནས་སྐབས་ཀྱི་བལྟ་བྱ་ལྟོས་ཏེ་འཇོག་པ། མཐར་ཐུག་གི་བལྟ་བྱ་སྣང་
ཙམ་དུ་བསྟན་པ་གཉིས་ལས། དང་པོ་ལ། དངོས་དང་། བལྟ་བྱ་འཇོག་ཚེ་སེམས་སྣང་
མི་འཐད་པ་གཉིས་ལས། དང་པོ་ནི། མི་གཅིག་སོགས། རྒྱུ་མཚན་དེ་དག་གི་ཕྱིར་ན་
མི་གཅིག་པའི་མཐོང་སྣང་སོ་སོར་ཆུ་རྣག་བདུད་རྩི་ལྟ་བུ་ལ་དེས་གང་རུང་རེ་ཐུན་མོང་
གི་བལྟ་བྱར་མི་སྲིད་ཅིང་། འགྲོ་བ་དེ་དག་ལ་ཐུན་མོང་དུ་མཐུན་པར་སྣང་བའི་དངོས་
པོ་གཅིག་ལ་ཆུ་རྣག་སོགས་ལྟ་བུའི་སོ་སོར་སྣང་བ་མི་སྲིད་པའི་ཕྱིར། དེས་ན་བལྟ་གཞི་
དེ་མིའི་ངོ་ཁ་ལ་ལྟོས་ནས་ཆུ་དང༌། ལྷ་ལ་ལྟོས་ན་བདུད་རྩི་ཞེས་གཞི་གཅིག་ལ་མཐོང་
ཚུལ་ཐ་དད་ཡོད་པ་ལ་ལྟོས་ནས་བཞག་པའི་རྟེན་འབྲེལ་བརྟགས་མི་བཟོད་པའི་སྣང་བ་
ཙམ་ཞིག་ལས་གཞན་དུ་ན་ཚད་མ་གཉིས་ཀྱི་དཔྱད་བཟོད་པའི་གཞི་ཞིག་ཁས་ལེན་ན།
དེ་གནས་ལུགས་ཡིན་པར་གྲུབ་དགོས་པས་བདེན་པ་གཉིས་གང་གི་ལྟར་བརྟགས་ཀྱང་
མི་འཐད་པ་ཉིད་ཀྱི་ཕྱིར་རོ། ། ་
གཉིས་པ་སེམས་སྣང་མི་འཐད་པ་ལ། སེམས་ཙམ་པ་བཞིན་དུ་ཤེས་པ་ཡུལ་དུ་ཁས་ལེན་
པ་མི་འཐད་པ་དང༌། དེའི་རྒྱུ་མཚན་གཟུང་འཛིན་གཉིས་ཀུན་རྫོབ་ཏུ་ཡོད་མཉམ་དང་།
དོན་དམ་པར་མེད་མཉམ་ཡིན་པར་བཤད་པ་གསུམ་ལས། དང་པོ་ནི། ཐུན་མོང་སོགས།
དེ་ལྟར་འགྲོ་བ་རིགས་དྲུག་གི་མཐོང་སྣང་མི་འདྲ་བ་དེ་དག་ཐུན་མོང་པའི་བལྟ་བྱ་ཞིག་
མེད་པར་འགྱུར་ན། རྣལ་འབྱོར་སེམས་ཙམ་པའི་གྲུབ་མཐའ་བཞིན་དུ་ཤེས་བྱ་ཡུལ་
མེད་པར། འཛིན་བྱེད་ཤེས་པ་ཉིད་ཡུལ་དུ་ཁས་ལེན་དགོས་པར་འགྱུར་ཞིང་དེ་ལྟར་
ཁས་ལེན་པ་ནི་འཐུད་པ་མ་ཡིན་ཏེ། ཡིད་བཞིན་མཛོད་ལས། མི་ཤེས་པ་དག་ཐམས་
ཅད་སེམས་ཡིན་ལོ། །སྣང་བ་རྣམ་གསུམ་དོན་ལ་ཤིན་ཏུ་རྨོངས། །སྐྱོན་མང་ཕན་ཚུན་
འཆོལ་ཞིང་ཧ་ཅང་ཐལ། །སྐྱོང་བྱེད་དག་གི་ལུགས་ངན་དེ་སྤོང་ཤིག །ཅེས་གསུངས་སོ། །
གཉིས་པ་ནི། ཡུལ་མེད་སོགས། ཇི་ལྟར་མི་འཐད་ན་གཟུང་འཛིན་གཉིས་ཕན་ཚུན་ལྟོས་
ཏེ་བཞག་པ་ལས་ཡུལ་མེད་བཞིན་དུ་འཛིན་པའི་ཡུལ་ཅན་ཡང་དོན་ལ་མེད་པར་འདྲ་
བ་ཉིད་ཡིན་པ་ལ་དེ་གཉིས་ཀྱི་ནང་ནས་འཛིན་པའི་སེམས་ཡོད་པར་ཁས་ལེན་ནི། གཟུང་
བྱའི་ཡུལ་ཡང་དེ་ལ་ལྟོས་ཏེ་ཡོད་པའི་ཕྱིར་གཟུང་འཛིན་གཉིས་པོའང་སྣང་ཙམ་གྱི་ཀུན་
རྫོབ་ཏུ་ཡོད་མཉམ་ཡིན་པའི་ཕྱིར། དཔེར་ན་ཕ་རི་ཡོད་ན་ཚུ་རི་ཡོད་པ་བཞིན་ནོ། །
གསུམ་པ་ནི། གང་སྣང་སོགས། གལ་ཏེ་ཡུལ་དུ་སྣང་བ་བརྟགས་ན་མི་འཐད་པས་མེད་
སྙམ་ན། བརྟགས་ན་མི་འཐད་པ་ནི་ཡུལ་ཅན་ལའང་མཚུངས་པའི་ཕྱིར། གང་སྣང་བའི་
ཡུལ་ཡུལ་ཅན་དེ་དག་ལ་བརྟགས་ན་གཟུང་འཛིན་གཉིས་ཀྱི་ཅིག་ཤོས་ཡོད་ལ་ཅིག་ཤོས་
མེད་པར་ཁྱད་ཕྱེ་བ་མི་འཐད་དེ། ཡུལ་སྣང་ཡོད་ཀྱང་རྫུན་བཞིན་དུ་སྣང་བ་ལྟར། འཛིན་
པར་ཡང་སྣང་ཙམ་ལས་གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་པའི་ཕྱིར། འཇུག་པ་ལས།
གཟུགས་མེད་ན་ནི་སེམས་ཡོད་མ་མཛིན་ཅིག །སེམས་ཡོད་ན་ནི་གཟུགས་མེད་མ་འཛིན་
ཞིག །དེ་དག་ཤེས་རབ་ཚུལ་མདོར་སངས་རྒྱས་ཀྱིས། །མཚུངས་པར་སྤང་ཞིང་མངོན་
པའི་ཆོས་ལས་གསུངས། །ཞེས་གསུངས་སོ། །གཉིས་པ་ལ། མཐུན་མི་མཐུན་ཀུན་ལ་
ཐུན་མོང་དུ་འགྲོ་བའི་སྣང་ཙམ་ལ་བལྟ་བྱར་འཐད་པ། དེ་མེད་ན་སོ་སོའི་སྣང་བ་མི་
འདྲ་བ་ཡང་འབྱུང་མི་རིགས་པ་དང་། རྐྱེན་སྣང་བྱེ་བྲག་པ་རེ་བལྟ་བྱར་མི་རུང་པའི་ཚུལ་
དང་གསུམ་ལས། དང་པོ་ནི། སྣང་ཙམ་སོགས། དེས་ན་ཕྱི་རོལ་གྱི་དོན་དང་ནང་གི་ཤེས་
པ་གང་གིའང་ཕྱོགས་སུ་མ་ལྷུང་ཞིང༌། སྟོང་པ་རང་བཞིན་ཉིད་ཅིར་ཡང་སྣང་དུ་རུང་བའི་
སྣང་ཙམ་ཞིག་འགྲོ་བ་ཀུན་གྱི་ཐུན་མོང་དུ་བལྟ་བྱར་འཇོག་ཅིང་། དེ་འདྲའི་སྣང་ཙམ་པོ་
དེ་ནི་ཀུན་ལ་མཐུན་པར་སྣང་བ་དང་མི་མཐུན་པར་སྣང་བ་ཐམས་ཅད་ཀྱི་སྣང་གཞིར་
ཡོད་པར་གྲུབ་སྟེ་དེ་ནི་དག་མ་དག་ཀུན་ལ་རྗེས་སུ་འགྲོ་ཞིང་སྣང་ཙམ་པོ་དེ་འགོག་པའི་
ལུང་རིགས་གང་ཡང་མེད་པའི་ཕྱིར། དེས་ན་དེ་མེད་པར་ཡང་བཞག་མི་རུང་སྟེ།
དཔེར་ན་ཟློས་གར་མཁན་ཡོད་ན་དེས་བསྒྱུར་པའི་ཟློས་གར་དེ་མིག་ལམ་དུ་འགྲོ་མི་འགྲོ་
དུ་མ་ཡོད་པར་མཐོང་བ་དང༌། ལྷ་དང་གནོད་སྦྱིན་སོགས་དུ་མར་བསྒྱུར་རུང་གི་ཟློས་
གར་མཁན་མེད་ན་སྣང་བ་དེ་དག་ཀྱང་མེད་པ་བཞིན་ནོ། །་
གཉིས་པ་ནི། ཡོད་ཙམ་སོགས། རྒྱུ་མཚན་དེས་ན་རང་བཞིན་གཤིས་ཀྱི་རྟེན་འབྲེལ་ཡོད་
ཙམ་པའམ་སྣང་ཙམ་པོ་འདི་ལས་མ་གཏོགས་པའི་དེ་ལས་འདས་ནས་ཡོད་པ་ཁྱད་པར་
བ་ཞིག་གཞན་ཕྱི་ནང་གང་ནས་ཀྱང་མི་སྲིད་པས་ཅི་ཙམ་ཚོལ་བ་ངལ་བ་དོན་མེད་ཀྱི་
རྒྱུར་འགྱུར་ཞིང༌། དེ་འདྲའི་ཡོད་ཙམ་གྱིས་བལྟ་གཞི་འདི་མེད་ན་ནི་དག་མ་དག་གི་སྣང་
བ་ཀུན་ཅི་ཡང་མི་སྣང་བ་ནམ་མཁའི་དབྱིངས་སྟོང་པ་ལྟ་བུར་གྱུར་ན་མི་འཐད་པས་འདི་
ལྟར་ཁས་ལེན་པ་འཐད་དོ། །གསུམ་པ་ནི། ཕྱི་དང་སོགས། གལ་ཏེ་བལྟ་གཞི་མི་མཐོང་
བར་གཞན་དང་གཞན་དུ་སྣང་བ་ཇི་ལྟར་རིགས་སྙམ་ན། དེ་ནི་ཕྱིའི་རྐྱེན་ཉིད་འདི་པའི་
སྣང་བ་གང་རུང་དང་ནང་གི་བག་ཆགས་སོགས་ཀྱི་རྐྱེན་གྱིས་ནི། བལྟ་གཞིའི་དོན་
དངོས་ཇི་བཞིན་པ་མི་མཐོང་བ་ནི་རྐྱེན་གྱིས་བསླད་པ་དང་རྟོག་པས་གཡེན་སྤྱོས་པའི་
ཕྱིར། དཔེར་ན་སྒྱུ་མའི་སྔགས་ཀྱིས་མིག་བསླད་ཚེ་ཤིང་བུ་ལ་རྟ་དང་གླང་པོར་སྣང་བ་བཞིན་
ཏུ་གྱུར་བ་དེ་ཕྱིར་དོན་དངོས་མི་མཐོང་ཞིང༌། ཤིང་བུ་ལ་རྟ་གླང་དུ་སྣང་བ་ལྟ་བུའི་རྐྱེན་
སྣང་བྱེ་བྲག་པའི་སྣང་བ་གང་རུང་ཞིག་ལ་ཐུན་མོང་གི་བལྟ་བྱ་ནི་འདིའོ་ཞེས་ངེས་པར་
བཞག་མི་རུང་སྟེ་རིས་སུ་ཆད་པའི་སྣང་བ་དེ་ཀུན་ཏུ་མི་འགྲོ་བའི་ཕྱིར་རོ། །གཉིས་པ་
རང་ལུགས་ལ། ཐུན་མོང་གི་བལྟ་བྱ་གང་ལ་འཇོག་བསྟན་པ། དེ་ལ་རྩོད་པ་སྤང་བ་
གཉིས་ལས། དང་པོ་ལ། སྣང་སྟོང་རིས་སུ་མ་ཆད་པའི་གཞི་ཉིད་བལྟ་གཞིར་འཇོག་པ།
སོགས། གོང་དུ་བཤད་པའི་སྣང་སྟོང་རིས་སུ་མ་ཆད་པ་ཉིད་བལྟ་གཞིར་འཐད་པ་དེས་
ན་རང་གི་ལུགས་ལ་ནི་སྔར་བདེན་གཉིས་ཀྱི་སྐབས་སུ། རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཡི། །ཟུང་
འཇུག་ཁོ་ནའི་གྲུབ་མཐའ་བསྐྱངས། །ཞེས་པ་ལྟར་སྣང་སྟོང་གཉིས་ཕྱོགས་དང་རིས་སུ་
མ་ཆད་པའི་མཉམ་པ་ཉིད་ཀྱི་གཞི་ཉིད་ལ། འཁོར་འདས་ཅིར་ཡང་མ་གྲུབ་པ་དེ་ཉིད་
འཁོར་འདས་གང་གི་སྣང་བ་ཀུན་ལ་རྗེས་སུ་འགྲོ་བར་མཉམ་པའི་ཕྱིར་ན། དེ་ལྟར་
དངོས་པོ་གཅིག་རྣམ་པ་དག་མ་དག་སྣ་ཚོགས་པར་འཆར་དུ་རུང་བ་དེ་ཉིད་བལྟ་གཞིར་
ཁས་ལེན་ཏེ། ཀུན་མཁྱེན་ཆེན་པོས། སྣང་དང་སྟོང་པ་དབྱེར་མེད་གདོད་མའི་ང༌། །གཅིག་
དང་དུ་མར་མི་དམིགས་སྤྲོས་དང་བྲལ། །ཕྱོགས་དང་རིས་མེད་ཐམས་ཅད་མཉམ་པ་
ཉིད། །སྣང་མཉམ་སྟོང་མཉམ་བདེན་མཉམ་རྫུན་པར་མཉམ། །ཡོད་མཉམ་མེད་
མཉམ་མཐའ་ལས་འདས་པར་མཉམ། །དབྱིངས་གཅིག་གདོད་ནས་དག་པའི་ངང་ཉིད་
དོ༑ ༑ཞེས་གསུངས་སོ། །གཉིས་པ་ནི། གང་ལ་སོགས། དེ་ཡང་གྲུབ་མཐའ་དང་རྣལ་
འབྱོར་པ་སོགས་གང་གི་ངོ་ཁ་ལ་སྣང་སྟོང་ཟུང་འཇུག་མཉམ་པ་ཉིད་ཀྱི་གཞི་འདི་རུང་
ཞིང་འཐད་པར་གྱུར་པ་ཉིད་ཡིན་ན། དེ་དག་གི་ངོར་གཞི་གཅིག་པོ་དེ་ལ་འཁོར་འདས་
ལམ་གསུམ་གྱི་སྣང་བ་དག་མ་དག་སོགས་རྣམ་པ་སྣ་ཚོགས་པ་ཐམས་ཅུད་ཀྱང་འབྱུང་
བར་རུང་ཞིང་འཐད་པ་མཐོང་བར་འགྱུར་ཏེ། ཇི་ལྟར་ཡིན་ལུགས་ཀྱི་སྟོབས་དང་མཐུན་
པའི་བློ་ཡིན་པའི་ཕྱིར། ཡང་དེ་དག་གང་ལ་སྣང་སྟོང་དབྱེར་མེད་པ་མི་རུང་ཞིང་ཕྱོགས་
སུ་ཆད་པ་ན་ཐུན་མོང་པའི་བལྟ་བྱ་ཙམ་ཡང་འཐད་པར་དཀའ་ན། གཞན་འཁོར་འདས་ཀྱི་
སྣང་བ་ཐམས་ཅད་གཞི་གཅིག་ལ་འཆར་བའི་འཐད་པ་སོགས་རུང་བར་མི་འགྱུར་བ་སྨོས་
ཅི་དགོས་སྟེ། ཆོས་ཉིད་རྣམ་འབྱེད་ལས། མེད་སྣང་དག་ལས་གང་རུང་ཞིག །མེད་ན་
འཁྲུལ་དང་མ་འཁྲུལ་དང་། །དེ་བཞིན་ཀུན་ནས་ཉོན་མོངས་དང་། །རྣམ་པར་བྱང་བ་
མི་འཐད་དོ། །ཞེས་གསུངས་པས་དེ་ལྟར་སྟོང་སྣང་གང་རུང་རེ་ལས་འཁོར་འདས་འཁྲུལ་
གྲོལ་དུ་འགྱུར་སྙམ་པ་ནི། དོན་དང་མི་མཐུན་པའི་སྨྲ་བ་ལ་ལུང་རིགས་ཀྱི་འཐད་པ་ཡང་
ཡོད་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལ། རྩོད་པ་དང༌། དེ་སྤང་བ་གཉིས་ལས། དང་
པོ་ནི། འོ་ན་སོགས། འོ་ན་ཁྱེད་ཅག་ལ་ཡང་ཚད་མ་དང་ཚད་མིན་གྱི་རྣམ་དབྱེ་འཐུད་
པ་མེད་པར་ཐལ། དངོས་པོ་གཅིག་རྣམ་པ་སྣ་ཚོགས་ཅིར་ཡང་འཆར་རུང་བའི་ཕྱིར།
དེས་ན་འགྲོ་བ་རིགས་དྲུག་གི་སྣང་བ་རྣམས་དང་། རྒྱུ་འབྲས་དང་འཁོར་འདས་ཐམས་
ཅད་ཕར་ཡིན་ཚུར་ཡིན་དུ་ཐལ་ཏེ། ཅི་ཡང་འཆར་རུང་བའི་ཕྱིར། དེས་ན་རྣམ་བཞག་
ཐམས་ཅད་འགལ་ལོ་ཞེ་ན། གཉིས་པ་དེ་སྤོང་བ་ལ། རང་ལུགས་ཀྱི་སྐྱོན་སྤང་སྤྱིར་
བཏང་དུ་བཤད་པ། གཞན་གྱི་ལུགས་ལ་སྐྱོན་སྤོང་མི་ནུས་པ། རང་ལུགས་ཀྱི་སྐྱོན་སྤོང་
དེས་འཐད་པ་དམིགས་བསལ་ཏེ་བཤད་པ་དང་གསུམ་ལས། དང་པོ་ལ། ལྟོས་ཏེ་ཚད་
མར་བཞག་པའི་འཐད་པ་ཡོངས་གཅོད་དུ་བསྒྲུབ་པ། དེའི་འཐད་པ་རང་དབང་གིས་
གྲུབ་པ་རྣམ་པར་བཅད་པའི་ཤུགས་ཀྱིས་བསྒྲུབ་པ་དང༌། དེའི་ཕྱིར་ཚད་མ་ལ་དོན་ཡོད་
པར་བཤད་པ་དང་གསུམ་ལས། དང་པོ་ལ། རེ་ཞིག་ཡུལ་བརྟན་པ་ཉིད་ལ་ལྟོས་པའི་
རང་འཛིན་གྱི་བློ་ཚད་མར་གྲུབ་པ། བློ་དེས་གཞལ་བྱ་དེ་ཉིད་གང་ལ་ལྟོས་དེ་གཅིག་དང་
ཐ་དད་དུ་བཞག་པ་ཡུལ་དེ་ལ་ཚད་གྲུབ་ཡིན་པ་གཉིས་ལས། དང་པོ་ནི། གང་སྣང་
སོགས། གལ་ཏེ་ཕྱོགས་སྔ་མ་སྨྲ་བ་པོ་ཁྱོད་གསང་ཆེན་རྙིང་མའི་ཚད་མའི་འཇལ་ཚུལ་
ཐུན་མོང་མ་ཡིན་པ་མ་མཐོང་བས་རེ་བདེན་གྱི། དེ་འདྲའི་གནོད་པའི་སྐྱོན་མེད་དེ། དཔལ་
ལྡན་ཟླ་བས། གང་གི་ཚེ་འཕགས་པའི་གཟིགས་པ་ལ་གནས་ནས་སྐྱེ་བོ་མཁས་པ་ཚད་
མར་བྱེད་པ་དེའི་ཚེ་འཇིག་རྟེན་གྱིས་གནོད་པ་ཡོད་པ་མ་ཡིན་ནོ། །མཁས་པས་ཕྱོགས་
འདིས་གཞན་ཡང་དཔྱད་པར་བྱའོ། །ཞེས་དང་། །
ཡང་རྣམ་འགྲེལ་ལས། རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ཀྱིས་ནི་ཚད་མ་ཉིད། །ཅེས་
གསུངས་པ་བཞིན་དུ། རྣམ་ངེས་ཤེས་རབ་རལ་གྲི་ལས། ཐ་སྙད་ལ་ཡང་གནས་སྣང་དག །
མི་མཐུན་སྣང་བ་ཡོད་པའི་ཕྱིར། །མ་དག་ཚུལ་རོལ་མཐོང་བ་དང༌། །དག་པའི་གཟིགས་
པ་ལ་བརྟེན་པའི། །ཀུན་དུ་ཐ་སྙད་ཚད་མ་གཉིས། །མི་དང་ལྷ་ཡི་མིག་བཞིན་ནོ། །ཞེས་
གསུངས་པ་བཞིན་དུ་ཤེས་བྱ་འཇལ་བྱེད་ཀྱི་ཚད་མ་དེ་ལ། དག་པའི་གཟིགས་པ་ལ་
བརྟེན་པའི་ཀུན་ཏུ་ཐ་སྙད་པའི་ཚད་མ་དང་། ཚུར་རོལ་མཐོང་བ་ལ་བརྟེན་པའི་ཀུན་ཏུ་
ཐ་སྙད་པའི་ཚད་མ་གཉིས་ཡོད་ཅིང་། དེ་གཉིས་ཀྱི་ཁྱད་པར་ཡང་། ངོ་བོ་དང་རྒྱུ་འབྲས་
དང་བྱེད་ལས་ཀྱི་སྒོ་ནས་འབྱེད་པར་གསུངས་སོ། །དེས་ཇི་ལྟར་འཇལ་བའི་ཚུལ་བརྗོད་ན།
བསྟན་བཅོས་ན་ཚུར་མཐོང་གི་ཡུལ་ལ་ཐ་སྙད་ཇི་ལྟར་གསུངས་པ་དེ་བཞིན་དུ་དཔྱད་ན་
རང་རྒྱུད་ཀྱི་མངོན་རྗེས་ཚད་མ་ལས་ཐ་སྙད་དེ་མི་བསླུ་བ་ཡིན་པར་ཉམས་མྱོང་འདྲེན་ནུས་
ལ༑ དེ་བཞིན་དུ་ཚུར་མཐོང་ལས་འདས་པའི་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་ཡང་།
བསྟན་བཅོས་ཀྱི་ཐ་སྙད་དེ་བཞིན་དུ་དཔྱད་པས་ཤེས་བྱ་དེ་འཇལ་བྱེད་དག་པའི་གཟིགས་
པ་དེ་མི་བསླུ་བ་ཡིན་པར་ངེས་ནུས་ཏེ་ཚུར་མཐོང་གི་ཡུལ་ལ་ཡང་འགལ་བ་མེད་པ་དང་།
སྐབས་ཀྱི་བསྟན་དོན་དེས་སྔ་ཕྱི་དང་དངོས་ཤུགས་ཀྱི་རང་ཚིག་མི་འགལ་བའི་ཕྱིར་ཤིན་
ཏུ་ལྐོག་གྱུར་གྱི་ཡུལ་དེ་ཉིད་ཀྱང་བསྐལ་དོན་དུ་མི་འགྱུར་བར་འཇལ་ནུས་སོ། །དེས་ན་
བདེན་གཉིས་ཟུང་དུ་ཆུད་ནས་གནས་སྣང་རྣམ་པ་ཀུན་ཏུ་མཐུན་པའི་གཟིགས་པ་དེས་
དབང་དུ་ན་ཕྱོགས་དང་དུས་ཀྱི་རིས་མེད་མཉམ་རྫོགས་ཆེན་པོས་དབྱིངས་ལས་ཅིར་
ཡང་འཆར་དུ་རུང་ཞིང་། ཤར་བ་དེ་ཐམས་ཅད་དབྱིངས་དེ་ལས་མ་གཡོས་པའི་ཕྱིར་ན་
དེས་ངོར་ལྟོས་ན། ཆུ་དང་སྨིག་རྒྱུ་ལ་ཆུར་འཁྲུལ་བ་ལྟ་བུ་སོགས་བདེན་རྫུན་གྱིས་རིས་
སུ་ཕྱེ་བ་མེད་པར་ཀུན་ཀྱང་མཉམ་པ་ཉིད་དུ་གནས་པ་དེའི་ཕྱིར་དག་པས་གཟིགས་པ་
བཞིན་དུ་འཇལ་བའི་ཚད་མ་ཁོ་ན་ལས་གཞན་པའི་རིས་ཆད་ཀྱི་སྣང་བ་ཐམས་ཅད་མགོ་
མཉམ་དུ་ཁེག་ལ། ཚུལ་དེ་ལྟ་ན་ཆོས་ཅན་སོ་སོ་ལ་ལྟོས་ནས་དངོས་པོ་གཅིག་གཞན་
དང་གཞན་དུ་ཐལ་བའི་གནོད་པ་དང་། འགྲོ་བའི་ལས་སྣང་སོགས་ཕར་ཡིན་ཚུར་ཡིན་
དུ་འཕང་པ་དང༌། ཚད་མ་དང་ཚད་མིན་མི་སྲིད་པའི་གནོད་པ་གང་ཡང་མེད་དེ། དེ་
ཐམས་ཅད་ཅིར་ཡང་འཆར་དུ་རུང་ལ་གང་ཡང་མ་གྲུབ་པའི་ཕྱིར་རོ། །འོན་ཀྱང་དེ་དེ་
ལྟར་མ་རྟོགས་པའི་འཇིག་རྟེན་ཚུར་རོལ་མཐོང་བ་ལ་ལྟོས་ན་ཡང་སྐྱོན་མེད་དེ། དེས་
ངོར་ཆོས་ཉིད་ཅི་ཡང་མ་ཡིན་པ་ལས་ཅི་ཡང་འཆར་ཅེས་ཁས་བླང་བ་མེད་པའི་ཕྱིར། དེས་
ན་འཇིག་རྟེན་པ་རྣམས་ཆོས་ཉིད་དེ་མ་རྟོགས་ཤིང་ཆོས་ཅན་སོ་སོ་ལ་བདག་ཏུ་འཛིན་
པ་ཅན་ཡིན་པའི་ཕྱིར། དེས་དབང་གིས་བག་ཆགས་བརྟན་པའི་སྣང་བ་ཐམས་ཅད་སོ་
སོ་ཐ་དད་པ་རིས་ཆད་དུ་འཛིན་ཅིང་ཞེན་པ་བཞིན་དུ་ཞུགས་པའི་ཚེ་གང་སྣང་བའི་དངོས་
པོ་དེ་ཉིད་དེར་སྣང་ཀྱི། དེ་ལས་གཞན་པ་ཉིད་དུ་མི་སྣང་སྟེ་གཞན་དང་མ་འདྲེས་པའི་
རང་མཚན་སོ་སོ་བ་ཡིན་པ་དེའི་ཕྱིར་རྒྱུ་དགེ་སྡིག་དང་འབྲས་བུ་ལས་སྣང་མི་འདྲ་བ་
སོགས་ཐམས་ཅད་འདྲེས་མར་སྣང་མི་སྲིད་པའི་ཕྱིར། རྣམ་འགྲེལ་ལས། གང་དག་
དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱི་
དངོས་དག་ལས། །ལྡོག་པ་ལ་ནི་བརྟེན་པ་ཅན། །ཞེས་གསུངས་སོ། །དེ་བས་ན་ཚུར་
མཐོང་དེས་གཞལ་བྱ་དེ་མི་འགྲུབ་པ་མ་ཡིན་ཏེ། བློ་དེས་གང་གཞལ་པའི་རྣམ་བཞག་
ཚད་མ་དང་ཚད་མིན་སོགས་ཐམས་ཅད་ཀྱང་བདེ་བླག་ཏུ་འགྲུབ་པོ། །གཉིས་པ་ནི། གང་
ཕྱིར་སོགས། རྒྱུ་མཚན་གང་གི་ཕྱིར་འདྲེས་མར་མི་སྣང་བ་ཡིན་ན། དེ་ལྟར་སྣང་བའི་
དངོས་པོ་ཀུན་ཀྱང་རང་རང་གི་ཆོས་ཉིད་དམ་རང་བཞིན་ཇི་ལྟར་ཡིན་པའི་སྟོབས་ཀྱིས་
ཡིན་ལུགས་དེ་འདོར་བ་མེད་ལ་གཞན་དུ་འགྱུར་བ་ཡང་མེད་པ་དེས་ན། རང་རང་གི་
ངོ་བོ་ཉིད་ཀྱིས་གཞན་ལ་མ་འདྲེས་པར་གནས་པའི་ཕྱིར། རང་མཚན་ཆུ་རྣག་སོགས་
བསྲ་བསྲེར་གྱུར་བ་མེད་པས་ཆུ་དང་སྨིག་སྒྱུ་དང་རྣག་ཁྲག་སོགས་ལ་གཅིག་དང་ཐ་དད་
ཀྱི་རྣམ་བཞག་ཐམས་ཅད་འཐད་དེ། དཔལ་རོང་ཟོམ་ཆེན་པོས། དེ་ལ་མཚུངས་པའི་
གཅིག་པའང་གང་ཞེ་ན། འདི་ལྟར་ཀ་བ་ནི་བླ་གབ་འཛིན་པའི་མཚན་ཉིད། བུམ་པ་ནི་
ཆུ་འཛིན་པའི་མཚན་ཉིད། དེ་གཉིས་ཀའང་བྱས་པའོ་ཞེས་བརྗོད་པ་ན། ཀ་བ་བྱས་པ་
ནི་ཀ་བ་རང་གི་ངོ་བོ་ལ་གནས། བུམ་པ་བྱས་པ་ནི་བུམ་པ་རང་གི་ངོ་བོ་ལ་གནས་ཏེ།
རང་རང་གི་མཚན་ཉིད་ཐ་དད་པ་ཅན་ཡིན་པར་དམིགས་ཀྱང་བྱས་པ་ཉིད་ལ་ཐ་དད་
པར་མི་དམིགས་སོ། །
བྱས་པ་ཐ་དད་པར་མ་དམིགས་ཀྱང་དེས་ཀ་བ་བུམ་པར་མི་ལྡོག བུམ་པའང་ཀ་བར་མི་
ལྡོག བླ་གབ་འཛིན་པ་དང་ཆུ་འཛིན་པའི་མཚན་ཉིད་མི་འདོར་རོ། །ཞེས་དང་། རིགས་
གཏེར་ལས། རང་མཚན་གཅིག་དང་ཐ་དད་ལ། །སེལ་བའི་འཛིན་སྟངས་མུ་བཞི་སྲིད། །
ཞེས་པ་ལྟར་རང་མཚན་གཅིག་ལ་གཅིག་ཏུ་འཛིན་པ་དང་། རང་མཚན་ཐ་དད་ལ་ཐ་དད་
དུ་འཛིན་པ་གཉིས་དང་། རང་མཚན་གཅིག་ལ་ལྡོག་པ་དུ་མར་དབྱེ་བ་དང་། རང་མཚན་
དུ་མ་ལྡོག་པ་གཅིག་ཏུ་འཛིན་པའི་མུ་བཞི་སྲིད་པས་སོ། །དེས་ན་སྒྲ་དང་རྟོག་པས་ཐ་
སྙད་སྣ་ཚོགས་སྦྱོར་ཀྱང་རང་མཚན་རྣམས་འདྲེས་པ་མེད་པའི་གནད་ཀྱིས་མི་རྣམས་ཆུ་
ལ་ཆུར་འཛིན་པ་ཚད་མ་ཡིན་ཏེ་མི་བསླུ་བའི་ཕྱིར། དེ་ལས་ཐ་དད་པའི་སྒྲིག་སྒྱུ་ལ་ཆུར་
འཛིན་པ་ཚད་མིན་ཏེ་བསླུ་བའི་ཕྱིར་དང་། དེར་མ་ཟད་འགྲོ་བའི་ལས་སྣང་གི་དབང་གིས་
མི་རྣམས་ཆུ་ལ་ཆུར་འཛིན་པ་དེ་ཡི་དྭགས་རྣམས་ཀྱི་བསླད་པའི་སྣང་བ་ལ་ལྟོས་ན་ཚད་མ་
དང༌། ཡི་དྭགས་ཀྱི་རྣག་ཁྲག་དུ་སྣང་བ་དེ་ཁོ་རང་གི་ངོར་ཐོབ་ཤོར་མི་བསླུ་བ་ཚད་མ་
ཡིན་ཀྱང་མི་ལ་ལྟོས་ན་ཚད་མིན་དུ་འགྱུར་ཏེ་སྐྱོན་བསལ་དུ་ཡོད་པའི་ཕྱིར། དེས་ན་
ཚད་མ་དང་ཚད་མིན་གྱི་རྣམ་བཞག་བྱ་རུང་གི་རང་བཞིན་བསླུ་བ་མེད་པས་ཚད་མའམ་
མཐད་པར་གྲུབ་པ་ཉིད་ཡིན་གྱི། དེ་ལྟ་ན་ཡང་རང་དབང་གིས་གྲུབ་པ་མ་ཡིན་ཏེ་འགྲོ་
བ་ཐ་དད་ལ་ལྟོས་ཏེ་འཇོག་པ་གང་ཞིག་དོན་དམ་པར་ཡང་མ་གྲུབ་པའི་ཕྱིར་རོ། །དེས་
ན་རོང་ཟོམ་ཆོས་བཟང་གིས། དེ་བས་ན་སྣང་བ་འདི་ལྟ་བུ་ལ་ཐམས་ཅད་དུ་ཐ་དད་པར་
སྣང་བ་མ་ཡིན་ཏེ་གཞི་གཅིག་ཏུ་སྣང་ངོ༌། །ཐམས་ཅད་མཐུན་པར་སྣང་བ་མ་ཡིན་ཏེ་
དག་པ་དང་མ་དག་པ་སོ་སོར་སྣང་ངོ༌། །འདི་ལྟ་བུ་ནི་ཡོངས་སུ་དག་པ་དང༌། ཡོངས་
སུ་དག་པ་མ་ཡིན་པར་སྣང་བའི་བྱེ་བྲག་གོ །ཞེས་གསུངས་སོ། །སྐབས་འདིའི་ཚད་མ་
གྲུབ་པ་ཅེས་སོགས་ནི་གྲགས་ཆེ་བའི་དབང་གིས་ཡུལ་ཅན་ཞིག་ལ་གོ་བ་སྐྱེ་འདུག་ཀྱང་།
ཡུལ་ལ་ལྟོས་བྱ་ཆོས་ཉིད་ཀྱི་རིགས་པ་ཞེས་བརྗོད་པ་དང་མཚུངས་ཏེ། རོང་ཟོམ་ཆེན་
པོས། དེ་ལྟ་ན་དོན་རང་རང་གི་ངང་ཚུལ་ཇི་ལྟར་གནས་པ་དང་། དེ་དང་མཐུན་པའི་བློ་
གཉིས་ཀ་ལ་རིགས་པའི་སྒྲ་འཇུག་པས་ཞེས་གསུངས་པས་ཚད་མ་ཡང་དེ་དང་འདྲ་སྙམ་མོ།།
གཉིས་པ་ལ། སྤྱིར་ཆོས་ཐམས་ཅད་རང་དབང་དུ་གྲུབ་པ་མི་རུང་བ་དང་། བྱེ་བྲག་ཆུ་
གཅིག་པོ་ཡང་རང་དབང་དུ་མི་རུང་པས་ལྟོས་བཅས་སུ་འཐད་པ་གཉིས་ལས། དང་པོ་
ནི། དེ་ཕྱིར་སོགས། རྒྱུ་མཚན་དེ་ཕྱིར་བསླད་པའི་སྣང་བ་ལྟ་བུ་ལ་ལྟོས་ཏེ་ཚུད་མ་ཉིད་
དུ་གྲུབ་པར་བཞག་པའི་རྟེན་འབྲེལ་བརྟགས་མི་བཟོད་པར་གནས་ཀྱིས། ལྟོས་མེད་
རང་དབང་གི་བདག་ཉིད་ཅན་དུ་ཤེས་བྱ་ཕྱི་དོན་གྱི་ཆོས་རྣམས་ནི་ཚད་མས་གྲུབ་པ་མ་
ཡིན་ཏེ། གལ་ཏེ་གྲུབ་ན་གནས་ལུགས་དོན་དམ་ཉིད་དུ་ཐལ་བར་འགྱུར་ན་དེ་མི་
རིགས་པས་སོ། །གཉིས་པ་ནི། ཆུ་གཅིག་སོགས། སྤྱིར་ཆོས་ཐམས་ཅད་རང་དབང་
གིས་གྲུབ་པ་མེད་པས་ན་བྱེ་བྲག་ཆུ་གཅིག་པོ་ཡང་མི་རྣམས་ལ་ཆུ་རང་ཉིད་འཛིན་པ་དེས་
ངོར་མི་བསླུ་བ་ཉིད་ཀྱིས་ཚད་མས་གྲུབ་ཀྱང་རྐྱེན་ཅི་ཡང་རུང་བ་ལ་ལྟོས་མེད་དུ་རང་དབང་
ཁོ་ནས་གྲུབ་པ་མིན་ཏེ། ཇི་ལྟར་མི་འགྲུབ་ན་དོན་དམ་དཔྱོད་པས་དཔྱད་བཟོད་དུ་མི་
འགྲུབ་ཅིང་། ཐ་སྙད་དུ་ཡི་དྭགས་ཀྱི་ངོར་ཡང་གྲུབ་པར་མི་འགྱུར་བའི་ཕྱིར་རོ། །གསུམ་
པ་ཚད་མ་ལ་དོན་ཡོད་པ་ནི། རང་འཛིན་སོགས། དེ་ཡང་ཡུལ་ཆུ་ལྟ་བུ་དེ་རང་ཉིད་
འཛིན་པའི་བློ་དེས་ཡུལ་ལ། ཡང་ན་དབང་པོ་སོགས་ཀྱི་མངོན་སུམ་དུ་མཐོང་བ་དང་།
ཡང་ན་ཚུལ་གསུམ་ཚངས་པའི་རྟགས་ལས་རྗེས་སུ་དཔག་པའི་ཚད་མས་ངེས་པ་ན་དེས་
ཇི་ལྟར་བཅད་པ་དེ་ལྟར་དུ་ཡུལ་ཐོབ་པ་སོགས་ལ་ནི་འཇུག་ལྡོག་གང་བྱས་མི་བསླུ་བའི་
ཕྱིར་ན། མཐའ་གཅིག་ཏུ་རང་དབང་གིས་གྲུབ་པ་མིན་ཀྱང་ཚད་མ་ཞེས་བཞག་པ་དོན་
མེད་པ་མ་ཡིན་ཏེ་གནས་སྐབས་ཆུ་ལྟ་བུ་ལ་བཞག་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་
འདས་པའི་ཡུལ་ལ་འཇུག་ལྡོག་གང་བྱས་མི་བསླུ་བའི་ཕྱིར་རོ། །
གཉིས་པ་གཞན་གྱི་ལུགས་ལ་སྐྱོན་སྤོང་མི་ནུས་པ་ནི། དེས་ན་སོགས། དེས་ན་མཚོན་
བྱེད་ཙམ་དུ་ཆུ་གཅིག་ལ་ཞེས་བལྟ་གཞིའི་ཐ་སྙད་གླེང་པ་ནི། འགྲོ་བ་གཞན་ལ་མ་ལྟོས་
པར་མིའི་མཐོང་བ་ལ་ལྟོས་ནས་བཞག་པ་སྟེ་འགྲོ་བ་གཞན་ལ་ཆུ་དེ་ཉིད་གཞན་དང་གཞན་
དུ་སྣང་བས་ན། དེ་ལས་གཞན་ལྷ་ལ་ལྟོས་ན་ནི་བདུད་རྩི་གཅིག་ལ་བལྟ་གཞིར་འཛིན་གྱི།
གལ་ཏེ་གཞན་གྱིས་ཆུ་སྣོད་གཅིག་གི་ཆུ་དེ་ཉིད་ལ་ཡི་དྭགས་དང་མི་དང་ལྷ་གསུམ་ཀའི་
ཆུའི་ཆ་རེ་རེ་རྣག་ཆུ་བདུད་རྩི་གསུམ་ཀའི་རྫས་སོ་སོར་མཐོང་བར་གྱུར་ཚེ། འགྲོ་བ་རེ་
རེའི་ངོར་གསུམ་ཀ་ཚོགས་པ་མིན་ཏེ། མི་ལ་འགྲོ་བ་གཞན་གཉིས་ཀྱི་ལས་ཀྱི་བདག་
རྐྱེན་བྱས་པ་མེད་པས་རྣག་དང་བདུད་རྩི་མི་སྣང་བ་བཞིན་དུ་འགྲོ་བ་གཞན་གཉིས་པོ་
ཡང་མཚུངས་སོ། །དེ་འདྲའི་སྣོད་དེ་ཉིད་དུ་གསུམ་ཀའི་རྫས་ཡོད་གཞིན་དུ་ཅི་སྟེ་མིས་
བཏུང་ནི་གསུམ་ཀ་ཆུ་དང་། ཡི་དྭགས་ཀྱིས་བཏུང་ན་རྣག་དང་། ལྷས་བཏུང་ན་གསུམ་
ཀ་བདུད་རྩིར་འགྱུར་ན། དེ་གསུམ་ཀའི་ནང་ནས་གང་བལྟ་གཞི་དང་ཚད་མ། གོང་འཁྲུལ་
སྣང་དང་ཚད་མིན་དུ་འགྱུར་ཏེ། ཕར་འགྱུར་ཚུར་འགྱུར་དུ་མའི་བདག་ཉིད་ཅན་ཡིན་
པའི་ཕྱིར། དཔེར་ན་རྨི་ལམ་གྱི་སྣང་བ་བཞིན་ནོ། །
དེས་ན་དེ་གསུམ་གཅིག་ཀྱང་ཚུད་མ་མིན་ན། དེ་ལས་དངོས་པོ་གཞན་ཞིག་དེ་གསུམ་
ཀའི་བལྟ་གཞིར་ཐུན་མོང་དུ་མཐོང་དུ་རུང་བར་ཚད་མས་སྒྲུབ་མི་ནུས་པའི་ཕྱིར། རྒྱུ་
མཚན་དེས་ན་མཐོང་དོན་དེ་གསུམ་ཀའི་གང་རུང་རེ་དང་དེ་ལས་གཞན་པའི་གཞི་ཞིག་
ཚད་མར་སྒྲུབ་ཏུ་མེད་པར་ཐལ་བར་འགྱུར་བས་སོ། །ཡང་འདི་ལྟར་མིས་མཐོང་བའི་
ཆུ་འདི་ཆུ་མིན་པའི་རྣག་དང་བདུད་རྩི་སོགས་རྫས་དྲུག་ཆར་གྱིས་གང་བ་ཡིན་ན། དེ་
ལས་དངོས་པོ་གཞན་པ་ཞིག་ཆུ་རུ་མི་འཐུད་པས། མིས་ཆུ་འབབ་ཞིག་གིས་གང་བར་
མཐོང་བ་ཞེས་བྱ་བའི་ཚད་མ་གཏན་མེད་དུ་ཐལ་ལ། དེ་ལྟ་ན་ཆུ་དེ་ལ་དངོས་པོ་གཞན་
རྣག་སོགས་སུ་མཐོང་བའི་ཚད་མིན་ཀྱང་མེད་པས་དེ་ལྟའི་ལུགས་ལའང་ཚད་མ་དང་ཚད་
མིན་གྱི་རྣམ་བཞག་འཐུད་པར་མི་འགྱུར་བ་མ་ཡིན་ནམ་སྟེ་ཡིན་པའི་ཕྱིར་རོ། །གསུམ་
པ་རང་ལུགས་ཀྱི་སྐྱོན་སྤོང་དེས་འཐད་པ་དམིགས་བསལ་ལ། འཁྲུལ་རྒྱུས་བསླད་པ་རིམ་
བྲལ་བཞིན་དུ་གནས་སྐབས་ཀྱི་ཚད་གྲུབ་བཤད་པ། ཆོས་ཉིད་ཀྱི་རིགས་པས་མཐར་ཐུག་
པའི་ཚད་མ་བསྒྲུབ་པ་དང་གཉིས་ལས། དང་པོ་ལ། རང་ལ་གྲུབ་ཅིང་མ་བསླད་པའི་
དབང་པོས་ཡུལ་ཚད་གྲུབ་ཡིན་པར་བཤད་པ། དེའི་ཕྱིར་བསླད་པ་ལ་ལྟོས་ཏེ་རེ་ཞིག་
མིས་མཐོང་གི་ཆུ་ཚད་མར་བསྒྲུབ་པ། དེ་ལྟར་མིན་ན་ཀུན་དོན་གཉིས་ཀར་མི་འགྲུབ་
པའི་ཚུལ་དང་། དེ་ཕྱིར་འོག་མར་ལྟོས་ནས་གོང་མ་ཚད་མར་བསྒྲུབ་ཚུལ་བཞི་ལས། དང
པོ་ནི། དེ་ཕྱིར་སོགས། རྒྱུ་མཚན་དེ་ཡི་ཕྱིར་ཕན་ཚུན་ལྟོས་མི་དགོས་པའི་ཕྱི་རོལ་ཀྱི་དངོས་
པོ་ཚད་མས་གྲུབ་པ་ཞིག་མེད་མོད། འོན་ཀྱང་འཕྲལ་གྱི་འཁྲུལ་རྒྱུ་ཡིས་མ་བསླད་
པའི་དབང་པོའི་ཡུལ་དེ་ཉིད་བསླད་པ་ལ་ལྟོས་ཏེ་ཚད་གྲུབ་ཡིན་པར་བསྒྲུབ་དགོས་ཏེ།
དཔེར་ན་མིས་མིག་མ་བསླད་པའི་སྤྱོད་ཡུལ་གྱི་ཆུ་ཚད་གྲུབ་དང་། བསླད་པའི་དབང་གིས་
སྨིག་སྒྱུ་ལ་ཆུར་སྣང་བ་ཚད་མིན་དུ་འཇོག་པ་བཞིན་ནོ། །གཉིས་པ་ནི།དེས་ན་སོགས།
ཆུ་དང་སྨིག་སྒྱུ་གཉིས་ཀར་ཆུར་སྣང་བར་མཚུངས་ཀྱང་བདེན་རྫུན་བསླད་མ་བསླད་ལ་
ལྟོས་ཏེ་འཇུག་པ་དེས་ན་གནས་སྐབས་ཡི་དྭགས་ཉིད་ཀྱི་འགྲོ་བ་ལ་ལས་ཀྱི་སྒྲིབ་པས་
དབང་གིས་ཆུ་གཙང་མ་ལ་རྣག་ཏུ་སྣང་བ་དེ་ཡང་ལས་སྒྲིབ་ཀྱི་སྐྱོན་སེལ་ནས་རྣག་སྣང་དེ་
ཡང་ད་གདོད་ཆུ་རུ་སྣང་བའི་ཕྱིར་ན་སྣང་ཚུལ་དེ་གཉིས་ཕན་ཚུན་ལྟོས་ནས་མིས་
མཐོང་གི་ཆུ་དེ་ཚད་མ་དང་། གཞན་ཡི་དྭགས་སོགས་སྡུག་བསྔལ་གྱི་རྒྱུར་སྣང་བ་ལ་
ལས་ངན་གྱིས་ཕྱིན་ཅི་ལོག་གི་སྣང་བར་བསྒྱུར་བའི་ཕྱིར་རེ་ཞིག་དེར་ལྟོས་ཀྱི་བསླད་པ་
མེད་པའི་ཆུ་ནི་ཚད་མར་བསྒྲུབ་དགོས་སོ། །
གསུམ་པ་ནི། མཐར་ཐུག་སོགས། དེ་ཡང་འདི་ལྟ་བུའི་ལས་སྣང་ཐམས་ཅད་ཀྱང་དོན་
དམ་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་པ་བྱས་ན་མ་དག་པའི་སྣང་བ་དེ་དག་
ཀུན་ཀྱང་བག་ཆགས་འཁྲུལ་བའི་སྣང་བ་ཙམ་སྟེ་རང་བཞིན་གྱིས་གྲུབ་པ་གཅིག་ཀྱང་
མེད་ལ། དེ་ལས་གཞན་དུ་རང་བཞིན་མེད་པའི་ཚུལ་ཙམ་ལ་དག་མ་དག་གི་སྣང་བ་ཐམས་
ཅད་མཚུངས་ཀྱང་ཐ་སྙད་དཔྱོད་པའི་ངོར་ཡི་དྭགས་ཀྱི་རྣག་སྣང་གི་སྒྲིབ་པ་དག་ནས་ཆུ་
རུ་སྣང་བ་ཉིད་དྲུག་པའི་གདུལ་བྱ་འགའ་ཞིག་ལ་ཞིང་ཁམས་དང་སྐུར་ཡང་སྣང་བའི་
ཕྱིར་མི་ཡི་མཐོང་བ་དེ་ཁོ་ན་མཐའ་གཅིག་ཏུ་ཚད་མར་རུང་བ་མ་ཡིན་ཏེ། དེ་ཡང་གོང་
མ་ལ་ལྟོས་ན་བསླད་པ་དང་བཅས་པའི་ཕྱིར་རོ། །བཞི་པ་ནི། དེས་ན་སོགས། དེས་ན་
གནས་སྣང་མཐུན་པའི་དོན་ལ་སྒྲིབ་པའི་ལས་ཀྱི་རྐྱེན་ཇེ་དུག་ཏུ་སོང་བས་དེས་རིམ་པ་
བཞིན་དུ་མཐོང་བུ་འོག་མ་འོག་མ་ལ་ལྟོས་ནས་གོང་མ་གོང་མའི་མཐོང་བ་ཚུད་མ་རུ་
ཁས་བླང་པ་ནི་འཐད་པ་ཉིད་ཡིན་ཏེ། སྤྱོད་འཇུག་ལས། རྣལ་འབྱོར་པ་ཡང་བློ་ཆད་
ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པ་དང་ཚུལ་མཚུངས་སོ། །གཉིས་པ་
ལ༑ དེ་བཞིན་ཉིད་གཅིག་ཡིན་ཕྱིར་དེ་མཐོང་བའི་རང་རིག་ཡེ་ཤེས་ཚད་མ་གཅིག་པུར་
བསྒྲུབ་པ། དེའི་ཕྱིར་འཁོར་འདས་གཉིས་ཀ་རིག་མ་རིག་གི་རྩ་བ་ཅན་དུ་འཐད་པ། དེའི་
ཚུལ་གྱིས་སྣང་ཡུལ་ལྷར་བསྒྲུབ་པ་དཔལ་རོང་ཟོམ་ཆེན་པོའི་ལེགས་བཤད་ཀྱི་མཐུ་ཡིན་
པ༑ གཞན་ལ་འདི་བཞིན་བསྒྲུབ་པའི་རིགས་པ་མེད་པས་ཁས་བླང་གང་བྱས་འགལ་བ་
དང་བཞི་ལས། དང་པོ་ནི། མཐར་ཐུགས་སོགས། དེ་ལྟར་ལམ་ཡང་དག་གོམ་པའི་མཐར་
ཐུག་གི་འབྲས་བུ་མངོན་དུ་གྱུར་པའི་ཚེ་ཡུལ་ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་ནི་གཅིག་ལས་
གཉིས་པ་མེད་པའི་ཕྱིར། དེ་ཁོ་ན་མཐོང་བའི་ཡེ་ཤེས་ཚད་མའང་གཅིག་ཁོ་ན་ཡིན་ཏེ།
ཡུལ་དང་ཚད་མ་མི་འདྲ་བའི་གཉིས་པ་ཞིག་མི་སྲིད་དེ། འཇུག་པ་ལས། ལྷུར་བྱེད་གཞན་
མེད་ཆོས་རྣམས་དེ་ཉིད་རྣམ་འགྱུར་དབྱེ་ལའང་བརྟེན་མིན་ཞིང་། །དེ་ཉིད་ཡུལ་ཅན་བློ་
གྲོས་འདི་ཡང་ཐ་དད་གྱུར་པ་མ་ཡིན་པ། །ཞེས་གསུངས་སོ། །གཉིས་པ་ནི། གནས་
ལུགས་སོགས། དེས་ན་གནས་ལུགས་བདེན་པ་དམ་པ་འདི་ནི་གཅིག་སྟེ་དེ་བཞིན་ཉིད་
སྣང་སྟོང་ཟུང་འཇུག་ཡིན་ལ། དེ་ཇི་བཞིན་འཇལ་བའི་ཚད་མ་ནི་རང་བྱུང་ཡེ་ཤེས་ཉིད་
ཡིན་ཅིང་། དེས་སྤང་བྱུ་ཀུན་གྱི་རྩ་བ་མ་རིག་པ་གཅིག་པུ་ལས་མེད་པའི་ཕྱིར། དེས་
ན་གནས་ལུགས་ལ་བསྒྲིབ་པ་མ་རིག་པ་གཅིག་པུ་ཡིན་ལ། འཁོར་བ་ནི་དེ་ལ་རགས་
ལས་ཤིང་། རིག་པའི་ཡེ་ཤེས་ཀྱི་མདངས་མངོན་དུ་གྱུར་ཚེ་གྲོགས་གཞན་ལ་ལྟོས་པ་
མེད་པར་སྤང་བྱ་མ་རིག་པ་རང་སངས་ལ་སོང་ནས་སྐུ་གསུམ་ལྷུན་གྱིས་གྲུབ་པར་འགྱུར་
བའི་ཕྱིར། འཁོར་འདས་གཉིས་རིག་དང་མ་རིག་པ་ཙམ་གྱིས་རྩ་བ་ཅན་དུ་འཐད་དེ། དཔལ་
རོང་ཟོམ་ཆེན་པོས། དེ་བས་ན་ཆོས་རྣམས་ཀྱི་རང་བཞིན་ཤེས་པ་དང་མ་ཤེས་པ་ཙམ་
ལ་ཀུན་ཉོན་དང་རྣམ་པར་བྱང་བར་ཐ་སྙད་བཏགས་པ་ཙམ་མ་གཏོགས་པ་འདི་ལ་བསལ་
བར་བྱ་བའི་རྫས་སམ། བཞག་པར་བྱ་བའི་རྫས་ཀྱི་ངོ་བོ་གང་ཡང་མེད་དོ། །ཞེས་གསུངས་
པས་སོ། །གསུམ་པ་ནི། དེ་ཕྱིར་སོགས། དེ་ཡི་ཕྱིར་ན་གོང་དུ་བཤད་པའི་ཚད་མའི་ཚུལ་
འདི་ཡིས་འགྲོ་བ་དེ་དག་གི་སྣང་བ་འཁྲུལ་བར་འཐད་ན་ཡང་། སྣང་ཡུལ་གྱི་རང་བཞིན་
ཡེ་ནས་དག་པ་ལྷའི་དཀྱིལ་འཁོར་དུ་སྒྲུབ་པ་འདི་ནི་གསར་མར་གྲགས་ཆུང་བས་སྔ་འགྱུར་
པའི་རང་ལུགས་ཁོ་ན་སྟེ། དེ་ཉིད་རྩོལ་ཏུ་འདོན་པ་པོ་ནི་ཀུན་མཁྱེན་རོང་ཟོམ་པ་མ་ཧཱ་
པཎྜི་ཏུའི་ལེགས་པར་བཤད་པ་སེངྒེའི་ང་རོ་ཡིན་ཏེ། དེའི་ཚུལ་ནི་དཔལ་རོང་ཟོམ་ཆེན་
པོས། ཇི་ལྟར་ཡི་དྭགས་རྣམས་ཀྱི་ཆུ་ཀླུང་ལ་རྣག་ཏུ་མཐོང་བ་ལས། ཁ་ཅིག་གིས་མི་
རྣམས་ཀྱིས་ཆུར་མཐོང་བ་ཡང་ཐོས་ཏེ། དེས་སྨྲས་པ་གྲོགས་པོ་དག་བདག་ཅག་ལྟ་བུའི་
ཡི་དྭགས་རྣམས་ལ་མཐུན་པར་སྣང་བའི་རྣག་གི་གང་བའི་ཀླུང་འདི། མི་རྣམས་ཀྱིས་
མཐོང་བ་བཞིན་དུ་ཆུ་ཀླུང་ཉིད་ཡིན་ཏེ་ཆུ་ལ་སྤྱོད་པར་དབང་བ་རྣམས་ཀྱིས་བསྔོས་ཏེ་
ཕྱིན་ན་ཡི་དྭགས་རྣམས་ལ་ཡང་ཆུ་ཉིད་དུ་སྣང་ཞིང་ལོངས་སྤྱོད་དུ་ཡོད་པའི་ཕྱིར། བདག་
ཅག་ཉིད་ཀྱིས་སྔོན་ཆད་སྐབས་སྐབས་སུ་ཐོབ་པའི་ཆུ་ཡིན་ནོ་ཞེས་དང་། དེ་བཞིན་དུ་
མི་རྣམས་ལ་མཐུན་པར་སྣང་བའི་ལུས་དང་ལོངས་སྤྱོད་དུ་སྣང་བ་འདི་དག་ལ། ཁ་ཅིག་
གིས་ཡོངས་སུ་དག་པའི་གང་ཟག་རྣམས་ཀྱིས་ལྷའི་དཀྱིལ་འཁོར་དུ་མཐོང་བ་དང་། གསང་
སྔགས་ཀྱི་ཚུལ་ལས་ལྷའི་དཀྱིལ་འཁོར་ཉིད་ཡིན་པར་སྟོན་པའང་ཐོས་ཏེ། དེས་སྨྲས་
པ་གྲོགས་པོ་དག་བདག་ཅག་ལྟ་བུའི་མི་རྣམས་ལ་མཐུན་པར་སྣང་བའི་ཐ་མལ་པའི་ལོངས་
སྤྱོད་ཡུལ་དུ་སྣང་བ་འདི་ནི། གང་ཟག་དག་པ་རྣམས་ཀྱིས་མཐོང་བ་བཞིན་དུ་ལྷའི་དཀྱིལ་
འཁོར་ཉིད་ཡིན་ཏེ། དག་པའི་སྤྱོད་ཡུལ་ལ་སྤྱོད་པར་དབང་བ་རྣམས་ཀྱིས་དངོས་གྲུབ་
བྱིན་ན་མི་རྣམས་ལ་ཡང་སྤྱོད་ཡུལ་འདི་དག་ལྷ་ཉིད་དུ་སྣང་ཞིང་ལོངས་སྤྱོད་དུ་ཡོད་པའི་
ཕྱིར། བདག་ཅག་ལྟ་བུའི་མི་ལས་སྔོན་ཆད་སྐབས་སྐབས་སུ་དངོས་གྲུབ་ཐོབ་པ་བྱུང་
བ་རྣམས་ཀྱིས་ལྷའི་སྤྱོད་ཡུལ་ཐོབ་པ་བཞིན་ནོ། །ཞེས་སོགས་མང་དུ་གསུངས་སོ། །བཞི་
པ་ནི། གཞན་ན་སོགས། དེ་ལས་གྲུབ་མཐའ་གཞན་ན་སྣང་སྲིད་དག་མཉམ་ཆེན་པོ་
བསྒྲུབ་པའི་ལུགས་འདི་དག་རིགས་པ་ཡང་དག་པའི་ཚུལ་འདི་བཞིན་དུ་སྨྲ་བ་ཙམ་ཡང་
མེད་ན་རྟོགས་ཏེ་བསྒོམ་པ་མེད་པ་སྨྲོས་སུ་མེད་པས་སྔགས་ཀྱི་ལྟ་སྒོམ་འདི་ཡིས་ཐུད་
ནས་གཞན་པའི་གྲུབ་མཐའི་གང་ལྟར་ཁས་བླང་བ་ཐམས་ཅད་ཀྱང་ལུང་རིགས་དང་
འགལ་བར་མཐོང་ངོ་གསུངས་ཏེ། །འཇུག་པ་ལས། འདི་ལས་གཞན་ན་ཆོས་འདི་ནི། །ཇི་
ལྟར་མེད་པ་དེ་བཞིན་དུ། །འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་
རྣམས་ངེས་པར་མཛོད། །ཅེས་གསུངས་པ་དང་མཚུངས་སོ། །གསུམ་པ་སྣང་སྟོང་སོ་སོར་
བལྟ་བྱར་མི་རུང་བ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་དང་གསུམ་ལས། དང་
པོ་ནི། དེ་ལ་སོགས། བལྟ་བྱ་འདོད་ཚུལ་དེ་ལ་ཐུན་མོང་བའི་བལྟ་བ་དེ་ཡང་ན་སྣང་
བ་རྐྱང་བའམ་ཡང་ན་སྟོང་པ་རྐྱང་པ་རེ་རེས་མི་རུང་སྟེ་འོག་ན་བཤད་པའི་སྐྱོན་འདི་དག་
ཡོད་པའི་ཕྱིར་རོ། །གཉིས་པ་ལ། སྟོང་པ་ལ་བལྟ་གཞི་མི་རུང་བ་དང༌། དེ་བཞིན་དུ་སྣང་
བ་ལ་ཡང་མི་རུང་བ་གཉིས་ལས། དང་པོ་ལ། སྟོང་པ་བལྟ་བྱ་ཡིན་པ་དགག་པ། སྐྱོན་
དེ་རང་ལ་མི་མཚུངས་པའི་ཚུལ་བཤད་པ་གཉིས་ལས། དང་པོ་ལ། མཁའ་བུམ་སོགས་
དངོས་དངོས་མེད་མཚུངས་པར་ཐལ་བ། རྒྱུ་མེད་དང་མཚུངས་པར་ཐལ་བ། བལྟ་གཞི་
སྟོང་པ་ཡིན་ན་སྣང་བ་དང་འགལ་བར་ཐལ་བ་གསུམ་ལས། དང་པོ་ནི། གལ་ཏེ་སྟོང་
སོགས། གལ་ཏེ་བལྟ་བྱ་སྟོང་པ་ཙམ་ཡིན་ན་རྒྱུ་མཚན་དེའི་ཕྱིར་ན་འགྲོ་བ་སུ་ཡང་རུང་
བ་ལ་ཡང་། གལ་ཏེ་སྟོང་པ་རྐྱང་བ་སྣང་སྲིད་པའམ་སྣང་གཞིར་རུང་ན། མི་སྣང་བའི་
ནམ་མཁའ་ཡང་བུམ་པར་སྣང་བར་ཐལ་བར་འགྱུར་ཞིང་། གལ་ཏེ་སྟོང་པ་རྐྱང་པ་སྣང་
མི་སྲིད་ན་སྣང་བའི་བུམ་པ་ཡང་ནམ་མཁའ་ལྟར་མི་སྣང་བར་འགྱུར་ཏེ། དེའི་སྣང་གཞི་
དེ་ཡིན་པའི་ཕྱིར། དེས་ན་སྣང་བ་དང་བྲལ་བ་སྟོང་པ་ཙམ་ཁོ་ན་བལྟ་བྱར་རུང་ན་དེ་ལྟར་
ཅེས་མི་སྣང་སྟེ་སྣང་རིགས་སོ། །གཉིས་པ་ནི། དངོས་རྣམས་སོགས། ཡང་བུམ་སོགས་
དངོས་པོ་རྣམས་རྟག་ཏུ་ཡོད་པའམ། ཡང་ན་རྟག་ཏུ་མེད་པར་ཐལ་སྟེ། སྟོང་རྐྱང་སྣང་
གཞིར་རུང་བ་གང་ཞིག ཡང་ན་ཡུལ་དུས་གཅིག་ན་ཡོད་པ་བཞིན་ཀུན་ཏུ་མཚུངས་
པར་ཡོད་དགོས་པ་དང་། ཡང་ན་ཡུལ་དུས་གཅིག་ན་མེད་པ་བཞིན་ཀུན་ཏུ་མེད་པར་
མཚུངས་སོ། །དེས་ན་རྒྱུ་མེད་ལ་ཇི་སྐད་བརྗོད་པའི་རིགས་པ་ཀུན་འདི་ལའང་མཚུངས་སོ།།
གསུམ་པ་ནི། སྟོང་པའི་སོགས། ཡང་འདི་ལྟར་བལྟ་གཞི་སྟོང་པའི་གནས་སྐབས་ཡིན་
བཞིན་དུ་ལས་སྣང་སོ་སོ་བ་སྣང་བ་མེད་དེ། རི་རྭ་དང་གནག་རྭ་བཞིན་དུ་དེ་གཉིས་ཡོད་
མེད་འགུལ་བའི་ཕྱིར། གལ་ཏེ་མི་སྟོང་པ་ཞིག་ཡོད་ན་ནི་སྟོང་པ་ཙམ་ཞིག་སྣང་གཞིར་
བཞག་པ་དང་འགལ་བར་འགྱུར་རོ། །གཉིས་པ་སྐྱོན་དེ་རང་ལ་མི་མཚུངས་པ་ལ། སྐྱོན་
འགོད་པ་དང༌། དེ་སྤང་པ་གཉིས། དང་པོ་ནི། འོ་ན་སོགས། འོ་ན་ཁྱེད་ཀྱིས་གོང་དུ་
སྟོང་པ་དང་སྣང་བ་གཉིས་མི་འགལ་བ་ཡིན་ཞེས་བཞག་པ་ཅི་ཞེ་ན། གཉིས་པ་ལ། ཐ་
སྙད་ཚད་མའི་ཡུལ་དུ་འགལ་པ་ཡིན་པ། གནས་ལུགས་མཐོང་བའི་ཡེ་ཤེས་ཀྱི་ཡུལ་དུ་
མི་འགལ་བའི་ཚུལ་གཉིས་ལས། དང་པོ་ནི། འདིར་ནི་སོགས། སྟོང་པ་བལྟ་གཞིར་
འདོད་པ་ལ་གནོད་པ་སྟོན་པའི་སྐབས་འདིར་ནི་སྟོང་སྣང་འགལ་བར་འཕང་བ་ནི། མཐོང་
དོན་ཐ་སྙད་པའི་ཚད་མའི་རྣམ་གཞག་གི་སྐབས་ཡིན་པས་ཐ་སྙད་ཚད་མ་དེའི་ངོར་སྣང་
གཞི་མེད་པ་དང་། ལས་སྣང་ཡོད་པ་གཉིས་ཡོད་མེད་འགལ་བ་སྟེ་གཞི་གཅིག་ལ་མི་
འདུ་བའི་ཕྱིར་གནོད་ཚུལ་དེ་ལྟར་བསྟན་ཏོ། །
གཉིས་པ་ནི། དངོས་གཅིག་སོགས། གཞི་དངོས་པོ་གཅིག་གི་སྟེང་གི་སྣང་སྟོང་བདེན་
པ་གཉིས་པོ་མི་འགུལ་བར་ཟུང་གཅིག་ཏུ་ཆུད་པ་ནི་མཉམ་བཞག་ཡེ་ཤེས་ཀྱི་སྤྱོད་ཡུལ་
དོན་དམ་གཏན་ལ་འབེབ་པའི་སྐབས་ཡིན་པའི་ཕྱིར། དེ་ལྟར་ཤན་ཕྱེ་ནུས་ན་རང་ཚིག་
འགལ་བའི་སྐྱོན་ཅི་ཡང་མེད་དོ། །གཉིས་པ་མི་སྟོང་པ་སྣང་བ་བལྟ་གཞིར་མི་རུང་བ་ལ།
དེ་མི་རུང་བ་དམ་བཅའ་བ་དང་། དེའི་རྒྱུ་མཚན་བཤད་པ་གཉིས་ལས། དང་པོ་ནི།
གལ་ཏེ་སོགས། གལ་ཏེ་སྟོང་པ་དང་བྲལ་བའི་སྣང་བ་རྐྱང་བ་ཙམ་སྣང་གཞིའམ་བལྟ་
གཞིར་མི་རུང་སྟེ་དེ་འདྲའི་མི་སྟོང་པའི་སྣང་བ་ཞིག་སྲིད་ན་དེ་བདེན་པར་གྲུབ་པ་ཡིན་
པས་དེ་ཁོ་ན་ལས་ལས་སྣང་མི་འདྲ་བའི་ཤེས་བྱ་ཐམས་ཅད་མི་སྣང་བར་འགྱུར་རོ། །
གཉིས་པ་ལ། རིས་སུ་མ་ཆད་པའི་སྣང་བ་ཡོད་པ་ལ་ཤེས་བྱེད་ཀྱི་ཚད་མ་མི་སྲིད་པ་དང་
རིས་སུ་ཆད་པའི་སྣང་བ་ཡིན་ན་སྤྱིར་བཏང་གིས་བལྟ་གཞིར་མི་རུང་བ་དང་། དམིགས་
བསལ་གྱི་བྱེ་བྲག་རེ་ཡང་ཐུན་མོང་གི་བལྟ་གཞིར་མི་རུང་བ་དང་གསུམ་ལས། དང་པོ་
ནི༑ སྣང་དེ་སོགས། དེ་འདྲའི་བལྟ་གཞིའི་སྣང་བ་མི་སྟོང་པ་དེ་དངོས་པོ་གང་དག་གི་
བདག་ཉིད་འདི་ལྟར་སྣང་བ་ཡིན་ཞེས་འཇོག་དགོས་ན་འདི་ཞེས་རིས་སུ་ཆད་པའི་སྣང་
བ་ཆུ་ལྟ་བུ་ཞིག་ནི་བཞག་མི་རུང་ལ། རིས་སུ་མ་ཆུད་པའི་སྣང་བ་ཞིག་ནི་བློས་ཡུལ་དུ་
འཆར་ཐབས་མེད་པས་བསམ་པར་མི་ནུས་པའི་ཕྱིར། དེ་འདྲའི་སྣང་བ་དེ་ཡང་སྣང་
གཞིར་གྲུབ་པ་མ་ཡིན་ཏེ། ལུང་དང་འབྲེལ་བ་མེད་ཅིང་ཤེས་བྱེད་ཚད་མས་མ་མཐོང་
བཞིན་དུ་ཡོད་ཅེས་བརྗོད་པ་ནི་དམ་བཅའ་ཙམ་དུ་ཟད་དེ་བསམ་མིན་གྱི་བྱེད་པོ་ཁས་
བླང་བ་བཞིན་ནོ། །གཉིས་པ་ནི། གང་སྣང་སོགས། ཡང་འདི་ལྟར་གང་སྣང་བའི་དངོས་
པོ་དེ་ཉིད་ཀྱིས་རང་མཚན་རིས་སུ་ཆུད་པ་འདི་ལྟར་གྱུར་ན་དེ་ལ་གཞན་དང་གཞན་དུ་
སྣང་མི་རུང་སྟེ། སྔར། ཐུན་མོང་མཐུན་པའི་དངོས་པོ་ལ། །སོ་སོར་སྣང་བ་མི་སྲིད་ཕྱིར། །
ཞེས་པ་ལྟར་ཡིན་པ་དེས་ན་རིས་ཆད་ཀྱི་སྣང་བ་དེ་བལྟ་གཞིར་མི་རུང་སྟེ། རང་གི་ངོ་བོ་
མི་སྟོང་བའི་སྣང་བ་རྐྱང་བ་ཡིན་པའི་ཕྱིར། དེས་ན་དེ་འདྲ་བའི་སྣང་བ་དེ་ཐ་སྙད་དུ་
བལྟ་གཞིར་མི་འཐད་པར་མ་ཟད་དོན་དམ་པར་ཡང་སྣང་བ་རྐྱང་བ་ཞིག་མི་འཐད་དེ་དེ་
འདྲ་ཉིད་ཡོད་ན་རིགས་པས་དཔྱད་བཟོད་དུ་ཐལ་བར་འགྱུར་ན་དོན་དམ་དཔྱོད་བྱེད་
ཀྱི་རིགས་པ་རྡོ་རྗེའི་རི་བོ་འབུམ་ལས་ལྕི་ཞིང་བརླིང་པའི་ཁུར་བཟོད་པ་ནི་ཤེས་བྱའི་ཁོང་ན་
རྡུལ་ཕྲ་རབ་ཙམ་ཡང་མི་སྲིད་པའི་ཕྱིར་རོ། །གསུམ་པ་ནི། ཆུ་རྣག་སོགས། ཡང་མི་སྟོང་
པའི་སྣང་བ་ཡིན་དུ་ཆུག་ཀྱང་ལྷ་མི་ཡི་དྭགས་གསུམ་ལ་སྣང་བའི་ཆུ་རྣག་བདུད་རྩི་གསུམ་
གྱི་བལྟ་གཞི་ནི་དེ་གསུམ་གང་ཡིན་ཀྱང་འགལ་པར་འགྱུར་ཏེ། ཇི་ལྟར་འགལ་ན། གལ་
ཏེ་ཆུ་དེ་རྣག་ཡིན་ན་མི་རྣམས་ལ་ཆུ་རུ་སྣང་བར་ཇི་ལྟར་འགྱུར་ཏེ་འགྱུར་མི་རིགས་ཤིང་།
གལ་ཏེ་རྣག་མིན་པར་ཆུ་ཡིན་ན་མིའི་ངོར་འཐད་དུ་ཆུག་ཀྱང་ཡི་དྭགས་ལ་རྣག་དང་ལྷ་
ལ་བདུད་རྩི་སོགས་ཆུ་ལས་གཞན་དུ་ཅི་ལ་སྣང༌། ཡི་དྭགས་ཀྱི་ཡུལ་དུ་སྣང་བ་དེ་ཡང་
ངོ་བོ་ཆུ་ཡིན་ཞེ་ན། དེ་ལྟ་ན་ཡི་དྭགས་ལ་རྣག་སྣང་ཡང་མེད་པར་ཁས་བླང་ཉིད་དུ་
ཐལ་ཏེ། ངོ་བོ་ཆུ་ཡིན་པའི་ཕྱིར་རོ། །་
གསུམ་པ་དོན་བསྡུ་བ་ནི། གང་ཕྱིར་སོགས། དེ་དག་རྒྱུ་མཚན་གང་གི་ཕྱིར་ན་རང་རང་
ལ་གང་སྣང་བ་དེ་ལ་སྙུང་གཞི་སྟོང་པ་རྐྱང་བ་དང་སྣང་བ་རྐྱང་པ་ལོགས་སུ་ཡོད་པ་མིན་
ཏེ༑ གལ་ཏེ་ཡོད་ན་སྣང་བ་དང་སྣང་གཞི་གཉིས་ཐུ་དད་དུ་འགྱུར་བའི་ཕྱིར། དཔེར་
ན་ཀ་བ་དང་བུམ་པ་གཉིས་གཅིག་གི་སྣང་གཞི་གཅིག་མིན་པ་བཞིན་དུ་འགྱུར་ལ། གལ་
ཏེ་ལོགས་སུ་མེད་ན་གོང་གི་གནོད་པ་དེ་དག་དུ་འགྱུར་རོ། །བཞི་པ་དགོས་པ་ལ།
བལྟ་བྱ་ཐུན་མོང་པ་ངོས་བཟུང་པས་གནས་ལུགས་ཡང་དག་གི་གྲུབ་མཐའ་གཏིང་ཕྱིན་
ཚུལ་བཤད་པའི་སྒོ་ནས་མདོར་བསྟན། དེའི་དོན་རྒྱས་པར་བཤད་པ་དང༌། དོན་བསྡུ་
བ་དང་གསུམ་ལས། དང་པོ་ནི། དེས་ན་སོགས། དེ་ཡང་གོང་དུ་ཇི་སྐད་བཤད་པའི་སྣང་
སྟོང་ཡན་གར་བ་རེ་བལྟ་གཞིར་མི་འཐད་པ་དེས་ན་སྣང་དང་སྟོང་པ་དབྱེར་མེད་ཟུང་
འཇུག་གམ། བདེན་པས་སྟོང་པའི་དབྱིངས་དང་འདུ་འབྲལ་མེད་པའི་སྒྱུ་མ་ལྟ་བུའི་སྣང་བ་
ཡོད་མེད་གང་དང་བྲལ་བའི་ཟུང་འཇུག་རོ་མཉམ་ཆེན་པོ་རུ་འཁོར་འདས་ལམ་གསུམ་
གྱི་ཆོས་ཀུན་ཡེ་གདོད་མ་ཉིད་ནས་མཉམ་པ་ཉིད་དུ་གནས་པའི་ཕྱིར་ན་གཉུག་མ་ལྷུན་
གྲུབ་མཉམ་ཉིད་རྫོགས་པ་ཆེན་པོ་རུ་བཞུགས་པ་ཚད་མ་གསུམ་གྱི་གྲུབ་དོན་བལྟ་གཞི་དེ་
ཉིད་དགག་བཞག་སྤང་གསུམ་གྱིས་གཏན་ལ་ཕབ་པར་བྱས་ནས་རང་བཞིན་གཞིའི་
བཞུགས་ཚུལ་རྟོགས་པར་བྱ་དགོས་སོ། །གཉིས་པ་རྒྱས་བཤད་ལ། བལྟ་གཞི་གཏན་
ལ་ཕབ་པས་མདོ་སྒྱུ་སེམས་གསུམ་གྱི་དོན་ལ་ངེས་པ་བཟང་པོ་རྙེད་པ། དེ་དག་གི་དགོངས་
དོན་གནས་ཚུལ་མཐར་ཐུག་པའི་དམ་བཅའ་དེས་སྒྲུབ་བྱེད་ཀྱི་རིགས་པ་ཡང་དག་བཤད་པ།
གནས་སྣང་མི་མཐུན་པའི་བློས་བསླད་པའི་དྲི་མ་སྦྱངས་པར་གདམས་པ། ཚུལ་དེ་ལྟར་
སྣང་སྲིད་དག་མཉམ་ཆེན་པོར་ཁས་བླང་བའི་ཕན་ཡོན་བཤད་པ་དང་བཞི་ལས། དང་
པོ་ལ། མཉམ་ཉིད་རྫོགས་པ་ཆེན་པོའི་རྡོ་རྗེའི་ཚིག་དོན་ལ་ཡིད་ཆེས་ཐོབ་པ། སྤྱི་རྒྱུད་
སྒྱུ་འཕྲུལ་དྲྭ་བའི་དགོངས་ཉམས་རྙེད་པ་གཉིས་ལས། དང་པོ་ནི། ཚུལ་དེ་སོགས། དེ་
ལྟར་གཞིའི་གནས་ལུགས་རྟོགས་པའི་ཚུལ་དེ་གོམས་པའི་ལམ་རྩོལ་མེད་རང་བཞག་
ཀྱི་སྐབས་སུ། དང་པོ་ལུང་རིགས་གཉིས་ཀྱི་ལམ་ནས་ཐེ་ཚོམ་གཅོད་དགོས་པས། རིགས་
པ་ནི་ཟུང་འཇུག་རོ་མཉམ་ཆེན་པོར་མངོན་དུ་གྱུར་པའི་གནས་སྣང་མཐུན་པ་དག་པའི་
གཟིགས་པ་དེ་ལ་བརྟེན་ནས། དེའི་ཚུལ་བཞིན་གཟིགས་པ་ལྟར་དུ་གཞལ་བས་མ་དག་
ཐ་མལ་པའི་སྣང་བ་དང་ཞེན་པ་ཐམས་ཅད་གཉེན་པོས་སྤང་བ་སོགས་ལ་མི་ལྟོས་པར་
གཞི་ནས་རང་སར་གྲོལ་བའི་གཉུག་མ་སོར་བཞག་གི་ཚུལ་ལ་སོམ་ཉི་མེད་ཅིང་། ལུང་
ནི་ཨ་ཏིའི་རྒྱུད་ཀྱི་སྣང་སྲིད་དག་པའི་ཆོས་སྐུ་ཞེས་གསུངས་པ་ལ་ཉམས་མྱོང་གི་སྒོ་ནས་
ཡིད་ཆེས་ཁྱད་པར་ཅན་གཞན་གྱིས་དྲང་དུ་མེད་པ་ཐོབ་ཚེ་འོད་གསལ་རྡོ་རྗེ་རྩེ་མོའི་ལུང་
དོན་རྒྱུད་ལ་འབྱོར་པར་འགྱུར་ཏེ། ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །
འདི་ལ་སུ་ཡང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་
གནས་གདོད་མའི་ཆོས་སྐུ་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །གཉིས་པ་ནི། དེས་ན་
ན་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས་ཀྱང་ད་ལྟའི་ཕུང་པོ་ལྔ་སྣང་ཙམ་གྱི་རང་བཞིན་
བདེན་པས་སྟོང་པ་སྒྱུ་མ་ལྟ་བུ་ཡི་སྣང་བ་རིས་སུ་མ་ཆུད་པ་དེ་ཁོ་ན་ཉིད་རང་བཞིན་གྱིས་
དག་པ་རིགས་ལྔ་ཡེ་ཤེས་ལྔའི་ལྷའི་དཀྱིལ་འཁོར་དུ་སྣང་ངོ་ཞེས། ལྷ་རྟོག་དབྱེར་མེད་
ཀྱི་སྒྱུ་འཕྲུལ་དྲྭ་བའི་དགོངས་པའི་དོན་ལ་ཡིད་ཆེས་ཐོབ་སྟེ། ལེ་ལག་ལས། ལྔ་ཕུང་སྒྱུ་མའི་
ཡེ་ཤེས་ལ། །རང་རིག་ཐབས་ཀྱི་རིགས་ལྔར་འཕྲུལ། །ཞེས་གསུངས་སོ། །གཉིས་པ་
ལ༑ དེ་སྒྲུབ་བྱེད་ཀྱི་རིགས་པ་དངོས་དང་། དེ་ལ་དོགས་པ་བཅད་པ་གཉིས་ལས།
དང་པོ་ལ། སླད་བྱེད་ཀྱི་སྒྲིབ་པ་རིམ་གྱིས་དག་པས་མཐར་ཐུག་གི་ཚད་མ་གང་ཡིན་
བསྟན་པ། དེས་ཇི་ལྟར་གཟིགས་པ་བཞིན་དུ་རང་ལུགས་ཀྱི་དམ་བཅའ་དེ་ཐེག་པའི་རྩེ་
མོར་གྲུབ་ཚུལ། གཞན་པས་དེ་ལྟར་རྟོགས་མི་ནུས་པར་བསྟན་པ་དང་གསུམ་ལས།
དང་པོ་ནི། འདི་ལྟར་སོགས། དེ་ལྟར་དག་པས་གཟིགས་པ་དེ་ཚད་མ་ཡིན་པའི་སྒྲུབ་
བྱེད་ནི་འདི་ལྟར་བརྟགས་པའི་མཐའ་བཟུང་ན། ལམ་གོམས་པའི་གང་ཟག་གིས་འཁྲུལ་
པའི་རང་བཞིན་རྣག་ཏུ་སྣང་བ་དང་འཛིན་པ་ངན་སོང་པའི་བག་ཆགས་དེ་ལས་བཟློག་
པའི་ཚེ་ན། རྣག་འཛིན་དེ་འཁྲུལ་བར་རྟོགས་ཤིང་རྣག་སྣང་དེ་བསླད་པ་དང་བཅས
ཤིང་། སྣང་ཞེན་དེ་དག་དང་བྲལ་བ་དེའི་ཚེ་སྔར་གྱི་སྣང་བ་དག་ནས་ཆུ་རུ་སྣང་ཞིང་སླར་
ལམ་ལ་གོམས་པའི་རྣལ་འབྱོར་པ་དེ་ལ་ཆུ་རུ་སྣང་བ་དེ་ཉིད་ཀྱང་འོག་མ་ལ་ལྟོས་ན་ཅུང་
ཟད་དག་ཀྱང་། སྤྱིར་བསླད་པའི་སྣང་བ་མ་དག་པ་ཡིན་པས་དེ་ཡང་རིམ་གྱིས་དག་
པའི་ཚེ་རྒྱལ་སྲས་ས་ཆེན་པོ་ལ་གནས་པ་དེ་ཡིས། ཆུ་ཡི་རྡུལ་ཕྲན་རེར་ཡང་གྲངས་མེད་
པའི་ཞིང་ཁམས་དག་པར་མཐོང་ཞིང་ཆུ་དེ་ཡུམ་ཆེན་མཱ་མ་ཀཱིར་སྣང་སྟེ་རེག་པས་བརླན་
པའི་བྱ་བ་བྱེད་ལ། རོལ་པས་ཏིང་ངེ་འཛིན་གྱི་བདེ་བ་དང་རྣམ་པར་མི་རྟོག་པའི་ཡེ་
ཤེས་སྐྱེ་བ་སོགས་རྟེན་དང་བརྟེན་པར་བཅས་པའི་དག་སྣང་མངོན་སུམ་སྣང་བ་ཉིད་
དུ་འགྱུར་ལ། དེ་ནས་ལམ་གོམས་པ་མཐར་ཐུག་པའི་ཚེ་སྒྲིབ་གཉིས་བག་ཆགས་དང་
བཅས་པ་སྤང་བའམ་བྲལ་བའི་སར། གཞིའི་གནས་ལུགས་དག་མཉམ་ཟུང་འཇུག་
འཁོར་འདས་རོ་མཉམ་ཆེན་པོར་གཟིགས་པ་རྣམ་པར་དག་པའི་བདག་ཉིད་དུ་མཐར་
སོན་པར་འགྱུར་ཏེ། རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་
གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་
ཞེས་བརྗོད་དོ། །ཞེས་གསུངས་སོ། །གཉིས་པ་ལ། དག་པའི་གཟིགས་པ་དེ་ཉིད་ལས་
ཡང་དག་པའི་གནས་ཚུལ་མཐར་ཐུག་གཞན་མེད་པ། དེས་ཇི་ལྟར་མཁྱེན་པ་བཞིན་དུ་
ཀུན་ཏུ་ཐ་སྙད་པའི་ཚད་མས་གྲུབ་ཚུལ་བཤད་པ་གཉིས་ལས། དང་པོ་ནི། དེ་ཕྱིར་སོགས།
རྒྱུ་མཚན་དེ་ཡི་ཕྱིར་མཐར་ཕྱིན་འབྲས་བུའི་སར་སྣང་སྲིད་ཀུན་དག་མཉམ་བདེན་པ་དབྱེར་
མེད་ལྷག་པའི་ཆོས་སྐུ་ཆེན་པོར་གཟིགས་པ་ནི་སྒྲིབ་པ་བག་ཆགས་དང་བཅས་པ་མ་
ལུས་པ་སྤང་པའི་ཕྱིར། དངོས་པོའི་གནས་ཚུལ་མ་ནོར་བ་མཁྱེན་པའི་དག་པའི་གཟིགས་
པ་རབ་རིབ་དང་བྲལ་བ་དེ་ཡིས་མཐོང་བ་ཁོ་ན་ལས་གཞན་དུ་ཡོད་པ་མ་ཡིན་ན་དེ་ཁོ་ན་
ཚད་མར་བཟུང་ནས་ལྟ་བ་གཏན་ལ་འབེབ་དགོས་ཏེ། འཇུག་པ་ལས། མིག་ནི་རབ་རིབ་
ཅན་གྱི་དམིགས་པ་ཡིས། །རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །དེ་བཞིན་དྲི་
མེད་ཡེ་ཤེས་སྤང་པའི་བློས། །དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །ཞེས་གསུངས་པ་
བཞིན་ནོ། །
གཉིས་པ་ནི། དེ་ཉིད་སོགས། སྒྲིབ་གཉིས་སྤང་པའི་གཟིགས་པ་བསླད་པ་དང་བྲལ་བ་
དེ་ཉིད་གནས་སྐབས་ཀྱི་ཚད་མ་ལས་ཀྱང་འདས་པའི་མཐར་ཐུག་པའི་ཚད་མ་རུ་བཟུང་
སྟེ་སྣ་ཚོགས་པའི་སྣང་བ་འདི་ཀུན་གདོད་མ་ནས་ཀྱང་དག་པའི་བདག་ཉིད་ཟབ་པ་དང་
རྒྱ་ཆེ་བའི་ཆོས་ཀྱི་སྙིང་པོ་འདུས་པས་ན་ཆོས་སྐུ་བདེ་གཤེགས་སྙིང་པོར་གནས་སོ་ཞེས་
པའི་དམ་བཅའ་འདི། སྒྲུབ་བྱེད་ཀྱི་ཚད་མ་མཐར་ཐུག་པས་གྲུབ་པའི་དོན་པོ། མདོ་
དང་སྔགས་ཀྱི་ཐེག་པ་ཐམས་ཅད་ཀྱི་རྩེ་མོ་རུ་ཐིག་ལེ་མཆོག་གསང་རྫོགས་པ་ཆེན་པོའི་
དགོངས་པ་འདི་ཉིད། རྣམ་པར་དག་པའི་ལུང་གི་སྣང་བ་ལ་བརྟེན་ནས་འདྲེན་བྱེད་རིགས་
པའི་མིག་དང་ལྡན་པའི་གཟུ་བོར་གནས་པ་རྣམས་ལ་གྲུབ་པ་ཡིན་ནོ། །གསུམ་པ་ནི།
དེ་ལྟ་ན་སོགས། ཤིན་ཏུ་ཟབ་པའི་ཐེག་པ་དེ་བསྒྲུབ་ཚུལ་གྱི་གནད་དེ་ལྟ་བུ་དང་ལྡན་པ་
དང༌། ཐེག་པ་གཞན་གྱིས་འབད་པ་བརྒྱ་ཕྲག་གི་འབྲས་བུ་དེ་ཉིད་རྩོལ་མེད་ལྷུན་གྲུབ་
དུ་སྟོན་ནུའང་དེ་འདྲའི་ཉི་མའི་དཀྱིལ་འཁོར་ལྟ་བུའི་ཐེག་པ་དེ་ནི། མཛེས་པ་འཇའ་
སྐུ་ལགས་མོད་ཐེག་རྒྱལ་གྱི་ཁྱད་ཆོས། །ཞེས་པ་ལྟ་བུའི་ངོ་མཚར་བའི་ཡོན་ཏན་
རྨད་དུ་བྱུང་བའི་འོད་ཟེར་སྟོང་ཕྲག་མངའ་བས་ན། རིགས་དམན་ཅིང་དབང་པོ་རྟུལ་བའི་
ཡིད་ཅན་འབྱུང་པོའི་བྱ་ལྟ་བུ་ཕལ་ཆེ་བས། འདིའི་དོན་མཐོང་དཀའ་བས་ན་ལོང་བུ་
ལྟ་བུར་གྱུར་པ་ནི། མགོན་པོ་བྱམས་པས། དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་
དམན། །གྲོགས་པོ་དམན་པ་དག་གིས་ཡོངས་བསྐོར་བས། །ཟབ་དང་རྒྱ་ཆེ་རབ་ཏུ་བཤད་
པའི་ཆོས། །འདི་ལ་གལ་ཏེ་མོས་མེད་གྲུབ་པ་ཡིན། །ཞེས་གསུངས་པ་བཞིན་ནོ། །
གཉིས་པ་དོགས་པ་བཅད་པ་ལ། གནས་ལུགས་ཡང་དག་པའི་དོན་འདི་ཅིར་ཡང་འཆར་
ཕྱིར་ཆོས་ཅན་ལྷ་ཁོ་ན་ཞིག་ཏུ་སྣང་བར་བསྒྲུབས་མི་ནུས་པ་དང་། ཆོས་ཉིད་དོན་དམ་
པའི་ལྷ་དེ་ནི་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པས་ན་དེ་ལ་དོན་དཔྱོད་ཀྱིས་མི་གནོད་
པ༑ དེས་ན་སྒྲིབ་གཉིས་སྤང་བའི་གཟིགས་པ་ཚད་མ་གཉིས་ཀྱི་གྲུབ་དོན་ཡིན་པ་དང་
གསུམ་ལས། དང༌པོ་ནི། དེ་ལ་སོགས། དེ་ལ་གནས་ལུགས་མཐར་ཐུག་འཁོར་འདས་
མཉམ་པ་ཉིད་ཀྱི་གཞི་དབྱིངས་དེ་ལས་སྣང་ཚུལ་གྱི་དབང་དུ་བྱས་ན་གཞན་དུ་མི་སྣང་
བར་ལྷ་དང་དཀྱིལ་འཁོར་དུ་སྣང་བ་ཁོ་ན་སུ་ལ་ཡང་སྣང་ངོ་ཞེས་ཕྱོགས་གཅིག་ཏུ་བསྒྲུབ་
པར་མི་ནུས་ཀྱང་སྟེ། ཅིར་ཡང་འཆར་བ་མི་འགལ་བའི་ཕྱིར་རོ། །ཀླུས། གང་ལ་སྟོང་
པ་ཉིད་རུང་པ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་སོ། །གཉིས་པ་ནི། རང་བཞིན་
སོགས། དེ་ཡང་སྤྱིར་གནས་སྣང་མི་མཐུན་པའི་ཆ་ཐམས་ཅད་ལམ་དང་རིགས་པ་གང་
རུང་གིས་དགག་བྱ་ཡིན་ཀྱང་། རང་བཞིན་གདོད་ནས་དག་པའི་ཆོས་ཀྱི་དབྱིངས་དང་།
དབྱིངས་དེའི་རང་གདང་སྣང་ཆུ་ཡེ་ཤེས་ཀྱི་སྐུ་གཉིས་རང་བཞིན་འདུ་འབྲལ་མེད་པའི་
ཕྱིར་སྣང་བའི་ཆུ་གདོད་མ་ནས་ལྷ་རུ་དག་པ་ལ་ལམ་གྱིས་མི་འགོག་པར་མ་ཟད་གནས་
ལུགས་དཔྱད་པས་ཀྱང་མི་གནོད་དེ། ཅི་ཙམ་དཔྱད་པ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་ངོ་བོ་
སྟོང་པར་མཐོང་བྱེད་དུ་སོང་པའི་གནད་ཀྱིས་སྒྲིབ་གཉིས་དག་བྱེད་དུ་འགྱུར་བ་དང་། རང་
བཞིན་གསལ་བའི་སྣང་ཆ་ཐམས་ཅད་སྟོང་ཉིད་ཀྱི་རང་གདངས་སུ་ཤར་བ་མཐོང་བྱེད་
དུ་འགྱུར་བའི་ཕྱིར། དཔེར་ན་བསྲེགས་བཅད་བརྡར་བས་གསེར་ཇེ་དག་ལ་འགྲོ་བ་
བཞིན་ནོ། །དེ་ལྟར་ཡང་འཕགས་པ་ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་
བས་ཇི་སྙེད་གསུངས་པ་ཀུན། །དེ་དག་ཀུན་གྱིས་ཉོན་མོངས་བཟློག །ཁམས་དེ་ཉམས་
པར་བྱེད་མ་ཡིན། །ཞེས་དང་། མགོན་པོ་བྱམས་པས། ཡང་དག་མཐའ་ནི་འདུས་བྱས་
ཀྱི། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤྲིན་ལ་
སོགས་པ་བཞིན་དུ་བརྗོད། །ཅེས་གསུངས་པ་ཡིན་ནོ། །གསུམ་པ་ནི། གང་ཕྱིར་སོགས།
དེ་ཡང་རྒྱུ་མཚན་གང་གི་ཕྱིར་མི་གནོད་ན་ལམ་གྱི་སྤང་བྱ་སྒྲིབ་གཉིས་བག་ཆགས་དང་
བཅས་པ་སྤངས་པ་ཡི་གཟིགས་པ་རྣམ་པར་དག་པ་སྣང་སྟོང་ཟུང་དུ་འཇུག་པའི་གདོད་མའི་
དབྱིངས་དེ་ཉིད་ཚད་མ་གཉིས་ཀྱི་གྲུབ་དོན་མཐར་ཐུག་པ་དེ་ཁོ་ན་ཉིད་ཡིན་ཕྱིར་གྲུབ་
པའི་འབྲས་བུ་ཡིན་ན་དགག་བྱ་མ་ཡིན་པའི་ཕྱིར་རོ། །དེས་ན་ཡིད་བཞིན་མཛོད་ལས།
དོན་དམ་གྲུབ་ལ་དེ་ལྟ་མི་སྣང་སོགས་གསུངས་པ་ནི། འདི་ལྟ་བུའི་གྲུབ་དོན་ཡང་དག་ཡིན་
པར་ཐ་སྙད་དུ་བསྟན་གྱི། དེ་མིན་པར་བདེན་གྲུབ་ཏུ་གོ་བར་མི་བྱ་སྟེ། གོང་དུ།
དབྱིངས་ལ་སྣང་སྟོང་རང་བཞིན་གཉིས་མེད་པས། །བདེན་པ་དེ་ཡང་དབྱེར་མེད་ཅེས་སུ་
བརྗོད། །ཅེས་སོགས་གསུངས་པ་དང་སྔ་ཕྱི་འགལ་བར་འགྱུར་བའི་ཕྱིར། དེས་ན་འདིའི་
གོང་འོག་ཀུན་ཏུ་ལེའུ་བཅོ་བརྒྱད་པའི་དགོངས་དོན་དབྱེ་ངོ་ཟད་པའི་དབྱེར་མེད་དུ་བསྟན་
པར་རིག་གོ །གསུམ་པ་བསླད་པའི་དྲི་མ་སྦྱངས་པ་ལ། མདོར་རྒྱས་དོན་བསྡུ་གསུམ་
ལས། དང་པོ་ནི། དེ་ལས་སོགས། གོང་བཤད་དེ་ལས་གཞན་དུ་ཚུར་མཐོང་གི་བློ་འདི་
ཚད་མར་བྱས་ནས་སྣང་སྟོང་ཕྱོགས་སུ་ཆད་པ་ལྟ་བུ་གང་ལྟར་དུ་བརྟག་པར་བྱས་ཀྱང་
མཐར་ཐུག་གི་དོན་མིན་ཏེ། སྒྲིབ་པ་གཉིས་ཟད་པར་མ་སྤངས་པས་ཡུལ་ཅན་གྱི་བློ་བསླད་
པ་དང་བཅས་ཤིང་། ཤེས་བྱ་བདེན་གཉིས་ཟུང་དུ་མ་ཆུད་བར་དུ་གནས་སྣང་རྣམ་པ་
ཀུན་ཏུ་མི་མཐུན་པའི་ཕྱིར། ཏིང་འཛིན་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་
མིན། །དེ་བཞིན་ལྕེ་དང་ལུས་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་
ན༑ ༑འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་གསུངས་སོ། །གཉིས་པ་ལ།
ཡུལ་ཅན་དག་པས་ཡུལ་སྣང་དག་པར་འཆར་ཚུལ། དེའི་ཕྱིར་ཡུལ་ཅན་གྱི་དྲི་མ་སྦྱངས་
དགོས་པར་གདམས་པ་གཉིས་ལས། དང་པོ་ལ། དངོས་དང༌། དེ་ལ་དོགས་པ་བཅད་
པ་གཉིས་ལས། དང་པོ་ནི། གནས་སྐབས་སོགས། དེས་ན་གནས་སྐབས་ལམ་གྱི་
སྣང་བ་ལ། དག་མ་དག་འདྲེས་མའི་ཚུལ་དུ་འབྱུང་བ་དེ་དཔེར་ན་མིག་སྐྱོན་དག་པའི་
སྟོབས་ཀྱིས་རབ་རིབ་རིམ་བཞིན་སངས་པ་བཞིན་དུ་ལམ་བསྒྲུབ་པས་ཡུལ་ཅན་དྲི་མས་
དག་པ་ན། དེས་སྟོབས་ལས་ཡུལ་ཀྱང་དེ་བཞིན་དུ་དག་པར་མཐོང་སྟེ། ནང་ཡུལ་ཅན་
དྲི་མས་དག་ཀྱང་ད་དུང་ཕྱི་རོལ་ལོགས་ཤིག་ན་ཡུལ་དེ་མ་དག་པ་མེད་པའི་ཕྱིར་རྒྱུ་མཚན་དེས་
ན་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ཡང་རང་བཞིན་རྣམ་པར་དག་པ་ཐ་དད་མེད་དེ།
མདོ་སྡུད་པ་ལས། གཟུགས་ཀྱི་དག་པ་འབྲས་བུ་དག་པར་རིགས་པར་བྱ། །འབྲས་བུ་
གཟུགས་དག་ཐམས་ཅད་མཁྱེན་ཉིད་དག་པར་འགྱུར། །ཐམས་ཅད་མཁྱེན་ཉིད་
འབྲས་བུ་དག་དང་གཟུགས་དག་པར། །ནམ་མཁའི་ཁམས་དང་མཚུངས་ཏེ་དབྱེར་མེད་
གཅད་དུ་མེད། །ཅེས་གསུངས་སོ། །
གཉིས་པ་ནི། དེ་ལྟ་སོགས། ཚུལ་དེ་ལྟ་ན་ཡང་གང་ཟག་གཅིག་གི་ལམ་བསྒྲུབ་པས་
རང་སྣང་དུ་ཆོས་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱུ་བ་དེའི་ཚེ་དག་སྣང་འབའ་
ཞིག་དུ་གྱུར་ཀྱང་། གཞན་མ་དག་པའི་དངོས་པོ་སྣོད་བཅུད་ཐམས་ཅད་གང་ཟག་གཞན་
ལུ་མི་སྣང་བར་མི་འགྱུར་ཏེ། ལས་མ་བསྒྲུབ་པའི་སེམས་ཅན་རྣམས་རང་སྣང་གི་སྒྲིབ་
པས་བསྒྲིབས་པའི་ཕྱིར། དཔེར་ན་གང་ཟག་གཞན་གྱི་མིག་དག་པས་མིག་སྐྱོན་ཅན་གྱི་
རབ་རིབ་ལ་མི་ཕན་པ་བཞིན་ནོ། །གཉིས་པ་ལ། གནས་ལུགས་སྒྲིབ་བྱེད་ཀྱི་དྲི་མ་
སྦྱངས་པར་གདམས་པ། ཡང་དག་པའི་དོན་དུ་སྦྱངས་བྱའི་དྲི་མ་ཡང་མ་གྲུབ་པ་གཉིས་
ལས། དང་པོ་ནི། དེས་ན་ཡུལ་སོགས། དེས་ན་ཡུལ་དང་ཡུལ་ཅན་སོགས་གཉིས་ཆོས་
ཅན་དང་མ་དག་ཐ་མལ་པའི་སྣང་ཞེན་རྣམས་ཀྱང་། རང་བཞིན་གདོད་ནས་དག་པ་གཉིས་
མེད་མཉམ་པ་ཉིད་དུ་གནས་ན་ཡང་། དེ་ལྟར་མ་རྟོགས་པར་རྐྱེན་གཞན་གྱིས་གོལ་བའི་
ཚེ་སྣང་ཚུལ་གློ་བུར་གྱི་དྲི་མས་བསྒྲིབས་པའི་ཕྱིར། དེ་འདྲིའི་དྲི་མ་དེ་སྦྱངས་པའི་ཐབས་ལུ་
སྒོ་གསུམ་གྱིས་འབད་པ་ལྷུར་ལེན་པར་རིགས་སོ་ཞེས་གདམས་ཏེ། རྣམ་འགྲེལ་ལས།
རང་བཞིན་འདི་ཡིན་འདི་ལས་ནི། །རྐྱེན་གཞན་གྱིས་ནི་གོལ་འགྱུར་ཞིང༌། །ལྡོག་པ་
ཡང་ནི་རྐྱེན་ལ་ལྟོས། །མི་བརྟན་སྤྲུལ་གྱི་བློ་བཞིན་ནོ། །ཞེས་གསུངས་སོ། །གཉིས་པ་
ནི༑ སྦྱངས་བྱའི་སོགས། དེ་ལྟར་སྦྱང་བྱའི་དྲི་མ་ཞེས་ཐ་སྙད་དུ་བརྗོད་ཀྱང་དཔེར་ན་
བསེ་རུས་སྣོད་དུ་སྐྲ་ཤད་ཡོད་མ་མྱོང་བ་བཞིན་དུ་དྲི་མ་རྣམས་ཀྱང་ནི་རང་གི་ངོ་བོས་སྟོང་
པ་ཉིད་དུ་རྣམ་པར་དག་པ་ལས་ལོགས་ཤིག་ན་མ་དག་པའི་དངོས་པོར་ཡོད་པ་མིན་པས་
ན་གློ་བུར་བ་ཞེས་ཐ་སྙད་དུ་བཏགས་ཀྱི་གཤིས་ཀྱི་རང་བཞིན་ནི། གདོད་མ་ནས་འོད་
གསལ་མཉམ་པ་ཉིད་དེ། རྒྱུད་བླ་མ་ལས། འགྲོ་བ་ཞི་པའི་ཆོས་ཉིད་དུ། །རྟོགས་ཕྱིར་
ཇི་ལྟ་ཉིད་དེ་ཡང་། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་
ཟད་ཕྱིར་རོ། །ཞེས་གསུངས་སོ། །གསུམ་པ་དོན་བསྡུ་བ་ལ། རྨོངས་པ་མ་རིག་པས་
འཁོར་བར་འཆིང་བ་དང་། རིག་པའི་ཡེ་ཤེས་ཀྱིས་གྲོལ་བ་ཐོབ་ཚུལ་གཉིས་ལས།དང་
པོ་ནི། དེ་ལྟར་སོགས། དེ་ལྟར་ལས་ཀྱི་སྣང་བ་སྣ་ཚོགས་པའི་སྣང་ཚུལ་ཆུ་རྣག་བདུད་
རྩི་ལྟ་བུ་སོགས་སྣ་ཚོགས་པ་འདི་རྣམས་ལ་གནས་ཚུལ་མ་རྟོགས་པའི་དུས་ན་བདག་
དང་གཞན་དུ་སོ་སོར་འཛིན་པ་སོགས་ཀྱིས་བླུན་པོ་བྱིས་པ་དེ་རྣམས། ཉེར་ལེན་གྱི་
ཕུང་པོ་ལྟ་བུ་གང་ལ་སེམས་ཆགས་ཤིང་ཞེན་པ་དེ་ནི་བྱིས་པ་རྨོངས་པ་སྟེ་ཇི་སྲིད་རྨོངས་
པ་ཡོད་པ་དེ་སྲིད་དུ་གཏི་མུག་དེ་ཡིས་འཆིང་བར་བྱེད་དེ། མདོ་སྡུད་པ་ལས། སེམས་
ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་
པས་གསུངས། །རྐྱེན་རྣམས་ཚོགས་ནས་སྡུག་བསྔལ་འཁྲུལ་འཁོར་རབ་ཏུ་འབྱུང་། །མ་
རིག་འཁྲུལ་འཁོར་དེ་ནི་ཟད་མེད་འཕེལ་བ་མེད་། །ཅེས་གསུངས་སོ། །གཉིས་པ་ནི།
རྟོགས་ན་སོགས། སྣང་ཚུལ་དེ་དག་གི་གནས་ཚུལ་ཇི་བཞིན་པ་རྟོགས་ན་བདག་
གཞན་འཁོར་འདས་སོགས་གཉིས་ཆོས་ཀུན་ཀྱང་བདེན་གཉིས་ཟུང་དུ་ཆུད་པ་འཁོར་
འདས་རོ་མཉམ་གྱི་ངང་དུ་དག་ནས་མཐར་ཐུག་གི་འབྲས་བུའི་བཙན་ས་ཟིན་ནས་དུས་
གསུམ་དུས་མེད་ཀ་དག་གཉུག་མའི་ཀློང་དུ། རྒྱུ་རྐྱེན་གཞན་བྱུང་གི་འབྲས་བུ་མ་ཡིན་པའི་
རང་བྱུང་ཡེ་ཤེས་འདུ་བྱེད་པའི་དངོས་པོ་ཀུན་ལས་རྒྱལ་བུར་འགྱུར་དེ། ཡང་དེ་ཉིད་
ལས། བྱང་ཆུབ་སེམས་དཔའ་གང་ཞིག་རྟེན་ཅིང་འབྲེལ་འབྱུང་ལ། །སྐྱེ་མེད་ཟད་པ་
མེད་པར་ཤེས་རབ་འདི་ཤེས་ཏེ། །ཉི་མ་སྤྲིན་མེད་འོད་ཟེར་འཕྲོ་བས་མུན་བསལ་ལྟར། །མ་
རིག་འཐིབ་པོ་བཅོམ་ནས་རང་བྱུང་ཐོབ་པར་འགྱུར། །ཞེས་གསུངས་སོ། །བཞི་བ་ཕན་
ཡོན་ལ། དེ་ལྟར་ཁས་བླང་པས་ཟབ་མོའི་དོན་ལ་བཟོད་པ་སྐྱེ་བ། ལས་འཕྲོ་མེད་པས་
རྟོགས་པར་དཀའ་བ་གཉིས་ལས། དང་པོ་ལ། ཆོས་ཉིད་ཅི་ཡང་མ་ཡིན་པ་ལས་ཅིར་
ཡང་འཆར་བ། དེ་ལ་ཡིད་ཆེས་རྙེད་པའི་སྒོ་བཤད་པ་གཉིས་ལས། དང་པོ་ལ། དངོས་
དང༌། སྒྲོ་བཏགས་གཞན་ལ་དེ་མི་རུང་བ་གཉིས་ལས། དང་པོ་ནི། དག་མཉམ་སོགས།
དེ་ལྟར་གོང་དུ་བཤད་པའི་སྣང་སྲིད་དག་མཉམ་དབྱེར་མེད་ཆེན་པོར་ཁས་ལེན་པའི་
ཚུལ་འདི་ཚད་མ་གསུམ་གྱིས་ལེགས་པར་གྲུབ་ཟིན་པ་སྟེ་སྣང་སྟོང་ཕྱོགས་རེ་བའི་མཐའ་
ཅིར་ཡང་མ་གྲུབ་པའི་མཐའ་གྲོལ་ཀློང་ཡང་ཆེན་པོ་དེ་ལས་དག་པའི་རང་རྩལ་ཅིར་ཡང་
འཆར་དུ་རུང་ལ། རྐྱེན་གྱིས་གོ་ལ་ཚེ་མ་དག་པའི་སྣང་བ་ཅིར་ཡང་སྣང་དུ་རུང་བ་སྟེ། དབུ་
མ་རྒྱན་ལས། དངོས་པོ་ཀུན་གྱི་རང་བཞིན་ནི། །རིག་པའི་ལམ་གྱིས་རྗེས་འབྲངས་
བས། །གཞན་དག་གནོད་པ་སེལ་བར་བྱེད། །དེ་ཕྱིར་རྒོལ་ངན་གནས་མེད་དོ། །ཞེས་
གསུངས་སོ། །གཉིས་པ་ནི། དེ་ལས་སོགས། འདི་ལྟར་སྨྲ་བ་དེ་ལས་གཞན་དུ་སྟོང་པ་
རྐྱང་པ་ཞིག་གམ། མི་སྟོང་བའི་སྣང་བ་རྐྱང་བ་ཞིག་བལྟ་གཞིར་ཁས་ལེན་པ་སོགས་ནི་
དངོས་དོན་ལ་མེད་པའི་བློས་གང་བརྟགས་པ་སྟེ་དེ་འདྲའི་སྒྲོ་བཏགས་དེ་ལས་ཅིར་ཡང་
འཆར་དུ་མི་རུང་ཞིང་ཅིར་ཡང་སྣང་དུ་མི་རུང་བ་སྟེ། ཡང་དེ་ཉིད་ལས། འདི་ལྟར་གང་
ལ་དངོས་གང་མེད། །དེ་ལ་དེ་ཤེས་ཡོད་མ་ཡིན། །ཞེས་སོ། །གཉིས་པ་ལ། སྟོང་རྟེན་
འབྱུང་དབྱེར་མེད་དུ་རྟོག་པས་ཟབ་མོའི་བཟོད་པ་སྐྱེ་བ། དེས་སངས་རྒྱས་ཀྱི་སྤྱོད་ཡུལ་
ལ་འཇུག་ནུས་པ་གཉིས་ལས། དང་པོ་ནི། ཚུལ་འདིའི་སོགས། དེ་ལྟ་ན་ཚུར་མཐོང་ལས་
འདས་པའི་ཤིན་ཏུ་ལྐོག་གྱུར་གྱི་ཚུལ་ལམ་ཡུལ་འདི་ཡི་ཡིན་ལུགས་ལ་ཡིད་ཆེས་རྙེད་
པའི་སྒོ་ནི་སྟོང་པ་ཉིད་དང་རྟེན་འབྱུང་འབྲལ་མི་ཤེས་པའི་ལམ་བཟང་ཟབ་མོ་འདི་ཡིན་
ཏེ༑ འདུ་བྱེད་པའི་རིས་ཆད་ཀྱི་སྣང་བ་འདི་དག་སྒྱུ་མའི་དཔེ་བཞིན་དུ་སྟོང་པ་དང་དབྱེར་
མེད་པའི་ཚུལ་འདི་ལ་ཚད་མ་གཉིས་ཟུང་དུ་འཇུག་པའི་ལམ་ནས་ངེས་ཤེས་ཐོབ་ན། འཁྲུལ་
གྲོལ་སོགས་ཇི་ལྟར་སྣང་ཡང་དོན་ལ་ཟད་འཕེལ་བྲི་གང་བྲལ་བའི་སྣང་སྲིད་གཞིར་བཞེངས་
རང་བྱུང་གི་དཀྱིལ་འཁོར་དུ། མྱང་འདས་ཐོབ་པས་སྲིད་པ་འཁོར་བའི་མཐའ་སྟོང་སྟེ་
ཡོད་པ་དང༌། མ་ཐོབ་པས་སྲིད་མཐའ་མི་སྟོང་པར་མེད་པ་སོགས་ཆོས་ཉིད་བསམ་གྱིས་
མི་ཁྱབ་པའི་ཡུལ་སོགས་ཟབ་མོའི་དོན་ཐམས་ཅད་ལ་མི་སྐྲག་པའི་བཟོད་པ་སྙིང་གི་
ཁོང་རུས་པའི་གཏིང་ནས་སྐྱེ་བར་འགྱུར་ཏེ། མདོ་སྡུད་པ་ལས། ཡེ་ཤེས་ཚུལ་སྒོ་ཐབས་དང་
རྩ་བ་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །རྐྱེན་རྣམས་
ཚོགས་ནས་ཡེ་ཤེས་འཁྲུལ་འཁོར་རབ་ཏུ་འབྱུང་། །ཤེས་རབ་ཕ་རོལ་ཕྱིན་ལ་ཟད་མེད་
འཕེལ་བ་མེད། །ཅེས་སོ། །གཉིས་པ་ནི། རྡུལ་གཅིག་སོགས། དེར་མ་ཟད་ཟབ་མོའི་
ཡུལ་ལ་བཟོད་པའི་སྒོ་དེས་རྡུལ་གཅིག་གི་ཁྱོན་ལ་རྡུལ་སྙེད་ཀྱི་ཞིང་ཁམས་མཐོང་ཀྱང་
རྡུལ་ཆེར་མ་སོང་ཞིང་ཁམས་ཆུང་བར་མ་སོང་ཞིང་སྐད་ཅིག་གི་ཡུན་ལ་ཡང་བསྐལ་བར་
སྣང་རུང་ནའང་སྐད་ཅིག་རིང་བ་དང་བསྐལ་པ་ཐུང་བར་མ་སོང་པར་སྣང་སྟེ་དངོས་པོ་
འདི་རྣམས་བདེན་སྟོང་སྒྱུ་མ་ལྟ་བུའི་ངེས་ཤེས་དེ་ཉིད་ཀྱིས་སངས་རྒྱས་ཀྱི་སྤྱོད་ཡུལ་
བསམ་གྱིས་མི་ཁྱབ་པ་ཉིད་ལ་འཇུག་ནུས་ཏེ། །འཇུག་པ་ལས། དངོས་པོ་སྟོང་པ་གཟུགས་
བརྙན་ལ་སོགས་པ། །ཚོགས་ལ་ལྟོས་རྣམས་མ་གྲགས་པ་ཡང་མིན། །ཇི་ལྟར་དེ་ནི་
གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པ་སྐྱེ་འགྱུར་ལྟར། །དེ་བཞིན་དངོས་
པོ་ཐམས་ཅད་སྟོང་ན་ཡང༌། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་
གསུངས་སོ། །གཉིས་པ་ལ། སྔ་འགྱུར་བའི་གྲུབ་མཐའི་ཆོས་སྐད་ཀྱི་ཁྱད་པར། དེ་ལ་
ལས་འཕྲོ་མེད་པས་མི་མོས་པ་གཉིས་ལས། དང་པོ་ན། དེ་ཕྱིར་སོགས། དེ་ཕྱིར་གདོད་
མ་གཞིའི་རྩལ་རང་སྣང་རིས་མེད་དུ་ཤར་བ་དང་། ཤར་བའི་དུས་ནས་རྒྱ་ཆད་ཕྱོགས་
ལྷུང་བྲལ་བར་མཉམ་པ་དང་། མཉམ་ཉིད་ཀྱི་གཞི་དབྱིངས་བསམ་གྱིས་མི་ཁྱབ་པ་
ལས་ཆོས་ཅན་ཅིར་ཡང་སྣང་བ་དང་། སྣང་བའི་དུས་ནས་ཆོས་ཉིད་ལ་ཅིར་ཡང་མ་གྲུབ་
པ་དང་། དེའི་ཕྱིར་སྣང་སྟོང་ཟུང་དུ་འཇུག་པ་སོགས་སྔ་འགྱུར་བའི་གྲུབ་མཐའི་ཆོས་
སྐད་ཙམ་པོ་འདིའི་དོན་བློར་ཆུད་པར་ཡང་དཀའོ། །གཉིས་པ་ནི། ལོ་བརྒྱར་སོགས།
དེ་ཡང་ལུས་རྟེན་རེ་རེ་བ་ཙམ་ལ་ལོ་བརྒྱར་སྒོ་གསུམ་བསྒྲིམས་ཏེ་བསམ་པར་བྱས་ཀྱང་།
སྔོན་གོམས་པའི་ལས་འཕྲོ་སྨིན་དུ་ཡོད་པའི་རྒྱུ་དེ་འདྲ་མེད་ན་བློ་གྲོས་ཆེན་པོ་སྦྱངས་པ་
མི་དམན་པའི་གང་ཟག་སྐྱེས་སྦྱངས་གཉིས་ཀ་ལྡན་མོད། འོན་ཀྱང་དེ་ཙམ་གྱིས་
ཐུགས་སུ་ཆུད་པ་མ་ཡིན་ཏེ། དཔེར་ན་ཐེག་དམན་པའི་སྐྱེས་སྦྱངས་ཕུན་སུམ་ཚོགས་
པས་ཀྱང་ཐེག་ཆེན་ཐུགས་སུ་མི་ཆུད་པ་བཞིན་ཏེ། དཔལ་ལྡན་ཟླ་བས། དེ་ཉིད་བཤད་
ཟིན་ཟབ་མོའི་འཇིགས་རུང་འདི་ནི་སྔོན་གོམ་ཉིད་ལས་སྐྱེ་བོ་ཡིས། །ངེས་པར་རྟོགས་
གས་སུ་ཆུད་མི་འགྱུར། །ཞེས་གསུངས་པ་
ལྟར་རོ། །
ད་ནི་གསུམ་པ་དོན་བསྡུ་བ་ལ་རང་ལུགས་ཀྱི་ལྟ་གྲུབ་འདིའི་ཆེ་བ་བཤད་པ། གནས་སྣང་
གི་ཁྱད་པར་བཤད་པས་དོན་བསྡུ་བ་གཉིས་ལས། དང་པོ་ནི། དེ་ཕྱིར་སོགས། དེ་ཡི་
ཕྱིར་མདོ་དང་སྔགས་ཀྱི་གྲུབ་མཐའ་རྣམས་ལ་གནས་སྐབས་རང་རང་གི་ཕྱོགས་སུ་འདྲེན་
ཚུལ་མི་འདྲ་བ་རེ་ཡོད་ན་ཡང་། མཐར་ཐུག་དེ་མཐའ་དག་གི་གཏིང་ཕུག་གང་དུ་གཞོལ་
བ་ཡི་བརྒྱ་ཕྲག་དམ་པ་ཆོས་ཀྱི་ལེགས་པར་བཤད་པའི་ཀླུང་ཆེན་པོ་རྣམས་གང་དུ་འབབ་
པའི་རྒྱ་མཚོ་ཆེན་པོ་འདི་ངོ་མཚར་རྨད་དུ་བྱུང་བ་ཡིན་ཏེ། བཤད་རྒྱུད་རྡོ་རྗེ་ལས། སོ་སོར་
བསྟན་པ་རྒྱ་མཚོའི་རྒྱུད། །འདིར་སྟོན་འདིས་སྟོན་འདི་ཕྱིར་སྟོན། །དོན་ཀུན་འདི་ལ་
ཡོངས་རྫོགས་པས། །ལུང་གི་སྤྱི་ཞེས་བཤད་པ་ཡིན། །ཞེས་སོ། །གཉིས་པ་ནི། སྣང་
ཚུལ་སོགས། གནས་སྣང་མི་མཐུན་པའི་སྣང་ཚུལ་གཞི་དང་ལམ་གྱི་དུས་ན་སྣང་བ་གཞན་
རྣམས་ནི་མ་ངེས་ཤིང་བསླུ་བ་ཅན་དང་བདེ་སྡུག་སོགས་འགྱུར་བ་དག་དང་བཅས་ཏེ་
སྣང་བས་ཡིད་བརྟན་གྱི་གནས་མ་ཡིན་ཞིང་། ལམ་མཐར་ཕྱིན་པའི་གནས་སྣང་མཐུན་
པ་སྐུ་གཉིས་ཟུང་འཇུག་རང་བྱུང་གི་ཡེ་ཤེས་འདུས་མ་བྱས་པ་ནི་བསླུ་བ་མེད་པ་འཕགས་
པའི་བདེན་དོན་མངོན་སུམ་དུ་གཟིགས་པས་འགྱུར་བ་མེད་པའི་གཏན་སྲིད་ཟིན་པ་ནི་
ཡིད་བརྟན་གྱི་གནས་སོ། །སྨྲས་པ། ལས་སྣང་འཁྲུལ་པའི་མཀྵའི་སྦྱོར་བ་ཡིས། །གཞི་
སྣང་དག་པའི་གསེར་བཟང་མ་མཐོང་བས། །འཁྱག་རོམ་ཚིལ་དང་མར་སོག་རྩོད་ན་
ཡང་། །རྣམ་དཔྱོད་སོལ་མེ་འདི་ཡིས་རང་མདོག་གསལ། །
གསུམ་པ་ཆོས་ཉིད་ལྟ་བའི་ལྟ་བ་དབུ་མ་ཆེན་པོ་ལ་ཁས་ལེན་ཡོད་མེད་དཔྱད་པ་ལ། དྲི་བ་དང་
དེའི་དོན་རྒྱས་བཤད་གཉིས་ལས། དང་པོ་ནི། སྤྲོས་བྲལ་སོགས། ད་ནི་དབུ་ཕྱག་རྫོགས་
གསུམ་ཅེས་པའི་ཡ་གྱལ་སྤྲོས་བྲལ་དབུ་མ་ཆེན་པོ་དེ་ལ་ཡོད་པ་མེད་པ་སོགས། དོན་དམ་
པར་ཁས་ལེན་མེད་པ་གཞིར་བཞག་གི་སྟེང་ནས་ཐ་སྙད་དུ་ཁས་ལེན་ཡོད་དམ་མེད་ཅེས་དྲི་བ་
ན་དེའི་དོན་དཔྱད་པ་སྐབས་སུ་བབས་སོ། །གཉིས་པ་རྒྱས་བཤད་ལ། ཕྱོགས་གཅིག་ཁས་
ལེན་མེད་པར་འདོད་པ་སྔ་རབས་པའི་ལུགས་དགག་པ། ཁས་ལེན་ཡོད་མེད་ཀྱི་ཤན་
ཕྱེས་ཏེ་སྨྲ་བའི་རང་ལུགས་ཀྱི་ཁུང་བཤད་པ། མཐའ་གཅིག་ཏུ་ཁས་ལེན་ཡོད་པར་འདོད་
པའི་གཞན་ལུགས་དགག་པ། རང་ལུགས་ཀྱི་ཕུག་བཞིན་དུ་སོ་སོར་ཤན་ཕྱེས་ཏེ་རྣམ་
བཞག་འཇོག་ཚུལ་དང་བཞི་ལས། དང་པོ་ལ། གཞན་གྱི་གྲུབ་མཐའ་འཇོག་པ། དེ་ཐལ་
འགྱུར་བའི་རང་གཞུང་དང་འགལ་བ་ཡོད་པར་བཤད་པ་གཉིས། དང་པོ་ན། སྔ་རབས་
སོགས། དེ་ཡང་བོད་སྔ་རབས་པ་རྣམས་ཐམས་ཅད་མགྲིན་གཅིག་ཏུ། སྤྲོས་བྲལ་དབུ་
མ་ཆེན་པོའི་རང་ལུགས་ནི་ཡོད་མེད་གཉིས་ཡིན་གཉིས་མིན་དང༌། ཡོད་པ་དང་མེད་
པ་ཕྱོགས་རེ་བ་ལ་སོགས་གང་ཅིར་ཡུང་ནི་མེད་པའི་ཕྱིར་བདེན་པ་གཉིས་ཀར་ཁས་ལེན་
མེད་པར་འདོད་དེ་དོན་དམ་འཕགས་པའི་མཉམ་བཞག་གི་རྗེས་སུ་འབྲངས་ལ། ཀུན་
རྫོ་བ་འཇིག་རྟེན་གཞན་ངོ་ལ་ལྟོས་པས་རང་ལ་འདི་ཞེས་པའི་རྣམ་བཞག་ཅི་ཡང་མེད་
ཅེས་ཟེར་རོ། །གཉིས་པ་ནི། རང་གཞུང་སོགས། མཐར་ཐུག་དབུ་མའི་ལྟ་བ་ལ་ཁས་
ལེན་མེད་པ་འཐད་མོད་ཀྱི་མཐའ་གཅིག་ཏུ་དེ་ལྟར་འདོད་ན་སྐྱོན་ཡོད་དེ་ཐལ་འགྱུར་
བའི་རང་གཞུང་དང་འགལ་བའི་ཕྱིར། དེའི་ཚུལ་ནི་འཇུག་པ་དང་སྤྱོད་འཇུག་སོགས་
རང་གཞུང་རྣམས་ལས་གཞི་བདེན་གཉིས། ལམ་ལྔ་ས་བཅུར་ཚོགས་གཉིས་བསྒྲུབ་པ།
གནས་སྐབས་དང་མཐར་ཐུག་གི་འབྲས་བུ་དང༌། ཐ་སྙད་ཀུན་རྫོབ་ཙམ་དུ་ཆོས་ཐམས་
ཅད་རྟེན་ཅིང་འབྲེལ་འབྱུང་དུ་ཡོད་པའི་སྒོ་ནས་དབུ་མ་པའི་གྲུབ་མཐའི་རྣམ་བཞག་ཐམས་
ཅད་ཀུན་ཁས་བླང་བའི་རང་ལུགས་ཤིག་ཡོད་བཞིན་དུ། ཐ་སྙད་ཀྱི་རྣམ་བཞག་ཐམས་
ཅུད་འཇིག་རྟེན་གཞན་ངོ་ལ་ཕར་སྐྱེལ་བ་ནི་ཚིག་དོན་གཉིས་ཀ་ཐལ་འགྱུར་པའི་རང་
གཞུང་དང་འགལ་བར་འགྱུར་རོ། ། །
གཉིས་པ་ལ། སྔ་རབས་ཀྱི་ལུགས་སྐྱོན་ཡོན་འདྲེས་པར་ཡོད་པ། སྐྱོན་དེ་སེལ་བའི་
རང་བཞེད་ཀྱི་ཁས་ལེན་ཕྱེ་སྟེ་བཤད་པ་གཉིས་ལས། དང་པོ་ནི། ཀློང་ཆེན་སོགས། དེའི་
ཚུལ་ནི་རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་བཟང་པོས་འདི་སྐད་དུ། དབུ་མ་ཐལ་
འགྱུར་པར་ཁས་ལེན་ཡོད་མེད་ལ། བ་ཚབ་བུ་བཞི་སོགས་སྔ་རབས་པ་རྣམས་མཐའ་
གཅིག་ཏུ་ཁས་ལེན་ཡོད་པ་རེ་དང་མེད་པ་རེས་ཕྱོགས་རེར་འཛིན་ཅིང་དེ་དག་གི་ལུགས་
རེ་རེའང་སྐྱོན་རེ་དང་ཡོན་ཏན་རེ་སྟེ་གཉིས་རེ་གནས་སོ། །འདི་དག་གི་ཕྱོགས་རེ་རེ་མཐའ་
གཅིག་ཏུ་ཁས་ལེན་པས་ན་སྐྱོན་ཡོད་ཚུལ་གོང་འོག་ཏུ་བཤད་པས་ཤེས་སོ། །གཉིས་
པ་ལ། གཤིས་ལ་ཅིར་ཡང་མ་གྲུབ་པ་གཞལ་ཚེ་ཁས་ལེན་མེད་པ། སྣང་ཚུལ་ལམ་འབྲས་
ཀྱི་རྣམ་བཞག་འཇོག་ཚེ་བདེན་གཉིས་ཕྱེ་སྟེ་ཁས་ལེན་པ་དང་གཉིས་ལས། དང་པོ་ནི།
དེས་ན་སོགས། གོང་དུ་བཤད་པའི་རྒྱུ་མཚན་དེས་ན་ཀློང་ཆེན་པ་རང་གི་བཞེད་པ་ལ།
སྟོང་རྟེན་འབྱུང་མཉམ་པ་ཉིད་ཀྱི་ཕྱིར་དོན་དམ་པ་སྤྲོས་པའི་མཐའ་དང་བྲལ་པའི་གནས་
ལུགས་གཞལ་བའི་ཚེ་གཤིས་ལ་མཐའ་བཞི་པོ་གང་ཅིར་ཡང་མ་གྲུབ་པས་གཤིས་དེ་
ལྟར་དུ་བདེན་པ་གཉིས་ཀ་ཁས་ཀྱང་ཅི་ཞིག་ལེན་པར་བྱེད་དེ་བྱེད་མི་རིགས་ལ། དེ་
ཡི་ཕྱིར་གྲུབ་མཐའ་ཞེས་པ་ནི་གནས་ལུགས་ཀྱི་དོན་ཇི་ལྟར་ཡིན་པའི་ཚུལ་མཐར་ཕྱིན་
པར་གཞལ་ཏེ་དེས་རྣམ་བཞག་ཁས་ལེན་པའམ་འཇོག་པ་ཡིན་པའི་ཕྱིར་དང་། དེར་
མ་ཟད་ལྟ་བ་གཞིར་བཞག་གི་རྩོད་པ་སོགས་བྱེད་པའི་ཚེ་ན་ཡང་གཤིས་བཞིན་དུ་ཁས་
ལེན་ཅི་ཡང་མེད་དོ་ཞེས་གནས་སྐབས་གཉིས་པོ་དེར་ཁས་ལེན་མེད་པར་གསུངས་སོ། །
གཉིས་པ་ནི། རྗེས་ཐོབ་སོགས། ཡང་རྗེས་ཐོབ་སྣང་ཚུལ་གྱི་དབང་དུ་ན་ཐལ་འགྱུར་པའི་
རང་གཞུང་བཞིན་དུ་གཞི་ལམ་འབྲས་གསུམ་སོགས་ཀྱི་གྲུབ་པའི་མཐའ་སྟེ། དེ་དང་
དེ་དག་གི་ཇི་ལྟ་ཇི་སྙེད་ཀྱིས་རྣམ་བཞག་རྣམས་ཐམས་ཅད་མ་འདྲེས་པར་སོ་སོར་ཕྱེ་སྟེ་
ཁས་ལེན་ཡོད་པར་འདོད་ཅིང་། ཕྱིན་ཆད་གངས་ཅན་ན་ཚུལ་འདི་བཞིན་ཤན་ཕྱེས་དེ་
སྨྲ་ཤེས་ན་ཁོ་བོས་ལེགས་བཤད་ཡིད་གཞིན་མཛོད་འགྲེལ་པདྨ་དཀར་པོའི་མཐུ་ཡིན་
པར་གསུངས་སོ། །གསུམ་པ་ལ། གཞན་གྱི་གྲུབ་མཐའ་འཇོག་པ་དང་། དེ་དགག་པ་
གཉིས་ལས། དང་པོ་ནི། དེར་བརྟེན་སོགས། བོད་ན་གཙང་པ་སོགས་དབུ་མའི་ལུགས་
ལ་ཁས་ལེན་ཡོད་པར་འདོད་པའི་ཕྱོགས་དེར་བརྟེན་ནས་གངས་ཅན་གྱི་མཁས་པ་འགས་
རང་གི་ལུགས་ཁས་ལེན་ཡོད་པའི་ཕྱོགས་ཁོ་ན་ཡང་ཡང་ཆེས་ཆེར་བསྒྲུབས་པར་མཛད་
དེ་དོན་དམ་བདེན་པས་སྟོང་པ་དང༌། ཀུན་རྫོབ་ཁོ་རང་གིས་མི་སྟོང་པར་བདེན་གཉིས་
ཕྱེས་དེ་ཁས་ལེན་ཡོད་པའི་ཕྱོགས་བསྒྲུབས་སོ། །གཉིས་པ་དེ་དགག་པ་ལ། སྤྱིར་ཐལ་
འགྱུར་བའི་ལྟ་བ་ལ་ཁས་ལེན་ཡོད་པར་བཤད་པ་འགལ་བ་དང་། ཁྱད་པར་བདེན་གཉིས་
ཀྱི་ཁས་ལེན་ནང་འགལ་ཚུལ་བཤད་པ་གཉིས་ལས། དང་པོ་ལ། དེའི་རྒྱུ་མཚན་ཤན་
ཕྱེས་ཏེ་སྨྲ་བ། དངོས་དོན་རིགས་པས་གནོད་པ་གཉིས་ལས། དང་པོ་ལ། ཁས་ལེན་
ཡོད་པར་དཀའ་བའི་རྟགས་འགོད་པ་དང་། དེའི་རྒྱུ་མཚན་བཤད་པ་གཉིས་ལས། དང་
པོ་ནི་དེ་ཡང་སོགས། ཁས་ལེན་ཡོད་པ་ཕྱོགས་དེ་ཡང་སྐབས་ཤན་མ་ཕྱེས་པ་དེ་ཁོ་
ནར་འདོད་ན་སྐྱོན་ཡོད་པ་ཡིན་ཏེ། དངོས་པོའི་གཤིས་ཀྱི་དོན་ལ་ཡོད་མེད་ཅིར་ཡང་མ་
གྲུབ་པའི་ཕྱིར། མཐའ་གཅིག་ཏུ་ཁས་ལེན་ཡོད་པའང་དཀའ་སྟེ། དཔྱད་ན་ཁས་བླང་
བྱ་མ་དམིགས་པའི་ཕྱིར། རྣམ་བཅད་དགག་རྟོག་གི་སྤྱོད་ཡུལ་ན་ཡོད་པ་ཙམ་ནི་དངོས་
པོའི་གཤིས་མ་ཡིན་ཏེ། རྩ་ཤེས་ལས། མཐའ་ཡོད་མཐའ་མེད་ལ་སོགས་བཞི། །ཞི་བ་
འདི་ལ་ག་ལ་ཡོད། །ཅེས་སོ། །གཉིས་པ་ལ། དབུ་མའི་རང་ལུགས་མཐར་ཐུག་གནས་
ལུགས་ཀྱི་དོན་གཞལ་བ་ཉིད་ཡིན་ལ། དེའི་ངོར་མ་གྲུབ་པའི་གཞན་པ་རང་ལུགས་མིན་
པར་བཤད་པ་གཉིས་ལས། དང་པོ་ནི་དབུ་མ་སོགས། དེ་ཡང་དབུ་མ་རང་གི་ལུགས་
ཞེས་པ་མཐའ་དང་བྲལ་བའི་གནས་ལུགས་ཀྱི་ལྟ་བ་དེ་ཉིད་དཔྱིས་ཕྱིན་པར་དཔྱད་ནས་
གང་ལ་འཇོག་མཚམས་བྱས་པ་དེ་དབུ་མའི་གྲུབ་མཐའ་མཐར་ཐུག་གི་དོན་ཇི་ལྟར་གཞལ་
བ་ཉིད་ཡིན་དགོས་ཏེ་དཔྱད་པ་དེ་རང་ལུགས་གང་ལ་འཇོག་ཚུལ་ཤེས་བྱེད་ཡིན་པའི་
ཕྱིར་རོ། །གཉིས་པ་ནི། དེ་ལས་སོགས། དེ་ལས་གཞན་པ་འཇིག་རྟེན་རྒན་པོ་ལ་གྲགས་
པ་ལྟ་བུའི་རང་ལུགས་ཤིག་ཁས་བླང་དུ་ཡོད་པ་མིན་ཏེ་ཅུ་ཡི་སླད་དུ་ན་དབུ་མ་རང་
གིས་ནི་དོན་དམ་པའི་རིགས་ཤེས་ཚད་མ་དེས་གཞལ་ན་རང་ལ་ཐ་སྙད་ཀྱི་རྣམ་བཞག་
ཞིག་ཀྱང་ཁས་བླང་དུ་མེད་ན་གྲུབ་མཐའི་སྒྲོ་བཏགས་ལ་སོགས་གཞན་པ་དེ་མ་གྲུབ་པ་
སྨོས་མི་དགོས་པའི་ཕྱིར་རོ། །གཉིས་པ་ལ། དེའི་ཚེ་རང་ལུགས་སུ་གང་ཁས་བླང་བ་
ཡོད་ན་དོན་དམ་པར་གྲུབ་པར་ཐལ་བ་དང་། མེད་ན་རང་ལ་ཁས་བླང་ཡོད་པར་སྨྲས་
པ་དང་འགལ་བ་གཉིས། དང་པོ་ནི། དེས་ན་སོགས། རྒྱུ་མཚན་དེས་ན་དབུ་མ་ཐལ་
འགྱུར་བ་དེས་རིགས་ཤེས་ཚད་མ་དེས་ངོར་བདེན་གྲུབ་ཀྱིས་སྟོང་པའི་དོན་དམ་དང༌།
ཚད་གྲུབ་ཀྱིས་མི་སྟོང་པའི་ཀུན་རྫོབ་གཉིས་སོ་སོར་ཕྱེས་ཏེ་ཁས་བླང་བ་ཡིན་ན་མ་བརྟགས་
མ་དཔྱད་པའི་སྣང་ཙམ་གཞན་ལ་རགས་ལས་པའི་སྒོ་ནས་མ་ཡིན་པར། རང་དབང་གིས་
དཔྱད་ནས་ཁས་བླང་བ་ཡིན་པར་རིགས་པ་ཡང་དག་པས་འཕུལ་ནུས་པ་ཉིད་ཀྱི་ཕྱིར།
དེ་འདྲའི་ཁས་བླང་པའི་སྟོང་པ་དངོས་མེད་དེ། དངོས་པོ་ལ་ལྟོས་ཏེ་བཞག་པ་མ་ཡིན་
པར་དོན་དམ་པར་གྲུབ་ཅིང་། ཀུན་རྫོབ་ཡང་འཇིག་རྟེན་གྲགས་ཚོད་ཙམ་མ་ཡིན་པར་
དཔྱད་ནས་ཁོ་རང་ཁོ་རང་གིས་མི་སྟོང་པའི་དཔྱད་བཟོད་ཉིད་དུ་ཐལ་བར་འགྱུར་ཏེ། རིགས་
ཤེས་ཚད་མའི་སྐབས་ཡིན་པའི་ཕྱིར། དཔེར་ན་རྣམ་རིག་པའི་གཞན་དབང་བཞིན། དེ་
ལྟར་ཡང་འཇུག་འགྲེལ་ལས། དེའི་ཕྱིར་གཞན་ལ་རགས་ལས་པ་ཉིད་ཀྱི་སྒོ་ནས་བདག་
གིས་ཀུན་རྫོབ་ཁས་བླངས་ཀྱི་རང་དབང་དུ་ནི་མ་ཡིན་ནོ། །ཞེས་སོ། །གཉིས་པ་ནི། རང་
ལུགས་སོགས། དེ་འདྲའི་རྣམ་བཞག་དེ་དབུ་མ་པ་རང་གི་ལུགས་སུ་ཁས་ལེན་པ་མ་
ཡིན་ན་ནི། རང་ལ་ཁས་ལེན་ཡོད་པའི་ཕྱོགས་ཆེས་ཆེར་བསྒྲུབས་པ་དང་འགལ་བར་
འགྱུར་རོ། །གཉིས་པ་བདེན་གཉིས་ནང་འགལ་ལ། དེ་དག་གི་རང་ལུགས་དཔྱད་མི་
དཔྱད་ཀྱི་ཁས་ལེན་ཡོད་མེད་དྲི་བ་དང་། དེའི་ལན་དགག་པ་གཉིས་ལས། དང་པོ་ནི། རང་
ལ་སོགས། གལ་དེ་དབུ་མ་པ་རང་གི་ལུགས་ལ་རིགས་ཤེས་ཚད་མས་བདེན་མེད་དུ་
དཔྱད་པའི་སྟོང་ཉིད་དོན་དམ་པ་དང་། མ་བརྟགས་མ་དཔྱད་པའི་ཀུན་རྫོབ་ཁས་ལེན་
པ་གཉིས་ནི་ཡོད་པར་གྱུར་ཅིང་ནག གཉིས་ཀ་ཡང་ངེས་པར་སོ་སོར་བདེན་པ་ཡིན་ན་
དབུ་མ་རང་གི་ལུགས་ཞེས་པ་དེ་གཉིས་པོ་རེ་རེ་ཡིན་ནམ་གཉིས་ཀ་ཡིན་ཞེས་དྲིའོ། །
གཉིས་པ་ལ། རང་ལུགས་རེ་རེ་ཡིན་ན་ཅིག་ཤོས་ཀྱི་རྣམ་བཞག་དང་འགལ་བ་དང་།
གཉིས་ཀ་ཡིན་ན་མི་འཐད་པར་བསྟན་པ་གཉིས་ལས། དང་པོ་ནི། རེ་རེ་སོགས། དང་པོ་
ལྟར་རེ་རེ་ཡིན་ན་གཅིག་ཤོས་ཀྱི་རྣམ་བཞག་བྱས་པའི་རང་ཚིག་དང་། ཐལ་འགྱུར་བའི་རང་
གཞུང་གི་ལུང་ཚིག་གཉིས་ཀ་དང་འགལ་ལ། གལ་ཏེ་དབུ་མའི་རང་ལུགས་ལ་ཡོད་པ་
ཞིག་ཁས་བླང་དུ་ཡོད་པ་མ་ཡིན་པར་ཐམས་ཅད་དུ་བདེན་པ་མེད་པར་ཁས་ནི་བླང་
བར་གྱུར་ན། འོ་ན་ཡོད་ཅེས་བྱ་བའི་ཁས་ལེན་ནི་ཀུན་རྫོབ་ཙམ་དུ་ནི་མི་རུང་བར་
འགྱུར་སྟེ། དབུ་མའི་རང་ལུགས་ཡིན་ན་མེད་པ་ཁོ་ན་ཁས་བླངས་ཡིན་པའི་ཕྱིར་རོ། །
གཉིས་པ་ལ། གཉིས་ཀ་ཡིན་ན་དཔྱད་བཟོད་དུ་ཐལ་བ་དང་། དགོས་པ་མེད་པ་དང་
གཉིས་ལས། དང་པོ་ནི། གཉིས་ཀར་སོགས། ཡང་གལ་ཏེ་དེ་ལྟར་རེ་རེ་ཙམ་མ་ཡིན་
པར་གཉིས་ཀ་དབུ་མ་རང་གི་ལུགས་སུ་ཁས་བླང་པ་ཡིན་ན། དབུ་མ་ཐལ་འགྱུར་བའི་
ལུགས་ནི་འོག་མའི་གྲུབ་མཐའི་རྣམ་བཞག་ཐམས་ཅད་དང་། གང་ཁས་བླང་ཡོད་པ་ཐམས་
ཅད་དཔྱད་ན་དཔྱད་མི་བཟོད་པར་མཚུངས་པའི་ཕྱིར། ཁས་ལེན་མེད་པ་ཡིན་ན། ཁྱེད་
ཀྱི་ཁས་ལེན་ཡོད་པའི་ཚུལ་དེ་ལྟ་ན། དཔྱད་མི་བཟོད་པ་ཐམས་ཅད་བསལ་ནས་སུ་
བཀག་ཤུལ་དུ་རིགས་པས་གནོད་པ་མེད་པའི་གཞི་ཞིག་ཁས་ལེན་པ་ཡིན་པའི་ཕྱིར་གཉིས་
ཀ་ཡང་དཔྱད་བཟོད་དུ་ཐལ་བར་འགྱུར་རོ། །གཉིས་པ་ལ། དེ་གཉིས་པོ་ཚོགས་པ་མི་
སྲིད་པ་དང་། སྲིད་ཀྱང་སོ་སོ་ནས་དོན་མེད་པས་དགག་པ་གཉིས། དང་པོ་ནི། དེ་ལྟ་
ན་སོགས། ཁས་བླང་བའི་ཚུལ་དེ་ལྟ་ན་ཡང་དེ་འདྲའི་ཡུལ་གཉིས་པོ་ཟུང་དུ་ཚོགས་
པ་སྲིད་པ་མ་ཡིན་ཏེ། དཔྱད་བཟོད་ཀྱི་མེད་པ་ནི་ཡོད་པ་དང་མི་འདྲེ་ལ། དེ་བཞིན་དུ་
དཔྱད་བཟོད་ཀྱི་ཡོད་པ་ནི་མེད་པ་དང་མི་འདྲེ་པའི་ཕྱིར་རོ། །གཉིས་པ་ལ། སྟོང་རྐྱང་
དེ་རྟོགས་ཀྱང་ཀུན་རྫོབ་ལ་ཞེན་པ་མི་ཆོད་པས་དཔྱད་པ་དོན་མེད་དུ་འགྱུར་བ། མེད་
འཛིན་དེ་ལ་ལྟ་སྒོམ་སྤྱོད་འབྲས་ཀྱི་སྐབས་མེད་པས་ཐ་སྙད་ཀྱི་རྣམ་བཞག་དོན་མེད་དུ་
འགྱུར་བ་གཉིས་ལས། དང་པོ་ནི། ཚོགས་ན་སོགས། གལ་ཏེ་ཚོགས་པ་སྲིད་ན་དེའི་
ཚེ་དོན་དཔྱོད་རིགས་པས་བདེན་མེད་དུ་རྟོགས་པར་བྱས་ན་ཡང་། ཀུན་རྫོབ་ཡོད་རྟོགས་
དང་བཅས་པ་ཡིན་ནམ་མིན། ཡིན་ན་དོན་དཔྱོད་ཀྱིས་མ་དཔྱད་པའི་དུས་བཞིན་དུ་ཡོད་
རྟོགས་ཉིད་ཡོད་པའི་ཕྱིར་ན། དོན་དམ་དཔྱད་པས་བདག་ཏུ་འཛིན་པ་གཉིས་པོ་བཟློག་
པ་ལ་ཅི་ཞིག་ཕན་ཏེ་མི་ཕན་པར་ཐལ་རྟགས་སྔ་མ་དེའི་ཕྱིར། དེར་མ་ཟད་གལ་ཏེ་
ཐལ་འགྱུར་བ་རང་གི་དེ་འདྲའི་ཐ་སྙད་ཀུན་རྫོབ་བདེན་པ་རིགས་པས་དཔྱད་ཀྱང་མི་
གནོད་པའི་དཔྱད་བཟོད་དུ་གྲུབ་པར་འདོད་ན། རང་རྒྱུད་པ་ལ་ཐ་སྙད་བདེན་པ་རིགས་
པས་དཔྱད་བཟོད་དུ་འཕང་པ་དེ་རིགས་པའི་ཚུལ་དང་མཐུན་པ་མ་ཡིན་པར་ཐལ། རང་
གི་ཁས་བླང་དང་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། དགག་བྱ་སོགས། ཡང་གཉིས་
པ་ལྟར་དགག་བྱ་བཅད་པའི་མེད་དགག་དེ་ལས་ལྷག་པའི་གནས་ལུགས་སྣང་བ་དང་
ཟུང་དུ་ཚོགས་པ་ཞིག་མེད་ཅིང་ཡིད་རྟོག་དེ་ཡང་མི་དགོས་པར་འགྱུར་ན། མེད་པའི་
འཛིན་སྟངས་དེ་ལ་སྣང་བའི་ཆུ་ཡོད་པའི་གནས་སྐབས་མི་ཐོབ་པའི་ཕྱིར་ན། དེ་འདྲའི་
དབུ་མའི་རང་ལུགས་དེ་ལ་ལྟ་སྒོམ་སྤྱོད་པའི་གནས་སྐབས་ཀུན་མཐའ་གཅིག་ཏུ་མེད་
པར་ལྟ་བའི་ཡིད་ཅན་དུ་ཅིའི་ཕྱིར་ན་མི་འགྱུར་ཏེ་འགྱུར་བར་ཐལ། གནས་ལུགས་དང་
རྗེས་སུ་མཐུན་པར་ནམ་ཡོང་གོམས་དགོས་པའི་ཕྱིར་རོ། །བཞི་བ་རང་ལུགས་ལ། རྣམ་
གྲངས་མ་ཡིན་པའི་དོན་དམ་རྩལ་དུ་འདོན་པ་དབུ་མ་ཆེན་པོ་ཐལ་འགྱུར་བའི་གྲུབ་མཐའ་
བཤད་པ། རྣམ་གྲངས་པའི་དོན་དམ་རྩལ་དུ་འདོན་པ་འཇུག་པ་བདེ་བ་རང་རྒྱུད་པའི་
ལུགས་བཤད་པ། དེ་གཉིས་ཀ་ལ་མཉམ་རྗེས་ཀྱི་ཆ་ཡོད་པའི་སྒོ་ནས་ཆུ་བོ་གཅིག་
འདྲེས་སུ་སྦྱར་བ། དབུ་ཕྱག་རྫོགས་གསུམ་གྱི་ཁྱད་པར་བཤད་པ་དང་བཞི་ལས། དང་
པོ་ལ། འཕགས་པའི་མཉམ་བཞག་ཡེ་ཤེས་དང་རྗེས་སུ་མཐུན་པར་གཏན་ལ་འབེབ་
ཚེ་བདེན་པ་གཉིས་སུ་མ་གྲུབ་པས་ཁས་ལེན་མེད་པར་བཤད་པ། ཐ་སྙད་དུ་ཚད་མ་
གཉིས་ཀྱིས་གཞལ་བའི་རྣམ་བཞག་ཐམས་ཅད་མ་འདྲེས་པར་འཇོག་པ། གོང་དུ་གཞན་
ལ་བརྗོད་པའི་སྐྱོན་རང་ལ་མི་མཚུངས་པར་བཤད་པ་དང་གསུམ་ལས། དང་པོ་ལ།
སྣང་སྟོང་ཟུང་འཇུག་གི་དབྱིངས་འཇལ་བ་ལ་སྤྲོས་པ་ཉེ་བར་ཞི་བ། དེ་ལས་གཞན་ལ་
ཟུང་འཇུག་དང་སྤྲོས་བྲལ་གྱི་དོན་མེད་པ། དེས་ན་གཤིས་བཞིན་གཞལ་བའི་དབུ་མ་
ཆེན་པོའི་ངོར་ཁས་ལེན་མེད་པ་གསུམ་ལས། དང་པོ་ནི། དེས་ན་སོགས། དེ་ཡང་རིག་
འཛིན་ཆེན་པོ་འཇིགས་མེད་གླིང་པ་ནི། དབུ་མའི་སྐབས་ཐ་སྙད་ཀྱི་རྣམ་བཞག་རང་
སྟོང་དགེ་ལྡན་པ་ལྟར་དུ་བཀོད་ཡོད་ཟེར་བ་ཐོས་ཤིང་། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་ནི་དབུ་
མའི་སྐབས་གཞན་སྟོང་ཇོ་ནང་པ་གཞིན་བཀོད་ཡོད་ཟེར་བའང་ཐོས་ལ། འདི་གཉིས་
ནི་སྔགས་རྙིང་མའི་ཆེན་པོ་རེ་ཡིན་པས་དགོས་པ་རེ་ལོས་ཡོད་སྙམ་མོ། །འོ་ན་སྔ་འགྱུར་
བའི་དབུ་མའི་འཆད་ལུགས་དེ་གཉིས་གང་རུང་རེ་ལྟར་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེ་
གཉིས་ནི་གཞན་གྱི་ཟེར་སྒྲོས་ཙམ་གསུངས་པ་དེས་ན། རང་ལུགས་ནི་ཀུན་མཁྱེན་ཆོས་
ཀྱི་རྒྱལ་པོ་ཀློང་ཆེན་དྲི་མེད་འོད་ཟེར་གྱིས་ཐུན་མོང་མ་ཡིན་པའི་རང་ལུགས་དབུ་མ་ཐལ་
འགྱུར་བའི་དགོངས་པ་ཡིད་བཞིན་རིན་པོ་ཆེའི་མཛོད་འགྲེལ་པདྨ་དཀར་པོའི་བཞེད་པ་
དེ་བཞིན་དུ། མ་འདྲེས་པར་གསལ་བོར་ཤན་འབྱེད་ནུས་པའི་མཁྱེན་རབ་འཇམ་པའི་
དབྱངས་དང་མི་གཉིས་པའི་སྨྲ་བའི་ཉི་མ་མི་ཕམ་རྒྱ་མཚོ་ཕྱོགས་ལས་རྣམ་པར་རྒྱལ་བས་
རང་ལུགས་དབུ་མའི་ཚུལ་ཐལ་འགྱུར་བའི་སློབ་དཔོན་རྣམས་དང་ཀུན་མཁྱེན་ཆེན་པོའི་
དགོངས་པ་ཟུང་གཅིག་ཏུ་ཆུད་པ་འདི་ལྟར་དུ་ཤེས་པར་བྱ་སྟེ། ཕྱིན་ཆད་ཚུལ་འདི་སྨྲ་
ཤེས་ན། །ཁོ་བོས་ལེགས་བཤད་མཐུ་ཡིན་གསུངས། །ཞེས་པ་ལྟར་ཟུང་འཇུག་རབ་ཏུ་
མི་གནས་པའི་དབུ་མ་མཚན་ཉིད་པ་ཡིན་ན། བཀའ་ཐ་མའི་སྙིང་པོའི་མདོ་དང་དགོངས་
འགྲེལ་བཞིན་དུ་སྣང་སྟོང་ཟུང་འཇུག་དབུ་མ་ཆེན་པོའམ། བར་བའི་མདོ་དང་དགོངས་
འགྲེལ་ལྟར་མཐའ་བཞིའི་སྤྲོས་པ་ཀུན་དང་བྲལ་བའི་དབུ་མ་ཆེན་པོ་ཡིན་དགོས་ཏེ། དེ་
གཉིས་པོ་འགལ་མེད་ཟུང་གཅིག་ཏུ་དོན་དམ་པའི་འཇལ་ཚུལ་འཕགས་པའི་མཉམ་བཞག་
ཡེ་ཤེས་ཀྱིས་ཇི་ལྟར་འཇལ་བ་དང་རྗེས་སུ་མཐུན་པར་གཏན་ལ་ཕབས་ནས་སྣང་སྟོང་
ཟུང་འཇུག་ཆོས་ཀྱི་དབྱིངས་ནི་བདེན་གཉིས་སོ་སོ་ལ་ལྟོས་ཏེ་མཐའ་གཅོད་དགོས་པ་མ་
ཡིན་པར་ཡོད་མེད་ལ་སོགས་པའི་མཐའ་ཤིན་ཏུ་ཕྲ་བ་རྣམས་ཀྱི་སྤྲོས་པ་ཉེ་བར་ཞི་བའི་
རང་བཞིན་ཡིན་པའི་ཕྱིར། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཞེས་གསུངས་
སོ༑ ༑གཉིས་པ་ལ། སྟོང་རྐྱང་དེ་དེ་གཉིས་ཀ་མིན་པ་ཐུན་མོང་དུ་དང་། སོ་སོ་ནས་
བཤད་པ་གཉིས་ལས། དང་པོ་ནི། སྟོང་པ་སོགས། རྒྱུ་མཚན་དེའི་ཕྱིར་ན་སྟོང་པ་རྐྱང་
པ་འབུའ་ཞིག་ཡུལ་དུ་བྱེད་པའི་ལམ་དེ་སྣང་སྟོང་བདེན་པ་གཉིས་པོ་གང་རུང་གི་ཕྱོགས་
གཅིག་ལ་ལྷུང་བའི་ཕྱིར་ན་དེ་འདྲའི་ཉི་ཚེ་བའི་ལྟ་བ་དེ་བཀའ་ཐ་མའི་ཟུང་འཇུག་གི་དོན་
དང་བར་བའི་སྤྲོས་བྲལ་གཉིས་ཀའི་དོན་མིན་ནོ། །གཉིས་པ་ལ། སྟོང་རྐྱང་དེ་ལ་ཟུང་
འཇུག་གི་དོན་མེད་པ་དང་། སྤྲོས་བྲལ་གྱི་དོན་མེད་པ་གཉིས་ལས། དང་པོ་ནི། ཟུང་
འཇུག་སོགས། ཅི་ལྟར་ཟུང་འཇུག་གི་དོན་མིན་སྙམ་ན། སྣང་སྟོང་ཟུང་འཇུག་ནི་ཡོད་
པ་དང་མེད་པ་མཉམ་པའམ་སྣང་བ་དང་སྟོང་པ་ཟུང་འཇུག་གཉིས་མེད་མཉམ་པ་ཉིད་
ཀྱི་རང་བཞིན་ཡིན་ཀྱང་འདི་ནི་དོན་དམ་སྟོང་པའི་དབྱིངས་འབའ་ཞིག་པ་ཡུལ་དུ་བྱེད་
པའི་ཡུལ་ཅན་འཛིན་སྟངས་ཅན་ཡིན་པའི་ཕྱིར་རོ། །
གཉིས་པ་ནི། སྤྲོས་པ་སོགས། ཡང་དེ་བཞིན་དུ་སྤྲོས་པ་ནི་ཡོད་པ་དང་ཡང་ན་མེད་པ་
དང་གཉིས་ཡིན་གཉིས་མིན་དང་རྟག་མི་རྟག་ལ་སོགས་པའི་དམིགས་པའི་རྣམ་པ་གང་
ཡོད་ཐམས་ཅུད་དེ། རྣམ་གྲངས་དེ་དག་གི་ནང་ནས་འདི་ནི་མེད་པའི་སྤྲོས་པ་དང་མ་
བྲལ་བ་སྟེ། སྟོང་པ་དེ་ལ་དམིགས་པའམ་དེ་ཡུལ་དུ་བྱེད་པའི་ཕྱིར་རོ། །གསུམ་པ་ནི།
དེས་ན་སོགས། དེ་དག་ལ་ཟུང་འཇུག་དང་སྤྲོས་བྲལ་གྱི་དོན་མེད་པ་དེས་ན་མཐའ་བྲལ་
དབུ་མ་ཆེན་པོའི་གནས་ལུགས་ཇི་བཞིན་འཇལ་བའི་ངོར་ཁས་ལེན་ཅི་ཡང་ཡོད་པ་མིན་
ཏེ༑ འཕགས་པའི་མཉམ་བཞག་ཡེ་ཤེས་དེ་ཡིས་སྣང་སྟོང་ཟུང་འཇུག་མཉམ་པ་ཉིད་
ཀྱི་དབྱིངས་རྟོགས་སླད་ཡོད་མེད་ཡིན་མིན་སོགས་དགག་སྒྲུབ་ཀྱི་སྤྲོས་པ་ཀུན་དང་བྲལ་
བས་ན། དེ་ལྟར་རིགས་ཤེས་ཚད་མས་གཏན་ལ་འབེབ་ཚེ་གནས་ལུགས་དེའི་དོན་བཞིན་
དུ་ཀུན་བྱང་གི་ཆོས་ཀུན་ཀྱང་། ཕྱོགས་གང་དུ་ཁས་བླང་པ་ཡང་རིགས་པས་མི་འགྲུབ་
པའི་ཕྱིར་མཐའ་གང་དུའང་ཁས་ནི་ལེན་པར་མི་བྱེད་དེ། བློ་གྲོས་རྒྱ་མཚོར་བསྟན་པའི་
མདོ་ལས། ཚངས་པ་ཆོས་གང་ཡང་ཡོངས་སུ་མ་གྲུབ་པ་དེ་ཡོད་པ་ཉིད་དོ་ཞེས་པའམ་
མེད་པ་ཉིད་དོ་ཞེས་ཁས་མི་ལེན་ཏེ། ཞེས་གསུངས་སོ། །གཉིས་པ་ལ། སྣང་ཚུལ་ལ་
དཔྱོད་པ་ཀུན་དུ་ཐ་སྙད་པའི་ཚད་མའི་ངོར་བདེན་གཉིས་ཀྱི་ཁས་ལེན་ཡོད་པ། དེ་གཉིས་
ཀ་ཚད་མ་གཉིས་ཀྱི་གཞལ་བ་ལ་ལྟོས་ནས་རྣམ་བཞག་བྱེད་ཚུལ་གཉིས་ལས། དང་པོ་
ལ༑ དངོས་དང༌། དེ་ཇི་ལྟར་སྣང་ཚུལ་ཡིན་པའི་རྒྱུ་མཚན་བཤད་པ་གཉིས་ལས། དང༌
པོ་ནི། དེ་ལྟར་སོགས། དེ་ལྟར་གནས་ལུགས་མཐར་ཐུག་པའི་དོན་ལ་ཁས་ལེན་ཅི་
ཡང་མེད་པ་ལུང་རིགས་གཉིས་ཀའི་གྲུབ་ཀྱང༌། སྣང་ཚུལ་ལ་དཔྱོད་པ་ཀུན་ཏུ་ཐ་སྙད་
པའི་ཚད་མའི་ངོར་བདེན་པ་གཉིས་འཇོག་པ་སྟེ། ཡབ་སྲས་མཇལ་བའི་མདོ་ལས།
འཇིག་རྟེན་མཁྱེན་པའི་བདེན་པ་འདི་གཉིས་ལས། །ཁྱེད་ཀྱིས་གཞན་ལས་མ་གསན་
རང་གི་རིག །གང་ཞིག་ཀུན་རྫོབ་བདེན་དང་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་
མ་མཆིས་སོ། །ཞེས་གསུངས་སོ། །དེ་ཡང་ཤེས་བྱའི་གཞི་གཅིག་ལ་མཐོང་ཚུལ་ཐ་དད་པའི་
ཚུལ་འདི་ལྟར། གནས་སྣང་མཐུན་པའི་ཡུལ་ཅན་འཕགས་པའི་མཉམ་བཞག་དེས་ཇི་
ལྟར་གཞལ་བ་ལྟར། མཐའ་ཐམས་ཅད་ལ་མི་གནས་པའི་ཆོས་ཉིད་དགག་སྒྲུབ་ལས་
འདས་པ་གང་ཞིག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་དོན་དམ་བདེན་
པའི་མཚན་ཉིད་དང༌། དེ་དང་རྗེས་སུ་མཐུན་པར་དོན་དཔྱོད་ཚད་མས་ཀྱང་དེ་ལྟར་མཐའ་
དང་བྲལ་བའི་དོན་དམ་བདེན་པར་གཏན་ལ་ཕབས་པ་དང༌། ཡང་གནས་སྣང་མི་མཐུན་
པའི་བློ་དེས་ཡུལ་གང་དང་ཅི་གཞལ་བའི་ཆོས་ཅན་ཐམས་ཅད་ཀུན་རྫོབ་ཅེས་འཇོག་སྟེ།
བརྟེན་ནས་འབྱུང་བའི་སྣང་བ་རང་གཞན་ཐམས་ཅད་ལ་བསླུ་མེད་དུ་སྣང་བའི་འཇིག་
རྟེན་ན་སྣང་ཚོད་གྲགས་ཚོད་ཙམ་གྱི་རྣམ་བཞག་མི་བརླག་པར་དོན་དམ་པར་ཡོད་མེད་
དུ་མ་བརྟགས་མ་དཔྱད་པར་ཐ་སྙད་ཚད་མས་ཁས་ལེན་པ་སྟེ། དེ་གཉིས་ཀ་ལ་ལྟོས་
པའི་བདེན་པ་གཉིས་སོ་སོར་ཡང་ཁས་བླང་དུ་ཡོད་པ་སྟེ། སྤྱོད་འཇུག་ལས། ཀུན་རྫོབ་
དང་ནི་དོན་དམ་སྟེ། །འདི་ནི་བདེན་པ་གཉིས་སུ་འདོད། །ཅེས་སོ། །
གཉིས་པ་ལ། གཞལ་བྱ་བདེན་གཉིས་ཀྱང་དབྱེར་མེད་ལ་ལྟོས་ན་སྣང་ཚུལ་ཙམ་དང་། དེ་
འཇལ་བྱེད་ཚད་མ་གཉིས་ཀྱང་ཡེ་ཤེས་ལ་ལྟོས་ན་ཉི་ཚེ་བ་གཉིས་ལས། དང་པོ་ནི། དེ་
གཉིས་ཀྱང་སོགས། དེ་ལྟར་སྣང་ཚུལ་བདེན་པ་དེ་གཉིས་ཀྱང་འཕགས་པའི་མཉམ་བཞག་
གི་ངོར་བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་ཇི་བཞིན་པ་འཇལ་བ་ལ་ལྟོས་ན་དོན་
དམ་དཔྱོད་བྱེད་ཀྱི་ཚད་མའི་སྤྱོད་ཡུལ་ན་སྤྲོས་པ་རྣམ་བཅད་ལ་ཁེགས་པའི་དགག་རྟོག་
གི་ཡུལ་སྤྲོས་བྲལ་དེ་ཡང་སྣང་ཚུལ་ཙམ་ཡིན་ན། ཐ་སྙད་དཔྱོད་པའི་ངོར་ཀུན་རྫོབ་ཀྱི་
རྣམ་བཞག་བྱས་པ་སྣང་ཚུལ་ཡིན་པ་སྨོས་སུ་མེད་པས་དེས་ན་ཚད་མ་གཉིས་སོ་སོའི་སྣང་
ཚུལ་ཙམ་ཡིན་གྱི་རྟོགས་ཡུལ་དེ་དོན་དམ་དངོས་མིན་ནོ། །གཉིས་པ་ནི། དབྱེར་མེད་
སོགས། ཡང་བདེན་གཉིས་དབྱེར་མེད་ཀྱི་དོན་མཐོང་བའི་ཡུལ་ཅན་ཡེ་ཤེས་ལ་ལྟོས་
ན་བདེན་གཉིས་འཇལ་བར་བྱེད་པའི་ཚད་མ་གཉིས་པོ་ཡང་ཕྱོགས་རེ་བའི་ཡུལ་འཛིན་
པའི་ཕྱིར་ཉི་ཚེ་བའི་གནས་ཡིན་ཏེ། དེ་རེ་རེ་འམ་གཅིག་གིས་བདེན་པ་གཉིས་ཀ་ཟུང་
དུ་ཚུད་པ་འཛིན་པ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལ། འཇལ་བྱེད་ཤེས་རབ་གཉིས་
ཀྱི་གཞལ་བའི་རྙེད་དོན་ངོ་བོ་སོ་སོ་ཡིན་པ། གཞལ་བྱ་བདེན་གཉིས་རེས་འཇོག་གི་
ཁས་ལེན་དང་བཅས་པ་གཉིས་ལས། དང་པོ་ནི། དེས་ན་སོགས། རྒྱུ་མཚན་དེས་ན་ཐུ་
སྙད་ཀུན་རྫོབ་ཀྱི་རྣམ་བཞག་འཇོག་པའི་ཚད་མ་དང་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་གཉིས་
པོ་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་སྟེ། ཆོས་ཅན་བུམ་པ་ལ་སོགས་པའི་དངོས་
པོ་རྣམས་ཚད་མ་དེ་གཉིས་ཀྱིས་གཞལ་བ་ན། གནས་ཚུལ་དང་སྣང་ཚུལ་གྱི་ངོ་བོ་གཉིས་
ཀྱི་ནི་རྙེད་དོན་སོ་སོར་ཡོད་པ་དེ་ལྟར་ཡང་། འཇུག་པ་ལས། དངོས་ཀུན་ཡང་དག་རྫུན་
པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་
ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་སོ། །
གཉིས་པ་ནི། གཅིག་ཚེ་སོགས། དེ་འདྲའི་བདེན་པ་གཉིས་པོ་ཡང་གང་གཅིག་ཤོས་
གཞལ་བའི་ཚེ་གཅིག་ཤོས་ནི་ཡོད་པ་མིན་ཏེ། དོན་དཔྱོད་ཚད་མས་དོན་དམ་པ་གཏན་
ལ་འབེབ་ཚེ་ཐ་སྙད་ཀུན་རྫོབ་ལ་ཁས་ལེན་ཅི་ཡང་མེད་ལ། ཀུན་རྫོབ་ཀྱི་རྣམ་བཞག་
འཇོག་ཚེ་དོན་དམ་པར་མ་བརྟགས་མ་དཔྱད་པར་ཁས་ལེན་དགོས་པས་ན། སོ་སྐྱེས་
བློ་ལ་ལྟ་སྒོམ་གང་གི་སྐབས་ནའང་རེ་ཞིག་པར་བདེན་པ་གཉིས་པོ་རེས་འཇོག་གི་ཚུལ་
ལས་མི་སྣང་བའི་ཕྱིར་ཚད་མ་སོ་སོའི་གཞལ་བའི་ངོར་ལྟོས་ནས་སྣང་ཚུལ་དང་གནས་
ཚུལ་གྱི་རྣམ་བཞག་གམ་ཁས་ལེན་གཉིས་ཡོད་པ་ཉིད་དུ་གྲུབ་པ་ཡིན་ནོ། །གསུམ་པ་
སྐྱོན་སྤང་ལ། རྩོད་པ་འགོད་པ་དང་། དེའི་སྐྱོན་སྤང་བ་གཉིས་ལས། དང་པོ་ནི། འོ་ན་
སོགས། འོ་ན་གོང་དུ་བོད་ཕྱི་རབས་པའི་ཁས་ལེན་ཡོད་པའི་ཕྱོགས་དང༌། སྔ་རབས་
པས་ཁས་ལེན་མེད་པ་དང་གཉིས་ཀར་སྐྱོན་བརྗོད་པ་དང་། ཡང་ཁས་ལེན་ཡོད་པ་ལ་
བདེན་གཉིས་ཀྱི་ཁས་ལེན་ནང་འགལ་ཚུལ་སོགས་གོང་དུ་གཞན་ལ་དྲི་བརྗོད་པ་རང་
ལའང་གནོད་པའི་སྐྱོན་མཚུངས་པར་ཐལ་ལོ་ཞེ་ན། གཉིས་པ་ལ། སྐྱོན་མེད་ཚུལ་གྱི་
དངོས་ལན་བསྟན་པ་དང་། དེས་ཚུལ་གྱིས་རྣམ་བཞག་གཞན་ཁེགས་ཚུལ་གཉིས་ལས།
དང་པོ་ལ། སྐྱོན་གཉིས་པོ་མེད་པའི་ལན་གྱི་ཁྱད་པར་མདོར་བསྟན། དེའི་དོན་རྒྱས་
པར་བཤད་པ་དང་གཉིས་ལས། དང་པོ་ནི། ངེད་ཀྱིས་སོགས། དེ་འདྲའི་སྐྱོན་མེད་
ཚུལ་ཇི་ལྟར་ན་ངེད་ཀྱིས་ཁྱད་པར་ཕྱེས་ནས་སུ་སྟེ། གང་ཤན་འབྱེད་ན་རྗེས་ཐོབ་ལམ་
གྱི་དབུ་མ་དང་། དངོས་གཞི་མཉམ་བཞག་གི་དབུ་མ་གཉིས་པོ་དེ་རྟོགས་དཀའ་སླའི་
ཁྱད་པར་གྱིས་རགས་པ་དང་ཕྲ་བའི་དབུ་མའམ་མེད་ན་མི་འབྱུང་བའི་ཁྱད་པར་གྱིས་
རྒྱུ་འབྲས་སམ། ཡུལ་ཅན་བློ་ཡི་ཁྱད་པར་གྱིས་རྣམ་ཤེས་དང་ཡེ་ཤེས་ཀྱི་གནས་སྐབས་
ཀྱི་དབུ་མ་ཆེ་ཆུང་གཉིས་ཁྱད་པར་ཕྱེས་ནས་ཁས་ལེན་ཡོད་མེད་སོགས་སོ་སོར་ཤན་
ཕྱེས་ཏེ་བཤད་པའི་ཕྱིར་ལྟག་ཆོད་དུ་འགྱུར་བའི་སྐྱོན་དེ་ག་ལ་འཇུག་སྟེ་མི་འཇུག་གོ །དེ་
ཡང་ཁྱོད་ཀྱིས་དོན་དམ་པའི་གནས་སྐབས་ན་ཡང་ཚིག་གི་ཁྱད་པར་སྦྱར་ནས་དོན་ལ་
བདེན་གཉིས་ཕྱེ་བ་མེད་པར་མཐའ་བྲལ་དབུ་མའི་རང་ལུགས་མཉམ་བཞག་གཏན་ལ་
བདེན་གཉིས་ཕྱེས་ཏེ་ཁས་ལེན་དང་བཅས་པ་ཡིན་ལ།
འབེབ་ཚེ་ཁས་ལེན་མེད་པ་དང་། ཚད་མ་གཉིས་སོ་སོར་ཕྱེས་ཏེ་ཁས་ལེན་དང་བཅས་
པའི་རྗེས་ཐོབ་སྣང་ཚུལ་གྱི་རྣམ་བཞག་འཇལ་བའི་སྐབས་གཉིས་ཕྱེ་སྟེ་སྨྲ་བ་ཡོད་པའི་
ཕྱིར། སྐྱོན་གཉིས་པོ་མི་འཇུག་པའི་གནད་ཐམས་ཅད་འདི་འདྲའི་ཤན་འབྱེད་པ་ལ་
རགས་ལས་པའི་ཕྱིར་དང་། དེར་མ་ཟད་རང་གཞན་གྱི་དབུ་མའི་གྲུབ་མཐའ་འབྱེད་
པའི་གོ་བ་འགངས་ཆེ་བ་ཡིན་སྙམ་མོ། །གཉིས་པ་ལ། སྐྱོན་དང་པོའི་ལན་དང་། གཉིས་
པའི་ལན་གཉིས་ལས། དང་པོ་ལ། གཞན་ཁས་ལེན་ཅན་ལ་སྐྱོན་བརྗོད་པ་དང་། ཁས་
ལེན་མེད་པ་ལ་སྐྱོན་བརྗོད་པ་རང་ལ་མི་མཚུངས་པ་དང་གཉིས་ལས། དང་པོ་ནི། དེས་
ན་སོགས། ཇི་ལྟར་གོང་དུ་བརྗོད་པ་དེས་ན་སྤྲོས་བྲལ་དབུ་མ་ཆེན་པོ་གཏན་ལ་འབེབ་
པ་ལ་ཁས་བླང་བྱ་ཅི་ཡང་མ་གྲུབ་པས་ན། དེ་བཞིན་ཁས་ལེན་ཅི་ཡང་མེད་པར་
བཤད་པ་ནི་དབུ་མ་པ་རང་གི་ལུགས་མཐར་ཐུག་པ་ནི་དེ་ཡིན་ཏེ། ཚིག་གསལ་ལས།
དབུ་མ་པ་ཡིན་ན་རང་གི་རྒྱུད་ཀྱིས་རྗེས་སུ་དཔག་པར་བྱ་བ་མ་ཡིན་ཏེ། ཕྱོགས་གཞན་
ཁས་བླང་བ་མེད་པའི་ཕྱིར། ཞེས་དང་། རིགས་པ་དྲུག་ཅུ་པ་ལས། རྩོད་མེད་ཆེ་བའི་
བདག་ཉིད་ཅན། །དེ་དག་ལ་ནི་ཕྱོགས་མེད་དོ། །གང་ལ་ཕྱོགས་ནི་ཡོན་མིན་པ། །དེ་
ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་སོ། །
དེས་ན་སྣང་ཕྱོགས་དང་སྟོང་ཕྱོགས་སོགས་གང་ཁས་བླང་བ་ཐམས་ཅད་ཀྱི་མཚན་རྟོག་
གཞིག་ནུས་ཏེ། ཇི་སྲིད་དམིགས་པ་དང་འཛིན་སྟངས་ཡོད་པ་དེ་སྲིད་དུ་སྐྱོན་དང་བཅས་
ཤིང་གང་ཞིག་དམ་བཅའ་དང་ཁས་ལེན་མེད་པ་ན་སྐྱོན་ཅི་ཡང་མེད་དེ། དེ་ཉིད་ལས།
གལ་ཏེ་ངས་དམ་བཅའ་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་
མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། ཞེས་སོ། །དེ་ཡང་དམ་བཅའ་ཞེས་པའི་ངེས་
ཚིག་བརྗོད་དུ་ཡོད་པ་ཙམ་གྱིས་རང་ལ་ཁས་ལེན་དང་དམ་བཅའ་ཡོད་པར་མི་འགྱུར་
ཏེ༑ ཕྱོགས་སྔ་མའི་སྐྱེ་མི་སྐྱེ་སོགས་ཀྱི་ཁས་ལེན་དང་སྤྲོས་པ་གང་སྨྲས་དེ་ཐམས་ཅད་
ཀྱི་ཁས་ལེན་སྤྲོས་པ་མེད་པར་དམ་བཅའ་བ་ཡིན་པའི་ཕྱིར་རོ། །དེས་ན་སྐྱོན་ཅི་ཡང་
མེད་དོ། །གཉིས་པ་ནི། རྗེས་ཐོབ་སོགས། ཡང་འགའ་ཞིག་ལ་གནོད་པ་བསྟན་པའི་
སྐྱོན་ཀྱང་རང་ལ་མི་འཇུག་སྟེ། མཉམ་བཞག་གི་དབུ་མ་ལ་ཁས་ལེན་མེད་ཀྱང་རྗེས་
ཐོབ་གཞལ་ཚེ་གཞི་ལམ་འབྲས་བུ་སོགས་སུ་སྣང་ཚུལ་གྱི་དབང་དུ་བྱས་ན་བདེན་པ་
གཉིས་པོ་ཡང་མ་འདྲེས་པར་སོ་སོར་སྣང་བ་ཡོད་པའི་ཕྱིར་མེད་ཅེས་བསྐུར་བ་ཡང་གདབ་
ཏུ་མི་རུང་ལ། དེའི་ཕྱིར་བདེན་པ་གཉིས་པོ་ཡང་འཇལ་བྱེད་སོ་སོའི་ཚད་མ་གཉིས་ཀྱིས་
ཡང་དག་པར་གཞལ་བ་དེའི་ངོར་ལྟོས་ཏེ་མཐར་འཛིན་གྱི་སྤྲོས་པ་ཐམས་ཅད་དགག་ཅིང་
ལམ་དང་འབྲས་བུའི་རྣམ་བཞག་ཡང་དག་པར་སྒྲུབ་པ་ཐམས་ཅད་ཀྱང་སྐབས་དེ་དག་
ལ་ལོག་པར་རྟོག་པ་རེ་རེ་དགག་པའི་ཆེད་དེ། དེ་ཡང་དོན་དམ་པར་ཕྱི་ནང་གི་གྲུབ་
མཐའི་དངོས་ཞེན་དང་ཡོད་པ་དང་མེད་པ་ཕྱོགས་སུ་འཛིན་པ་ཐམས་ཅད་དགག་ཅིང་།
དོན་དམ་པ་དེ་ལ་བརྟེན་ནས་སྤང་རྟོགས་སོགས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བར་བསྒྲུབས་
པ་དང་། ཀུན་རྫོབ་ཏུ་ལམ་འབྲས་སོགས་མེད་པར་འདོད་པ་དགག་ཅིང་། གཞི་ལམ་
འབྲས་བུའི་རྣམ་བཞག་ཐམས་ཅད་སྣང་ཚུལ་ལ་བསླུ་མེད་དུ་ཡོད་པར་སྒྲུབ་པ་སོགས་
ཀྱི་ཁས་ལེན་ཡོད་པ་ཡིན་གྱི་དེ་དག་དགོས་མེད་དུ་འདོར་བྱ་མ་ཡིན་ནོ། །དེ་བཞིན་དུ་
ཚིག་གསལ་ལས། ཆུ་འདོད་པའི་སྣོད་ལྟར་ཐོག་མར་ཀུན་རྫོབ་ཀྱི་བདེན་པ་ནི་གདོན་
མི་ཟ་བར་ཁས་བླང་བར་བྱའོ། །ཞེས་གསུངས་སོ། །གཉིས་པ་ལ། ནང་འགལ་དང་
དཔྱད་བཟོད་ཀྱི་སྐྱོན་གཉིས་པོ་དོན་དམ་པའི་སྐབས་ལ་མི་འཇུག་པ་དང་། ཀུན་རྫོབ་
ཀྱི་དབང་དུ་བྱས་ན་ཡང་མི་འཇུག་པ་གཉིས་ལས། དང་པོ་ནི། གཤིས་ལ་སོགས། དེ་
ཡང་ཆོས་ཀུན་གྱི་གཤིས་ལུགས་ལ་གཞལ་བའི་ཚེ་དགག་སྒྲུབ་ཏུ་ཁས་བླང་པ་གང་ཡང་
མེད་པའི་ཕྱིར་ཏེ། དབུ་མ་ཤེས་རབ་ལ་འཇུག་པ་ལས། དགག་སྒྲུབ་གཉིས་ཀ་དགག་
འབའ་ཞིག །དངོས་ལ་དགག་སྒྲུབ་གང་ཡང་མེད། །ཅེས་སོ། །ཅིའི་ཕྱིར་ཁས་ལེན་
མེད་སྙམ་ན། ཆོས་ཉིད་རང་གི་གཤིས་ལ་བདེན་པ་གཉིས་པོ་ཡང༌། ཕྱོགས་དང་རིས་
སུ་ཆུད་པ་ཡོང་སྟེ་ཡེ་ནས་མེད་པས་ན་ཁས་ལེན་མེད་པར་སྨྲས་པ་ལ་བློ་སྐྱོན་དང་དོན་
སྐྱོན་གང་ཡང་མེད་པ་དེས་ན། གཞན་གྱི་ལུགས་ལ་བདེན་པ་གཉིས་པོ་སོ་སོར་ཕྱེ་སྟེ་ཁས་
པོ་གང་ལྟར་འཕང་པ་ཡང་། རང་གི་ལུགས་ལ་བདེན་པར་གྲུབ་པའི་སྐྱོན་ཅི་ཡང་མེད་
དེ་བདེན་པ་གཉིས་སུ་སྣང་བ་དང་ཁས་ལེན་པ་མེད་པའི་ནང་འགལ་དང་དཔྱད་བཟོད་
དུ་འགྱུར་བའི་གཞི་མེད་པའི་ཕྱིར་རོ། །གཉིས་པ་ནི། གཉིས་ཀར་སོགས། དེར་མ་ཟད་
ཀུན་རྫོབ་ཏུ་ཡང་མི་འཇུག་སྟེ། ཆོས་ཀུན་ལ་གནས་སྣང་གཉིས་ཡོད་པའི་དབང་གིས་
བདེན་པ་གཉིས་ཀར་ཡང་ནི་ཐ་སྙད་དུ་ཁས་བླང་ཀྱང་སྣང་ཚུལ་ཀུན་རྫོབ་པ་ཙམ་གྱི་དབང་
དུ་བྱ་བའི་ཕྱིར་དང༌། མཐར་ཐུག་མ་གྲུབ་ཀྱང་གནས་སྐབས་སུ་ཇི་སྲིད་སྣང་ཚུལ་འདི་
ལ་གནས་ཀྱི་བར་དུ་བདེན་པ་གཉིས་ཀ་རང་འཛིན་ཚད་མའི་ངོ་ཁ་ན་སོ་སོར་མི་བསླུ་
བར་བདེན་པ་དེ་གཞི་གཅིག་ལ་གནས་སྣང་གཉིས་འགལ་བ་མེད་པ་ནི་དངོས་པོ་རྣམས་
ཀྱི་ཆོས་ཉིད་ཡིན་པའི་ཕྱིར་ནང་འགལ་གྱི་སྐྱོན་མེད་ལ། དེ་ལྟར་གཏགས་ཡོད་ཙམ་དུ་
བདེན་པ་གཉིས་བཞག་ཀྱང་མ་བརྟགས་མ་དཔྱད་པར་འཇོག་པའི་ཕྱིར་དཔྱད་བཟོད་
ལ་སོགས་པའི་སྐྱོན་འབབ་པའི་གོ་སྐབས་མེད་དོ། །གཉིས་པ་དེས་གཞན་ཁེགས་ཚུལ་
ལ། དངོས་སུ་གནས་སྣང་གི་ཚུལ་སོ་སོར་ཕྱེས་པས་སྣང་སྟོང་ཕྱེ་ནས་བཞག་པ་ཐམས་
ཅད་སྣང་ཚུལ་ཀུན་རྫོབ་ཡིན་པ། གནས་སྣང་གཅིག་ཐ་དད་དང་བྲལ་བར་བཤད་པས་
ལོག་རྟོག་གཞན་སེལ་པ་གཉིས་ལས། དང་པོ་ལ། དངོས་དངོས་མེད་གཉིས་པོ་ཡང་
དཔྱད་བཟོད་མེད་པར་བཤད་པ། དེ་གཉིས་ལ་བདེན་པ་གཉིས་སུ་འཇོག་པ་ཡང་སྣང་
ཚུལ་ཡིན་པར་བཤད་པ་དང་གཉིས་ལས། དང་པོ་ནི། དངོས་པོའང་སོགས། དེ་ཡང་
མཐར་ཐུག་གི་དབང་དུ་ན་བརྟེན་ནས་སྐྱེས་པའི་ཕུང་ཁམས་སྐྱེ་མཆེད་སོགས་དངོས་པོ་
རྣམས་ཀྱང་དཔྱད་པར་མི་བཟོད་དེ་གཅིག་དུ་མ་དང་བྲལ་བའི་ཕྱིར་དང་། དེ་བཞིན་དུ་
བརྟེན་ནས་བཏགས་པའི་དངོས་མེད་རྣམས་ཀྱང་ནི་དཔྱད་པར་མི་བཟོད་དེ་དངོས་པོ་
ལ་བརྟེན་ནས་བཞག་པ་ཙམ་ཡིན་པའི་ཕྱིར་དང་། དེས་ན་མཐར་ཐུག་དངོས་དངོས་མེད་
གཉིས་ཀ་མ་གྲུབ་པར་མཚུངས་པ་ལ་གནས་སྐབས་ཕན་ཚུན་ལྟོས་ཏེ་བཏགས་པའི་ཀུན་
རྫོབ་ཙམ་དུ་འགྱུར་རོ། །གཉིས་པ་ལ། མ་བརྟགས་པའི་ཀུན་རྫོབ་སྣང་ཚུལ་ཡིན་པ།
བདེན་མེད་ཙམ་རྣམ་གྲངས་པར་བཤད་པ་གཉིས་ལས། དང་པོ་ནི། མ་བརྟགས་
སོགས། དེ་ལྟར་ཡང་མ་བརྟགས་མ་དཔྱད་པའི་འཇིག་རྟེན་གྲགས་པས་ཡོད་ཙམ་དེ་
སྣང་ཚུལ་གྱི་དབང་དུ་བྱས་པ་ཡིན་གྱི་གནས་ཚུལ་མིན་པའི་ཕྱིར་ཀུན་རྫོབ་ཡིན་པ་ལ་
རྩོད་པ་དང་དོགས་པ་མེད་དོ། །གཉིས་པ་ནི། བདེན་མེད་སོགས། དེ་འདྲའི་སྣང་ཚུལ་
དེ་བདེན་མེད་དུ་དཔྱོད་པའི་རིགས་ཤེས་ཀྱིས་མེད་པར་དགག་པའི་སྟོང་ཉིད་མཐོང་
བ་དེ་གནས་ཚུལ་དོན་དམ་ཡིན་པར་འདོད་མོད། དེ་ལྟར་ཡང་ཀུན་རྫོབ་ཀྱི་ཟླ་ལ་སྦྱར་
བའམ་དེར་ལྟོས་པའི་གནས་སྐབས་ཀྱི་དོན་དམ་ཡིན་གྱི་མཐུར་ཐུག་གི་རྣམ་གྲངས་མ་
ཡིན་པའི་དོན་དམ་ལ་ལྟོས་ན་བདེན་མེད་ཙམ་པོ་དེ་ཡང་དོན་དམ་རྣམ་གྲངས་པ་ཙམ་
དང་ཀུན་རྫོབ་མཚན་ཉིད་པ་ཡིན་ཏེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། ཡང་དག་
ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་གྱི། །སྟེང་དུ་འགྲོ་བར་བྱ་བ་ནི། །
མཁས་ལ་རུང་བ་མ་ཡིན་ནོ། །ཞེས་དང་། རྒྱན་ལས། རྣམ་པར་རྟོག་ལ་བརྟེན་ན་ཡང་། །
ཀུན་རྫོབ་ཏུ་འགྱུར་ཡང་དག་མིན། །ཞེས་སོ། །
གཉིས་པ་ལ། གནས་སྣང་གཅིག་ཐ་དད་དང་བྲལ་བ། དེའི་སྒོ་ནས་ལོག་རྟོག་གཞན་
སེལ་བ་གཉིས་ལས། དང་པོ་ནི། གནས་སྣང་སོགས། དེས་ན་གོང་དུ་བཤད་པའི་
གནས་ཚུལ་དོན་དམ་དང་སྣང་ཚུལ་ཀུན་རྫོབ་གཉིས་པོ་ཕན་ཚུན་འགལ་བ་ཡིན་པས་ན།
དོན་དམ་པར་ཐ་དད་དུ་ཡོད་དགོས་ན། བདེན་གཉིས་ཐ་དད་པའི་སྐྱོན་བཞི་འབབ་པར་
དགོངས་པ་ངེས་འགྲེལ་ལས་གསུངས་པའི་དོན་འདི་ལྟར། དོན་དམ་མངོན་སུམ་དུ་རྟོགས་
ཀྱང་ཀུན་རྫོབ་དེར་མ་འདུས་པས་ལོགས་སུ་དམིགས་པའི་ཕྱིར་ན་མྱང་འདས་མི་འཐོབ་
པ་དང༌། ཀུན་རྫོབ་ལས་ཐ་དད་པའི་དོན་དམ་པ་དེ་ཀུན་རྫོབ་ཀྱི་ཆོས་ཉིད་མ་ཡིན་པར་
འགྱུར་ཏེ། བུམ་པ་སྣམ་བུའི་ཆོས་ཉིད་མ་ཡིན་པ་བཞིན་ནོ། །
ཀུན་རྫོ་བ་ཀྱི་བདག་རབ་ཏུ་མ་གྲུབ་པ་ཙམ་དོན་དམ་པའི་བདེན་པ་མ་ཡིན་པར་འགྱུར་ཏེ།
བུམ་པ་རབ་ཏུ་མ་གྲུབ་པ་ཙམ་སྣམ་བུ་མ་ཡིན་པ་བཞིན་ནོ། །དོན་དམ་རྟོགས་ནས་མྱང་
འདས་ཐོབ་པའི་དུས་ནའང་ཀུན་རྫོབ་དེ་བས་ལོགས་སུ་དམིགས་པས་ཀུན་ནས་ཉོན་མོངས་
པར་འགྱུར་བས་སྐྱེས་བུ་གཅིག་གི་རྒྱུད་ལ་ཀུན་ཉོན་དང་རྣམ་བྱང་དུས་གཅིག་ལ་འཇུག་
པ་མི་འགལ་བར་འགྱུར་བ་དང་བཞིའོ། །དགོངས་པ་ངེས་འགྲེལ་ལ་ཕུག་བཅའ་བ་
རྣམས་ཀྱིས་རང་ལུགས་ཀྱི་བདེན་གཉིས་འདི་དང་བརྟེན་ལ་དཔྱོད་ཅིག ཡང་དེ་འདྲའི་
གནས་སྣང་གཉིས་པོ་ཕན་ཚུན་མ་འདྲེས་པར་སྣང་བ་དེ་ཐ་སྙད་དུ་གཞན་མིན་ན་ཡང་
བདེན་གཉིས་གཅིག་པའི་སྐྱོན་བཞིའི་གནོད་པ་མདོ་དེ་ལས་གསུངས་པ་ཡང་། སོ་
སོའི་སྐྱེ་བོ་ཐམས་ཅད་ཀྱིས་ཀུན་རྫོབ་མཐོང་བའི་ཕྱིར་དོན་དམ་ཡང་མཐོང་བར་འགྱུར་
བ་དང་། ཀུན་རྫོབ་ལ་བརྟེན་ནས་ཟག་པ་འཕེལ་བ་ལྟར་དོན་དམ་པ་ལ་བརྟེན་ནས་ཀྱང་
ཟག་པ་འཕེལ་བར་ཐལ་བ་དང་། དོན་དམ་ལ་དབྱེ་བ་མེད་པ་ལྟར་ཀུན་རྫོབ་ལའང་དབྱེ་
བ་མེད་པར་ཐལ་བ་དང་། ཀུན་རྫོབ་ཇི་ལྟར་མཐོང་པ་དང་ཐོས་པ་ལས་བཙལ་པར་བྱ་
མི་དགོས་པ་ལྟར་དོན་དམ་ཀྱང་དེ་ལྟར་འགྱུར་བ་སྟེ་བཞིའོ། །གཉིས་པ་ལ། སྤྱིར་ཐེག་
པ་ཆེ་ཆུང་ལ་རྣམ་བཞག་ཐ་དད་ཡོད་པ། དེའི་ཕྱིར་བདེ་གཤེགས་སྙིང་པོ་ངེས་དོན་ཡིན་
པ་ལ་རིགས་པས་གནོད་པ་མེད་པ། དེ་སྒྲིབ་བྱེད་ཀྱི་དྲི་མ་སྦྱངས་པ་དོན་ཡོད་པར་བསྟན་
པ་དང་གསུམ་ལས། དང་པོ་ནི། ཚུལ་དེས་སོགས། དེ་ལྟར་བདེན་པ་གཉིས་པོ་སྣང་
ཚུལ་དང་གནས་ཚུལ་དུ་བཤད་པའི་ཚུལ་དེས་སངས་རྒྱས་དང་སེམས་ཅན་ཀྱང་གནས་
ཚུལ་སྣང་ཚུལ་ཙམ་ཡིན་གྱི་སེམས་ཅན་དང་སངས་རྒྱས་གཉིས་རྒྱུ་འབྲས་ཉིད་དུ་འདོད་
པ་ནི་ཐེག་པ་ཆུང་ངུར་ཤེས་པར་བྱ་སྟེ། དེ་དག་གིས་ཡུན་རིང་པོར་བསྲན་བཟོད་པའི་
གདུལ་བྱ་མ་ངེས་པ་འཕགས་པའི་རིགས་ཅན་དེའི་རྒྱུ་དམན་པའི་ཐེག་པ་ལ་ཞུགས་པའི་
ལམ་དེའི་འབྲས་བུ་རྐང་གཉིས་རྣམས་ཀྱི་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་
ཐོབ་པར་འདོད་པ་ཡིན་ནོ། །ཐེག་ཆེན་པ་ནི་སྤང་བྱ་སྤྲིན་ལྟ་བུའི་གཉེན་པོར་ལམ་
བསྒྲུབ་པས་བྲལ་བའི་འབྲས་བུ་མཐར་ཐུག་པ་མངོན་དུ་མཛད་པའི་སངས་རྒྱས་རྣམས།
སྣང་ཚུལ་འཁོར་འདས་སུ་སྣང་བ་ཐམས་ཅད་གནས་ཚུལ་ཡེ་སངས་རྒྱས་པ་མཉམ་པ་ཉིད་
དེའི་ངང་དུ་འབ་ཆུབ་པར་རྫོགས་ནས་གནས་སྣང་ཀུན་ཏུ་མཐུན་པར་གྱུར་ནས་རང་སྣང་
རྣམ་པར་དག་པའི་བདག་ཉིད་དུ་བཞུགས་ཀྱང་། སེམས་ཅན་རྣམས་གཞིའི་གནས་ཚུལ་
ཡེ་སངས་རྒྱས་པ་དེ། དེ་ལྟར་མ་རྟོགས་པ་རྣམས་སངས་རྒྱས་གཞན་དུ་ཚོལ་བ་ལ་ངལ་བ་
དང་ཞུམ་པ་སྤང་བའི་དོན་དུ། མགོན་པོ་བྱམས་པས། ལྟོས་བྱ་ཆོས་ཉིད་ཀྱི་རིགས་པ་
གསུམ་གྱི་སྒོ་ནས་སེམས་ཅན་གྱི་ཁམས་ལ་སངས་རྒྱས་ཀྱི་རང་བཞིན་གནས་རིགས་བཞུགས་
པ་བསྒྲུབ་པར་མཛད་དོ། །
དེ་འདྲའི་རིགས་དེས་འབྲས་བུ་སངས་རྒྱས་ཐོབ་པའི་བྱ་བ་བྱེད་པ་དང་། སངས་རྒྱས་དེ་
སེམས་ཅན་གྱི་ཁམས་ན་རིགས་ཡོད་པ་ལ་ལྟོས་ཏེ་མངོན་དུ་གྱུར་པ་ཡིན་པར་བསྒྲུབ་ལ།
གལ་ཏེ་དེ་ལྟ་ན་ཐེག་དམན་པ་ལྟར་རྒྱུ་འབྲས་སུ་གྱུར་པ་མ་ཡིན་ནམ་སྙམ་ན། མ་ཡིན་
ཏེ་སྣང་ཚུལ་དེ་ལྟར་རྒྱུ་འབྲས་ལྟར་སྣང་བའི་ཕྱིར་དེ་ལྟར་བསྒྲུབས་ན་ཡང་གནས་ཚུལ་ལ་སངས་
རྒྱས་དང་སེམས་ཅན་གཉིས་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་དབྱེ་བ་མེད་པར་གནས་
ཤིང༌། དེ་ལྟར་ན་ཆོས་ཉིད་དེ་བཞིན་ཉིད་འདུས་མ་བྱས་དེ་དང་སེམས་ཅན་གཉིས་དབྱེ་
བ་མེད་ན་སེམས་ཅན་སངས་རྒྱས་ཡིན་དགོས་ཏེ། སངས་རྒྱས་ཀྱང་དེ་དང་དབྱེ་བ་མེད་
པའི་ཕྱིར། རྒྱུད་བླ་མར། ཉེས་པ་གློ་བུར་དང་ལྡན་ཅིང༌། །ཡོན་ཏན་རང་བཞིན་ཉིད་
ལྡན་པས། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །
ཞེས་དང༌། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གངྒཱའི་ཀླུང་གི་ནི། །རྡུལ་
ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ཡང་དག་ལྡན། །ཞེས་སོ། །
དེས་ན་སེམས་གྱི་རང་བཞིན་འོད་གསལ་འདུས་མ་བྱས་པ་དང་དབྱེར་མེད་པའི་སངས་
རྒྱས་ཀྱི་ཆོས་ཁམས་རྒྱ་མཚོ་བཞུགས་པ་འདི་གཏན་ཚིགས་ཡང་དག་ཏུ་འགྱུར་དེ་འདུས་མ་
བྱས་པ་དང་དབྱེར་མེད་ན་གསར་དུ་བསྒྲུབ་མི་དགོས་པའི་ཕྱིར་སྣང་ཚུལ་འབྲས་བུ་ལྟར་
སྣང་པའི་སངས་རྒྱས་དེ་གཞི་ལ་ལྷུན་གྱིས་གྲུབ་བོ། །གལ་ཏེ་གསར་དུ་བསྒྲུབ་དགོས་ན་
འདུས་བྱས་སུ་འགྱུར་བས་གཏན་གྱི་སྐྱབས་གནས་མ་ཡིན་པར་འགྱུར་བ་སོགས་གནོད་
པ་དུ་མ་ཡོད་དོ། །ཡང་རོང་ཟོམ་པཎྜི་ཏའི་ཡེ་ཤེས་སྣང་བ་རྒྱན་གྱི་མདོའི་དོན་འདི་ལྟར།
རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཀུན་ཀྱང་དེ་བཞིན་གཤེགས་
དང་འདྲ། །བྱས་པའི་བློ་ཅན་མཚན་མར་འཛིན་པ་ནི། །འཇིག་རྟེན་དག་ན་རྟག་ཏུ་མེད་
ཆོས་སྤྱོད། །ཞེས་གསུངས་པའི་དོན་འདི་ལྟར་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་
པ་ཡིན་ཏེ། རྟག་ཏུ་སྐྱེ་བ་མེད་པའི་ཆོས་དེ་དེ་བཞིན་གཤེགས་པ་ཡིན་པའི་ཕྱིར། དཔེར་
ན་དུས་གསུམ་གྱི་བདེ་བར་གཤེགས་པ་དང་འདྲའོ། །
ཇི་ལྟར་འདྲ་ན་བདེ་བར་གཤེགས་པ་ནི་ལུས་དང་ངག་དང་ཡིད་ཀྱིས་ཕྱེ་བ་མ་ཡིན་ཏེ།
ཆོས་ཉིད་ཀྱིས་ཕྱེ་བ་ཡིན་ཏེ། འདི་ལྟར་འདུས་མ་བྱས་ཀྱི་ཕྱེ་བ་ནི་འཕགས་པའི་གང་ཟག་
གོ་ཞེས་བརྗོད་པ་ཡིན་ནོ། །དེ་བཞིན་དུ་འཕགས་པ་རྣམས་འདུས་མ་བྱས་ཐོབ་པས་
འཕགས་པ་ཉིད་དུ་ཐོབ་པ་བཞིན་དུ། ཆོས་ཐམས་ཅད་འདུས་མ་བྱས་པའི་རང་བཞིན་
ཐོབ་པས་དེ་བཞིན་གཤེགས་པ་ཡིན་ནོ། །མཚན་མའི་སྤྱོད་ཡུལ་ནི་དེ་ལྟར་མ་ཡིན་ཏེ།
དེ་ལྟར་མེད་བཞིན་དུ་སྤྱོད་པར་འདོད་པ་རྣམས་མེད་པའི་ཆོས་ལ་སྤྱོད་པར་ཟད་དོ། །
ཞེས་སོ། །དེ་ལྟར་རིགས་པ་གོང་མ་གཉིས་ཀྱི་གནད་ཀྱང་ཆོས་ཉིད་ཀྱི་རིགས་པ་འདི་ལ་
ཐུག་པས་དངོས་མཐའ་ཆོས་ཉིད་ལ་ཐུག་ནས་རྒྱུ་མཚན་གཞན་ཚོལ་མི་དགོས་སྟེ། ཐམས་
ཅད་མཁྱེན་པ་གྲུབ་པར་བསྟོད་པ་ལས། རིགས་པའི་ནང་ན་ཆོས་ཉིད་ལྟར། །རྣམ་
གྲོལ་ནང་ན་མི་གཡོ་ལྟར། །ཤེས་རབ་ནང་ན་ཀུན་མཁྱེན་ལྟར། །ཁྱོད་ནི་ལུས་ཅན་
ཀུན་གྱི་མཆོག །ཅེས་སོ། །གཉིས་པ་ནི། གནས་སྣང་སོགས། དེ་ལྟར་རྣམ་པར་བཞག་
པ་དེ་ལ་སྐྱོན་ཅི་ཡང་མེད་དེ། འདི་ལྟར་གནུས་སྣང་གཉིས་མཐའ་གཅིག་ཏུ་གཅིག་དང་
ཐ་དད་དུ་ཁས་བླང་བ་མེད་པའི་ཕྱིར་ན། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ན་སྣང་
རུང་བར་ཐལ་པའི་སྐྱོན་ཅི་ཡང་མེད་དེ། རྟགས་སྔ་མ་དེའི་ཕྱིར། སངས་རྒྱས་ཡིན་ན་ཐམས་
ཅད་དུ་སྣང་བའི་ཁྱབ་པ་མེད་དེ། ད་ལྟ་ཕྱོགས་བཅུ་ཀུན་ན་འཚོ་ཞིང་གཞེས་པའི་སངས་
རྒྱས་རྣམས་ཁྱོད་ལ་སྣང་ངམ། དེ་མི་སྣང་བ་ནི་སྒྲིབ་པས་བསྒྲིབས་པ་ཡིན་སྙམ་ན། སེམས་
ཅན་སངས་རྒྱས་ཀྱི་ངོ་བོར་བཞུགས་པ་མི་སྣང་བ་ཡང་སྒྲིབ་པ་དེས་བསྒྲིབས་པ་ཡིན་ནོ། །
སངས་རྒྱས་རྣམས་བདག་ཅག་གིས་མ་མཇལ་ཀྱང་སྔོན་དུས་སུའང་མཇལ་པའི་གང་ཟག་
དུ་མ་འདི་དཔང་པོར་ཡོད་སྙམ་ན། སེམས་ཅན་སངས་རྒྱས་ཡིན་པ་མཇལ་པའི་གང་ཟག་
ཀྱང་དུ་མ་ཡོད་དེ། དཔེར་ན་ཚངས་པ་རལ་པ་ཅན་གྱིས་ཞིང་འདི་དག་པར་གཟིགས་པ་
བཞིན་ནོ། །ཡང་ད་ལྟ་སངས་རྒྱས་ཡིན་ན་སྒྲིབ་པ་སྤང་བའི་གཉེན་པོ་ལམ་ལྔ་དང་ས་བཅུར་
ཚོགས་གཉིས་སྒྲུབ་པ་ཐམས་ཅད་དོན་མེད་པར་ཐལ་པའི་སྐྱོན་ཡང་མེད་དེ། སངས་
རྒྱས་ཡིན་པ་དེ་མངོན་དུ་འགྱུར་པའི་ཐབས་ཡིན་པའི་ཕྱིར། དང་པོ་ནས་སངས་རྒྱས་ཡིན་
ན་གསར་དུ་མངོན་དུ་འགྱུར་མི་དགོས་ཏེ་དང་པོ་ནས་ཡིན་པའི་ཕྱིར་སྙམ་ན། འོ་ན་སྟོང་
ཉིད་རྟོགས་པའི་དོན་དུ་ཚོགས་བསགས་སྒྲིབ་སྦྱངས་མི་དགོས་པར་ཐལ། དང་པོ་ཉིད་
ནས་སྟོང་པ་ཉིད་ཡིན་པའི་ཕྱིར་དང་། ཡང་རྒྱུ་ལ་འབྲས་བུ་གནས་ན་ཟན་ཟ་མི་གཙང་
ཟ་བས་ཀྱང་མི་གནོད་དེ། གོང་དུ་བཤད་པ་ལྟར་ཐེག་པ་ཆེ་ཆུང་གཉིས་ཀྱི་རྣམ་བཞག་
ཤན་ཕྱེས་དང་། ཕྱོགས་སྔ་མ་ཁྱོད་ཀྱི་རློམས་པ་ཆེ་པའི་གྲུབ་མཐའ་དེ་ཐེག་པ་ཆུང་ངུའི་
རྣམ་བཞག་དང་མཚུངས་པར་སོང་ཡོད་པའི་འཕྲིག་ད་གདོད་ཚུད་པར་འགྱུར་རོ། །དེས་
ན་དེ་འདྲ་བའི་ཁས་ལེན་དེ་ལ་སྐྱོན་གོང་སྨོས་སོགས་ལུང་རིགས་ལྟར་སྣང་བས་གནོད་པ་
རྣམ་པ་ཀུན་ཏུ་མེད་དོ། །གསུམ་པ་ནི། གནས་ཚུལ་སོགས། དེས་ན་ད་ལྟ་མི་སྣང་བའི་
གནས་ཚུལ་བདེ་གཤེགས་སྙིང་པོ་དང་སྟོང་པ་ཉིད་གང་ཡིན་ཀྱང་ལས་ཉོན་རྣམ་སྨིན་གྱི་
སྒྲིབ་པ་ཡིས་བསྒྲིབས་པའི་ཕྱིར་ཉེ་བར་མི་སྣང་བ་ནི་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར་
སྒྲིབ་པ་སྤང་པའི་དོན་དུ་ལམ་ཉམས་སུ་ལེན་པ་ལ་འབད་པར་བྱེད་པ་ནི་རང་གཞན་གཉིས་
ཀའི་འདོད་པ་ཉིད་དོ། །གཉིས་པ་རང་རྒྱུད་པའི་ལུགས་བཤད་པ་ལ། བདེན་གཉིས་
ཀྱི་རྣམ་བཞག་སྤྱིར་བཤད་པ། དེ་གཏན་ལ་འབེབ་ཚེ་ཁྱད་པར་སྦྱར་ཚུལ་བཤད་པ། དེ་
ལ་རྩོད་པ་སྤང་པ་གསུམ་ལས། དང་པོ་ལ། བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་
དུ་འདོད་པ། དེ་གཉིས་ཡུལ་དོན་ཀྱི་སྟེང་ན་སྟོབས་མཚུངས་སུ་ཡོད་པ་ལྟར་ཁས་ལེན་
པ༑ ཡུལ་ཅན་ཚད་མ་གཉིས་ཀྱི་རྙེད་དོན་བདེན་པ་གཉིས་སུ་ངོས་བཟུང་བ། དེ་གཉིས་
གཅིག་ཐ་དད་དང་བྲལ་བས་འདམས་ཀ་མེད་པར་བཤད་པ་དང་བཞི་ལས། དང་པོ་ནི།
བདེན་གཉིས་སོགས། དེ་ཡང་སྐབས་འདིར་དབུ་མ་ཆེན་པོ་ནི་ཟུང་འཇུག་སྤྲོས་པའི་མཐའ་
དང་བྲལ་བ་དེ་ལ་ཁས་ལེན་ཡོད་མེད་དཔྱད་པ་ལ་རང་རྒྱུད་པ་ཇི་ལ་བཤད་སྙམ་ན། ཤིན
ཏུའང་བཤད་པ་སྐབས་སུ་བབས་ཏེ། ཁས་ལེན་ཡོད་མེད་ཀྱི་སྐབས་གཉིས་ཀ་སྟོན་དགོས་
པའི་ཕྱིར། དེ་ཇི་ལྟར་ན། མཉམ་བཞག་ཡེ་ཤེས་འབྲས་བུའི་དབུ་མ་དང་། རྗེས་ཐོབ་ཤེས་
རབ་རྒྱུ་ཡི་དབུ་མ་གཉིས་སོ་སོར་ཤན་ཕྱེས་ཏེ་དེ་གཉིས་ལས་དང་པོ་ཁས་ལེན་མེད་པ་
རྣམ་གྲངས་མ་ཡིན་པའི་དོན་དམ་རྩལ་དུ་བཏོན་པ་དབུ་མ་ཆེན་པོ་ཐལ་འགྱུར་བ་དང་།
གཉིས་པ་ཁས་ལེན་དང་བཅས་པ་རྣམ་གྲངས་པའི་དོན་དམ་རྩལ་དུ་འདོན་པ་རང་རྒྱུད་པའི་
ལུགས་སུ་འཆད་ཅིང་། དེ་ཡང་མཐར་ཐུག་རྣམ་གྲངས་མ་ཡིན་པའི་དོན་དམ་ཁས་ལེན་
ཀུན་བྲལ་དུ་ལ་ཟློ་བ་སོགས་སྨྲ་དགོས་པའི་ཕྱིར་རོ། །གལ་ཏེ་འདི་གཉིས་ཀྱི་ཁྱད་པར་
རྣམ་གྲངས་དང་རྣམ་གྲངས་མ་ཡིན་པ་དེ་ཁོ་ནར་ངེས་སམ་སྙམ་ན། གྲུབ་མཐའ་ལྟ་བའི་
ཁྱད་པར་གྱིས་འཇོག་པ་ལ་རྩ་བའི་དབྱེ་བ་འདི་ཁོ་ན་ཡིན་ཅིང་། གཞན་ཡང་ཚད་གྲུབ་
འདོད་མི་འདོད་དང་དགག་བྱ་ལ་དོན་དམ་གྱིས་ཁྱད་པར་སྦྱར་མི་སྦྱར་དང་རྟོགས་ཐལ་
རང་དུ་འགོད་པ་སོགས་ཁྱད་པར་ཐམས་ཅད་ཡན་ལག་གི་དབྱེ་བ་སྟེ། མདོར་ན་བདེན་གཉིས་
སོ་སོར་ཕྱེ་སྟེ་སྨྲ་པ་རང་རྒྱུད་པ་དང་། བདེན་གཉིས་མི་ཕྱེ་བར་ཚད་མ་གཉིས་ཀྱི་སོ་སོར་
འཇལ་བའི་རྣམ་བཞག་སྨྲ་བ་ཐལ་འགྱུར་པ་སྟེ། གོང་གི་དབྱེ་བ་ཐམས་ཅད་གནད་འདི་
ལ་ཐུག་པ་སྟེ། དཔལ་རོང་ཟོམ་ཆེན་པོ་ཆོས་བཟང་གིས། ཆོས་ཐམས་ཅད་དོན་དམ་
པར་སྤྲོས་པ་ཉེ་བར་ཞི་བ་སྟེ། བསྒྲུབ་པར་བྱ་བ་གང་ཡང་མི་བསྒྲུབ་པར་ལྟ་བཞིན་ཡང་
དག་པའི་ཀུན་རྫོབ་ཀྱི་མཚན་ཉིད་སྤང་བ་དང་བླང་བར་བྱ་བའི་རྫས་ཡོད་པར་འཛིན་པ་
ནི༑ ཤིན་ཏུ་མི་འཚམ་པར་འཛིན་པ་སྟེ་ངོ་མཚར་བའི་གནས་ཡིན་ནོ། །ཞེས་དང༌།
ཀུན་མཁྱེན་ཆེན་པོའི་གསང་འགྲེལ་ལས། དེའང་དབུ་མ་རང་རྒྱུད་པ་ནི་ཆོས་ཐམས་
ཅད་ཀུན་རྫོབ་ཏུ་སྣང་ལ། དེ་ཡང་བརྟགས་ན་དོན་དམ་པར་རང་བཞིན་མེད་པར་
འདོད་དེ། དབུ་མ་བདེན་གཉིས་ལས། ཀུན་རྫོབ་འདི་ལྟར་སྣང་བ་འདི། །རིགས་པས་
བརྟག་ན་འགའ་མི་རྙེད། །མ་རྙེད་པ་ཉིད་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་
དོ༑ ༑ཞེས་གསུངས། དབུ་མ་ཐལ་འགྱུར་པ་ནི། དཔྱད་རུང་མ་དཔྱད་རུང་དུས་གཏན་
དུ་ཆོས་ཐམས་ཅད་སྤྲོས་པ་ཉེ་བར་ཞི་བ་ཁས་ལེན་ཐམས་ཅད་དང་བྲལ་བར་འདོད་དེ།
འཇུག་པ་ལས། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་
བདག་གིས་ཁས་མ་བླང་། །ཞེས་སོགས་དང་། ཀུན་རྫོབ་དེ་ལ་དབྱེ་ན་སྣང་ལ་དོན་བྱེད་
མི་ནུས་པ་ཆུ་ཟླ་ལྟ་བུ་དང་དོན་བྱེད་ནུས་པ་མཁའི་ཟླ་ལྟ་བུ་གཉིས་ཡོད་ཅིང་། དཔྱད་ན་
ཡང་ལོག་གཉིས་ཀ་སྣང་བར་མཉམ་ཞིང་། གཞིག་ན་དོན་ལ་མ་གྲུབ་པ་མཉམ་པའི་
ཕྱིར་འཁོར་འདས་སྣང་སྲིད་ཐམས་ཅད་ད་ལྟ་ནས་རྣམ་དབྱེ་མེད་པར་མཉམ་པ་ཉིད་དུ་
གནས་སོ། །
རྣམས་རང་གི་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ཉིད་གཤིས་ཀྱི་དོན་དམ་ཡིན་ཞེས་སོགས་དང་།
རྣལ་འབྱོར་པས་དོན་དེ་ཉིད་བསྒོམས་པས་སྤྲོས་པ་དང་བྲལ་བའི་བློ་སྐྱེས་པ་ནི་རྣམ་གྲངས་
པའི་དོན་དམ་ཞེས་བྱ་སྟེ། བདེན་གཉིས་ལས། སྐྱེ་ལ་སོགས་པ་བཀག་པ་ཡང་། །ཡང་
དག་པ་དང་མཐུན་ཉིད་བཞེད། །སྐྱེ་མེད་སྤྲོས་ཀུན་ཞི་བ་ལ། །དོན་དམ་པ་ཡི་བརྡ་མཛད་
དོ༑ ༑ཞེས་སོ། །འདི་ཉིད་བློས་ཡུལ་ཡིན་པས་ཀུན་རྫོབ་བདེན་པ་མཚན་ཉིད་པ་དང་།
དོན་དམ་བདེན་པ་བཏགས་པར་བཤད་དོ། །ཞེས་གསུངས་སོ། །དེ་བཞིན་དུ་སྒྱུ་མ་
ངལ་གསོར། དེ་ལ་དངོས་པོར་སྨྲ་བས་ཀུན་རྫོབ་དུ་གྲུབ་ལ། དོན་དམ་པར་མ་གྲུབ་ཅེས་
ཆ་གཉིས་སུ་འཛིན་པ་སྟེ་དེ་ཡང་། ཆོས་རྣམས་ཀྱི་རང་དུས་ན་མ་གྲུབ་པས་འཐད་པ་མ་
ཡིན་ཏེ། ཆ་གཉིས་སུ་བློས་རྟོག་པ་ཙམ་ལས་སྣང་བའི་སྟེང་ན་མེད་པར་མངོན་སུམ་དུ་
གསལ་བའི་ཕྱིར། གང་ཡང་མ་གྲུབ་པར་རྟོག་པས་དངོས་པོ་ཆུང་ངུར་མ་སོང་བའི་ཕྱིར།
དབུ་མ་ཐལ་འགྱུར་བའི་ལུགས་ནི་འདི་ཡིན་ཏེ། སྣང་བའི་དུས་ནས་ཁས་ལེན་ཐམས་
ཅད་དང་བྲལ་བ་དབུ་མའི་དེ་ཁོ་ན་ཉིད་དུ་ཤེས་པར་བྱའོ། །ཀླུས། ཇི་ལྟར་སྣང་བཞིན་
ངོ་བོས་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །ཞེས་སོ། །དེ་ཡང་འཇམ་མགོན་བླ་མས་
དབུ་མ་ཐལ་འགྱུར་པའི་གྲུབ་མཐའ་དང་ཐལ་རང་གི་ཁྱད་པར་སོགས་གང་གསུངས་རྣམས་
རོང་ཀློང་རྣམ་གཉིས་ཀྱི་གསུངས་ཁོ་ན་གཞིར་བཞག་མཛད་དོ། །དེ་ཡང་གནས་ཚུལ་
དོན་དམ་ལ་དཔྱོད་པའི་ཚད་མའི་སྤྱོད་ཡུལ་གྱི་སྣང་སྟོང་བདེན་པ་འདི་གཉིས་ནི་གཞི་
གཅིག་ལ་འགལ་བ་མེད་པའི་ཕྱིར་ན། དངོས་པོ་རང་གི་སྟེང་ན་ཇི་ལྟར་འགལ་བ་མེད་
པ་དེ་བཞིན་དུ་དེ་དཔྱོད་པའི་ཚད་མ་གཉིས་ཀྱི་སྤྱོད་ཡུལ་དུ་ཐ་སྙད་དུ་ཡོད་ཅེས་དང༌། དོན་
དམ་པར་མེད་ཅེས་ལྟ་བ་ཡི་ཁས་ལེན་གཉིས་པོའང་ཇི་ལྟར་འགལ་ཏེ་མི་འགལ་ལ། དེ་
ཡང་ངོ་བོ་གཅིག་ལས་མེད་ཀྱང་སྣང་སྟོང་གི་ལྡོག་པ་གཉིས་པོ་ཕན་ཚུན་གཅིག་པའང་
མིན་པའི་ཕྱིར་ཐ་དད་དུ་ཡོད་པས་ན་ཀུན་རྫོབ་ཏུ་ཡོད་པར་ཁས་བླང་པ་དང་། དོན་དམ་
པར་མེད་པར་ཁས་བླང་བ་གཉིས་ཀྱི་རྣམ་པར་བཞག་གོ །གཉིས་པ་ནི། དེ་ཕྱིར་སོགས།
གོང་བཤད་དེ་ཡི་ཕྱིར་ཇི་སྲིད་སྣང་སྟོང་བདེན་པ་འདི་གཉིས་མ་འདྲེས་པར་སོ་སོར་སྣང་བ་
དང་བཅས་པའི་སེམས་ཀྱི་འཇུག་པ་ཡོད་ཀྱི་བར། དེ་སྲིད་དུ་སྣང་ལྡོག་དང་སྟོང་ལྡོག་
དེ་གཉིས་པོ་རྣམ་པ་ཀུན་ཏུ་བདེན་རྫུན་སྟོབས་མཚུངས་སུ་གནས་པས་ན་ཡོད་པ་དང་
མེད་པ་གང་རུང་མཐའ་གཅིག་ཏུ་ཁས་ལེན་ཡོད་པ་མིན་ཏེ་གཟུགས་ནས་རྣམ་མཁྱེན་གྱི་བར་
དུ་མཚུངས་པར་ཡོད་པ་ཡིན་ནོ། །གསུམ་པ་ནི། མེད་ཅེས་སོགས། རྒྱུ་མཚན་དེ་དག་
གི་ཕྱིར་ན་དོན་དམ་པར་དཔྱད་ན་མེད་ཅེས་བདེན་པས་སྟོང་པར་ངེས་པ་དང་། ཀུན་
རྫོབ་ཏུ་དཔྱད་ན་ཡོད་ཅེས་ཚད་མས་གྲུབ་པའི་སྣང་ཆུ་ངེས་པ་གཉིས་པོ་ཡང་། དུས་མཉམ་
དུ་མི་འགྲུབ་སྟེ་དོན་དཔྱོད་ཀྱིས་བདེན་གྲུབ་དགག་ཅིང་སྟོང་པ་བསྒྲུབ་ལ་སྣང་བ་མི་དགག་
མི་བསྒྲུབ། ཐ་སྙད་དཔྱོད་བྱེད་ཀྱིས་རྟག་ཆད་སོགས་དགག་ཅིང་སྣང་བ་བསླུ་མེད་ཀྱི་རྟེན་
འབྲེལ་བསྒྲུབ་ལ། སྟོང་པ་མི་དགག་མི་བསྒྲུབ་པས་རེས་འཇོག་གི་ཚུལ་དུ་ཚད་མ་གཉིས་
ཀྱིས་ནི། ཤེས་བྱ་གང་ལ་གཞལ་ཚེ་དེ་གཉིས་སོ་སོའི་རྙེད་དོན་ནམ་མཐོང་དོན་སྣང་
སྟོང་གི་ལྡོག་པ་གཉིས་པོ་ལ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཞེས་བརྗོད་
པའམ་རྣམ་པར་བཞག་གོ །
བཞི་པ་ནི། དེ་གཉིས་སོགས། དེ་ལྟར་སྣང་སྟོང་བདེན་པ་དེ་གཉིས་ལྡོག་པ་ཐ་དད་ཡོད་
པས་གཅིག་ཀྱང་མིན་པ་དང་། ངོ་བོ་གཅིག་ལས་མེད་པས་ཐ་དད་པའང་མིན་པའི་
ཕྱིར་བདེན་པ་དེ་གཉིས་མཐའ་གཅིག་ཏུ་གཅིག་སྤུང་ནས་གཅིག་ཤོས་ནི་བཟུང་བར་
མི་རུང་བའམ་མི་ནུས་ཏེ་ལྡོག་པ་ནི་དོན་གྱི་སྟེང་ན་དངོས་མེད་ཡིན་ཀྱང་དེ་ལྟར་གཞལ་
བའི་བློ་དོན་དང་མཐུན་པ་གང་ཞིག་ངོ་བོ་གཅིག་ཡིན་པའི་ཕྱིར། གཉིས་པ་ཁྱད་པར་
སྦྱར་ཚུལ་ལ། ཁྱད་པར་སྦྱར་ཚུལ་དེའི་འཐད་པ་ཐུན་མོང་དུ་བཤད་པ་དང་། བྱེ་བྲག་སོ་
སོར་སྦྱར་པའི་འཐད་པ་གཉིས་ལས། དང་པོ་ལ། རང་རྒྱུད་པའི་བདེན་གཉིས་གཏན་
ལ་འབེབ་ཚེ་ཁྱད་པར་སྦྱར་ཚུལ་དཔེ་བརྗོད་ཀྱིས་བསྟན་པ། དེ་མདོ་བསྟན་གཅོས་ཀྱི་
དགོངས་པ་དང་སྦྱར་ཚུལ་གཉིས་ལས། དངོ་པོ་ནི། དེ་གཉིས་སོགས། དེ་ལྟར་བདེན་
གཉིས་ཀྱི་སྐབས་ལ་འཐད་པ་བཅུག་ནས་དཔྱོད་པའི་ཤེས་རབ་གཉིས་ཀྱི་ངོར་ལྟོས་ཏེ་
ཁས་ལེན་ཚུལ་སྐབས་སོ་སོར་ཕྱེ་སྟེ་ཁྱད་པར་སྦྱར་དགོས་པས་དེ་དཔེར་མཚོན་ན། ལམ་
མཐར་ཐུག་པའི་འབྲས་བུ་ཆོས་སྐུ་ཐོབ་པའི་ཚེ་སེམས་དང་སེམས་བྱུང་མ་ལུས་པ་ཐམས་
ཅད་ཐ་སྙད་ཀྱི་དབང་དུ་བྱས་ན་འགག་ཅེས་བྱ་བ་དང་། དམ་པའི་དོན་དུ་འགག་པའང་
མེད་དེ་སྐྱེ་བ་མེད་པའི་ཕྱིར། དེས་ན་འགག་པ་ཡོད་པ་དང་མེད་པ་གཉིས་ཀྱི་གང་ཞིག་
སྐབས་ཀྱི་བཤད་བྱའི་གཙོ་བོར་བཟུང་ནས་འཆད་ན་དེ་དང་དེའི་ཁྱད་པར་སྦྱར་དགོས་
ཀྱི་མ་སྦྱར་ན་སྐབས་ཀྱི་བཤད་བྱ་དེ་མི་གོ་བའི་ཕྱིར་རོ། །གཉིས་པ་ནི། མདོ་དང་
སོགས། དེ་ལྟར་ཁྱད་པར་སྦྱར་བ་དེ་ཡང་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ཀྱི་གཞུང་
ཀུན་ན་ཡང་དེ་ལྟར་གསལ་བས་ན། དེ་དག་གི་དགག་སྒྲུབ་ཀྱི་རྣམ་པ་གང་ཇི་སྙེད་པ་
དགོས་པ་རེ་ལ་ལྟོས་ནས་ལ་ལ་དོན་དམ་གྱི་ཁས་ལེན་ཚུལ་གྱི་དབང་དུ་བྱས་པ་དང་། ལ་
ལ་ཀུན་རྫོབ་ཁས་ལེན་གྱི་དབང་དུ་བྱས་པ་སྟེ། དེ་དག་ཀྱང་གདུལ་བྱ་རྣམས་མི་རྨོངས་
པའི་དོན་དུ་དེ་ལྟར་གསུངས་སོ། །གཉིས་པ་ལ་ཁྱད་པར་སྦྱར་བ་དེའི་འཐད་པ་དངོས་
དང༌། དེའི་དོན་བསྡུ་བ་གཉིས་ལས། དང་པོ་ལ། དོན་དམ་གཏན་ལ་འབེབ་ཚེ་ཁྱད་པར་
སྦྱར་བ་དང་། དེ་བཞིན་དུ་ཐ་སྙད་ཀྱི་རྣམ་བཞག་ལ་སྦྱར་དགོས་པ་གཉིས་ལས། དང༌
པོ་ནི། དོན་དམ་སོགས། དེ་ལྟར་དོན་དམ་པ་དེ་ཁོ་ནའི་དབང་དུ་བྱས་ན་ལམ་དང་སངས་
རྒྱུས་དང་སེམས་ཅན་སོགས་ཐམས་ཅད་མེད་ཅེས་སྨྲ་བར་རུང་མོད་ཀྱི། དེ་ཅིའི་ཕྱིར་
ན་འཁོར་འདས་ལམ་གསུམ་པོ་གཅིག་དང་དུ་མ་གང་དུ་མ་གྲུབ་མོད་དེ་ལྟ་ནའང་སྣང་ཆ་
ཀུན་རྫོབ་བདེན་པ་ཉིད་ལ་ལྟོས་མེད་དུ་མེད་པའི་མཐའ་དེ་གཅིག་ཁོ་ནར་མི་འགྱུར་ཏེ་དོན་
དམ་པར་མེད་ཀྱང་འཁོར་འདས་ལམ་གསུམ་གྱི་སྣང་ཆ་ཀུན་ཀྱང་བསླུ་མེད་བསྙོན་མེད་
དུ་སྣང་བར་མངོན་སུམ་ཉིད་དུ་གྲུབ་པའི་ཕྱིར་དོན་དམ་པའི་སྐབས་སུ་ཡང་དོན་དམ་དེས་
ཁྱད་པར་སྦྱར་ཏེ་སྟོན་དགོས་ཀྱི་དེ་ལྟར་མ་སྦྱར་ན་ཡུལ་དོན་གྱི་སྟེང་ན་མེད་པ་དེ་ཁོ་ནར་མི་
འགྱུར་པའི་ཕྱིར་ཞེ་འདོད་ཀྱི་དོན་གང་ཡིན་ཤན་མི་འབྱེད་དོ། །གཉིས་པ་ནི། ཐ་སྙད་
སོགས། ཡང་དེ་བཞིན་དུ་ཐ་སྙད་ཀྱི་རྣམ་བཞག་དཔྱོད་པའི་ཚད་མའི་དབང་དུ་བྱས་ན་
ལམ་དང་སངས་རྒྱས་སེམས་ཅན་སོགས་ཐམས་ཅད་ཡོད་ཅེས་བརྗོད་པར་རིགས་མོད་
ཀྱི༑ ཐ་སྙད་དུ་འཁོར་བ་རྒྱུ་འབྲས་དང་མྱང་འདས་རྒྱུ་འབྲས་སོགས་ཐམས་ཅད་བསླུ་
མེད་དུ་ཡོད་པའི་ཕྱིར་རོ། །འོན་ཀྱང་དོན་དམ་པར་མ་གྲུབ་པ་ཉིད་ལ་ལྟོས་མེད་དུ་ཡོད་
པའི་མཐའ་དེ་གཅིག་ཁོ་ནར་མི་འགྱུར་ཏེ། ཐ་སྙད་དུ་ཡོད་ཀྱང་དོན་དམ་པར་དེ་ལྟར་
མ་གྲུབ་པར་དཔྱད་པ་ཚད་མས་ངེས་པའི་ཕྱིར་རོ། །
གཉིས་པ་དོན་བསྡུ་བ་ནི། དེས་ན་སོགས། རྒྱུ་མཚན་དེས་ན་སྟོང་ཆ་དོན་དམ་དང་སྣང་
ཆ་ཀུན་རྫོབ་དེ་གཉིས་ནམ་དུ་ཡང་གཅིག་ཤོས་མེད་ཅིང་གཅིག་ཤོས་ཡོད་པ་ནི་མཐའ་གཅིག་
ཏུ་སྲིད་པ་མ་ཡིན་ནོ། །གསུམ་པ། རྩོད་སྤོང་ལ། རྩོད་པ་དང་། དེ་སྤང་བ་དང་གཉིས་
ལས། དང་པོ་ནི། གཉིས་ཀ་སོབ་ས། འོ་ན་དོན་དམ་དཔྱད་པས་ཀུན་རྫོབ་འགོག་མི་ནུས་
པར་བདེན་པ་གཉིས་ཀ་ཁྱད་མེད་པར་སྟོབས་མཚུངས་སུ་བདེན་པར་གྱུར་ཚེ་དངོས་པོ་
རྣམས་མི་སྟོང་པར་ཐལ་བར་འགྱུར་ཏེ། གཉིས་ཀ་སྟོབས་མཚུངས་སུ་བདེན་པའི་ཕྱིར་
ཞེ་ན། གཉིས་པ་ལ། དོན་དཔྱོད་མཐར་ཐུག་གི་ངོར་གཉིས་ཀ་རང་བཞིན་མེད་པས་མདོར་
བསྟན། དེའི་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། གཉིས་ཀའང་སོགས།
དེས་མི་སྐྱོན་དེ་གནས་སྐབས་བདེན་གཉིས་སོ་སོར་ཕྱེས་ཏེ། ལམ་དབུ་མ་གཏན་ལ་དབབ་
པར་བྱས་ཏེ་ཐོག་མ་མེད་པའི་དུས་ཀྱི་དངོས་པོར་ཞེན་པ་བཟློག་དཀའ་བའི་གཉེན་པོར་
རང་བཞིན་གྲུབ་པ་མེད་དོ་སྙམ་དུ་ཡང་ཡང་གོམས་པ་ནི་དགོས་པ་ཁྱད་པར་ཅན་དེ་ལྟར་
ཡིན་ཀྱང་མཐར་ཐུག་གི་དོན་ལ་བདེན་པ་གཉིས་ཀའང་རང་བཞིན་གྱིས་མ་གྲུབ་སྟེ། དབུ་
མ་རྒྱན་ལས། ཡང་དག་ཏུ་ན་སྤྲོས་པ་ཡིས། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །ཞེས་
དང༌། བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་
གསལ། །ཞེས་སོ། །གཉིས་པ་ལ། སྣང་བ་བདེན་པར་མ་གྲུབ་པའི་སྟོང་པར་གྲོལ་ཚུལ།
སྟོང་པ་བདེན་པར་མ་གྲུབ་པའི་རྟེན་འབྱུང་དུ་སྣང་ཚུལ། ཤེས་ཚུལ་རྒྱུ་འབྲས་སུ་འཆར་
ཞིང་སྟོབས་མཚུངས་འདུ་འབྲལ་མེད་པ། དེ་ལྟར་དབྱེར་མེད་དུ་ཤེས་པས་སླར་བདེན་
པར་མི་ལྡོག་པ། དེ་ལྟར་ཡིན་པའི་སྒྲུབ་བྱེད་འགོད་པ་དང་ལྔ་ལས། དང་པོ་ནི། ཡུལ་
གཉིས་སོགས། དེ་ཡང་ཚད་མ་དེ་གཉིས་ཀྱི་ཡུལ་ལྡོག་པ་གཉིས་པོ་དོན་གྱི་སྟེང་ན་ཐུ་
དད་དུ་ཡོད་པ་མ་ཡིན་པ་དེའི་ཕྱིར། སྣང་བ་དེའི་ངོ་བོ་ཁོ་ན་དཔྱད་ན་སྟོང་པའི་ཕྱིར་མི་
སྟོང་པ་ག་ལ་ཡིན་ཏེ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གཉིས་ཀ་སོགས། སྟོང་པ་
ཉིད་ནི་དངོས་དངོས་མེད་གཉིས་ཀ་མཚུངས་པར་ཕན་ཚུན་ལྟོས་པའི་རྟེན་འབྲེལ་ཙམ་
དུ་སྣང་བ་དེའི་ཕྱིར་སྟོང་པའང་ཕྱོང་ཆད་པའམ་བདེན་པ་མེད་པར་སྟོང་པར་གྲུབ་སྟེ། ཅི་
ཡི་ཕྱིར་ན། དངོས་དངོས་མེད་གཉིས་ཀ་རྟེན་འབྲེལ་གྱི་སྣང་བར་ཤར་བ་མེད་ན། སྟོང་
པའང་ཅུ་ཡིས་ཤེས་པར་འགྱུར་ཏེ་མི་འགྱུར་པའི་ཕྱིར་རོ། །གསུམ་པ་ནི། དེས་ན་
སོགས། རྒྱུ་མཚན་དེས་ན་སྣང་སྟོང་བདེན་པ་གཉིས་ཀ་གཞི་གཅིག་ལའང་མི་འགལ་
པར་ཚད་མ་གཉིས་ཀྱིས་དཔྱད་ན་ཡུལ་སྣང་སྟོང་གཉིསཾ་ཕན་ཚུན་རྒྱུ་འབྲས་སུ་འཆར་
ཞིང་གང་གཅིག་ཤོས་སྣང་བ་ཡོད་ན་དེའི་རང་བཞིན་གཅིག་ཤོས་སྟོང་པ་ཡོད་པ་ལ་ངེས་
ཤེས་ཁྱད་པར་ཅན་ཐོབ་ན་སྣང་སྟོང་གཉིས་ནམ་ཡང་འདུ་འབྲལ་མེད་པའོ། །འོ་ན་གཉིས་
ཀ་སྟོབས་མཚུངས་བདེན་པ་ཇི་ལྟར་ཡིན་སྙམ་ན། ཡིན་ཏེ་སྣང་སྟོང་གང་ལ་གང་གིས་
མ་ཁྱབ་པ་མེད་པའི་རྒྱུ་མཚན་དེའི་ཕྱིར་ཚད་མ་གཉིས་ཀྱི་གང་ལྟར་དུ་གཞུལ་ཀྱང་ཡུལ་དེ་
བཞིན་དུ་ཡོད་པས་ན་མི་བསླུ་བའི་ཕྱིར་བདེན་པ་ཡིན་ནོ། །བཞི་པ་ནི། སྣང་བ་སོགས།
བདེན་ན་མི་སྟོང་པ་མ་ཡིན་ནམ་སྙམ་ན་མ་ཡིན་ཏེ། སྣང་བ་སྣང་བའི་དུས་ནས་སྣང་ཚུགས་
མ་ཤོར་བ་སྟོང་པར་ཤེས་པ་ཡིས་སྣང་བ་སྣང་བཞིན་དུ་བདེན་པ་མེད་པར་རྟོགས་ལ།
སྟོང་པ་ཡང་དེ་བཞིན་དུ་སྟོང་ཚུགས་མ་ཤོར་བཞིན་དུ་རྟེན་འབྱུང་གི་སྣང་བ་འགག་མེད་
དུ་སྣང་བར་ཤེས་པ་ནི་ཡུང་སྟོང་པ་རྐྱང་བ་ཕྱང་ཆད་པ་ཞིག་བདེན་པར་ཡོད་དོ་སྙམ་དུ་
མི་རྟོག་སྟེ་རྒྱུ་མཚན་དེ་ཕྱིར། དེ་གཉིས་ཀ་གཞི་ཤེས་བྱའི་སྟེང་ན་འདུ་འབྲལ་མེད་ཅིང་
དེ་བཞིན་དུ་མཐོང་བའི་ཚེ་གཉིས་ཀ་བདེན་པར་ནམ་ཡང་སླར་མི་ལྡོག་གོ །ལྔ་པ་ནི། གང་
སྣང་སོགས། འཁོར་འདས་ཀྱི་སྣང་བ་གང་སྣང་བ་དེ་ཡི་གནས་ལུགས་ནི་སྟོང་པ་ཉིད་
ལས་མི་འདའ་བ་ཡིན་པའི་ཕྱིར་སྣང་ཙམ་པོ་དེའི་སྟེང་ན་གཉིས་ཀ་འདུ་འབྲལ་མེད་ཀྱི།
སྣང་བ་དེ་སྤངས་པའི་ཕ་རོལ་ལོགས་ཤིག་ཏུ་སྟོང་པ་ཡུན་གུར་པ་ནི་དུས་ནམ་གྱི་ཚེ་ན་
ཡང་མི་བསྒྲུབ་པའི་ཕྱིར་རོ། །དེ་ལྟར་ཡང་སེམས་ཉིད་ངལ་གསོར། སྣང་འདི་གདོད་
ནས་མ་སྐྱེས་གཟུགས་བརྙན་བཞིན། །ངོ་བོ་མེད་ལ་སྣ་ཚོགས་སྣང་བ་སྟེ། །རང་བཞིན་
དག་པའི་རྟེན་འབྲེལ་མཐོང་ནས་ནི། །མི་གནས་མཆོག་གི་གོ་འཕང་མྱུར་དུ་རེག །ཅེས་
གསུངས་སོ། །གསུམ་པ་ཐལ་རང་གཉིས་ཆུ་བོ་གཅིག་འདྲེས་སུ་སྦྱར་བ་ལ། དེ་ལྟ་བུའི་
ཤེས་རབ་རྒྱུ་ཡི་དབུ་མ་ཆུང་ངུ་ནས་རིམ་བཞིན་ལྟ་རིམ་བཞི་སོགས་ཀྱི་སྒོ་ནས་བསྒོམ་
དགོས་པའི་རྒྱུ་མཚན། དགོས་པ་དེ་ལྡན་གྱི་དོན་དེ་བཀའི་བསྟན་བཅོས་ཀྱི་དགོངས་པ་
ཡིན་པ། དེ་ལྟར་བསྒོམ་པའི་རྣམ་ཤེས་དང་ཡེ་ཤེས་ཀྱི་སྐབས་ལ་ཆུང་བ་དང་ཆེ་བ་སོགས་
ཀྱི་ཐ་སྙད་ཐོབ་པ་དང་གསུམ་ལས། དང་པོ་ལ། མདོ་ལམ་དུ་གཉིས་སུ་འབྱེད་པའི་ཤེས་
རབ་ལ་ལྟོས་ནས་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བ། སྔགས་ལམ་དུ་ཡེ་ཤེས་དེའི་ངོ་བོ་
དབང་དང་བརྡའ་ཐབས་ཀྱིས་སྟོན་ནུས་པའི་ཐབས་མང་བ། དེ་གཉིས་ཀ་མཐུན་པར་
དོན་བསྡུ་བ་དང་གསུམ་ལས། དང་པོ་ལ། དྲི་མེད་ཚད་མ་གཉིས་ལ་མ་བརྟེན་པར་འགལ་
བ་སྟོབས་ལྡན་གནས་པས་ཡེ་ཤེས་མི་སྐྱེ་བ་དང༌། བྱེ་བྲག་རྣམ་དཔྱོད་དེ་གཉིས་གང་
རུང་གི་རྒྱུ་མ་ཚངས་ན་ཡེ་ཤེས་མི་སྐྱེ་བ་དང་། དེས་ན་ཡ་བྲལ་ཡང་དག་པའི་ལམ་མིན་
པར་གསུངས་པ་དང་གསུམ་ལས། དང་པོ་ནི། དེས་ན་སོགས། དེ་ལྟར་དབུ་མ་ཐལ་རང་
གིས་གཏན་ལ་ཕབ་པ་དེ་རིམ་ཅན་དུ་ཉམས་སུ་ལེན་པ་དེས་ན་ཇི་སྲིད་མཉམ་བཞག་
གི་རྟོགས་པའམ་ལྟ་བ་མངོན་དུ་མ་གྱུར་པ་དེ་སྲིད་དུ་རེས་འཇོག་གི་ཚུལ་གྱིས་བདེན་
པ་གཉིས་བསྒོམ་པ་ནི་ཤེས་རབ་སྟེ། དེ་གང་གི་ཕྱིར་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་
མི་མཐུན་ཕྱོགས་གཉིས་སྣང་ཅན་གྱི་འཁོར་བའི་སྐབས་འདི་ན་སེམས་དང་སེམས་བྱུང་གི་
གཡོ་བ་ཡིས། གཉིས་མེད་ཀྱི་ཡེ་ཤེས་ཉེ་བར་མི་སྣང་བའི་ཕྱིར་ན་ཡེ་ཤེས་དེའི་རྒྱུ་དཔྱད་
པའི་ཤེས་རབ་ཚད་མ་དྲི་མེད་གཉིས་པོ་ཡང་སྤང་བླང་དང་འདམས་ཀ་མེད་པར་གཟུང་
བར་བྱ་དགོས་སྟེ། མེད་ན་མི་འབྱུང་གི་རྒྱུ་ཡིན་པས་སོ། །གཉིས་པ་ནི། གང་ཚེ་སོགས།
དེ་ལྟར་ཉམས་སུ་ལེན་པའི་དུས་གང་གི་ཚེ་ཡུལ་སྣང་སྟོང་གཉིས་རེས་འཇོག་གི་ཚུལ་དུ་
དཔྱད་པའི་ཚད་མ་གཉིས་ཀྱི་གང་རུང་གཅིག་མ་ཚུད་པར་གྱུར་ན་ཡང་། རྒྱུ་དེ་གཉིས་
ལས་བྱུང་བའི་འབྲས་བུ་མཉམ་བཞག་ཟུང་འཇུག་གི་ཡེ་ཤེས་ངེས་པར་མི་སྐྱེ་སྟེ། དཔེར་
ན་མེ་གཏོང་བའི་རྒྱུ་གཙུབས་ཤིང་དང་གཙུབས་སྟན་གང་རུང་དང་བྲལ་བའི་འབྲས་བུ་མེ་
ནི་འབྱུང་བ་མིན་པ་བཞིན་ནོ། ། ་
གསུམ་པ་ནི། དེས་ན་སོགས། རྒྱུ་མཚན་དེས་ན་ཐུབས་སྙིང་རྗེ་སོགས་སྣང་ཆ་དང་བྲལ་
བའི་སྟོང་པ་ཉིད་དང་། ཤེས་རབ་སྟོང་ཉིད་དང་བྲལ་བའི་ཐབས་ཏེ། ཡ་དང་བྲལ་བར་
སོང་བ་ནི་ཡང་དག་པའི་ལམ་མིན་ནོ་ཞེས་རྒྱལ་བ་རྫོགས་པའི་སངས་རྒྱས་དང་བརྒྱུད་
འཛིན་འཕགས་བོད་ཀྱི་ཆེན་པོ་ཀུན་གྱིས་གསུངས་ཏེ། ཡ་བྲལ་ཡང་དག་པའི་ལམ་མིན་
པ་དང༌། ཟུང་དུ་འཇུག་པ་ཡང་དག་པའི་ལམ་ཡིན་པ། ལག་གཉིས་ཀྱི་གདུགས་བཟུང་
ནས་གཡེང་ལ་མཆོངས་ཀྱང་ལུས་མི་སྣད་པ་སོགས་དཔེ་དང༌། རྣམ་གྲངས་དུ་མས་བསྟན་
ཏེ༑ མདོ་སྡུད་པ་ལས། དེ་ཉིད་ཐབས་དང་ཤེས་རབ་མཆོག་གིས་ཡོངས་ཟིན་ན། །མི་
ཉམས་དེ་བཞིན་གཤེགས་ཀྱི་བྱང་ཆུབ་རེག་པར་འགྱུར། །ཅེས་དང༌། རབ་རྩལ་གྱི་རྣམ་
པར་གནོན་པས་ཞུས་པའི་མདོ་ལས། ཐབས་དང་བྲལ་པའི་ཤེས་རབ་ཀྱིས། །མ་བྱུང་
འབྱུང་བར་མི་འགྱུར་ཏེ། །ཤེས་རབ་བྲལ་བའི་ཐབས་ཀྱིས་ཀྱང༌། །མཁས་པ་རབ་ཏུ་ཞི་
མི་འགྱུར། །ཅེས་དང་། དཔལ་ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ལྟ་ན། །དེས་
ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཀྱང་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་། །འཁོར་
བ་འདིར་གནས་ཐར་པ་ཐོབ་བམ་ཅི། །ཞེས་སོགས་གསུངས་པ་དེས་ན་ཡེ་ཤེས་ཀྱི་རྒྱུ་
གཉིས་པོ་འདི་སྲུང་པས་ནི་འབྲས་བུ་ཡེ་ཤེས་ཆེན་པོ་སྐྱེ་བའི་ཐུབས་གཞན་གང་ནའང་
མི་སྲིད་དོ། །
གཉིས་པ་ནི། ཡེ་ཤེས་སོགས། དེ་ལྟར་མདོ་ཡི་ཐབས་ཤེས་གཉིས་ཀྱི་འབྲས་བུ་ཡེ་ཤེས་
དེ་རང་གི་ངོ་བོ་ནི་རྣམ་རྟོག་གིས་བསམ་པ་དང༌། ངག་གི་བརྗོད་པ་ལས་འདས་པའི་
ཕྱིར་མདོ་ལམ་དུ་ཐབས་ཤེས་ཟུང་འབྲེལ་དུ་གོམ་པ་ལས་ཐོབས་གཞན་མེད་ན་ཡང་རྒྱུད་
སྡེ་རྣམས་སུ་དབང་སོགས་བརྡ་ཐུབས་དང་ཚིག་ཙམ་དག་གིས་མཚོན་པ་ལས་དངོས་
སུ་བསྟན་པར་མི་ནུས་པས་ན་སྔགས་སུ་ཚིག་གི་དབང་ཞེས་གསུངས་ཏེ། ཐུན་མོང་མ་
ཡིན་པའི་རྡོ་རྗེ་སྙིང་པོའི་རྒྱུད་སྡེ་སོགས་སུའང་ཚིག་གི་ངོ་སྤྲོད་པ་དང་བརྡ་ཐབས་སྣ་
ཚོགས་ཀྱི་སྒོ་ནས་བསྟན་པར་མཛད་དོ། །
གསུམ་པ་དོན་བསྡུ་བ་ལ། དགོས་པ་དང་ལྡན་པའི་བདེན་གཉིས་སོ་སོར་ཕྱེ་བའི་ལམ་
དབུ་མ་བསྟན་པ། དེས་འབྲས་བུ་ཟུང་འཇུག་གི་ཡེ་ཤེས་རྣམ་གྲངས་མ་ཡིན་པ་ལ་མདོ་
སྔགས་གནད་མཐུན་པར་བཤད་པས་དོན་བསྡུ་བ་གཉིས་ལས། དང་པོ་ནི། འཇིག་རྟེན་
སོགས། དེ་འདྲའི་བསམ་བརྗོད་དང་བྲལ་བའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ།
གོང་དུ་བཤད་པ་དེ་ལྟར་རྒྱུ་དང་ཐབས་གཞན་དུ་མ་ལྟོས་པར་རང་གར་ཡེ་ཤེས་དེ་འཐོབ་
པར་མི་ནུས་པའམ་བཟུང་བར་ནུས་པ་མ་ཡིན་པའི་ཕྱིར། དེ་ཐོབ་པའི་རྒྱུ་གྲུང་བོ་བདེན་
གཉིས་སོ་སོར་ཕྱེས་ཏེ་རེས་འཇོག་ཏུ་གོམས་པའི་ལམ་གྱི་དབུ་མ་བསྟན་ཏོ། །གཉིས་
པ་ནི། བདེན་གཉིས་སོགས། དེ་ལྟར་བདེན་གཉིས་སོ་སོར་ཕྱེས་ཏེ་བསྟན་པའི་ཚུལ་
གྱིས་དཔྱད་པས་འབྲས་བུ་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་ཉིད་དུ་གྲུབ་ནུས་པ་དེས་ན།
སྣང་སྟོང་བདེན་པ་གཉིས་པོ་གཏན་ལ་འབེབས་ཚེ་སྣང་སྟོང་གཉིས་ཀྱི་དགག་བྱ་སྣང་བ་
དང་འགོག་བྱེད་སྟོང་པ་སོགས་ཀྱི་ཚུལ་དུ་རེས་འཇོག་ལྟ་བུ་ཞིག་དུ་ཉམས་སུ་ལེན་ཚུལ་
བསྟན་ནས། དེའི་འབྲས་བུ་དབྱིངས་རིག་གཉིས་འགལ་མེད་ཟུང་གཅིག་ཏུ་ཆུད་པའི་
ཟུང་འཇུག་ཡེ་ཤེས་ཉིད་རྒྱུད་སྡེར་ནི་བསྐྱེད་རྫོགས་ཀྱི་ལམ་ཉམས་སུ་ལེན་པའི་ཐབས་
དུ་མ་དང་ཐབས་དེ་ལས་བྱུང་བའི་ཡེ་ཤེས་ཀྱང་དེ་དང་དོན་གྱི་འོད་གསལ་སོགས་རྣམ་
གྲངས་དུ་མས་བསྟན་པར་མཛད་དོ། །གཉིས་པ་བཀའ་དང་དགོངས་འགྲེལ་གྱི་དོན་
ཡིན་པ་ནི། དེས་ན་སོགས། དེ་ལྟར་ཐབས་ཤེས་དང་སྣང་སྟོང་ཡ་མ་བྲལ་བར་ཉམས་
སུ་ལེན་དགོས་པ་དེས་ན་དབུ་མའི་གཞུང་ལུགས་ཐམས་ཅུད་ན་ཀུན་རྫོབ་དང་དོན་དམ་
པའི་བདེན་པ་གཉིས་ཀྱི་ཚུལ་གྱིས་རྣམ་པར་བཞག་ཅིང་། དེའི་རྒྱུ་མཚན་ཡང་གཞི་བདེན་
གཉིས་ཟུང་འཇུག་ཏུ་མ་ཤེས་ན་གཞིའི་གནས་ལུགས་མ་ཤེས་པ་ཡིན་ལ་དེ་ལྟར་གཞིའི་
གནས་ལུགས་ཟུང་འཇུག་ཏུ་ཤེས་པ་དེ་ལ་མ་བརྟེན་པར་ལམ་ཐབས་ཤེས་ཟུང་འཇུག་
ཏུ་ཉམས་སུ་ལེན་པ་མི་འབྱུང་ལ། དེ་མེད་ན་འབྲས་བུ་སྐུ་དང་ཡེ་ཤེས་ཟུང་འཇུག་ཀྱང་
ཁོང་དུ་ཆུད་པར་མི་འགྱུར་བ། དེ་བས་ན་རྒྱལ་བས་ཇི་སྙེད་གསུངས་པ་ཡང་གཞི་ལམ་
འབྲས་བུའི་སྐབས་ཀུན་ཏུ་བདེན་པ་གཉིས་ལ་ཡང་དག་པར་བརྟེན་ནས་གསུངས་པ་སྟེ།
རྩ་བ་ཤེས་རབ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་
དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །
ཞེས་སོ། །གསུམ་པ་ལ། ཤེས་རབ་རྒྱུ་ཡི་དབུ་མ་ཆུང་ངུ་། ཟུང་འཇུག་འབྲས་བུའི་དབུ་
མ་ཆེན་པོ་བཤད་པ་གཉིས་ལས། དང་པོ་ལ། བདེན་གཉིས་རང་ལུགས་སུ་ཁས་ལེན་
དང་བཅས་པ། དེ་ལྟར་མིན་ན་མི་འཐད་པ་གཉིས་ལས། དང་པོ་ལ། ཆུང་ངུ་ཡིན་པའི་
རྒྱུ་མཚན། ཁས་ལེན་ཡོད་པའི་རྒྱུ་མཚན། བདེན་གཉིས་རང་ལུགས་ཡིན་པ་དང་གསུམ་
ལས། དང་པོ་ནི། དེ་ཕྱིར་སོགས། གོང་དུ་ཇི་སྐད་བརྗོད་པ་དེ་དག་གི་ཕྱིར་ན་དོན་དམ་
པར་མེད་པ་དང༌། ཀུན་རྫོབ་ཏུ་ཡོད་ཅེས་བདེན་གཉིས་སོ་སོ་ཡི་ཁས་ལེན་དང་བཅས་
པའི་དབུ་མ་དེ་ལ་དབུ་མ་ཞེས་བཏགས་པ་ནི་འབྲས་བུ་མཐའ་བྲལ་ཡེ་ཤེས་ཀྱི་མིང་རྒྱུ་
པའི་སྐབས་ཐམས་ཅད་ནི་དབུ་མ་ཆུང་ངུ་ཡིན་ནོ། །
གཉིས་པ་ནི། ཕུང་པོ་སོགས། དེ་ལྟར་ཕུང་པོ་ལྔས་བསྡུས་ཀྱི་ཆོས་ཐམས་ཅད་གཅིག་
དང་དུ་མར་དཔྱད་མི་བཟོད་པའི་ཚུལ་དུ་རྣམ་པར་དཔྱད་པའི་སྤྱོད་ཡུལ་སྟོང་པ་ཉིད་ནི་
དགག་བྱ་བདེན་གྲུབ་བཅུད་པའི་མེད་པར་དགག་པ་ཙམ་དེ་ལ་ལྟོས་ན་དོན་དམ་པར་
མེད་ཅེས་པའི་ཁས་ལེན་ཀྱང་ནི་ཡོད་པ་ཡིན་ནོ། །གསུམ་པ་ནི། རྒྱུའམ་སོགས། དེ་ལྟར་
འབྲས་བུ་ཡེ་ཤེས་ཐོབ་བྱེད་ཀྱི་རྒྱུའམ་ལམ་གྱི་དབུ་མ་ཆུང་ངུ་དེས་བདེན་པ་གཉིས་ཀྱི་
རྣམ་བཞག་ཐམས་ཅད་ཇི་ལྟར་ཁས་བླང་བའི་དོན་དམ་པར་མེད་པ་དང༌། ཀུན་རྫོབ་
ཀྱི་རྣམ་བཞག་ཐམས་ཅད་དེ། དེ་གཉིས་ཀྱང་དབུ་མ་རང་གི་ལུགས་སུ་ཁས་བླང་བ་ཡིན་གྱི་
དོན་དམ་པར་མེད་པ་དེ་རང་ལུགས་སུ་བྱས་ནས་སུ་ཀུན་རྫོབ་འཇིག་རྟེན་གཞན་ངོར་
སྐྱེལ་བ་མིན་ནོ། །གཉིས་པ་ལ། བསྐུར་འདེབས་ཀྱི་ལྟ་བ་དེ་གཞི་ལམ་འབྲས་བུ་གསུམ་
ཀར་མི་འཐད་པ་དང་། དེ་ལུང་རིགས་གཉིས་ཀས་སུན་ཕྱུང་ནུས་པ་དང་གཉིས་ལས། དང་
པོ་ནི། ཡིན་ན་སོགས། གལ་ཏེ་དེ་ལྟ་ཡིན་ན་དབུ་མ་རང་གི་ལུགས་བདེན་གྲུབ་མེད་
པའི་དོན་དམ་པ་མེད་རྐྱང་དང་སྟོང་རྐྱང་པོ་རུ་གྱུར་ནས་ཀྱང་། ཀུན་རྫོབ་གཞི་ལམ་འབྲས་
བུའི་སྣང་ཚུལ་སྣ་ཚོགས་བ་བསླུ་མེད་དུ་ཡོད་པ་འདི་ཀུན་ཀྱང་འཁྲུལ་བ་དང་སྤང་བྱ་ཁྱོ་
ཆད་ལྟ་ངན་གྱི་རི་བོ་ལྷག་མེད་དུ་རྨང་ནས་བརླག་པར་ནུས་སོ། །དེ་ལྟར་ཡང་ཀུན་མཁྱེན་
མི་སྲིད་པའི་ཚུལ་ལ་ངེས་ཤེས་གཞན་རྐྱེན་གྱིས་མི་ཤིགས་པའི་རྡོ་རྗེའི་མེ་ཆར་གྱིས། བྱང་
གཉིས་དཔྱད་པའི་ཚད་མའི་ལམ་ནས་སྣང་བ་མེད་པའི་སྟོང་པ་རྐྱང་བ་ཞིག་ཤེས་བྱ་ལ་
འབྲས་བུའི་སྣང་བ་བསླུ་མེད་དུ་ཡོད་པ་ལ་མེད་པར་སྐུར་བའི་ཚུལ་ཅན་ཡིན་པར་བདེན་
རིགས་པས་དཔྱད་པས་ཀྱང་ནི་དེ་འདྲའི་ལུགས་ངན་པ། ལས་རྒྱུ་འབྲས་དང་ལམ་དང་
འཛེར་པ་དེ་དག་ཆོས་ཀྱི་རྐུན་པོ་ཡིན། །ཞེས་སོ། །དེ་ལྟར་ཡང་དག་པ་མ་ཡིན་པའི་ཚུལ་
འོང་བ་མ་ཡིན་འཕོ་མིན་ན། །དམིགས་ནས་བདག་ཅག་སྟོང་ཉིད་ལེགས་བསླབ་ཅེས། །
ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོ་ལས། སྟོང་ཉིད་མ་སྐྱེས་སུས་ཀྱང་བྱས་མ་ཡིན། །མ་མཐོང་
རྐུན་པོ་དམ་པའི་ཆོས་འཇིག་པའི་སྐྱེས་བུ་ཡིན་པར་རྒྱལ་བས་གསུངས་ཏེ། ཡེ་ཤེས་
འདེབས་པའི་ནམ་མཁའ་སྟོང་ཆད་དང་འདྲ་བའི་ཡིད་ཅན་དེ་ནི་ཤཱཀྱ་ཡི་བསྟན་པའི་
ཆོས་ཐམས་ཅད་ཀྱི་གཤིས་སུ་བཞུགས་པ་དེ་ཉིད་མཐའ་གཅིག་ཏུ་མེད་པར་སྐུར་བ་
རོ༑ །གཉིས་པ་ནི། ཟུང་འཇུག་སོགས། དེ་ལྟར་སྣང་སྟོང་ཟུང་འཇུག་ཆོས་ཀྱི་དབྱིངས།
དབུ་མའི་སྐབས་འདིར་ཡང་མར་མེ་རྒྱུན་ཆུད་པ་དང་དོན་གྱིས་ཁྱད་པར་མེད་པའི་ཕྱིར་
དགྲ་བཅོམ་པ་ལྷག་མེད་དུ་མྱ་ངན་ལས་འདས་པར་འདོད་པ་ཇི་བཞིན་དུ་འདི་འདྲའི་
བཞག་ཅི་ཡང་མེད་པར་འདོད་དགོས་ཏེ། དཔེར་ན་ཉན་རང་རྣམས་ཀྱིས་རང་ལམ་ན་
པའི་ལྷག་མར་ལུས་ནས། ཇི་ལྟ་ཇི་སྙེད་ཀྱི་མཁྱེན་གཉིས་སོགས་སྐུ་དང་ཡེ་ཤེས་ཀྱི་རྣམ་
བཞག་གི་ཚེ་ཡང་སྒྲིབ་པ་དང་བྲལ་བའི་དབྱིངས་སྟོང་པ་འབའ་ཞིག་པ་ཙམ་སྣང་བ་ཆད་
ན་ཡིན་ནོ་ཞེས་ཡོད་ལ་མེད་པར་སྐུར་བ་འདེབས་ཤིང༌། མཐར་ཕྱིན་འབྲས་བུའི་རྣམ་
འཇམ་རྡོར་གྱིས་མཛད།
ཆེན་པོས། ཚུལ་འདི་མི་ཤེས་སྟོང་པ་ཕྱུང་ཆད་པ། །ཚིག་ཏུ་ཡོད་མེད་མཐའ་བྲལ་ཞེས་
སྨྲ་ཡང་། །ཁྲལ་གཞི་མི་ཤེས་སྲིད་རྩེའི་ལྟ་བ་ཅན། །བསྟན་པ་འདི་ལས་ཕྱི་རོལ་གྱུར་
བས་ན། །ནམ་མཁའི་ཡིད་ཅན་ཐལ་བས་བྱུགས་པར་རུང་། །ཞེས་སོ། །གཉིས་པ་འབྲས་
བུའི་དབུ་མ་ལ། དབུ་མ་དང་ཆེན་པོ་ཡིན་པའི་རྒྱུ་མཚན། ཟུང་འཇུག་དང་འབྲས་བུར་
བཞག་པའི་རྒྱུ་མཚན་གཉིས་ལས། དང་པོ་ལ། རྒྱུ་འབྲས་ཐེག་པའི་དགོངས་བཅུད་བདེན་
གཉིས་ཟུང་འཇུག་ཡེ་ཤེས་ཀྱི་དབུ་མ་བསྒོམ་ཚུལ། དེ་འདྲའི་ཡེ་ཤེས་དེ་དབུ་མ་ཆེན་པོ་
ཡིན་པ་དང་། དེ་ལ་མ་རེག་པར་དབུ་མ་དང་ཆེན་པོ་མིན་པར་བཤད་པ་དང་གསུམ་ལས།
དང་པོ་ནི། དེས་ན་སོགས། རྒྱུ་མཚན་དེས་ན་ལྟ་རིམ་དང་སྒོམ་རིམ་སྟོན་པའི་དབུ་མའི་
གཞུང་ཀུན་ཏུ་ཤེས་རབ་རྒྱུ་ཡི་དབུ་མ་ཉིད་གྱི་དོན་དངོས་སྟོབས་རིགས་པས་དཔྱད་ཅིང་
དཔྱད་ཅིང་བདག་མེད་ཀྱི་དོན་ཡང་དག་པར་མ་གྲུབ་པར་འབྲས་བུ་ཟུང་འཇུག་ཡེ་ཤེས་
ཀྱི་དབུ་མ་མི་འགྲུབ་པའི་ཕྱིར་དེས་ན་ཤེས་བྱའི་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་
ཚུལ་དུ་ནི་ཡང་དག་པར་དཔྱད་པའི་རིགས་པས་དངོས་དོན་གཏན་ལ་ཕབ་ན་ཡང་དེ་
ཁོ་ན་མཐར་ཐུག་པ་མ་ཡིན་པས། དེ་ལྟར་གཏན་ལ་ཕབ་པའི་འབྲས་བུ་བདེན་པ་དབྱེར་
མེད་ཟུང་འཇུག་མཉམ་པ་ཉིད་དུ་གྲུབ་པ་དེ་ནི་རྒྱུ་དང་འབྲས་བུའི་ཐེག་པ་ཐམས་ཅད་
པའི་བཅུད་དུ་གྱུར་པ་ཡིན་པས་རྟོགས་བྱ་མཐར་ཐུག་དེ་ཁོ་ན་ཉིད་དོ། །འཇུག་པ་ལས།
རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་པ། །རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་
གསུངས། །ཞེས་སོ། །གཉིས་པ་ནི། དེ་ཕྱིར་སོགས། དེ་ཡི་ཕྱིར་རྟོགས་བྱ་མཐར་ཐུག་
གི་འབྲས་བུ་སོ་སོར་རང་རིག་པའི་ཡེ་ཤེས་ནི། ཡོད་མེད་སོགས་ཀྱི་མཐའ་དེ་དག་ནི་
རེས་འཇོག་གི་ཚུལ་གྱིས་བཅད་ནས་མཐར་མཐའ་གཉིས་ལ་མི་གནས་པའི་སྤྲོས་བྲལ་
བློ་ལས་འདས་པ་ཡིན་པའི་ཕྱིར་དབུ་མ་ཡིན་ལ་ཆེན་པོའང་ཡིན་ནོ། །
གསུམ་པ་ནི། ཇི་སྲིད་སོགས། དེས་ན་ཇི་སྲིད་སྣང་སྟོང་རེས་འཇོག་གི་ཚུལ་གྱིས་ནི་བློ་
ལ་སྣང་སྟོང་གི་རྣམ་པ་རེ་ཤར་ཡང་མཐར་ཕྱིན་པའི་ཡེ་ཤེས་དེ་ལ་མ་རེག་བར་དུ་རྒྱལ་
བ་ཀུན་གྱི་དགོངས་པའི་མཐིལ་དུ་མཐར་ཐུག་པའི་དབུ་མ་ཆེན་པོ་མིན་ཏེ་གནས་སྐབས་
དབུ་མའི་འཆར་རིམ་ཙམ་ཡིན་པའི་ཕྱིར་རོ། །་
གཉིས་པ་ལ། འཕགས་པའི་ཡེ་ཤེས་སྤྲོས་ཀུན་བྲལ་བ་དེ་ལ་ཟུང་འཇུག་དང་འབྲས་བུར་
བཞག་པ། མཉམ་བཞག་དེའི་ངོར་ཀུན་རྫོབ་ཀྱི་སྤྲོས་པ་རྣམ་པར་ཆད་པ། ཐ་སྙད་ཐམས་
ཅད་རྗེས་ཐོབ་སྒྲ་རྟོག་གིས་འཇོག་ཚུལ། མཉམ་བཞག་དེའི་ངོར་སྣང་བཅས་སྣང་མེད་
ཀྱང་མི་འགྲུབ་པར་བསྟན་པ་བཞི་ལས། དང་པོ་ནི། གཙུབས་ཤིང་གཙུབས་སོགས། དཔེར་
ན་གཙུབས་ཤིང་གཙུབས་པའི་རྒྱུ་དེ་ལས་འབྲས་བུ་མེ་འབྱུང་བ་བཞིན་དུ་རྒྱུ་བདེན་གཉིས་
དཔྱད་པའི་ཤེས་རབ་དྲི་མ་མེད་པ་དེ་ཉིད་ཀྱིས་དྲངས་པ་འབྲས་བུ་དབྱིངས་རིག་ཟུང་
འཇུག་རང་བྱུང་གི་ཡེ་ཤེས་ཀྱི་མེས་ཡོད་པ་དང་མེད་པའི་མཐའ་དང་། གཉིས་ཡིན་གཉིས་
མིན་གྱི་མཐའ་ལ་སོགས་པ་མཐུའ་བཞིའི་སྤྲོས་པ་ཀུན་ཀྱང་ཉེ་བར་ཞི་བའི་འཕགས་
པའི་མཉམ་བཞག་ཡེ་ཤེས་ཉིད་ནི་ཟུང་འཇུག་འབྲས་བུའི་དབུ་མར་བཞག་པ་སྟེ། རྩ་
་བ་ཤེས་རབ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྨྲོས་པ། །
རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་སོ། །གཉིས་པ་ནི།
བདེན་གཉིས་སོགས། དེ་འདྲའི་གནས་ལུགས་བདེན་གཉིས་ཕྱོགས་སུ་མ་ལྷུང་བ་གང་
ཡིན་པ། དེ་ལ་རྗེས་ཐོབ་ཤན་འབྱེད་པའི་ཤེས་རབ་ཀྱིས་སྣང་སྟོང་ཟུང་དུ་འཇུག་པ་ཞེས་
བརྡ་ཐ་སྙད་ཙམ་གྱི་སྒོ་ནས་བཞག་མོད། དེ་འདྲའི་བརྡ་དང་ཐ་སྙད་དེ་དག་མཉམ་བཞག་
ཡེ་ཤེས་ཆེན་པོའི་ངོར་ནི་གང་ཡང་མ་གྲུབ་པས། སྣང་བ་དང་སྟོང་པ་ཟུང་འཇུག་གི་ངོ་
བོར་དམིགས་སུ་ཡོད་པ་མ་ཡིན་ཏེ། དེ་དག་ནི་རྗེས་ཐོབ་ཀུན་རྫོབ་ཀྱི་སྤྲོས་པ་ཡིན་ལ་
འདི་ནི་སྤྲོས་པ་ཉེ་བར་ཞི་བ་ཡིན་པའི་ཕྱིར་རོ། །
གསུམ་པ་ནི། སྣང་བ་སོགས། དེས་འཐད་པ་སྣང་བ་རྒྱུ་འབྲས་སོགས་ཐམས་ཅད་ནི་ཐུ་
སྙད་དཔྱོད་པའི་ཚད་མའི་ཡུལ་ཡིན་ཅིང་། བདེན་མེད་སྟོང་པ་ནི་དོན་དམ་དཔྱོད་པའི་
ཚད་མའི་ཡུལ་དང་། དེ་གཉིས་ཀ་ལ་ལྟོས་པའི་ཟུང་འཇུག་ཅེས་པ་དེ་གཉིས་འདྲེས་པའི་
ཆ་རྣམས་སུ་རྟོག་ཅིང་དཔྱོད་པ་དེ་རྣམས་ནི་རྗེས་ཐོབ་སྒྲ་དང་རྟོག་པའི་ཡུལ་ཡིན་པའི་
ཕྱིར་མཉམ་བཞག་ལ་དམིགས་མི་སྲིད་དོ། །བཞི་པ་ནི། དེ་ལས་སོགས། དེ་ལྟར་སྒྲ་
རྟོག་ལས་འདས་པའི་མཉམ་བཞག་ནི་ཐ་སྙད་ཙམ་དུ་སོ་སོར་རང་རིག་གི་ཡེ་ཤེས་ཞེས་
བརྗོད་པ་ཙམ་ལས། དབྱིངས་དང་ཡེ་ཤེས་ཞེས་པའི་ཡུལ་ཡུལ་ཅན་གཉིས་དང་། ཡོད་
དང་མེད་ཅེས་པའི་མཐའ་གཉིས་ལ་སོགས་པ་ཀུན་གྱི་སྤྲོས་པ་ཉེ་བར་ཞི་བ་ལ། སྣང་བ་
དང་བཅས་པའི་མ་ཡིན་དགག་དང༌། སྣང་བ་མེད་པས་མེད་དགག་ལ་སོགས་པ་རྣམས་
ཀྱང་མཉམ་བཞག་གི་ངོར་སྣང་སྟོང་སོགས་མི་དམིགས་པ་དེ་བཞིན་དུ་རིགས་པས་དཔྱད་
ན་ཅུང་ཟད་ཀྱང་མི་འགྲུབ་པས། ཀླུ་སྒྲུབ་ཀྱིས། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་
ཅི་ཡང་མི་འགོག་གོ །དེ་ཕྱིར་འགོག་པར་བྱེད་དོ་ཞེས། །སྐུར་བ་དེ་ནི་ཁྱོད་ཀྱིས་བཏབ། །
ཅེས་སོ། །བཞི་བ་དབུ་ཕྱག་རྫོགས་གསུམ་གྱི་ཁྱད་པར་ལ། ལམ་ཉམས་སུ་ལེན་ཚུལ་
གྱི་ཁྱད་པར། གཞི་གཏན་ལ་འབེབ་ཚུལ་གྱི་ཁྱད་པར། དེ་དག་གི་དོན་བསྡུ་བ་དང་གསུམ་
ལས། དང་པོ་ལ། ཤེས་རབ་ལྟ་བའི་ཁྱད་པར་དང་། ཐབས་ཤེས་གཉིས་ཀའི་ཁྱད་པར་
དང་གཉིས་ལས། དང་པོ་ལ་མདོ་ལམ་དུ་ལམ་རིམ་གྱིས་གོམས་པས་ཕྱག་རྫོགས་ཀྱི་
ལྟ་བ་རྟོགས་པ། དེ་འདྲའི་ལྟ་བ་དེ་རྫོགས་ཆེན་གྱི་ལམ་དུ་རྩོལ་མེད་དུ་འཆར་བ་དེ་རྟོགས་
པས་བསྟན་པ་ཟབ་མོའི་དོན་འཛིན་ཅིང་འདི་ལྟ་བུའི་གཞན་རྗེས་སུ་འཛིན་ནུས་པ་དང་
གསུམ་ལས། དང་པོ་ནི། དེས་ན་སོགས། དེ་ལྟར་མདོ་སྔགས་ཀྱི་གནད་མཐར་གཏུག་
ན་མཐུན་པ་དེས་ན་ཇི་སྲིད་སྣང་སྟོང་རེས་འཇོག་གི་བདེན་གཉིས་བསྒོམ་པ་ཤེས་རབ་སྟེ།
ནམ་ཞིག་རེས་འཇོག་མེད་པར་ཡང་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་ཐོབ་པའི་ཚེ་མཚན་
ཉིད་ཐེག་པའི་རྩེ་མོ་རྟོགས་པ་མཆོག་ཐོབ་པ་ཡིན་ལ། དེའི་ཚེ་བདེན་གཉིས་ཕྱེ་སྟེ་ཕུང་
པོ་ལ་དགག་བྱ་བདེན་གྲུབ་རྣམ་དཔྱད་ཀྱིས་བཅད་པའི་བདེན་སྟོང་མེད་དགག་སྟོང་རྐྱང་
ལས་འདས་ཏེ། འགོགས་དང་དགག་བྱ་ཡི་ཚུལ་དུ་སོ་སོར་མི་སྣང་པར་སྣང་ཆ་ཐུབས་
ཀྱི་རྣམ་པ་ཀུན་དང་ལྡན་པ་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དེ། ལྟ་འདོད་མདོར་
བསྟན་ལས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་
ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་དང་འདྲ་མ་ཡིན། །ཞེས་གསུངས་པ་དེ་འདྲའི་
སྤྲོས་བྲལ་དབུ་མ་ཆེན་པོ་དེ་དང༌། རང་བཞིན་ལྷན་ཅིག་སྐྱེས་པ་ཁྱབ་བརྡལ་ཕྱག་རྒྱ་
ཆེན་པོ་སོགས་མཚན་གྱི་རྣམ་གྲངས་མང་པོ་མངའ་བ་དེ་རྣམས་ཀྱི་ཡིན་ཚུལ་སེམས་
ལས་འདས་པའི་ཡེ་ཤེས་ཡིན་པའི་ཕྱིར་ན་གཟུང་འཛིན་གྱི་ཀུན་ཏུ་རྟོག་པ་གཞན་གྱིས་
བསམ་གྱིས་མི་ཁྱབ་པ་སྟེ། སེམས་ཉིད་ངལ་གསོར། དེ་ཡི་གཉེན་པོར་རིག་པའི་ཡེ་ཤེས་
ཀྱིས། །འཁོར་བའི་བག་ཆགས་སྟོང་པར་ལ་བཟླ་ཞིང་། །སྟོང་པའི་རང་བཞིན་སྣང་བར་
ཐག་བཅད་དེ། །སྣང་སྟོང་གཉིས་མེད་བདེན་པ་གཉིས་དོན་ཤེས། །མཐའ་གཉིས་གནས་
བསལ་དབུ་མར་བསླབ་པ་ཡིས། །སྲིད་ཞིར་མི་གནས་ནམ་མཁའི་ངང་དུ་གྲོལ། །འདི་
ནི་ངེས་དོན་སྙིང་པོའི་དམ་པ་སྟེ། །རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཡིན། །
ཞེས་སོ། །གཉིས་པ་ནི། དེ་ནི་སོགས། དེ་འདྲའི་གནས་ལུགས་དེ་ནི་སྒྲ་རྟོག་གི་ཡུལ་
མིན་པའི་ཕྱིར། སྒྲ་དང་རྟོག་པའི་ཡུལ་དུ་མེད་དགག་དང་མ་ཡིན་དགག་སོགས་དང་།
ཐ་དད་པ་དང་ནི་ཐ་དད་མིན་པ་དང་སྣང་བ་དང་སྟོང་པ་སོགས་ཀྱི་རིས་སུ་ཆུད་པ་གང་
ཡང་མེད་པ་སྟེ། དེས་ན་རྒྱུ་ཆུད་ཕྱོགས་ལྷུང་དང་བྲུལ་པས་ན། གྲུབ་མཐའི་ཁས་ལེན་
ཡོད་པ་དང་མེད་པ་སོགས་ཀུན་ལས་འདུས་པའི་དག་མཉམ་བདེན་པ་དབྱེར་མེད་ལྷག་
པའི་ཆོས་སྐུ་ཆེན་པོ་ཨེ་ཝཾ་སྟེ་རིག་སྟོང་ཟུང་དུ་འཇུག་པ་ཡི་རང་བྱུང་གི་ཡེ་ཤེས་དེ་ཉིད་
ཀྱི་ངང་དུ་གནས་པ་མེད་པའི་ཚུལ་གྱིས་གནས་པར་སྣང་བ་ནི་རང་གནས་ཆོས་སྐུའི་རྒྱལ་
ཐབས་ལ་དབང་འབྱོར་ཞིང་མཐར་ཕྱིན་པར་འགྱུར་རོ། །དེ་ལྟར་ཡང་གསང་བ་སྙིང་པོ་
ལས། གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་
རྒྱས་ཀྱིས་ཀྱང་མི་གཟིགས་པ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། ཞེས་གསུངས་སོ། །
གསུམ་པ་ནི། དེ་ལྟར་སོགས། གོང་དུ་བཤད་པ་དེ་ལྟར་ཁས་ལེན་ཀུན་ལས་འདས་པའི་
དོན་དེ་ནི། མེད་པ་ལ་ཡོད་པར་སྒྲོ་བཏགས་པ་དང་ཡོད་པ་ལ་མེད་པར་སྐུར་བ་བཏབ་
པ་དང་བྲལ་བའི་དམ་པའི་དོན་དབྱིངས་རིག་འདུ་འབྲལ་མེད་པའི་ཚུལ་དེ་ཉིད་སྒྲ་རྟོག་
གིས་འདིའོ་ཞེས་རྟགས་ཀྱིས་མཚོན་པ་དང་ངག་གི་བརྗོད་པ་མེད་པར་འདོད་དེ། ཤེར་
ཕྱིན་རྒྱན་ལས། བསྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་དུ་བཤད། །ཟབ་
པ་དེ་ནི་སྒྲོ་འདོགས་དང༌། སྐུར་བའི་མཐའ་ལས་གྲོལ་བ་ཡིན། ཞེས་སོ། །དེ་ལྟ་མོད་
ཀྱི་འོན་ཀྱང་ཕྱི་རོལ་བའི་བསམ་མིན་གྱི་བྱེད་པོ་ཁས་ལེན་པ་ལྟར་སུ་ཡིས་རྟོགས་པ་མེད་པ་
མ་ཡིན་ཏེ། རྣལ་འབྱོར་པས་མཉམ་བཞག་ཏུ་མངོན་སུམ་བྱར་ཡོད་པ་སྟེ། དེའི་ཚུལ་ཇི་
ལྟར་ན་བདེན་གཉིས་དཔྱོད་པའི་ཚད་མ་དྲི་མ་མེད་པའི་རིགས་པས་དཔྱད་པ་ཡིས་རབ་
ཏུ་དྲུངས་པའི་སོ་སོར་རང་རིག་པའི་ཡེ་ཤེས་ཀྱིས། མངོན་སུམ་མཐོང་བ་ཡོད་ཅིང་། དེར་
མ་ཟད་དེ་ལྟར་མངོན་དུ་གྱུར་པའི་གང་ཟག་གིས་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས། ངེས་
ཤེས་ཆོས་ཀྱིས་མར་མེ་བསྟན་བཅོས་འདི་ལྟ་བུ་ནི་ཤིན་ཏུ་ཟབ་པའི་གནས་ལ་ཐེ་ཚོམ་
གྱི་སྨག་དང་བྲལ་བར་བྱེད་པ་རིགས་པ་རྣམ་པར་དག་པའི་ལམ་བཟང་འདི་དག་གདུལ་
བྱ་ལ་དེ་དེ་བཞིན་དུ་རིགས་པ་ཡང་དག་པས་རྗེས་སུ་དཔག་པ་དང་མངོན་སུམ་དུ་སྣང་
བ་ཇི་ལྟར་རིགས་པ་ཡོད་པའི་ཕྱིར་རོ། །གཉིས་པ་ལམ་ཐབས་ཤེས་གཉིས་ཀྱི་སྒོ་ནས་
འཇུག་ཚུལ་གྱི་ཁྱད་པར་ནི། མདོ་ལམ་སོགས། དེ་ཡང་བལྟ་ཡུལ་ཆོས་ཀྱི་དབྱིངས་ལ་
ཁྱད་པར་མེད་ཀྱང་དེ་ཉིད་ལ་འཇུག་པའི་ཚུལ་མི་འདྲ་སྟེ། མདོ་ལམ་དུ་ཐབས་སྣང་བའི་
ཆ་སྙིང་རྗེ་སོགས་དང་ཤེས་རབ་བདག་མེད་པའི་སྟོང་པའི་ཆ་གཉིས་པོ་ཡུལ་ཅན་བློ་ཡི་
འཇུག་ཚུལ་གྱིས་གཅིག་ལ་གཅིག་གིས་རྩིས་ཟིན་པར་བྱེད་ཀྱི་གསར་དུ་བསྲེས་པ་དང་
རྒྱས་འདེབས་པར་བྱེད་པ་ལྟ་བུ་ཡིན་ཏེ། ཀླུ་སྒྲུབ་ཀྱིས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །
བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་གསུངས་པ་ལྟར་ཡིན་ལ། རྡོ་རྗེ་ཐེག་པའི་ལམ་འདིར་
ནི་དམིགས་མེད་སྙིང་རྗེའི་རང་བཞིན་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་རྣམ་ཀུན་མཆོག་
ལྡན་གྱི་སྟོང་པ་གཉིས་ཡེ་ནས་འདུ་འབྲལ་མེད་པར་གཞིའི་གནས་ཚུལ་ཆོས་ཀྱི་དབྱིངས་
ལྟ་བས་རྟོགས་པར་བྱས་ནས་བསྒོམ་པས་གོམས་པར་བྱེད་པ་ཉིད་ལས་གསར་དུ་བསྲེ་
བ་མ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། རྒྱུ་ཡི་ཐེག་པས་ས་བོན་མྱུ་གུ་བཞིན། །ཐབས་ཤེས་
སྐུ་གཉིས་བསྐྱེད་པར་འདོད་ན་ཡང་། །འབྲས་བུའི་ཐེག་པས་སྐུ་ཡི་སྒྲིབ་པ་གཉིས། །
སེལ་བྱེད་རྐྱེན་གྱི་རྣམ་པར་ཁས་ལེན་པས། །ཐབས་ཉིད་སྙིང་རྗེ་ཚད་མེད་ལམ་ལ་བརྟེན། །
དོན་ལ་གཅིག་སྟེ་སྟོང་ཉིད་སྙིང་རྗེ་ཅན། །རྒྱུ་འབྲས་གཉིས་ཀས་མཐུན་པར་ཉམས་སུ་
ལེན། །ཞེས་སོ། །
གཉིས་པ་གཞི་གཏན་ལ་འབེབ་ཚུལ་གྱི་ཁྱད་པར་ལ་ཡུལ་སྤྲོས་བྲལ་ཆོས་ཀྱི་དབྱིངས་ལ་
དོན་གཅིག་པ། དེ་བསྒོམ་པའི་ཤེས་རབ་ལ་འཛིན་སྟངས་ཡོད་མེད་ཀྱི་ཁྱད་པར། དེ་
གཏན་ལ་འབེབ་པའི་ལྟ་བ་ལ་དབྱིངས་དང་མངོན་རྗེས་ཀྱི་ཁྱད་པར་དང་གསུམ་ལས།
དང་པོ་ནི། སྤྲོས་བྲལ་སོགས། དེས་ན་མཐའ་བཞིའི་སྤྲོས་པ་ཀུན་དང་བྲལ་བའི་དབུ་
མ་ཆེན་པོ་དང༌། མཐའ་གྲོལ་ཀློང་ཡངས་འོད་གསལ་རྫོགས་པ་ཆེན་པོ་གཉིས། དོན་
སྣང་སྟོང་ཟུང་འཇུག་ཆོས་ཀྱི་དབྱིངས་སུ་གཅིག་ཀྱང་མིང་གི་རྣམ་གྲངས་ཐ་དད་པ་ཙམ་
སྟེ༑ དེ་འདྲའི་གནས་ལུགས་རྟོགས་པ་ཡོད་ཕན་ཆོད་དེ་ལས་ལྷག་པའི་ལྟ་བ་མེད་དེ། དེ་
གཉིས་ཀའི་ཀྱང་སྤྲོས་ཀུན་གདོད་ནས་དག་པའི་གནས་ལུགས་རྟོགས་པ་ལ་མྱུར་བུལ་
ཙམ་མ་གཏོགས་འདྲའོ། །གཉིས་པ་ནི། གང་ཕྱིར་སོགས། ལྟ་བ་དེ་ལས་ལྷག་པ་མི་
དགོས་པ་གང་གི་ཕྱིར་ན་སྣང་སྟོང་རེས་འཇོག་ཏུ་འཛིན་པའི་འཛིན་སྟངས་མེད་པའམ་
ཞིག་པ་མཐའ་བཞིའི་སྤྲོས་པ་དང་བྲལ་བའི་ཕྱིར། དེ་ལས་གཞན་དུ་གྱུར་ན་སྤྲོས་པ་དང་
བཅས་པ་ཉིད་ཀྱི་ཕྱིར། ས་པཎ་གྱིས། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་
ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །སྤྲོས་བྲལ་ཡིན་ན་ཁྱད་པར་མེད། །
ཅེས་སོ། །གསུམ་པ་གཞི་གཏན་ལ་དབབ་ཚུལ་མྱུར་བུལ་གྱི་ཁྱད་པར་ནི། འོན་ཀྱང་
སོགས། ཟུང་འཇུག་སྤྲོས་བྲལ་ཆོས་ཀྱི་དབྱིངས་ལ་དོན་གཅིག་པ་སྔར་སྨོས་པ་ལྟར་ཡིན་
མོད་འོན་ཀྱང་མདོ་མཚན་ཉིད་ཐེག་པའི་ལམ་ལས་སྣང་སྟོང་ཟུང་འཇུག་གི་དོན་དེ་ཉིད།
རྒྱུ་མཚན་ཡང་དག་ལ་བརྟེན་པའི་དཔྱད་པ་རྗེས་དཔག་ཚད་མས་གཏན་ལ་ཕབ་པ་ཉིད་
དཔྱད་སྒོམ་གྱིས་ཉམས་སུ་ལེན་པ་གཙོ་ཆེ་ཞིང་། རྡོ་རྗེ་ཐེག་པའི་རྩེ་མོ་སྔགས་ཀྱི་ལུགས་
སུ་རང་གི་རིག་ཆ་ཆོས་ཀྱི་དབྱིངས་ལས་མི་གཡོ་བ་ཐད་ཀར་རང་རིག་པས་མངོན་སུམ་
དུ་ཉམས་སུ་མྱོང་ཞིང་དེ་གའི་ངང་དུ་འཇོག་པས་གྲུབ་པ་ཡིན་ཏེ། ཇི་སྐད་དུ། ཚེགས་
ཆུང་དོན་ཆེ་ཐབས་དཔག་མེད། །བྱ་སླ་དཔག་དཀའ་མན་ངག་གོ །ཞེས་པ་བཞིན་ནོ། །
དེས་ན་ཐེག་པའི་རིམ་པ་བཞིན་དུ་ཟབ་ཁྱད་གོང་ནས་གོང་དུ་འཕགས་པའི་ཕྱིར། གནས་
ལུགས་མཉམ་པ་ཉིད་ཤིན་ཏུ་ལྐོག་ཏུ་གྱུར་པ་རྣམས་ཀྱང་ལུང་ཙམ་ལ་བརྟེན་ནས་ཕྱོགས་
ཙམ་གཞལ་བ་དང་། རྗེས་དཔག་ཚད་མས་ཇི་བཞིན་པ་གཏན་ལ་འབེབས་པ་དང་།མངོན་
སུམ་གྱི་ཡུལ་དུ་ཉམས་མྱོང་འདྲེན་ནུས་པ་སོགས་གདུལ་བྱ་དང་ཐེག་པའི་ཁྱད་པར་གྱིས་དེ་
ལྟར་ཡོད་དོ། །གསུམ་པ་དོན་བསྡུ་བ་ལ། ཐེག་པའི་རིམ་པ་དེ་དག་ཡུལ་ཅན་ལྟ་བའི་ཁྱད་
པར་ཡོད་པ་མཚོན་ཚུལ། དེ་བཞིན་དུ་ཡུལ་ཀྱང་སྒྲ་མཐུན་དོན་འཕགས་ཀྱི་རྣམ་གྲངས་
སྐབས་ཐོབ་ཀྱི་གོ་བ་གཉིས། དང་པོ་ལ། དབུ་མ་ཆེ་ཆུང་ཤེས་རབ་དང་ཡེ་ཤེས་ཀྱི་ཁྱད་
པར་བཤད་པས་མཚོན་ནས་མདོ་སྔགས་ཀྱི་ལྟ་བའི་ཁྱད་པར་དེ་ལྟར་ཤེས་པ། ཡེ་ཤེས་
ཀྱི་གནས་སྐབས་ལ་ཆེན་པོའི་སྒྲ་ཡིས་བསྔགས་པ་གཉིས་ལས། དང་པོ་ནི། དེ་ཕྱིར་སོགས།
གོང་བཤད་དེ་ཡི་ཕྱིར་དཔེར་ན་དབུ་མ་ཞེས་པ་ཡང་སྣང་སྟོང་བདེན་པ་གཉིས་པོ་རོ་
གཅིག་ཏུ་མ་འདྲེས་པར་སོ་སོར་དཔྱོད་པའི་ཤེས་རབ་ནི་རྒྱུའམ་ལམ་གྱི་དབུ་མ་དང་།
དབུ་མ་དེས་དྲངས་པའི་བདེན་གཉིས་རོ་གཅིག་པའི་སྣང་སྟོང་ཟུང་འཇུག་མཉམ་པ་ཉིད་ཀྱི་
དབྱིངས་ནི་འབྲས་བུའི་དབུ་མ་སྟེ། དེ་གཉིས་མེད་ན་མི་འབྱུང་གི་རྒྱུ་འབྲས་ཡིན་པ་
བཞིན་དུ་མདོ་དང་སྔགས་ཀྱི་ལྟ་བ་ཡང་དེ་ལྟ་བུ་ཡིན་པའི་ཕྱིར། རྒྱུ་འབྲས་ཀྱི་ཐེག་པ་
སྟེ་མདོ་ཡི་མཉམ་པ་ཉིད་ཁོང་དུ་ཆུད་པ་ན་དེ་དང་གཉིས་སུ་མེད་པའི་ཆོས་ཐམས་ཅད་
ཀྱང་རང་བཞིན་རྣམ་པར་དག་པའི་བདག་ཉིད་དུ་རྟོགས་ནུས་སོ། །དེ་ལྟར་ཡང་ཀུན་མཁྱེན་
ཆེན་པོས། གཞན་ཡང་ཐོག་མེད་དགེ་བ་ས་བོན་ཚུལ། །མ་བྱས་ཡེ་ནས་གནས་པར་མདོ་
ལས་གསུངས། །དེ་དང་སྐུ་གསུམ་ཡེ་ལྡན་གློ་བུར་གྱི། །སྒྲིབ་པས་བསྒྲིབས་ཏེ་སེལ་འདོད་
སྔགས་ཉིད་མཚུངས། །མདོར་ན་མདོ་རྒྱུད་ལམ་རྣམས་གཅིག་ཉིད་དུ། །མཁས་གྲུབ་
རྣམས་ཀྱིས་ཕྱི་ནང་བཤད་པ་མཛད། །ཅེས་སོ། །གཉིས་པ་ནི། སྔ་མ་སོགས། དེ་ཡང་
དབུ་མ་གཉིས་པོ་སྔ་མ་ཤེས་རབ་ཀྱི་ཆ་ཡིན་ལ་ཕྱི་མ་ནི་ཡེ་ཤེས་ཀྱི་ཆ་ཁོ་ན་ཡིན་ལ།
རྒྱུ་མཚན་དེ་གཉིས་ཀྱི་ཕྱིར་སྔ་མ་ཆུང་བ་དང་ཕྱི་མ་འདི་ལ་ནི་དབུ་མ་ཆེན་པོ་ཞེས་ཆེན་
པོའི་སྒྲ་ཡིས་ཁྱད་པར་དུ་བསྔགས་པར་མཛད་དོ། །དེ་བཞིན་དུ་རྫོགས་པ་ཆེན་པོ་ཞེས་
བསྔགས་པའི་རྒྱུ་མཚན་ཡོད་དེ། ཡེ་ཤེས་དེ་ཉིད་རྗེས་སུ་དཔག་པས་ལམ་དུ་བྱེད་པ་ལ་
ཆེན་པོའི་སྒྲའི་བསྔགས་ན། མངོན་སུམ་ལམ་བྱེད་ཀྱི་ཐེག་པ་ལ་ཅིའི་ཕྱིར་ཆེན་པོའི་སྒྲ་
ཡིས་མི་བསྔགས་ཏེ་ཤིན་ཏུ་ཡང་བསྔགས་པར་རིགས་སོ། །
གཉིས་པ་ནི། གནས་ལུགས་སོགས། དེ་ཡང་གནས་ལུགས་ཞེས་པའི་བརྡ་དང་ཐ་སྙད་
ཀྱི་འཇུག་ཡུལ་ལ་ཡང་། གོང་དུ་ཤེས་རབ་དང་ཡེ་ཤེས་ཀྱི་ཆ་ལ་ཆུང་བ་དང་ཆེན་པོའི་
བརྡ་བརྗོད་པ་དེ་བཞིན་དུ། དངོས་པོ་བདེན་པས་སྟོང་པའི་གནས་ལུགས་དང༌། དངོས་
དངོས་མེད་གཉིས་ཀ་སྟོང་པའི་བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་དང་གཉིས་
པོ་མིང་གནས་ལུགས་ཞེས་པ་ཙམ་དུ་མཐུན་ནཱ་ཡང་། དོན་ལ་ནི་བདེན་གྲུབ་ཀྱི་སྤྲོས་
པ་ཕྱོགས་གཅིག་ཆོད་པ་དང༌། མཐའ་བཞིའི་སྤྲོས་པ་ཀུན་ཆོད་པ་དང༌། མཉམ་རྗེས་
ཀྱི་ཁྱད་པར་སོགས་གནུམ་ས་བཞིན་དུ་མཆིས་ལ། དེ་བཞིན་དུ་ཆོས་ཉིད་དང་ཆོས་ཀྱི་
དབྱིངས་དང་སྟོང་པ་ཉིད་དང་སྤྲོས་བྲལ་དང་འགྲོག་པ་ཡང་དག་པའི་མཐའ་དང་དོན་
དམ་པ་ལ་སོགས་པ་རྣམས་སྒྲ་མཚུངས་ཀྱང་དོན་མི་འདྲ་བ་མཐར་ཐུག་དང་ཉི་ཚེ་བའི་
ཁྱད་པར་ཆེ་བའི་ཕྱིར་སྐབས་ཤན་སོ་སོར་མ་འདྲེས་པར་ཕྱེ་ནས་དོན་གྱི་རྣམ་བཅད་
ཇི་ལྟ་བར་མ་ནོར་བར་བཤད་པར་བྱ་སྟེ། སེན་པ་ཡི་སྒྲ་བཞིན་ཏེ་སྒྲ་དེ་ནི་འགྲོ་ཚེ་
བཞོན་པ་དང་ཆུ་བརྒལ་བ་ན་གྲུ་སོགས་ལྟ་བུ་སོ་སོར་གོ་བ་བཞིན་ནོ། །སྨྲས་པ། བདེན་
མེད་ཐ་སྙད་ཡོད་པའི་སྔས་རྟེན་པར། །དབུ་མར་རློམས་ནས་ཞི་བར་ཉལ་འདོད་རྣམས། །
མཐར་འཛིན་ཟུག་རྡུས་ཅུང་ཟད་མ་བདེ་བ། །མཐའ་བྲལ་གཟུམ་ལ་ཡུར་བའི་སྨན་
འདིའི་བསལ། །
གསུམ་པ་ཐ་མར་དགེ་བ་མཇུག་ཡོངས་སུ་རྫོགས་པའི་ཤེས་པ་བཟང་པོ་ལ། དེ་ལྟར་རྒྱས་པར་
བཀྲོལ་བ་ལ་དྲི་བ་པོ་གུས་ཞུམ་ཀྱི་རྒྱུ་མཚན། ཟབ་རྒྱས་ཀྱི་དོན་བསླངས་ཏེ་བཤད་པ་ལ་ཡི་རངས་
ཀྱིས་བསྔགས་བརྗོད་བྱས་ཚུལ། དེའི་ཚེ་བཀྲོལ་བ་པོས་སླར་ཡང་དོན་བསྡུས་ནས་གདམས་པ།
དྲི་ལན་གཉིས་ངོས་བཟུང་ནས་བཞུང་དོན་གསུང་ཚུལ་དང་བཞི་ལས། དང་པོ་ལ། དྲི་བ་པོ་གུས་པ་
སྐྱེ་ཚུལ་དང༌། ཁེངས་པ་བསྙིལ་བ་གཉིས་ལས། དང་པོ་ནི། དེ་ལྟར་སོགས། གོང་དུ་གཞུང་
དོན་ཇི་སྐད་རྟོགས་པར་དཀའ་བའི་གནས་ཟབ་མོ
པོ་དྲིས་པ་ལ་རྨོངས་པ་དང་ཕྱི་བཤོལ་སོགས་མེད་པར་ཤིན་ཏུ་ཟབ་པ་དང་རྒྱས་པའི་
དོན་བཟང་པོ་ཅན་དེ་དག་ཚིག་འབྲུ་བཟང་པོ་རྣམས་ཀྱིས་རིགས་ལམ་ཡང་དག་པ་དང་
མཐུན་པར་བཀྲོལ་བ་དེའི་ཚེ་དྲི་བ་པོ་དེ་ཡང་ཡིད་གུས་པ་དང་བཅས་པའི་ངག་གིས་
འདི་སྐད་དུ། གཉིས་པ་ནི། ཀྱེ་མ་སོགས། ཀྱེ་མ་ཞེས་སྐྱོ་བ་དང་བཅས་པས་དཔེར་ན་
ཁྲོན་པ་ཆུང་ངུའི་ཆུ་ལ་གནས་པའི་རུས་སྦལ་གྱི་གཏམ་རྒྱུད་བཞིན་དུ། གཞན་གྱི་གཞུང་
ལུགས་ཟབ་མོའི་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་ཆོས་ཀྱི་རྒྱ་མཚོ་ཆེན་པོའི་
འཇིངས་དེར་ཇི་ལྟར་ཚད་མས་འཇལ་ཚུལ་དང་བཅས་པའི་གནད་ཕྲ་མོ་རྣམས་མ་མཐོང་
བར་ཚུར་མཐོང་རྟོག་གེ་འཁྱམས་པོས་རང་བཞེད་ཁྲོན་པའི་ཆུ་མིག་ཆུང་ངུས་ཁེངས་
ཤིང་དྲེགས་པའི་རོ་མྱང་བ་དང་ལྡན་པ་བདག་ཅག་གི་ཁེངས་དྲགས་དེ། ལེགས་པར་
བཤད་པའི་གཏམ་འདིས་རྨངས་མེད་དུ་བསྙིལ་བར་བྱས་སོ། །གཉིས་པ་ལ། མཚོ་སྐྱེས་
བླ་མའི་བསྟན་པ་བརྒྱུད་འཛིན་དང་བཅས་པའི་ཆེ་བ། བསྟན་བཅོས་འདི་དང་དེ་འཛིན་
པ་པོ་ལ་བསྔགས་པ་གཉིས་ལས། དང་པོ་ལ། གཞན་ཟེར་རྗེས་བརྗོད་མ་བྱས་ཀྱང་རོང་
ཀློང་རྣམ་གཉིས་ཀྱི་ལམ་སྲོལ་ནོར་བུའི་མཛོད་ཁང་ལྟ་བུ་ཡིན་པ། དེའི་ཕྱིར་ཆོས་བཟང་
པོ་སྔ་འགྱུར་པའི་ལམ་གནད་དེ་དག་ཇི་བཞིན་པ་རིགས་ལམ་གྱིས་བསླངས་ཏེ་བཤད་
པས་རང་ལུགས་ལ་ཡིད་ཆེས་རྙེད་པ། དེར་མ་ཟད་རིགས་ལམ་འདིར་བརྟེན་ནས་འཆད་
རྩོད་ཀྱི་སྒོ་ནས་བསྒྲུབ་དང་སུན་འབྱིན་ནུས་པ། དེའི་ཕྱིར་ཕོངས་པ་སེལ་བའི་ཟབ་དོན་
ནོར་བུའི་མཆོག་འདི་ལྟ་བུས་ཆོས་ལ་རྟོན་པར་རིགས་པ་དང་བཞི་ལས། དང་པོ་ནི། རོང་
ཀློང་སོགས། དེ་ཡང་སྔོན་གྱི་རྒྱ་གར་པཎ་ཆེན་པད་འབྱུང་བི་མ་ཞི་འཚོ་སོགས་ཀྱི་ལུགས་
སྲོལ་ཡང་དག་པ་སྔ་འགྱུར་བའི་གྲུབ་མཐའ་འཛིན་པ་ལ་མཁས་ཤིང་གྲུབ་པའི་གོ་འཕང་
མཐོན་པོར་རྩོད་མེད་དུ་གཤེགས་པ་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཞེས་སྙན་གྲགས་
ཀྱི་གདུགས་དཀར་ས་གསུམ་དུ་ཁྱབ་པ། སྲས་བཅས་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་
འཇམ་དཔལ་སྨྲ་བའི་སེངྒེ་དགྱེས་པའི་གར་ལ་རོལ་པ་འཕགས་པ་མཆོག་གི་བདག་
ཉིད་ཅན་དེ་དག་གི་ཐུགས་ཀྱི་མཁྱེན་རབ་ཇི་ལྟ་ཇི་སྙེད་པ་གཟིགས་པའི་རྒྱ་མཚོ་ཆེན་
པོ་ལྟ་བུ་ནི། ཟབ་ཅིང་རྒྱ་ཆེ་བའི་སྣ་ཚོགས་ནོར་བུའི་ཆོས་མཛོད་བསམ་གྱིས་མི་ཁྱབ་
པ་མང་པོ་མངའ་བ་ལེགས་བཤད་དུ་མས་རྣམ་པར་སྣང་བ་འདི་ཉིད་ཤེས་བྱ་རྣམ་པར་
འབྱེད་པའི་ལྡེའུ་མིག་འཇམ་མགོན་བླ་མའི་ལེགས་བཤད་འདི་དག་གི་སྒོ་ནས་ལོངས་
སུ་སྤྱོད་པའི་སྐལ་བཟང་ཐོབ་བཞིན་དུ་དེ་སྤངས་ནས། གཞན་པའི་ཚིག་ཚོགས་རྒྱ་ཆེ་
ཞིང་དོན་གྱི་རྟོག་པ་བུལ་བའི་ལུགས་འཆིང་བུ་ལྟ་བུར་རེ་བ་སྟེ་རྗེས་བརྗོད་བྱེད་པ་དེ་
རྣམས་རེ་བའི་ཚོད་ཀྱི་རྟོགས་པ་མེད་པ་རྣམས་འཁྲུལ་པར་འགྱུར་ཏེ། རྒྱལ་དབང་ལྔ་བ་ཆེན་
པོས། སངས་རྒྱས་གཞན་ནས་རེ་བའི་མཁས་རློམས་ཀྱིས། །སྟོང་བཤད་འདྲེ་ཤར་ནུབ་
ཏུ་གླུད་གཏོང་ཚུལ། །མཐོང་ཚེ་ཟག་བཅས་ཕུང་པོ་འོད་སྐུ་རུ། །གྲོལ་བའི་གསང་ཆེན་
རྙིང་མའི་ཁྱད་པར་ཆོས། །ཞེས་བསྔགས་པ་བཞིན་ནོ། །
གཉིས་པ་ནི། ཆོས་བཟང་སོགས། དེའི་ཕྱིར་ཚིག་དང་དོན་གྱི་གནས་ཕུན་སུམ་ཚོགས་
པའི་ཆོས་བཟང་པོ་སྟེ། ཇི་སྐད་དུ། ཡོན་ཏན་རང་བཞིན་བྱང་ཆུབ་ཕྱོགས་ཀྱི་ཆོས། །མ་
ལུས་ཡོངས་རྫོགས་རྫོགས་པ་ཆེན་པོ་ནི། །རྒྱལ་བ་ཀུན་གྱི་ཆོས་སྐུའི་མཆོད་སྡོང་སྟེ། །བསོད་
ནམས་ཞིང་དུ་འདི་ལས་ལྷག་པ་མེད། །ཅེས་པ་ལྟར་དེ་འདྲའི་ཆོས་དེ་དང་སྤྱིར་སྔ་འགྱུར་
བའི་མདོ་རྒྱུད་དགོངས་འགྲེལ་སོགས་ཀྱི་དྲང་ངེས་དང་གནས་སྣང་སོགས་རིགས་པས་
རྣམ་པར་དཔྱད་པའི་སྒོ་ནས་ངེས་པ་བརྟན་པོ་ཐོབ་པའི་བསམ་པ་ཅན་དེ་དག་ཡུལ་དུས་
གང་དུ་གནས་ཀྱང་རྟག་ཏུ་བདུད་དང་ཕྱི་རྒོལ་བ་ཀུན་གྱིས་བར་ཆད་བྱེད་པ་མེད་པའི་
ཡོན་ཏན་ཡོད་པ་དེ་ཡི་ཕྱིར། འདི་འདྲའི་ཡང་དག་པའི་རིགས་ལམ་སེངྒེའི་སྒྲ་བོ་ཆེ་ཕྱོགས་
ཀུན་ལས་རྣམ་པར་རྒྱལ་བ་བསྒྲགས་པས་མཚོ་སྐྱེས་རྒྱལ་བ་གཉིས་པའི་བསྟན་པ་སྔ་འགྱུར་
པའི་རང་ལུགས་གཞན་ལས་ཁྱད་པར་དུ་གྱུར་བའི་ཆེ་བའི་ཡོན་ཏན་མཆོག་དང་ལྡན་པ་
ལ་སུས་ཀྱང་མི་འཕྲོག་པའི་ཡིད་ཆེས་རྙེད་པར་གྱུར་ཅིང་། གཞན་ཟེར་རྗེས་ཟློས་རེ་
བྱས་ནས་དེ་ཡང་མི་ཐོན་པའི་བ་མིན་གླིང་མིན་དེ་འདྲའི་ངལ་བ་མི་དགོས་སོ། །གསུམ་
པ་ནི། ཕྱོགས་རེས་སོགས། དེ་ཡང་ཆོས་ཀྱི་གནས་ལུགས་མི་དཔྱོད་པར་ཚིག་ཙམ་གྱི་
རྗེས་སུ་འབྲངས་ནས་ཡོད་པ་དང་མེད་པའི་ཕྱོགས་རེས་ཁེངས་ཤིང་དྲེགས་པས་དེ་དང་
འཚམས་པའི་དགག་བཞག་གིས་གཞན་ཕྱོགས་ལ་སུན་འབྱིན་སྨྲ་བའི་འགྲམ་ཆུ་ལྡང་བ་
དེ་དག་ལ། བདུད་དང་རྒོལ་བ་སུས་ཀྱང་མི་འཕྲོག་པའི་ཤན་འབྱེད་ཤེས་རབ་རལ་གྲིའི་
ཡུ་བ་འདི་ལ་བརྟེན་པའི་སྐལ་བ་བཟང་པོའི་གོ་སྐབས་གདུལ་བྱ་གཞན་པ་དེ་དག་ལ་
སྦྱིན་པར་མཛོད་ཅིག བཞི་པ་ནི། ཆོས་ཚུལ་སོགས། དེ་ཡང་རྒྱ་ཆེ་བའི་གཞུང་ལུགས་
ཀུན་ལ་མ་རྨོངས་པར་གྱུར་བའི་དམ་པའི་ཆོས་ཚུལ་ཐོས་པ་མི་དད་པ་དད་པར་བྱེད་པ་རྣ་
བའི་བདུད་རྩི་ལྟ་བུ་ཞེས་མྱང་ན་ཟག་མེད་ཀྱི་ཁམས་བརྟས་པར་བྱེད་པའི་བདུད་རྩིའི་རྒྱ་
མཚོ་དང་འདྲ་བ་ལ་ཤིན་ཏུ་ཟབ་མོའི་ངེས་དོན་ཡེ་ཤེས་ཀྱི་སྤྱོད་ཡུལ་གང་ཞིག་ལ་ལྟ་ཞིང་
རྟོག་པར་བྱས་པ་དེ་ཡིས་དཔེར་ན་ཡིད་བཞིན་གྱི་ནོར་བུས་ནད་སེལ་ཞིང་དགོས་འདོད་
སྩོལ་བ་ལྟར་སྤངས་བ་དང་རྟོགས་པའི་ཡེ་ཤེས་ཡོན་ཏན་དང་བཅས་པ་ཚེགས་མེད་པར་
ཐོབ་པ་ནི་ནོར་བུ་བཞིན་ནོ། །དེ་འདྲའི་ཟབ་རྒྱས་ཀྱི་དོན་དེ་དག་གྲུབ་མཐའ་གང་དང་
གང་ཟག་གང་ན་གནས་ཀྱང་། ཤེས་རབ་གསུམ་གྱིས་བླང་བར་བྱ་སྟེ་གང་ཟག་ལ་མི་
རྟོན་ཆོས་ལ་རྟོན་དགོས་པས་ན་ལྟར་སྣང་གང་ཟག་བཟང་པོ་ཡིན་པ་ཙམ་གྱིས་དེའི་རྗེས་
སུ་འབྲང་པར་མི་བྱའོ། །གཉིས་པ་ལ། ཡང་དག་པའི་ཆོས་ཚུལ་འདི་ལྟ་བུ་གང་གིས་
འཛིན་ནུས་པ་དེ་ལ་རྒྱལ་སྲས་ཀྱི་མཚན་ཐོབ་པ། ཆོས་དོན་ནོར་བུའི་གཏེར་མཛོད་ལྟ་བུ་
ཐོབ་ཕྱིར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གནས་ལ་ཐོས་བསམ་བྱས་ཚུལ། ལེགས་
བཤད་འདི་གཟུ་ལུམ་མིན་པར་རིག་འཛིན་བརྒྱུད་པའི་ཞལ་ལུང་ཡིན་པ་དང་གསུམ་ལས།
དང་པོ་ནི། མང་ཐོས་སོགས། གཞན་ལས་གཞུང་ལུགས་མང་དུ་ཐོས་ཤིང་རང་གིས་ཀྱང་
རང་ལུགས་གཞན་ལུགས་བསྲེས་པའི་བསླ་བསྲེ་དང་འཆལ་འཆོལ་སྣ་ཚོགས་མང་དུ་སྨྲ་
བས་ཀྱང་གནད་ཕིག་པ་མིན་ལ། སྐྱེས་ཐོབ་དང་སྦྱང་བྱུང་གི་ཤེས་རབ་ཟབ་ཟབ་ལྟར་
སྣང་བས་ལུང་ལྟར་སྣང་བ་ལ་བརྟེན་པའི་དཔྱད་པས་ཀྱང་མི་ཕིག་པ། ཤིན་ཏུ་ཟབ་པའི་
དོན་ཅན་ས་འོག་གི་གཏེར་དང་འདྲ་བ་འདི། ལྟར་སྣང་བཟང་ངན་གང་ལྟར་སྣང་པའི་གང་
ཟག་གང་ཞིག་གིས་དོན་འདི་རྣམས་འཛིན་པ་དེ་ཉིད་བློ་གྲོས་དང་ལྡན་པའི་རྒྱལ་སྲས་
གཉིས་པ་ནི། བློ་གཏེར་སོགས། དེ་ཡང་ཤིན་ཏུ་ཟབ་པའི་མན་ངག་གི་དོན་རྟོགས་པའི་
བློ་གྲོས་དང་སྤོབས་པའི་གཏེར་འབུམ་ཕྲག་གི་ནོར་བུའི་བདག་ཉིད་ཅན་གང་དུ་ཆུད་པའི་
སྣོད་ཉིད་དུ། གཞུང་རྩོམ་པ་པོ་བདག་གི་བློ་གྲོས་ཟབ་ཅིང་ཡངས་བའམ་རྒྱ་ཆེ་བ་རྒྱ་མཚོ་
ཆེན་པོར་བསྒྲུབས་པའི་ཕྱིར་རིག་འཛིན་བརྒྱུད་པའི་གདམས་པའི་མན་ངག་རྣམས་དང་
པཎ་གྲུབ་རྣམས་ཀྱི་ལེགས་བྱས་ཀྱི་གཞུང་ལུགས་རྣམས་སློང་བའི་དུས་སུ་ཤེས་ནས་སམ་
རིགས་ནས་བཀའ་དང་དགོངས་འགྲེལ་གྱི་གཞུང་ལུགས་རྣམས་ཐམས་ཅད་དཔེར་ན་ཀླུའི་
དབང་པོ་དཔལ་གྱི་རྒྱ་མཚོར་དགའ་བཞིན་སྤྲོ་བཞིན་འཇུག་པ་བཞིན་དུ། ཐོས་བསམ་
བསྒོམ་པའི་མགྲིན་པས་འཐུངས་བར་བྱས་སོ། །དེར་མ་ཟད་འཐུངས་ཞེས་གཞན་ལ་ཡང་
བསྐུལ་བར་བྱས་སོ། །གསུམ་པ་ནི། གང་ལས་སོགས། དེ་འདྲའི་འབྱུང་གནས་གང་
ལས་འབབས་པའི་ལེགས་བཤད་ཆུ་ཀླུང་ལྟ་བུའི་གཞུང་འདི་ཉིད་གང་ནས་འབྱུང་བའི་
གནས་ནི་གཞུང་འདི་རྩོམ་པ་པོས་རྣམ་དཔྱོད་བློ་ཡི་རྒྱུ་མཚོ་ཁྱོན་ཡངས་པ་མཁའ་དང་
མཉམ་པ་དེ་ཡིན་པར་ངེས་པར་རྟོགས་ནས། དེ་འདྲའི་རྣམ་དཔྱོད་བློ་ཡི་རྒྱ་མཚོ་དེ་ཡི་
འབྱུང་གནས་ཀླུ་དབང་དཔལ་གྱི་རྒྱ་མཚོ་ལྟ་བུ་ནི་འཕགས་བོད་ཀྱི་སངས་རྒྱས་བྱང་སེམས་
པཎ་གྲུབ་རྣམས་དང་རིག་འཛིན་དགའ་རབ་རྡོ་རྗེ་ནས་རོང་ཀློང་རྣམ་གཉིས་སོགས་ཀྱི་
བརྒྱུད་པའི་ཞལ་ལུང་ཉིད་དུ་རྟོགས་པར་གྱིས་ཤིག གསུམ་པ་སླར་ཡང་དོན་བསྡུས་ནས་
གདམས་པ་ལ། རྒྱ་ཆེ་བའི་བཅུད་ཐམས་ཅད་ཟབ་དོན་གཅིག་ཏུ་དྲིལ་བ་འདི་འདྲ་འཛིན་
པའི་སྣོད་གདམས་པར་བསྐུལ་བ་དང༌། གདམས་པ་དངོས་གཉིས་ལས། དང་པོ་ནི། མཁའ་
མཐའ་སོགས། དེ་ཡང་ནམ་མཁའི་མཐའ་ཁྱབ་པའི་ཤེས་བྱ་ཐམས་ཅད་སྐད་ཅིག་ལ་ཧུབ་
ཀྱིས་འདྲེན་ཅིང་ཟོས་པའི་བཅུད་དུ་གྱུར་པ་སྙིང་ལ་གནས་པའི་དྭངས་མ་མངོན་དུ་འགྱུར་
ཞིང༌། གནས་སྐབས་དང་མཐར་ཐུག་ཀུན་ཏུ་ཕན་དང་བདེ་བ་སྟེར་བའི་བདུད་རྩིའི་དཔྱིད་
དེ་བཅུད་ཉིད་ཡོངས་སུ་རྫོགས་པ་ཞི་བ་འདོད་པ་དེ་འདྲའི་ཞེ་འདོད་དེ་མྱུར་དུ། ཤེས་རབ་
གསུམ་གྱིས་དང་དུ་ལེན་པའི་མཐུ་ཆེན་པོ་བློ་ལ་ཐོབ་པར་མཛད་པའི་བྱེད་ལས་ཅན་ནི་
གདམས་ངག་ཡིན་ལ་གོང་གི་ཞེ་འདོད་དེས་དོན་ཚང་ཞིང་རྫོགས་པ་ནི་ངོ་མཚར་ཆོས་
ཀྱི་མར་མེའམ་སྒྲོན་མེ་འདི་ཉིད་ཡིན་ན་དེ་འདྲའི་གཞུང་དེ་ཉིད་ཤིན་ཏུ་སླ་བར་ཡིད་ལ་
གསལ་བར་བྱེད་པའི་གདམས་པ་གནང་བར་མཛོད་ཅིག་པའོ། །གཉིས་པ་ལ། བློ་གྲོས་
ཟབ་རྒྱས་སུ་བསྒྲུབ་པའི་སྒོ་གདམས་ཚུལ་དང་། གདམས་པ་དེའི་དོན་དངོས་གཉིས་
ལས། དང་པོ་ནི། དེ་སྐད་སོགས། ཐོལ་བྱུང་སྡོམ་བུ་པས་དེ་སྐད་ཟེར་ཞིང་གུས་པས་
བཏུད་ཚེ། དྲང་སྲོང་དེ་ཡིས་སྡོམ་བུ་པ་དེ་ལ་ཡང་སྔར་ཟབ་མོའི་བློ་དང་ལྡན་པ་མིན་པ་
དེ་ཟབ་རྒྱས་ཀྱི་བློ་གྲོས་ཅན་དུ་བསྒྲུབས་པ་དེའི་ཐབས་སུ་གོང་གི་དོན་ཐམས་ཅད་བསྡུས་
ཏེ་འདི་ལྟར་གདམས་ཏེ། དེ་ཡང་དམ་པ་ཆོས་ཀྱི་མཆོག་སེངྒེའི་འོ་མ་ལྟ་བུའི་བཅུད་བཟང་
འདི་ཉིད། གསེར་སྣོད་ལྟ་བུའི་བློ་གྲོས་སྣོད་བཟང་ཅན་ཁོ་ནའི་འཛིན་པར་ནུས་ཀྱི། དེ་
ལས་གཞན་དུ་རྫ་སྣོད་དུ་སེངྒེའི་འོ་མ་མི་ཆགས་པ་ལྟར་འབད་པ་དྲག་པོ་བྱས་ཀྱང་མི་གནས་
པའམ་མི་ཆགས་པ་ནི་དེ་ལྟར་རོ། །
དེས་ན་ཟབ་མོའི་དོན་འདི་དག་ཤོང་བའི་གསེར་གྱི་སྣོད་ནི་ཨ་སོགས་སྒོ་འདི་དག་ཡིན་
ནོ། །གཉིས་པ་ལ། ཡི་གེ་དྲུག་པོ་གོང་བཤད་སོགས་དེ་དག་གི་སྒོ་ཡིན་པ། སྒོ་དེ་དག་
ཞི་ལྷག་གི་རྣལ་འབྱོར་ལ་བརྟེན་ནས་བསྒྲུབ་པ་གཉིས། དང་པོ་ནི། ཨ་ནི་སོགས། དེ་
དག་གང་ཞེ་ན་ཡི་གེ་ཨ་ནི་སྐྱེ་མེད་ཀྱི་མིང་ཡིན་པས་དོན་མེད་པར་དགག་པའི་སྟོང་ཉིད་དེ་
ལས་མ་གཡོས་པར་རྟེན་འབྲེལ་དུ་སྣང་བའི་ཕྱིར་བདེན་པ་གཉིས་ཆར་མ་སྐྱེས་པའི་ཆོས་
ཀྱི་སྒོ་དྲི་བ་དང་པོ་དངོས་གཞི་སྣང་སྟོང་ཟུང་འཇུག་གི་དོན་མཚོན། ར་ནི་རྡུལ་དང་
བྲལ་བས་མཉམ་ཉིད་དུ་རྟོག་པ་ལ་སྲིད་པ་ལ་འཇིགས་པ་དང་། ཞི་བ་ལ་དགའ་བའི་
རང་དོན་ཡིད་བྱེད་ཀྱི་ཆགས་རྡུལ་མེད་པའི་སྒོ་དྲི་བ་གཉིས་པས་ཉན་རང་སོགས་ཀྱི་སྤྱོད་
ཡུལ་མིན་པས་ཟབ་པར་མཚོན། པ་ནི་དོན་དམ་པའི་མཉམ་བཞག་ལ་འཛིན་པ་མེད་ཀྱང་
ལྷག་མཐོང་གི་སྣང་བ་དང་བྲལ་བའི་དྲན་མེད་མུན་པ་འཐིབ་པོ་མ་ཡིན་པར་མཐར་ཐུག་
པའི་དོན་དམ་མཉམ་བཞག་དེའི་ངོར་སྣང་བའི་སྒོ་དྲི་བ་གསུམ་པས་ཟུང་འཇུག་དེ་ཇི་ལྟར་
བསྒོམ་ཚུལ་གྱི་དོན་མཚོན། ཙཱ་ནི་དཔྱད་པས་དྲངས་པའི་མཉམ་བཞག་ཁྱད་པར་ཅན་
ཡིན་པས་ན། མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་མེད་ཅིང་བློས་བྱས་ཀྱི་ཡིད་དཔྱོད་
རླབས་ལྟར་འཚུབས་པའི་འཆི་འཕོ་བ་དང་སྐྱེ་བ་མེད་པར་མཉམ་ཉིད་ཆོས་སྐུ་རང་གནས་
རང་བབས་སུ་སྐྱོང་བ་དྲི་བ་བཞི་པས་བསྒོམ་པ་དེ་རྒྱུད་ལ་ཇི་ལྟར་སྐྱེ་ཚུལ་མཚོན། ན་ནི་
བདེན་གཉིས་ལ་གཙོ་ཆེ་ཆུང་མེད་དེ་སྣང་སྟོང་འབྲལ་མི་ཤེས་པའི་ཕྱིར། ཐ་སྙད་དུ་ནི་
མགོ་མཉམ་པར་གནས་ཏེ་གཉིས་ཀ་སྒྲ་རྟོག་གི་ཡུལ་ཡིན་ཅིང་། དོན་དམ་པར་དེ་གཉིས་
ཀ་དབྱེར་མེད་པའི་གནས་ལུགས་སྒྲ་རྟོག་གི་ལམ་ལས་འདས་པས་ན་མིང་དང་བྲལ་བ་
ཉིད་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་པར་སོ་སོ་རང་རིག་པ་ཙམ་གྱིས་རབ་ཏུ་ཕྱེ་
བ་དྲི་བ་ལྔ་པས་ཟབ་མོའི་རྟོགས་པ་རྒྱུད་ལ་སྐྱེས་བའི་ངོར་བདེན་གཉིས་ཇི་ལྟར་འཆར་
ཚུལ་མཚོན། དྷིནི་དེ་འདྲའི་དོན་ཟབ་མོ་རྡུལ་ཕྲན་ལྟ་བུའི་ཆོས་ཅན་གཅིག་གི་སྟེང་དུའང་
གཏན་ལ་ཕབས་ཏེ། ཆོས་ཐམས་ཅད་མཉམ་ཉིད་དུ་ཤེས་པ་ལ་མཐུན་པར་སྣང་དང་མི་སྣང་
གི་གཞི་ལ་དཔྱད་དེ། དེ་དཔེར་བཟུང་ནས་དོན་དམ་སྤྲོས་བྲལ་མཉམ་པ་ཉིད་ལ་ཁས་
ལེན་མེད་ཚུལ་དང་། ཐ་སྙད་དུ་ཁས་ལེན་ཡོད་ཚུལ་དེ་གཉིས་མི་འགལ་བར་སྦྱར་ནས་
ཐ་སྙད་ཀྱི་ཁས་ལེན་ཚུལ་ཚུར་མཐོང་རྟོག་གེ་དང་། ཕར་ཕྱིན་ཐེག་པ་སྔགས་ཀྱི་བར་དུ་
ཇི་ལྟ་བུ་ཡིན་པ་ཤེས་པ་ནི་བློ་གྲོས་ཟབ་མོའི་སྒོ་སྟེ་དྲི་བ་དྲུག་པ་དང་བདུན་པས་ཆོས་ཐམས་
ཅད་མཉམ་པ་ཉིད་དུ་རང་གི་ངོར་འཆར་ཚུལ་གྱི་རྟོགས་པ་བཞིན་གཞན་ལའང་ཟབ་མོའི་
ལྟ་བ་འདོམས་ཚུལ་གཉིས་མཚོན་པ་སྟེ། དེ་ལྟར་དྲི་བའི་ཚུལ་བདུན་པོ་དེ་དག་གིས་མདོ་
སྔགས་གྲུབ་མཐའི་ཟབ་ཅིང་རྒྱ་ཆེ་བའི་ཚུལ་ལ་གཅེས་པ་སྲོག་ལྟ་བུའི་རྣམ་བཞག་ཀུན་
གྱི་གནད་ཟིན་པས་ཆོས་མཐའ་དག་ལ་ངེས་པ་ཤུགས་ཀྱིས་སྐྱེ་བ་ཡིན་ནོ། །གཉིས་པ་
ལ༑ དེ་ལྟར་བསྒྲུབས་པས་རིགས་རྩལ་སོ་སོར་རྟོགས་པའི་ཤེས་རབ་ཏུ་འབར་བ།
དེའི་འབྲས་བུ་རང་བཞིན་རྣམ་དག་གི་འཇམ་དཔལ་རྣམ་གྲངས་མ་ཡིན་པའི་ངང་དུ་མཐར་
ཕྱིན་པ། དེ་ལས་ཀུན་ཏུ་རྨོངས་པའི་དྲི་མ་སྤངས་ནས་ཡང་དག་པའི་གནས་ལ་སྤོབས་
པ་ཐོབ་པ་དང་གསུམ་ལས། དང་པོ་ནི། སྒོ་དྲུག་སོགས། དེ་ལྟར་གཟུངས་ཀྱི་སྒོ་དྲུག་པོ་
དེ་དག་ཡིག་འབྲུ་རེ་རེ་བཞིན་ཡང་བདེན་པ་གཉིས་ཀྱི་ཚུལ་གྱིས་དམིགས་ནས་སུ་ངེས་
ཤེས་བསྐྱེད་པ་སྟེ། དེ་ཡང་སྐྱེ་མེད་ལ་སོགས་པའི་ཆོས་འདི་དག་རྗོད་བྱེད་ཨ་ལ་སོགས་
པ་འདི་དག་གིས་གསལ་བོར་ཁོང་དུ་ཆུད་པ་ནི་བསླུ་མེད་བསྙོན་མེད་དུ་ཡོད་ཀྱང་། དོན་
དམ་པར་བརྟགས་ན་རྗོད་བྱེད་ཨ་ལྟ་བུ་དང་། བརྗོད་བྱ་སྐྱེ་མེད་ལྟ་བུ་གཉིས་རེ་རེ་ནས་
ཀྱང་གདོད་ནས་མ་སྐྱེས་པས། མཉམ་པ་ཉིད་ཀྱིས་མཉམ་པ་ཉིད་ལ་བརྗོད་དུ་མེད་དེ་
ནམ་མཁས་ནམ་མཁའ་ལ་རི་མོ་བྲིས་པ་བཞིན་ནོ། །དེ་བཞིན་དུ་ར་སོགས་ཡི་གེ་གཞན་
ལྔ་པོའི་བརྗོད་བྱ་རྗོད་བྱེད་དང་དེ་ལས་འཕྲོས་པའི་མིང་ཇི་སྙེད་པའི་ཡི་གེ་འདུས་པ་ལས་
བྱུང་བ་གང་ཡང་རུང་བ་ལ་དཔྱད་དེ་བརྗོད་བྱ་ཉིད་དང་། རྗོད་བྱེད་གཉིས་པོ་གང་ཡང་
མ་གྲུབ་བཞིན་དུ་འདི་ལྟར་བརྗོད་པ་ནི་ངོ་མཚར་ཆེ་ཞེས་ངེས་པ་བསྐྱེད་ཅིང་། དེ་ཡི་ཕྱིར་
ན་ཆོས་ཐམས་ཅད་མིང་གིས་བརྗོད་པ་ཙམ་དུ་ཟད་པ་ཡིན་པས། བསྐལ་པ་དུ་མར་བརྗོད་
ཀྱང་ཆོས་ཀྱི་དབྱིངས་ལ་ཟད་པའམ་འཕེལ་བ་མེད་པར་མཉམ་པ་ཉིད་དུ་གནས་པའི་ཚུལ་
ལ་བློ་གཞོལ་བ་ནི་དོན་དམ་པའི་ཚུལ་གྱིས་དམིགས་པའོ། །ཡང་ཐ་སྙད་ཀྱི་ཚུལ་གྱིས་
འཇུག་པ་ནི། དེ་ལྟར་མཉམ་པ་ཉིད་ལས་མ་གཡོས་བཞིན་དུ་ཨ་ལ་སོགས་པའི་ཡི་གེ་
སྐྱེ་གནས་ལྔ་པ་ཅན་འདི་དང་། གཞན་དག་གིས་ཀྱང་ཀུན་བྱང་གིས་བསྡུས་པའི་ཆོས་
ཀུན་གོ་ཞིང་ཤེས་པར་བྱེད་པ་རྟེན་འབྱུང་བསླུ་མེད་ཙམ་སྟེ། འདི་ནི་ཤིན་ཏུ་ངོ་མཚར་ཆེ་
ཞིང་འཕྲུལ་ཆེན་པོ་འགྲན་ཟླ་དང་བྲལ་བ་སྟེ། སྲིད་དང་ཞི་བའི་ཆོས་ཀུན་སྣང་བ་མིག་
ལྟ་བུ་སྲིད་པ་ཀུན་ལ་ཁྱབ་པར་འཇུག་ཅིང་རོལ་པ་ཀུན་ནས་སྟོན་པའོ་ཞེས་ཤེས་པ་ནི་ཐ་
སྙད་ཀྱི་ཚུལ་ལ་བརྟེན་ནས་དཔྱོད་པའོ། །དེ་ལྟར་བདེན་གཉིས་ལ་དཔྱོད་པའི་ཤེས་རབ་
ཀྱི་མིག་གྲུབ་པ་ན། སྔགས་ཀྱི་ཐབས་མཁས་ལ་བརྟེན་ནས་མྱུར་དུ་དོན་ཀུན་འབྱོར་བའི་
ཕྱིར་བདེན་གཉིས་ཟུང་འབྲེལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྒྲུབས་པ་ནི་རང་ལྷར་
གསལ་བའི་ཐུགས་ཀའི་སྔགས་ལས་འོད་ཟེར་སྤྲོ་བསྡུས་སྒོ་ནས་གཟུངས་སྤོབས་བསྒྲུབས་
པར་བྱས་ན། དེའི་ཡོན་ཏན་ནི་མཐའ་མེད་པའི་ཤེས་བྱ་རབ་འབྱམས་རྒྱ་མཚོ་ཆེན་པོའི་
ཆུ་ལྟ་བུ་རྣམ་དཔྱོད་བློ་ཡི་རྩལ་ཆེན་ཧུབ་གང་ཙམ་གྱིས་ལྟོ་བར་འདྲེན་ནུས་པའི་སྙིང་གི་
ནོར་བུ་ངེས་དོན་འཇམ་དཔལ་དཔའ་བོ་ཡེ་ཤེས་ཀྱི་གཟི་ལྡན་དྲི་མ་མེད་པ་ལ་མི་བརྗེད་
པའི་གཟུངས་དང་སྤོབས་པའི་གཏེར་དང་རྣམ་པར་འབྱེད་པའི་བློ་གྲོས་བཟང་པོ་ཡི་དཔལ་
དུ་འབར་བར་འགྱུར་ཏེ། ཇི་སྐད་དུ། རིག་རྩལ་ཆོས་སྐུའི་གཏེར་སྟོན་གྱིས། །ཤེས་
རབ་ཀློང་ནས་གཏེར་དུ་བླང་། ས་རྡོའི་བཅུད་དང་འདི་མི་འདྲ། །ཞེས་པ་བཞིན་ནོ། །
གཉིས་པ་ནི། མཐའ་བཞིའི་སོགས། དེ་ལྟར་ཡི་གེ་དེ་དག་གིས་རང་བཞིན་རང་སེམས་
ཀྱི་རྩལ་འགག་མེད་ཀུན་ཏུ་སྣང་ཡང་ངོ་བོ་གདོད་ནས་སྟོང་པའི་རིག་སྟོང་དབྱེར་མེད་པ་ཡིན་
པའི་ཕྱིར། དེའི་ངང་དུ་བདེན་གཉིས་ཟུང་གཅིག་ཏུ་ཆུད་དེ་མཐུའ་བཞིའི་སྤྲོས་པ་
ཐམས་ཅད་ཁེགས་པའི་མཐའ་བྲལ་མཉམ་པ་ཉིད་ལ་ངེས་ཤེས་ཀྱི་ལམ་ནས་ཡིན་ལུགས་
གཤིས་སུ་སོན་པ་ཡི་བློ་ལས་འདས་པ་འོད་གསལ་གཉུག་མའི་དབྱིངས་མཐའ་དབུས་
དང་བྲལ་བ་རང་བཞིན་རྣམ་པར་དག་པའི་འཇམ་དཔལ་རྫོགས་པ་ཆེན་པོའི་ངང་དུ་ཞོག་
ཅེས་པ་སྟེ་དེ་ནི་བདེན་གཉིས་དབྱེར་མེད་ལ་འཇུག་པ་གཟུངས་ཀྱི་སྒོ་མཆོག་གོ །གསུམ་
པ་ནི་མཐའ་བྲལ་སོགས། དེ་ལྟར་མཐུའ་བྲལ་ལྟ་བའི་རྒྱལ་པོ་ཡངས་པའི་ཀློང་དུ་མཉམ་
པར་བཞག་པས་བདེན་དོན་མངོན་སུམ་མཐོང་བ་ལས་མཐའ་བཞིའི་འཛིན་སྟངས་ཅན་
གྱི་བློ་ངན་མུན་པའི་སྣང་བ་ལྟ་བུ་སྤྱིར་མ་རིག་པ་དང་བྱེ་བྲག་གྲུབ་མཐའི་སྒོ་འཏགས་
ཀུན་འབད་རྩོལ་གྱིས་བསལ་བ་ལ་མི་ལྟོས་པར་ངང་གིས་འགག་པའི་འོད་གསལ་གྱི་
ཉི་མའི་རང་འོད་ཇི་ལྟ་ཇི་སྙེད་ཤེས་པའི་ཤེས་རབ་ཀྱི་རྩལ་འགག་མེད་དུ་འཆར་རོ། །བཞི་
པ་ལ། དྲི་ལན་གཉིས་ངོས་བཟུང་ནས་དཀའ་གནས་བརྩམ་ཚུལ། ཁེངས་པ་བསྐྱུངས་
ནས་གཞུང་འདི་ལ་ཟབ་རྒྱས་ཀྱི་དོན་ཡོད་པ། དེ་ལྟར་དྲིས་པའི་དོན་ལྡན་གྱི་ངག་ལ་ཡི་
རངས་དང་བཅས་ཏེ་དབྱེ་བ། ཟབ་རྒྱས་ཀྱི་བློ་དང་ལྡན་པའི་དོན་དུ་མཛད་པའི་མཛད་
བྱང་སྨོས་པ། འདི་ལ་བརྟེན་ནས་ཐེག་པ་མཆོག་གི་ལམ་བཟང་རྙེད་པ་དང་ལྔ་ལས།
དང་པོ་ནི། གཟུར་གནས་སོགས། བློ་གཟུ་བོར་གནས་པའི་དཔྱོད་པ་ནི་དྲང་སྲོང་ཆེན་
པོ་དང་། གློ་བུར་ཐོལ་བྱུང་རྟོག་པ་ནི་ལྡོམ་བུ་པ། དྲང་སྲོང་དེ་ལ་ལྡོམ་བུ་པ་དེས་དྲི་
ལེན་ཚུལ་གྱིས་ནི། དཀའ་གནས་རྒྱལ་སྲིད་སྣ་བདུན་གྱི་གྲངས་ལྡན་འདི་བཤད་དེ། རྒྱུད་
བླ་མར། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མེད་
ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་འབྲེལ་བ། །དེ་ཡང་དྲང་སྲོང་བཀའ་
བཞིན་སྤྱི་བོས་བླངས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། བློ་ཆུང་སོགས།
རྩོམ་པ་པོས་ཁེངས་པ་བསྐྱུངས་ཏེ་བློ་ཆུང་ཞིང་རྟོག་གེ་བ་བདག་འདྲ་བ་ཡིས། ཤིན་ཏུ་
རྟོགས་དཀའ་བའི་གནས་དོན་དམ་པའི་རྣམ་བཞག་ཟབ་ཅིང་ཐ་སྙད་ཀུན་རྫོབ་ཀྱི་རྣམ་
བཞག་རྒྱ་ཆེ་ཞིང་བརླིང་བའི་དོན་འདི་དག བློ་གྲོས་ཆེན་པོ་འཕགས་པའི་ཐུགས་མཛོད་
ནས་ཀྱང་བླངས་པ་བཞིན་དུ་གཞུང་འདི་ན་བཀོད་པ་ནི། དཔེར་ན་ལྷ་ཡུལ་དཔག་བསམ་
གྱི་ལྗོན་ཤིང་འཇིག་རྟེན་མི་ཡུལ་དུ་འཁྲུངས་པ་བཞིན་ནོ། །གསུམ་པ་ནི། དེ་སྐད་
སོགས། ཚུལ་དེ་སྐད་གོང་དུ་སྨྲས་པའི་ལེགས་བཤད་ཆོས་ཀྱི་གྲུ་ཆར་བཟང་པོ་འདི་
ཉིད། སྔོན་བྱོན་རྒྱལ་སྲས་བྱེ་བས་བསྒྲོད་པ་གཅིག་པུའི་ལམ་ཡིན་ཅིང་མ་འོངས་པའི་
གདུལ་བྱར་གྱུར་པའི་སྐྱེ་བོ་ཐམས་ཅད་ཀྱིས་དགའ་བཞིན་སྤྲོ་བཞིན་གྱིས་ཚིག་མཉན་
ཅིང་དོན་སེམས་པས། གནས་སྐབས་དང་མཐར་ཐུག་གི་དོན་ཆེན་པོ་ཐོབ་པར་སེམས་
པ་ཡིས། འདི་ལྟར་དྲིས་པ་ལ་ཡི་རངས་དང་བཅས་པས་དམ་ཆོས་བདུད་རྩིའི་སྒོ་མོ་
འདིའི་གོ་སྐབས་དབྱེ་བར་བྱས་སོ། །བཞི་པ་ནི། དེ་ཕྱིར་སོགས། དེ་ཕྱིར་དོན་ཆེན་པོ་
ལྡན་པ་དེ་བས་ན་ཇི་སྐད་བཤད་པ་དེ་ལྟར་ཡང་དང་ཡང་དུ། ཟབ་རྒྱས་ཀྱི་དོན་བཟང་
པོ་སེམས་པའི་གདུལ་བྱ་དུ་མའི་དོན་དུ་ཡང་། རྙོགས་མའི་བསླད་པ་མེད་པའི་ཡིད་ཀྱི་
མེ་ལོང་གསལ་བའི་ངོས་ལ་གསུངས་རབ་དགོངས་འགྲེལ་དང་བཅས་པའི་དོན་ཇི་ལྟར་ཤར་
བ་བཞིན་དུ་རྩེ་འཇོའི་ཉམས་ཀྱིས་འདི་ལྟར་གསུངས་པ་ལ་དགྱེས་པར་རོལ་བས་དྷི
ཡི་མིང་ཅན་གྱིས་ཟབ་གནད་ཐམས་ཅད་ཡི་གེའི་ལམ་དུ་སྤེལ་ལོ། །ལྔ་པ་ནི། བདེ་གཤེགས་
སོགས། དེ་ཡང་བདེ་བར་གཤེགས་པའི་ཆོས་ཚུལ་ཟབ་མོ་ནི་དཔེར་ན་ནམ་མཁའི་མཐའ་
གཞལ་མི་ནུས་པ་བཞིན་རྣམ་པ་ཀུན་ཏུ་བརྗོད་པར་མི་ནུས་ཀྱང་ངེས་ཤེས་རིན་པོ་ཆེ་ཡི་
སྒྲོན་མེའི་སྣང་བ་འདིར་བརྟེན་ནས་ཐོས་བསམ་བསྒོམ་པས་ཞུགས་ན་ཐེག་པ་མཆོག་
གི་ལམ་བཟང་པོ་རྙེད་ནས་བདེ་བར་གཤེགས་པའི་ཆོས་ཚུལ་ཐམས་ཅད་རིམ་གྱིས་ཤེས་
པར་ནུས་སོ། །མངྒ་ལཾ། དྷཱིཝཕྱིས་སུ་སྦྱར་བྱང་མཛད་པ་ནི། ངེས་ཤེས་སྒྲོན་མེ་འདི་རང་
ལོ་ཤིན་ཏུ་གཞོན་ཞིང་སློབ་གཉེར་གསར་བུའི་དུས་ཤིག་ན་འཕྲལ་དུ་ཡིད་ལ་གང་ཤར་ཙམ་
སྟན་གཅིག་མར་བྲིས་པ། དེང་སང་བལྟས་ན་ཚིག་རེ་ཟུང་བརྗོད་སྒྲོས་ཉོབ་ཙམ་འདུག་
མོད་དོན་ལ་འགལ་བ་མེད་ཅིང་གོ་རྒྱུ་གནད་ཆེན་ཡང་འདུག་པ་མ་བཅོས་དེ་གར་བཞག་
པ་ཡིན་ནོ་ཞེས་མི་ཕམ་པས་རང་ལོར་བདུན་པ་ལ་སྨྲས་པ་དགེའོ། །
སྨྲས་པ། རོང་ཀློང་རྣམ་གཉིས་ཟབ་མོའི་ལགས་བཤད་ནོར་བུའི་གཏམས་པའི་གཞལ་
མེད་ཁང་། །སྐྱེས་སྦྱངས་བློ་ཡིས་བལྟ་བར་འདོད་ཚེ་རིན་ཆེན་སྒྲོན་མེ་འདི་བཏེགས་ན། །
ཟབ་རྒྱས་གཏེར་ཆེན་ལོངས་སུ་སྤྱོད་པའི་སྐལ་བཟང་འགྱུར་རོ་གཞན་དག་གིས། །ཕྱོགས་
རེ་འཇལ་ལ་ཡིད་སྨོན་མི་དགོས་སློང་བའི་རེ་བ་ཆད་དོ་ཀྱེ། །ཆེ་བ་དྲུག་གི་ཁྱད་ཆོས་དང་ལྡན་
དང་རྒྱན་ཕྲེང་གིས། །མཛེས་པར་སྤྱད་དེ་གངས་ཅན་གྲུབ་མཐའི་ལྷ་ལམ་ཡངས་པོར་བསྒྲེངས་
པ་ནི། བློ་གསལ་སྣང་བའི་སྒྲོན་མེ་བཏེགས་འདིས་དངོས་བཟང་དྲི་མེད་འཇལ་ལོ་ཨང་། །
གཞུང་བཟང་འདི་ཡིས་སྒྲོན་མེའི་སྣང་བ་གང་དེར་བསྟེན་ནས་དཔྱད་པ་ཡིས། །ལེགས་
བཤད་གང་གི་རིགས་པ་རྣོན་པོ་རལ་གྲི་ལྟ་བུས་ཤུབ་འདོན་དུ། །རྣམ་པར་འགྲེལ་འདིས་
གང་གི་ཡུ་བར་བློ་གསལ་གཞོན་ནུས་འཛིན་ནུས་པས། །ཟླ་དང་བྲལ་བའི་གསང་
ཆེན་ཟབ་མོའི་དོགས་པ་གཅོད་ལ་སོམ་ཉི་བྲལ། །རྒྱལ་བསྟན་སྙིང་པོའི་རྒྱན་གྱུར་རོང་
ཀློང་གཉིས། །བསྟན་པ་རིགས་པས་གསལ་མཛད་ཨ་ཛི་ཏ། །ཟླ་མེད་མཁས་པའི་
དབང་པོ་རྣམ་གསུམ་གྱི། །རང་ལུགས་ཐོས་བསམ་བསྒོམ་པས་འཛིན་གྱུར་ཅིག །རྒོལ་
ངན་གླང་པོ་སྟོང་གི་ཁེངས་པ་ཡང་། །དྲན་བསམ་མེད་པར་ཟིལ་གྱིས་གནོན་གྱུར་པ། །སྨྲ་
བའི་སེངྒེ་རིགས་པའི་གད་རྒྱང་ཅན། །མི་ཕམ་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །རྟོག་
གེའི་ཡང་མཐའ་ཚིག་སྐམ་ཁ་ཁྱེར་གྱིས། །འདི་ལྟར་བགྱིས་ལ་ཉེས་གང་སྙིང་ནས་
འཆགས། །རབ་དཀར་སྟོན་ཟླ་གསར་བའི་བསོན་ནམས་ཀྱིས། །སངས་རྒྱས་བསྟན་པ་
དར་ཞིང་རྒྱས་པ་དང་། །བསྟན་འཛིན་སྐྱེས་བུའི་ཞབས་པད་བརྟན་གྱུར་ཅིག །རང་དང་
འབྲེལ་བ་ཐོགས་པའི་སེམས་ཅན་ཀུན། །ཕན་བདེའི་དཔལ་གྱུར་བསྟན་ལ་རབ་ཞུགས་
ནས། །ཞིང་མཆོག་དག་པར་རྫུས་སྐྱེས་ལུས་ཐོབ་སྟེ། །མཐར་ཐུག་རྫོགས་པའི་སངས་
རྒྱས་ཐོབ་པར་ཤོག །ཅེས་པ་འདི་ཡང་གཞུང་འདི་ལ་སྔོན་དུས་སུ་དད་འདུན་རང་ཚོད་དང་མཐུན་པར་ཡོད་
པས་ཅུང་ཟད་འདྲེས་པར་བྱས་པ་དེ་སྐབས། རྣམ་ཀུན་ཐུགས་བརྩིས་སྐྱོང་བ་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེའི་རིགས་
ཀྱི་ཁྱབ་བདག་བཀའ་དྲིན་གསུམ་ལྡན། ༧ འགྱུར་མེད་པདྨ་རྣམ་རྒྱལ་མདུན་ནས་མཚན་དུ་བྲི་བའི་གནང་བ་ཞུས་ནས་
ཐོབ་པ་བཞིན་དུ་ས་བཅད་ཞིག་ཕོ་ཚོད་དུ་བྱས་པ། ཕྱིས་སུ་མཁས་བཙུན་བཟང་པོའི་རྣམ་ཐར་གྱི་ཡང་རྩེར་སོན་པ།
༧ འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མདུན་དུ་གཟིགས་རྟོགས་ཕུལ་ཚེ་ས་བཅད་འདིའི་གཞི་བྱས་ནས་
འགྲེལ་པ་ཞིག་ཕྲིས་ཞེས་ལྷ་གོས་དྲི་མེད་དཀར་པོ་དང་དངུལ་གྱི་དོང་ཙེ་ཤིས་པའི་གྲངས་ལྡན་དང་ཐབས་ཤེས་ཀྱི་
རྟེན་ཁྱད་པར་ཅན་རྡོར་དྲིལ། བྲི་གཞིའི་ཤོག་བུ་དང་བཅས་ཏེ་བཀའ་ལུང་སྤྱི་བོར་ཕེབས་པ་བཞིན་དུ། དེ་དག་
གི་ཞབས་རྡུལ་སྤྱི་བོས་ལེན་པའི་སྤྱི་རྟོལ་འདི་ལྟར་བགྱིད་པ་པོ་ནི་གྲུབ་དབང་འགྱུར་མེད་མཐའ་ཡས་དང་མཁས་དབང་
ཚུལ་ཁྲིམས་རྒྱ་མཚོ་གཉིས་ཀྱི་དབོན་མིང་ཤཱཀྱའི་དགེ་སློང་འཇམ་དཔལ་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་ཁྲི་དཔོན་མཁན་
པོ་བློ་གྲོས་རབ་གསལ་གྱིས་བགྱིས་པའོ།། ། དགེའོ། །བཀྲ་ཤིས། མངྒ་ལཾ། །
ཡི་གེ་ཉི་ཤུ་རྩ་དྲུག་པ་འདི་དཔེ་ཆའི་ནང་དུ་བཞག་ན་དཔེ་ཆ་དེར་ཅི་འདྲར་
བགོམས་ཀྱང་ཉེས་པ་མི་འབྱུང་བར་འཇམ་དཔལ་རྩ་རྒྱུད་ལས་གསུངས་སོ།།
སྟོན སུའི་དམ་ཆོས་རྣམ་གཉིས་ཏེ། །
ལུང་དང་རྟོགས་པའི་བདག་ཉིད་ཅན། །
དེར་འཛིན་བྱེད་ལ་སྨྲ་བྱེད་ལ། །
སྒྲུབ་ཝར་བྱེད་པ་ཁོ་ནའོ། །