2024 / 1 / 12
རྒྱ་གར་གྱི་རིག་གནས་ལ་ཕུན་སུམ་ཚོགས་ཤིང་གཏིང་ཟབ་པའི་ལོ་རྒྱུས་ཡོད་པས་འཛམ་གླིང་ཐོག་ཤེས་རིག་ཐོན་སྔ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན། སྤྱི་ལོའི་སྔོན་གྱི་དུས་རབས་སུམ་སྟོང་པའི་ཧིན་རྡུ་ཆུ་བོའི་འབབ་རྒྱུད་ཀྱི་ཤེས་རིག་ནི་ཤེས་ཟིན་པའི་ཆེས་གནའ་བོའི་རྒྱ་གར་གྱི་ཤེས་རིག་ཡིན། ཤེས་རིག་དེ་དུས་ཚོད་ཀྱི་སྟེང་དུ་ཕལ་ཆེར་གནའ་རབས་ཀྱི་ཆུ་བོ་གཉིས་འབབ་ཡུལ་གྱི་རིག་གནས་དང་གནའ་བོའི་ཨེ་ཅིབ་ཀྱི་རིག་གནས་དང་དུས་མཉམ་དུ་ཁྱབ་རྒྱ་ཤིན་ཏུ་ཆེ།
སྤྱི་ལོའི་སྔོན་གྱི་2000ལོའི་ཡས་མས་སུ།ཡ་ལི་ཨན་མི་རྒྱ་གར་དུ་གནས་སྤོས་ཏེ།ཁོ་ཚོས་ཡ་ལི་ཨན་གྱི་རིག་གནས་ཁྱེར་ཡོང་ནས་ཧིན་རྡུ་ལོ་རྒྱུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར། དེའི་རྗེས་ཀྱི་དུས་རབས་འགའི་ནང་དུ།ནང་བསྟན་དང་ཧིན་རྡུ་ཆོས་ལུགས་སོགས་ཆོས་ལུགས་རིམ་གྱིས་དར་ཞིང་རྒྱ་གར་གྱི་རིག་གནས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས།
ལོ་རྒྱུས་ཐོག་གཅིག་གྱུར་ངོ་མ་ཡིན་པའི་རྒྱལ་རབས་བཞི་ལས་མེད་ཅིང་།རིམ་བཞིན་ནང་བསྟན་ཆོས་ལུགས་ཀྱི་རྨ་བྱ་རྒྱལ་རབས་དང་།ཧིན་རྡུ་ཆོས་ལུགས་ཀྱི་ཅི་ཏུའོ་རྒྱལ་རབས།དབྱི་སི་ལན་ཆོས་ལུགས་ཀྱི་མོ་ཝུའུ་ཨེར་རྒྱལ་རབས་དང་དེ་བཞིན་དབྱིན་ཇིའི་མི་སེར་སྤེལ་བའི་དབང་སྒྱུར་བཅས་ཡིན། རྒྱལ་རབས་དེ་དག་གིས་རྒྱ་གར་གཅིག་གྱུར་བྱས་པ་མ་ཟད།རང་སོ་སོའི་དུས་སྐབས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱིས་ཀྱང་རྒྱ་གར་གྱི་རིག་གནས་གྲུབ་པ་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།
དེང་རབས་སུ་སླེབས་སྐབས་རྒྱ་གར་འདི་ཉིད་འཛམ་གླིང་ཐོག་གི་ཕྱི་ཕྱོགས་ལ་འགན་གཙང་སྤྲོད་པའི་ཞབས་ཞུ་དང་ལེན་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་དང་ཨ་རིར་ཡོད་པའི་འཛམ་གླིང་གི་མཉེན་ཆས་རྒྱལ་ཁབ་ཆེན་པོ་ཨང་གཉིས་པར་གྱུར་ཡོད། འདི་ལྟ་བུའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་ཧིན་རྡུ་རིག་གནས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བྱས་ཏེ།འཛམ་གླིང་ཡོངས་ཀྱི་རིག་གནས་བརྗེ་རེས་ཁྲོད་གོ་གནས་སྔར་བས་གལ་ཆེན་བཟུང་ཡོད།