2024 / 1 / 15
བོད་ཡིག་གི་རིག་ནུས་ལག་རྩལ་འཕེལ་རྒྱས་ཕྱིན་པ་དེས་བོད་རིགས་མི་དམངས་ལ་དོན་སྙིང་གལ་ཆེན་ལྡན་པ་མ་ཟད།རང་རྒྱལ་གྱི་ཚན་རྩལ་གསར་གཏོད་དང་རིག་གནས་སྤེལ་རེས་ལ་ལེགས་སྐྱེས་ཀྱང་ཕུལ་ཡོད། གཤམ་གསལ་གྱི་དོན་སྙིང་གཙོ་བོ་ཡིན།
1.བོད་ཀྱི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་དགོས། ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་དུས་རབས་ཤར་བ་དང་བསྟུན་ནས་བོད་ཡིག་གི་རིག་ནུས་ལག་རྩལ་གྱིས་བོད་རིགས་ཀྱི་རིག་གནས་སྔར་བས་ཉར་ཚགས་དང་།བརྒྱུད་བསྒྲགས།ཞིབ་འཇུག་བཅས་བྱ་རྒྱུར་རོགས་རམ་ཐུབ་ནས་དེ་ཉིད་ཡུན་རིང་མི་རབས་རྗེས་མར་བརྒྱུད་སྤྲོད་ཐུབ་པའི་འགན་ལེན་བྱེད་ཐུབ།
2.ཆ་འཕྲིན་ཐག་གཅོད་ཀྱི་ལས་ཕྱོད་མཐོ་རུ་གཏོང་དགོས།ལོ་མང་རིང་བོད་ལྗོངས་སློབ་ཆེན་སོགས་སྒྲིག་གཞིས་རིག་ཚན་ལས་བརྒལ་བའི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ཧུར་ཐག་བྱས་པར་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་སྔོན་ཐོན་གྲུབ་འབྲས་མང་པོ་ཐོབ་ཡོད། གྲུབ་འབྲས་དེ་དག་བོད་ཡིག་ཆ་འཕྲིན་ཐག་གཅོད་བརྗེ་རེས་ཚད་གཞིའི་མ་ལག་བཟོ་བ་དང་།བོད་ཡིག་ཆ་འཕྲིན་ལག་རྩལ་ལས་གྲྭ་ཅན་དུ་འགྱུར་བ།བོད་ཡིག་ཆ་འཕྲིན་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་སོགས་ཀྱི་ཐད་ནས་མངོན་ཡོད་པས་བོད་ཡིག་ཆ་འཕྲིན་ཐག་གཅོད་ཀྱི་ལས་ཕྱོད་ཆེས་ཆེར་མཐོ་རུ་ཕྱིན་ཡོད།
3.རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་ཆེ་རུ་གཏོང་དགོས།རྣམ་གྲངས་འདིས་རང་རྒྱལ་གྱི་རྒྱལ་སྤྱིའི་བོད་ཡིག་ཆ་འཕྲིན་ཐག་གཅོད་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྣེ་ཁྲིད་དང་གཙོ་ཁྲིད་ཀྱི་གོ་གནས་མཐོ་རུ་བཏང་ཡོད།